ཨ་འདུས་སྐལ་བཟང་རྒྱ་མཚོ།
་་་་་་་་མཁས་དབང་དགེ་འདུན་ཆོས་འཕེལ་རྗེས་སུ་དྲན་པ།
ལས་རླུང་རྩུབ་མོའི་ལྡང་ཕྱོགས་ཤིག་གིས་ཁྱེད་ཞལ་དངོས་སུ་མ་མཇལ་ཡང༌།།
བསུབ་པར་དཀའ་བའི་གྲགས་སྙན་རིང་མོ་ད་དུང་གླིང་འདིའི་ཟུར་ན་མཆེད།།
སྐུ་དྲག་གཏུམ་པོའི་ཧམ་སྤྱོད་མིན་ན་ཁྱོད་དང་འུ་གཉིས་ཕྲད་ངེས་མོད།།
ཐོལ་བྱུང་གཤེགས་པའི་གཏམ་རྒྱུད་སྐྱུར་མོས་གདུང་བས་སྙིང་ཡང་རལ་བར་བྱེད།།
དེ་རིང་སློབ་གྲྭའི་དཔེ་ཁང་ནང་ནས་ཁྱོད་ཀྱི་གསུང་འབུམ་དེབ་གསུམ་མཇལ།།
ག་ལེར་ཁོ་བོའི་ཡིད་ཀྱི་ཅང་ཤེས་གསེར་གྱི་ཐང་མར་ཉུལ་བའི་ཚེ།།
རྒྱ་གར་གྲོང་དང་སིངྒ་ལ་སོགས་ཕྱི་ནང་སྣོད་བཅུད་གཙང་མའི་རིས།།
ཤེས་རབ་པུར་རྩེས་ལེགས་པར་བཞེངས་པའི་བཀའ་དྲིན་མཆི་མའི་ཕུང་བོར་གྱུར།།
ཆོས་གྲྭ་ཆེན་མོའི་གྲུ་ཁ་རེ་ནས་རྣམ་དཔྱོད་རྭ་རྩེ་བརྡར་ཐེངས་རེར།།
ཕས་རྒོལ་ཉི་ཟླའི་གཟི་བརྗིད་དག་ཀྱང་རིག་འཕྲུལ་སྒྲ་གཅན་གྱིས་ཟོས་པས།།
ཕྲག་དོག་དང་ནི་ལོག་ལྟའི་མདའ་མོའི་ངར་ཁ་སྙིང་ལ་ཕོག་པ་ན།།
རང་དབང་ཆེ་བའི་རྐང་ལམ་ཞིག་ལ་འཇུག་པའི་ཀུན་སློང་ཐོག་མ་ཤར།།
ཧི་མ་ལ་ཡི་གྲང་རླུང་རྒོད་པོ་གདུག་རྩུབ་ཅི་བས་ཆེ་ན་ཡང༌།།
ཐུ་བྷོད་རིག་པའི་སྐྱེད་ཚལ་རྒྱས་བྱེད་ལེགས་བཤད་ཉི་ཟེར་སྒུམ་པའི་ཕྱིར།།
ཕོ་བྲང་དམར་པོའི་རི་འདབས་ཤིག་ནས་གོམ་སྟབས་ནུབ་ལ་བསྒྱུར་བའི་ཁྲོད།།
རྐང་མཐིལ་ཁྲག་དང་སྣག་གིས་སྦགས་ཀྱང་སྤྲོ་བའི་མིག་ཟུང་རྒྱང་ལ་ཅེར།།
འབྱུང་བཞི་འཐབ་པའི་གོ་རིམ་ཁྲོད་དུ་ནམ་ཟླ་ཧ་ཅང་རྩུབ་ནའང༌།།
འགྱུར་མེད་གོམ་ཁ་བྲེལ་མོ་ཞིག་གིས་ཀྱག་ཀྱོག་ཕྲེང་ལམ་བརྒལ་བའི་ཚེ།།
ཐལ་རྡུལ་འཚུབ་མས་ཟ་ལ་ཉེ་བའི་འཕགས་བོད་ལོ་པཎ་བརྒྱ་ཕྲག་གི།
འཁྲུལ་བྲལ་ཞབས་ཤུལ་མིག་ལ་མངོན་པས་ཁྱོད་ཀྱི་དཔའ་མཛངས་ཇེ་ཆེར་གྱུར།།
དེ་ལྟར་གྲོགས་མེད་ངལ་བའི་རྐང་འགྲོས་ཞིང་འདིའི་རི་གྲོང་གར་སར་སྤོས།།
ལུགས་གཉིས་བསྟན་བཅོས་གསེར་གྱི་ཕྲེང་བས་གངས་དཀར་ལྷ་མོ་མཛེས་བྱས་ཀྱང༌།།
ཕྲག་དོག་རྭ་ཁ་ཤིན་ཏུ་རྣོ་བའི་སྐུ་དྲག་གླང་ཁྱུས་སྨྱོ་རུབ་ཀྱིས།།
