སྒྲོལ་དཀར་ཚེ་སྐྱིད།
ཅོག་ཙེ།
གྲུ་བཞི། སྒོར་སྒོར།
ཆུང་ཆུང་། ཆེན་པོ།
དབྱིབས་གཟུགས་མི་འདྲ་བའི་ཅོག་ཙེ།
ཅོག་ཙེ།
ཐབ་ཚང་གི་ཅོག་ཙེ།
ཟ་ཁང་གི་ཅོག་ཙེ།
སློབ་གྲྭའི་ཅོག་ཙེ།
བེད་སྤྱོད་མི་འདྲ་བའི་ཅོག་ཙེ།
ཅོག་ཙེ།
ཤིང་གི་ཅོག་ཙེ།
ལྕགས་ཀྱི་ཅོག་ཙེ།
འགྱིག་གི་ཅོག་ཙེ།
རྒྱུ་ཆ་དང་རིན་ཐང་མི་འདྲ་བའི་ཅོག་ཙེ།
མདོར་ན། ཡོད་ཚད་འཚོ་བ་ལ་མཁོ་བའི་ཅོག་ཙེ།
ཚོང་པའི་ཚང་རྫས་བཀྲམ་སའི་ཅོག་ཙེ
བླ་མས་མཆོད་རྫས་བཤམ་སའི་ཅོག་ཙེ
དཔོན་པོས་བརྗིད་ཉམས་སྟོན་སའི་ཅོག་ཙེ།
དབྱིན་ཇིས་རྒྱོ་ཆེན་རྒྱག་སའི་ཅོག་ཙེ། ཅོག་ཙེ་ཡ་ཅོ་ཙེ