བྲག་རི་དག་གི་སྐད་ཆ་སྟེ།།
བསྐལ་པ་འཇིག་པའི་གློག་འོད་ཀྱིས།།
གཡུ་རྡོ་དག་ཀྱང་སིལ་བུར་བྱས།།
དེ་ནི་ཉི་མའི་རྣམ་ཤེས་སོ།།
མཛེས་མའི་རྣ་བ་བརྒྱན་ནམ་ཅི།།
ཆུ་མོའི་ངོགས་སུ་བཞད་དམ་ཅི།།
རླུང་གིས་བསྐྱོད་པའི་རྩྭ་ལོ་ཡང་།།
གཡུ་ཡི་རྡོག་པོའི་གསེབ་ཏུ་སྐྱེས།།
བར་སྣང་ཧྲིལ་བོའི་རྡུལ་སྙེད་ཀྱིས།།
ཕྱུར་བུར་བྲིས་པའི་སྙན་ངག་སྟེ།།
གཡུ་རྡོ་ཆེ་ཆུང་དུ་མ་ཞིག།
བོད་ཀྱི་ས་གཞི་གང་སར་བཀྲམ།།
ལུག་ཁྱུ་གཟན་ལ་ཡན་པའི་ལྗོངས།།
སྐར་ཚོགས་མུ་ཏིག་འཚེར་བའི་ཡུལ།།
གཡུ་དང་མེས་པོའི་རྣམ་ཤེས་གཉིས།།
བརྩེ་བ་དམ་པའི་མཛའ་བོ་བཞིན།།
ཉི་འོད་རླུང་བུ་གངས་ཆར་གྱིས།།
སིལ་བུར་བྱས་པའི་གཡུ་རྡོག་དག།
སྲད་བུར་བརྒྱུས་པའི་གཏམ་རྒྱུད་ཀྱིས།།
བགྲེས་པོའི་རྨི་ལམ་ཧ་ཅང་འཚུབ།།
བྱིས་པ་གཉིད་པའི་འཛུམ་གོང་དུ།།
འཇབ་སྟེ་བབས་པའི་ལྷ་སྒྲུང་སྟེ།།
གཡུ་ཡི་གཟི་འོད་ཉམས་མེད་པའི།།
སྒང་བ་བོད་འདིར་བདག་གཏོགས་སོ།།
སྲང་ལ་གཞལ་ལམ་རྒྱལ་པོ་དག།
སྤྲང་པོར་རྒྱུ་བའི་གཞིས་ཀ་སྟེ།།
གཡུ་ཡི་རིན་ཐང་དགུང་སྔོན་དུ།།
འཇིགས་མེད་རྒྱུ་བའི་ཉི་ཟླ་བཞིན།།
གཡུ་སྦྲ་ཞེས་པའི་ཐ་སྙད་ཀྱིས།།
ཉི་འོད་འབབ་པའི་གངས་ལྗོངས་སུ།།
གཡུ་ཡིས་དཀྲིས་པའི་རྣམ་ཤེས་ཚོ།།
བདག་མེད་ལུས་ན་སྙིང་རེ་རྗེ།།
ཨང་། འདི་སྣང་བ་འགྲོ་སོང་ལོ།
གཡུ་ཡག་པ་ཞིག་ངས་ཉེ་ཆར་རག་སོང་། མཐོ་སློབ་འདོན་བཞིན་པའི་བུ་མོ་ཉམ་ཆུང་དཔྱད་གཟུགས་དུལ་ལ་ཡིད་དུ་འོང་བ་ཞིག་ཆོས་ཚོགས་སུ་ཡོང་ནས་བྱིན་རླབས་དང་བཀའ་བསྒོ་ཞིག་ཞུ་ཞོར། མཐར་ཤེལ་རྡོ་ཟུར་བརྒྱད་མ་ཆུང་ཆུང་འགྱིགས་ཁུག་གང་དང་། ཁྱད་པར་གཡུ་དྲུག་དཀར་ལེགས་པོ་གོས་ཆེན་གྱི་ཁུག་མ་ཆུང་ཆུང་ཞིག་གི་གང་སྤྲད་སོང་། གྲངས་མ་བརྩིས་ཏེ་རྒྱ་ཡས་མས་ཡོད་པ་འདྲ་ཞིག་འདུག ཡ་མཚན་འདྲ་ཞིག་བྱུང་།
གཡུ་དེའི་ནང་གི་ཚོ་གཅིག་མན་ཊལ་གྱི་ཁར་བཞག་པ་ཡིན། གཞན་ད་ལྟའང་མཆོད་སྟེགས་སུ་ཡོད།
གཡུ་དྲུག་དཀར་དེ་ཚོར་དམིགས་བསལ་གྱི་བདག་འཛིན་འདྲ་ཞིག་ཞུགས་སོང་། སྔོན་གྱི་བོད་ཀྱི་ལོ་རྒྱུས་དག་ཏུ་གཡུ་ནི་དཔའ་བྱད་དང་མཛེས་རྒྱན་གལ་ཆེན་ཞིག་ཡིན་པའི་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཙམ་ཡིན་སྣང་། མ་གཞི་ང་ནི་རྒྱན་ཆའི་རིགས་འདོགས་རྒྱུར་དགའ་བ་ཞིག་མིན་ལ་རིན་ཐང་ཡང་ཅང་མི་ཤེས་ལགས།
གཡུ་དེ་ཚོ་འོད་དང་ལྡན་ཞིང་། དབྱིབས་གཅིག་མཚུངས་མིན་པ་སོགས་གནའི་གཡུ་རྙིང་དག་དང་ཨ་ན་མ་ན་རེད། འོན་ཀྱང་། གཡུ་དེ་ཅི་ལྟར་མོ་ལ་ཐོབ་པ་ནི་མ་དྲིས།
དེ་ལ་ལྟོས་ན་གོང་གི་པར་དེ་ས་གཡུ་ཟེར་བ་ཞིག་ཡོད་པ་དེ་རེད་འདུག་སྙམ་པ་བྱུང་། ངའི་གཡུ་མི་དོ་གིཧཧཧ
གཡུ་ནི་ང་ཚོ་བོད་མིའི་རྒྱན་ཆ་རེེད། ང་གཡུ་ལ་ཧ་ཅང་དགའ