ཉེས་མེད་ཁྱོད་ཀྱང་ཡུན་རིང་བརྡུངས་བས་ཟུངས་ཁྲག་དམར་པོ་སྐྱིད་ཆུར་འདྲེས།།
མི་རིགས་ཤིག་གི་ལར་ཞེན་བསམ་ནས་དང་པོར་རང་སེམས་འོད་དུ་བསྒྲུབས།།
གངས་ཅན་པ་ཚོའི་བྱུང་བ་སྤེལ་སླད་བར་དུ་དེབ་ཐེར་དཀར་པོ་བརྩམས།།
ལྷ་ལྡན་ཞིང་གི་བཙོན་ར་ཞིག་ནས་ཐ་མར་སྐྱོ་མགུར་ལེན་བཞིན་དུ།།
ལྔ་བའི་ལམ་དུ་བཙན་གྱིས་བརྫངས་བ་ཅི་འདྲའི་སྙིང་ལ་གཟན་པ་ཞིག།
མཐའ་བྲལ་དབུ་མའི་གསང་བ་སྟོན་ཕྱིར་ཀླུ་སྒྲུབ་དགོངས་རྒྱན་དབྱངས་སུ་འཐེན།།
ཀུན་ཡིད་དགའ་བའི་སྒྱུ་རྩལ་ཞིག་ལ་ཟླ་མེད་སྣང་བརྙན་གསར་དུ་བཞེངས།
ཧི་མ་ལ་ཡི་བསྟན་བཅོས་བྲིས་ཏེ་ཀུན་བཏགས་རྩིག་རྙིང་བཤིགས་པ་ན།།
ཁྱོད་ནི་ལུང་རིགས་མཆེ་ལྡེར་བགྲད་པའི་རིག་པའི་སེང་ཆེན་ངོ་མ་ཞིག།
ལ་ལས་ཆོས་ཀྱི་ཕྱོགས་ཞེན་བསམ་སྟེ་ཁྱོད་ཉིད་ནག་པོ་བདུད་དུ་བསྒྲུབས།།
འགའ་རེས་ཆོལ་ཁའི་འཐེན་འཁྱེར་ཁྲོད་ནས་ཁྱོད་ལ་རྒྱལ་བཙོངས་བ་ཞེས་དམོད།།
ཁ་ཅིག་ཟེར་སྒྲོས་རྐྱང་བར་འཁྲེང་སྟེ་མི་རེའི་གདོང་ན་གཏམ་རེ་གླེང༌།།
ཁོ་བོས་ཁྱོད་ཀྱི་མིང་ཙམ་ཐོས་ཀྱང་དགའ་སྐྱོའི་མཆི་མ་མཉམ་དུ་བཞུར།།
ཞིབ་ཏུ་བསམ་ན་དགེ་ཆོས་ཁྱོད་ཀྱང་ལས་ཅན་ཁྲོད་ཀྱི་ལས་ངན་སྟེ།།
ས་ཡ་དྲུག་གི་བདེ་སྡུག་བསམ་ནས་ལོ་ཟླའི་ཚ་གྲང་མ་འཛེམས་པར།།
ཁྲག་དང་རྣག་གི་རིན་གྱིས་ཉོས་པའི་སྣ་མང་བརྩམས་ཆོས་དབྱིག་གི་ནོར།།
སྐུ་དྲག་འགའ་རེས་བཙན་གྱིས་ཕྲོགས་པར་བློ་ལྡན་སུ་ཞིག་འཛུམ་པར་འགྱུར།།
དེ་ལྟ་ནའང་སྔོན་ལས་བཙན་པོར་སུས་ཀྱང་འགྱུར་བ་གཏོང་དཀའ་བས།།
ཞི་འཇམ་ནམ་ཟླའི་ཁུག་པ་གཅིག་ཏུ་མཉམ་འཛོམས་སྐལ་བ་མ་བྱུང་ཡང༌།།
བརྩེ་ཞེན་ངོ་མ་གཤིས་སུ་རུམ་པའི་དྲན་གདུང་བྱིས་པའི་ངུ་ངག་འདི།།
བདེ་ཆེན་དག་པའི་ཞིང་ཁམས་ཤིག་ནས་ཁྱོད་ཀྱིས་གསན་ན་དགའ་བ་ལ།།
མཁས་དབང་གོང་ཉིད་ངོ་མ་དྲན་འོས་ཤིང་ནམ་ཡིན་ཡང་འུ་ཅག་གངས་ཅན་པའི་བརྗེད་དུ་མི་གཏུབ་པའི་བྱས་རྗེས་ཡོད་རེད་དོ།
ལོ་རྒྱུས་བཤད་པའི་དགེ་ཆོས་མཆོག་གི་ཞབས་རྗེས་དེ།། རྣམ་དག་རིགས་པས་རྣམ་དཔྱོད་དྲང་པོའི་ལམ་ལ་བསྒྱུར།། རྣམ་དག་ལེགས་བཤད་གསེར་གྱི་ཐང་མ་བརྡལ་བཞིན་དུ།། རྣམ་པར་དག་པའི་ལོ་རྒྱུས་དྲན་པའི་མི་ནུབ་རྡོ་རིང་ཞིག
དགེ་ཆོས་ཁོང་ནི་རང་གི་སྤྱོད་ལམ་སྐྱོ་བས་ཨ་རག་བཏུང་ནས་ཤི་བ་ཞིག་ལས་སྐུ་དྲག་གིས་བཙན་གྱིས་དགེ་ཆོས་ཀྱི་ཁ་ཡར་འཐེན་ནས་ཨ་རག་བླུགས་མི་འདུག དེབ་དཀར་གཙོ་བྱས་པའི་དགེ་ཆོས་ཀྱིས་དཀའ་བ་སྤྱད་ནས་བྲིས་པའི་བརྩམས་ཆོས་དེ་དག་སྐུ་དྲག་གིས་རིག་གསར་རླུང་འཚུབ་དེ་ཡི་
ནང་རང་སྲོག་བློས་བཏང་གིས་བདག་ཉར་བྱས་ནས་ཁྱོད་ཀྱིས་ཀློག་ཡས་ཡོད་པ་དེ་བྱུང་བ་དེ་སྡེ་པ་གཞུང་གི་སྐུ་དྲག་གི་བཀའ་དྲིན་རེད་ བརྩམས་ཆོས་དེ་དག་དགེ་ཆོས་ཀྱི་མིང་བཀོད་ཡོད་པ་ལས་གཞན་རྩོམ་རྐུས་ནས་རང་མིང་བྲིས་པ་དེང་གི་རྩོམ་པ་པོའི་མིང་འཁྱེར་མཁན་དེ་འདྲ་མ་རེད། ཀླད་པ་དཀྲུག་ནས་བྲིས། མིག་ཡ་གཅིག་མེད་པའི་ཞ་ར་ལགས
བོད་ཞེན་པའི་ཚབ་ལ་སྐུ་དྲག་ཞེན་པ་ལབ་ན་གང་འདྲ་འདུག་གམ།
བཀྲ་མི་ཤིས་པ་འདི་མའོ་ཡིས་རིག་འོག་ལ་ཤོར་འདུག དངོས་གནས་བྱས་ན་སྐུ་དྲག་གིས་ཁོང་བསད་ཡོད་པ་མ་རེད། གུང་ཁྲན་ཡིན་ན་ཁོང་འདྲ་མོ་གསོད་གི་རེད་ད། རྒྱ་མིའི་བུ་གུ་འདི་ཚོས་སྐུ་དྲག་གླེན་པ་རེད་བསམ་སྟེ་ད་ལྟའང་འཚིག་པ་ཟ་གིན་ཡོད་ས་རེད། རྒྱ་མིའི་བཤད་བཤད་བདེན་པར་འཛིན་མི་ཉན་ཡ།
ལས་རླུང་རྩུབ་མོའི་ལྡང་ཕྱོགས་ཤིག་གིས་ཁྱེད་ཞལ་དངོས་སུ་མ་མཇལ་ཡང༌།།
བསུབ་པར་དཀའ་བའི་གྲགས་སྙན་རིང་མོ་ད་དུང་གླིང་འདིའི་ཟུར་ན་མཆེད།།
རྒྱ་ནག་གཏུམ་པོའི་ཧམ་སྤྱོད་མིན་ན་ཁྱོད་དང་འུ་གཉིས་ཕྲད་ངེས་མོད།།
ཐོལ་བྱུང་གཤེགས་པའི་གཏམ་རྒྱུད་སྐྱུར་མོས་གདུང་བས་སྙིང་ཡང་རལ་བར་བྱེད།།
དེ་རིང་སློབ་གྲྭའི་དཔེ་ཁང་ནང་ནས་ཁྱོད་ཀྱི་གསུང་འབུམ་དེབ་གསུམ་མཇལ།།
ག་ལེར་ཁོ་བོའི་ཡིད་ཀྱི་ཅང་ཤེས་གསེར་གྱི་ཐང་མར་ཉུལ་བའི་ཚེ།།
རྒྱ་གར་གྲོང་དང་སིངྒ་ལ་སོགས་ཕྱི་ནང་སྣོད་བཅུད་གཙང་མའི་རིས།།
ཤེས་རབ་པུར་རྩེས་ལེགས་པར་བཞེངས་པའི་བཀའ་དྲིན་མཆི་མའི་ཕུང་བོར་གྱུར།།
ཙནྡ་བཤུལ་ལ་ཁྱི་དུག་སྐྱེ་འདུག།
ཤར་ཕྱོགས་ཉི་མའི་ཁབ་ཀྱི་སྲོལ་ལ་བརྟེན་ནས་བོད་རྣམས་ཤིན་ཏུ་ཕོངས་པ་ཐོབ།
ཨི་རུ་སུ་ཡི་སྲོལ་ལ་བརྟེན་པ་རྣམས་ཀྱང་དེ་བཞིན་གདུང་བ་རབ་ཐོབ་པས།
སེམས་ཤུགས་ཡོད་ཀྱང་བསམ་པའི་འཆར་སྒོ་སྣ་ཚོགས་ཤིན་ཏུ་དཔགས་པར་དཀའ་བ་ཅན།
འདི་ཞེས་ཚོད་འཛིན་དཀའ་བའི་མི་དྲག་རྣམས་ལ་ཅི་དགར་སྡང་ན་དགྱ་དགའ་འོ།
ཡག་པོ་བྲིས་འདུག་་་དངོས་ཡོད་ཀྱི་སྙན་ངག་སྙན་པ་ལ་་
དེ་རིང་ཁར་སང་དགེ་ཆོས་གཅིག་ཡོད་ན་བསམ། པར་རིས་མཐོང་དུས་སེམས་པ་སྐྱོ་སོང། དགེ་ཆོས་དྲན་རྟེན་དུ་ཕུལ་བ་འདི་ལ་གཟིགས། རྒས་པོས་ཚོད་དཔག་རྨི་ལམ་སྐྱིད་པོ་དེ། །བློ་གྲོས་ཆེན་པོས་དཀྲོགས་པའི་སྐད་ཅིག་ལ། །དགའ་ལྡན་ཕོ་བྲང་གསོན་པའི་རེ་བ་ཡིས། །གྲོ་མོའི་གནས་སུ་རང་བཙན་རྒྱལ་རྔ་བསྒྲགས། ཞི་བའི་མིང་སྙན་བཀོད་པའི་ཆིངས་ཡིག་དེ། །གཡོ་བྱུས་སྲིན་བྱ་རྒོད་པའི་ཐན་ལྟས་སུ། །མཐོང་ནས་རྩིས་མེད་གཏོང་བའི་བསྒྲགས་གཏམ་འོག།ཞི་བའི་བཅིངས་འགྲོལ་ཁ་གཡང་བཟློག་བསྒྱུར་མཛད།།གོ་མཚོན་ལྡན་པའི་བོད་དམག་འཐོམ་འཐོམ་འགས། །སྐུ་སྲུང་དམག་གི་རུ་དར་ནམ་མཁར་བསྒྲེངས། །གད་མོ་ཤོར་བའི་སྔོན་བསུ་རྗེས་བསྐྱོད་བྱས། །གོམ་འགྲོས་ཆིབས་ཐོག་ཡ་མ་ཟུང་གིས་ཕེབས། །སྐུ་ལ་བསྙུན་གཞི་ལྕི་མོས་འབྱུང་ཁམས་འཁྲུགས། །མི་གཙང་དྲི་ཡིས་བགོས་པའི་ཕྱུག་ལྷས་དེས། །ངལ་ཞིང་དུབ་པའི་སྣོན་མ་བཏབ་པ་བཞིན། །ཐུགས་ཀྱི་ཀུན་རྟོག་གཡོ་བའི་རྐྱེན་དུ་གྱུར། །ནོར་བུ་གླིང་དུ་མདེའུ་མཚོན་ཆར་པ་ཕབ། །ཉེས་མེད་ཉམས་ཆུང་མི་མང་བསྡེབས་གསོད་ཀྱི། །ཁྲག་གི་བཞུན་རྒྱུན་འབབ་པའི་གཏམ་ངན་དེ། །གསན་པའི་མོད་ན་ཐུགས་ངལ་ཚད་མེད་གནང། །གླེང་བརྗོད་དལ་ཞིང་གདེང་སྤོབ་ལྡན་པ་ཡི། །བྱམས་བརྩེའི་ཐུགས་ཁུར་ལྡན་པའི་མའོ་དང་། །ཀྲུང་དབྱངས་དབུ་ཁྲིད་རྣམ་པའི་ལམ་སྟོན་གྱི། །ཚུལ་མིན་བྱ་བ་བརྩམ་པར་ཡིད་མ་ཆེས། །གཤམ་འོག་དྲག་པོའི་དཔུང་གི་བྱ་བ་ལ། །ཉིན་དང་མཚན་མོར་བརྩོན་པའི་ཀླད་མེད་འགས། །མི་ཡི་ཚེ་སྲོག་ལམ་ཀའི་རྩྭ་བཞིན་དུ། །རྩིས་མེད་གཏོང་བའི་ལས་ཚུལ་ཐུགས་ལ་ཤར། །ཆུ་སྒང་དྲག་པོའི་དམག་གི་བསྒྲིགས་འཛུག་ལ། །མོས་མཐུན་མེད་པའི་ལོག་སྤྱོད་ཞྭ་ནག་དེ། །ཏང་གི་བྱ་བ་རྫུན་རྐུན་བརྟོལ་དང་ལྷན། །དཀར་འདོན་མཛད་པའི་གསུང་གིས་དབུགས་དབྱུང་མཛད། །མགོ་འཐོམ་པགས་རིགས་གྱོན་པའི་ཨ་རོག་ལྷན། །ཨུ་ཚུག་ཚ་བའི་ཨ་མདོ་ཨོང་ལུག་དང། །མགོ་བོ་ཏོག་ཙམ་གྲུང་པའི་དབུས་གཙང་གི། །དཔུང་པའི་ཤེད་ཀྱིས་ནམ་མཁའ་གཏོར་སྐད་བསྒྲགས། །འུར་ཟིང་ཆེ་བའི་རྒྱ་མིའི་དྲག་དཔུང་གི། །མཁའ་ནས་གནམ་གྲུའི་སྒྱོགས་མདེལ་གང་བྱུང་གཡུགས། །ས་ནས་རྐང་དམག་ཐལ་མདོག་གྱོན་པ་རྣམས། །སྤྱང་ལྟོག་ཤ་ལ་རྔམ་པའི་མཚུངས་ཟླ་མིན། །བར་སྲིད་འགྲོ་བའི་ཁམས་དང་མཚུངས་པ་ཡི། །བོད་མི་ཡུལ་གྱར་ཉིན་མཚན་བར་མེད་དུ། །རྒྱུས་མེད་འཁྱག་ཀླུང་ནག་བྲག་ཆུ་བར་དུ། །སྲིན་བུ་ཆུ་དཀྱིལ་ལྷུང་པའི་དཔེ་དང་མཚུངས། །སྙིགས་མ་ལྔ་ཡི་དུག་རླངས་མཁའ་ལ་འཕྱུར། །ནད་མཚོན་མུ་གེའི་ཉིན་མཚན་འཁྱོལ་དཀའ་བའི། །ཉམས་ཆུང་མགོན་མེད་ཐུགས་ཀྱིས་མ་བཟོད་ནས། །སྐྱོ་གྲོགས་མཛད་པའི་རྣམ་ཐར་སུས་བརྗོད་ནུས། དངོས་བྱུང་ལོ་རྒྱུས་ཀྱི་ལེའུ་གཉིས་པའོ།
ཤེས་མེད་སྐུ་ངོའི་རླུང་རྟ་ཆག་པ་ན།
མཁས་མཁས་རྣམས་ཀྱང་རྒྱ་ངོ་ཚོལ་ལ་བྲེལ།
རྡོ་ཡི་མཁས་པའི་ཞབས་བྲོ་རྒྱ་ལ་འཁྲབ།
མའོ་ཡི་ཐབས་ནི་ཟབ་ཅིང་ཕྲ་བ་འོ།
ཏང་བསྟོད་བྲིས་ནས་མི་ཚེ་ཟད་པ་ལས།
ཨ་ཡོད་ད་ཡོད་མི་དྲག་མགོ་འཕངས་དམའ།
ཤར་བས་ཤར་གྱི་སྒོ་ནི་མ་ཁེགས་པས།
རྒྱ་དམག་ཆུ་བོ་ས་སྒང་གྱེན་ལ་ཤོར།
སྐུ་ངོ་མའོ་ཡི་བསླབ་པའི་རྡེང་བརྡེག་ལས།
ཕ་མར་ཚིག་གིས་གཟེངས་བསྟོད་ཡ་རབས་ལུགས།
ཟོར་བས་སྡེ་གཞུང་སྲུང་བར་མི་ནུས་ན།
སྟ་རེས་སྡེ་དཔོན་གསོད་པ་སྡིག་ལས་སོ།
རྟོག་བཏགས་ཡིད་ཀྱི་ངོགས་སུ་འདུ་ཤེས་ཀྱིས། །སྣ་ཚོགས་ཚོན་མདངས་བཀྲ་བའི་གཟུགས་ཀྱི་སྐུ། །སྲིད་པའི་ཁམས་འདིར་ཤེས་རབ་འགྲན་མེད་པ། །མངའ་བར་གྲགས་པ་གང་དེས་དུས་ཀུན་སྲུངས། འཛམ་གླིང་ཁྱོན་འདིར་ནད་མཚོན་མུ་གེ་སོགས། །འབྱུང་བཞི་རྒུད་པའི་འཇིགས་པ་བཟོད་དཀའ་བ། །མངོན་སུམ་མྱོང་བའི་སྐྱེ་འགྲོ་ཉམས་ཐག་རྣམས། །སྐྱོབ་པར་བསམ་བཞིན་སྐྱེ་བ་བཞེས་སམ་སྙམ། །གྲལ་རིམ་མཐོ་དམན་གནམ་སའི་བཀོད་བསྒྲིགས་ལ། །རྒྱལ་ཕམ་འགྱེད་པའི་དཔའ་བོ་དམར་པོའི་དཔུང། །མ་སྨད་ལྷག་བསམ་དཀར་པོས་ཡིད་འཕྲོག་ནས། །དར་དམར་བསྒྲེངས་བའི་སྤོབས་པ་ཐུགས་ལ་སྐྱེས། །འོན་ཀྱང་མཁས་མཛངས་ལྡན་པའི་མའོ་དེས། །ད་ལྟ་དམ་བཅའ་བཞེས་པ་སྔ་ཐལ་ཆེ། །གནས་སྐབས་འདི་མུར་བཞུགས་ན་བརྗིད་ཆེ་བའི། །ནང་མོལ་བརྩེ་བའི་ཁ་ཏར་ཡིད་གཏད་མཛད། །སྤྱང་ལྟོག་རྒད་པོའི་ཡིད་ཁམས་བལྟས་པའི་ཉམས། །ཞིང་བྲན་རྒན་པོ་བུ་རབས་ཚྭ་རྒྱུད་ཀྱི། །ཁྲག་དང་རྔུལ་ཆུ་འཐུང་ལ་བྲེལ་ཆེ་བའི། །ཞིང་བདག་སྙིང་ནད་འབྱུང་བའི་དྲང་བདེན་མཛད། །བོད་ལྗོངས་ཞི་བའི་ལམ་ནས་བསྒྱུར་བཅོས་ཀྱི། །ཁ་གཡང་ར་གན་གསེར་མདོག་བཅོས་པ་དེ། །དམར་དམག་བྱ་བས་ཉིན་བཞིན་གསལ་རུ་སོང། །དྲག་པོའི་རྒོལ་བརྡུང་ར་གན་གདོང་འབག་མཐོང། །གང་ཉིད་བཞུགས་པའི་གནས་སུ་མེ་སྒྱོགས་ཀྱི། །མདེལ་ཁ་བསྒྱུར་ནས་བོད་མིའི་ཡིད་ཁམས་དཀྲུགས། །མ་བསྐོས་རང་དབང་བདེན་པའི་འབོད་ཚིག་སྒྲ། །གསན་ཐེངས་རེ་ལ་བྱམས་བརྩེས་བཟོད་ཐབས་བྲལ། །དོན་མེད་སྟོང་འདིང་གུང་ཁྲན་རིང་ལུགས་ཀྱི། །ཞིང་ཁམས་ཀུན་ཁྱབ་རྒྱལ་ཁམས་བདེ་བ་ཞིག །རི་བོང་ར་ཡི་སྤུན་ཟླར་མངོན་གཟིགས་ནས། །མཛད་དཀའི་རླབས་ཆེན་རྒྱང་བསྐྱོད་བཤུལ་ལམ་འདེམས། །སྔ་སྲོལ་ཕྱོགས་ཕེབས་མཛད་པའི་ལུགས་སྲོལ་བཞིན། །མགོན་པོའི་དྲུང་དུ་འཕྲིན་བཅོལ་ཕེབས་པའི་སྐབས། །མཆོད་མེ་གསལ་ཞིང་ལྷབ་ལྷུབ་འབར་བ་དང། །དགེ་འདུན་པ་རྣམས་བརྗིད་ཉམས་རོལ་དབྱངས་འཐེན། །བྲེལ་ཟིང་ཁྲོད་དུ་རྟེན་འབྲེལ་མཚན་མ་བརྟགས། །བཞུགས་ཁྲིར་ཕེབས་ནས་བརྒྱད་སྟོང་ཞལ་ཕྱེས་སྐབས། །བྱང་སེམས་བརྩོན་འགྲུས་བརྩམ་པའི་ཚིག་བཀྲ་གཟིགས། །ཐུགས་སྤོབས་འཁྲུངས་ཤིང་རྟེན་འབྲེལ་མགོ་ནས་འགྲིགས། །རབ་ཏུ་བྱུང་བའི་མཚོན་རྟགས་ངུར་སྨྲིག་གོས། །ལྟེབ་བརྩེགས་བརྒྱབ་ནས་སྐུ་སྲུང་དམག་གི་ཆས། །བགོས་ནས་མི་འོས་འཕྲུལ་མདའ་ཕྱག་ཏུ་བསྣམས། །མག་མོག་སབ་སིབ་ཁྲོད་ནས་གྱེས་ཕྱག་མཛད། །མེས་དབོན་རྣམ་གསུམ་ཐུགས་བརྩེ་མ་ཡལ་བར། །བོད་འབངས་ཉམས་ངའི་གཡང་ལས་སྐྱོབས་པའི་མགོན། །དངོས་བྱོན་༧གོང་ས་ལྔ་པའི་གཏེར་གཏད་པའི། །ལྷ་མོའི་ཞལ་ཐང་མོ་དཔེ་གཙིགས་སུ་མཛད། །ཤིན་ཏུ་ཉམས་ཐག་ལྷག་བསམ་མ་སྨད་པའི། །ནོར་གླིང་མཐའ་ནས་བསྐོར་བའི་མི་སེར་རྣམས། །གཅེས་པའི་སྲོག་དང་འབྲལ་བའི་སྔ་ལྟས་དེ། །གཟིགས་ནས་ཐུགས་བརྩེས་སྐྱོ་ཆད་ཚད་མེད་མཛད། །མཛད་དཀའ་རླབས་ཆེན་ཞི་བའི་གོམ་བགྲོད་ཀྱིས། །གོམ་པ་དང་པོ་སྤོས་པའི་ཉིན་མོ་ནས། །འཛམ་གླིང་ཞི་བདེ་བསླབ་བྱའི་འོ་མཚོ་ཡིས། །ལྦུ་ཕྲེང་གཡོ་བའི་ཆུ་གཏེར་རླབས་ཕྲེང་བརྩེགས། །རྭ་བ་གངས་ཀྱིས་བསྐོར་བའི་ལྕགས་རི་ལ། །གདོང་གཏུག་ཚ་གྲང་འཐབ་པའི་འགྲུལ་བཞུད་དང། །དམར་དམག་གསང་ཡིབ་ཐུག་པའི་དོགས་ཟོན་ངང། །ར་མ་གྲུ་ལས་བརྒལ་བའི་གཏམ་རྒྱུད་མང། དངོས་བྱུང་གི་ལོ་རྒྱུས་བརྗོད་པའི་ལེའུ་དང་པོའོ།།
སྐུ་ངོ་མའོ་ཡི་རྗེས་སུ་འབྲང་བའི་ཁྱི།
སྲིད་པ་གསུམ་ན་སྲེད་པས་སྨྱོ་བ་མང་།
གྲུབ་མཐའ་མཁན་ཡང་སྡོད་དུ་མ་ཚུགས་ནས།
མཐའ་མ་རྒྱ་འདི་བོད་ཀྱི་འོག་འགྱུར་བཤད།
སྲིད་པ་སྲེད་པའི་འཁོར་ལོའི་རྒྱུས་མཁྱེན་པས།
སྡིག་ལས་ཟད་པ་འདྲ་མཉམ་གནས་སུ་བསྟན།
འདི་མེད་ཕྱི་མེད་རྒྱུ་འབྲས་མེད་པ་རྣམས།
དུས་ངན་དུས་ལ་ཕ་མར་ཤིན་ཏུ་སྡང་།
སྟོན་པ་མའོ་ཡི་ལམ་ལ་ཞུགས་པའི་བུས
རྒྱུ་ནོར་འདྲ་མཉམ་འཕྲོག་བཅོམ་འདྲ་མཉམ་ལམ།
གཞུག་པ་འདྲ་མཉམ་ངལ་བ་འདྲ་མཉམ་གྱིས།
འཆི་བ་འདྲ་མཉམ་བྱེ་བ་འབུམ་བཞི་གྲུབ།
རྩོམ་འདི་ལྟ་བུ་དང་མཆན་འགའ་ཤས་ངོ་མ་བསམ་བཞིན་དུ་སྤྱི་ཚོགས་འདི་ནང་དམེའི་གཡུལ་རྭར་འདྲེན་པ་དང་། བསམ་བཞིན་དུ་བོད་རིགས་ནང་ཁུལ་ཁ་གཏོར་དགུ་གཏོར་བཟོ་བར་དམིགས་པ་གསལ་པོ་རེད།
དགེ་ཆོས་གྲོངས་པ་དེ་ལ་རྒྱུ་རྐྱེན་མང་པོ་འཛོམས་འདུག དངོས་བསམ་བརྒྱུད་ནས་རྐྱེན་མང་པོ་འཛོམས་འདུག ཞབས་ནས་ཡར་འདེད་ན། ཁོང་ཆང་རག་མང་པོ་བཏུང་ནས་གཟུགས་པོ་སྐྱོ་པོ་ཆགས་འདུག ཐ་མག་མང་པོ་ཐེན་ནས་འཕྲོད་བསྟེན་ཉམས་འདུག ཁོང་ལོ་རྒས་འགྲོ་བཞིན་འདུག དེ་སྡེ་པ་གཞུང་དང་དེའི་འགོ་པ་རྒྱལ་བ་རིན་པོ་ཆེར་ཁ་འགེལ་ཐབས་མེད།
ཁོང་བཙོན་ལ་སྡོད་དུས་ལུས་སེམས་ལ་དཀའ་ངལ་འཕྲད་ནས་འཕྲོད་བསྟེན་ལ་སྐྱོན་བྱས་ཡོད་པ་བདེན་པ་ཡིན་སྲིད། དེ་ཡང་རྐྱེན་གཅིག་རེད། འདི་ཡོངས་སུ་རྫོགས་པ་མ་རེད།
ཁོང་རྒྱ་གར་ལ་ལོ་མང་པོ་འགྲུལ་བཞུད་གནང་ནས་ཐ་མག་མང་པོ་ཐེན། ཆང་རག་མང་པོ་བཏུངས། དེ་བཞིན་སྨད་ཚོང་མ་སྣ་ཚོགས་དང་ལུས་འབྲེལ་མང་པོ་བྱས་ནས་ལུས་ལ་ན་ཚ་སྣ་ཚོགས་ཕོག་སྲིད།
དེ་བཞིན་ཁོང་རྒྱུན་པར་འཕྲོད་བསྟེན་ལ་དོ་སྣང་བྱེད་མཁན་གྱི་མི་ཡིན་བཟོ་མིན་འདུག དེས་ཁོང་གི་ཚེ་སྲོག་བསྟུངས་སྲིད། རྒྱུ་རྐྱེན་ཚང་མར་བལྟོས་ནས་བྲིས་ན་མཁས་པ་རེད། དེ་མིན་གཞན་ལ་ཕོག་སྡུག་ཅིག་གཏོང་ཨེ་ཐུབ། མི་སྒེར་རམ་སྤྱི་ཚོགས་ཞིག་ལ་གྲགས་འགུལ་༼གནོད་ཅན་གྱི་ལས་འགུལ།༽སྤེལ་ནས་སྤྱི་ཚོགས་དེའི་ཆ་ཤས་ཀྱི་མི་འགའ་ཤས་ལ་སྐྱོན་འགེལ་ནས་དེ་ཚོར་ཤ་འཁོན་ཞིག་འཇལ་ཐུབ་རེ་བྱེད་པ་ནི་ངོ་མ་དགེ་ཆོས་ལ་རྗེས་དྲན་ཞུ་སྟངས་ཞིག་ཨེ་ཡིན།
ཤ་ཚ་ཁ་ལ་ཁྱེར་ནས་དུག་སྙིང་ལ་འཇུག་མཁན་དེ་ཚོར་ཟབ་དགོས། དེ་ཚོ་བོད་ཕྱི་ནང་ལ་མང་ཐག་ཆོད་ཡོད་མོད། འདི་ལ་གཅིག་ངོས་འཛིན་སོང་།
དགེ་ཆོས་ཁོང་བོད་ཀྱི་རིགས་གཞུང་སོགས་ལ་མཁས་པ་སྨྲོས་མེ་ཡིན་མོད་སྐུ་དྲག་ཁ་ཤས་དང་སྙོག་དྲ་བྱུང་བའང་གོ་ཐོས་ཡོད་ལ། དགེ་ཆོས་ཀྱི་རླིག་པ་དེ་ལའང་གྱོད་ཡོད་པ་གོ་ཐོས་བྱུང་། གང་ལྟར་བོད་ཞེན་ནས་སྐུ་ཞེན་བྱས་པ་ལྟར་སྐུ་དྲག་ནས་བྱས་པ་ཕྲན་བུ་ཡོད་ལ་། བསྐྱེལ་བ་ནི་ཚད་མེད་ལ་བགྲང་དུ་དེ་བས་མེདོ།
སྐུ་དྲག་སྒང་ལ་སྡུག་སེམས་བརྣག་པ་ཞེ་དྲག་འདུག སྐུ་དྲག་ལ་ཁྲལ་སྤྲད་མྱོང་ངམ། སྐུ་དྲག་ལ་ཁྲལ་སྤྲོད་མྱོང་མཁན་གྱིས་ཁྲལ་སྤྲོད་མ་མྱོང་མཁན་ལས་ཞེ་དྲག་དགའ་བོ་བྱེད་ཀྱིན་འདུག དགྱ་ནག་གཞུང་འབྲེལ་གྱིས་བོད་ཀྱི་གནའ་རབས་མི་དྲག་ལ་རྒོལ་བའི་ཡོན་འབུལ་གྱིན་ཡོད། བ་མོའི་གཉའ་མའི་བྱུང་ན་གླང་གི་རླིག་པ་མ་ན་གྲོགས།