མདོ་སྨད་ཀྱི་མཐོ་རིམ་སློབ་མ་ཁག་ཅིག
མདོ་སྨད་ཀྱི་གནད་ཡོད་སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་སོགས་ཀྱིས་ཅི་ལྟར་རྒྱབ་སྐྱོར་བྱས་པ་ལྟར། ང་ཚོ་མཐོ་རིམ་སློབ་གྲྭ་ཁག་གི་ཨ་མདོ་པ་ཕལ་མོ་ཆེས་ཁོང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། རྒྱབ་སྐྱོར་བྱེད་དགོས་དོན་མང་པོ་བགྲང་དགོས་དོན་མི་འདུག། གང་ཡིན་ཞེ་ན། སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས་ནི་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཁྲོད་གང་ཅིར་ཡར་ཐོན་ཅན་གྱི་སྐྱེས་བུ་ཞིག་རེད། ཁོང་ཉིད་མཐོ་རིམ་སློབ་གྲྭ་ཁག་ཏུ་ཕེབས་ཏེ་དབུ་མའི་ལམ་གཙོ་བོར་གྱུར་པའི་བོད་དོན་སྐོར་གྱི་གཏམ་བཤད་གནང་སྐབས། སློབ་གཉེར་པ་ཚོའི་དོ་སྣང་དམིགས་བསལ་དྲངས་ཡོད་ལ། ཅིས་ནལ་ལྟ་བུར་མཚོན་ན་ཕལ་ཆེར་ཆུ་ཚོད་བཞིའི་རིང་དྲི་བ་དྲིས་ལན་མཇུག་མ་རྫོགས་པ་ཆགས་ཤིང། མཐོ་སློབ་གཞན་དག་ནས་ཀྱང་སྤྱི་མཚུངས་ཁོང་ལ་དགའ་བསུ་དང་ཡི་རངས། ཡིད་སྨོན་ཤིན་ཏུ་ཐོབ་ཡོད།
ཁོང་གིས་གཏམ་བཤད་གནང་སྐབས་ཁྱད་ཆོས་ཤིག་ཡོད་པ་ནི། རང་གི་ཚོར་བ་དང་བསམ་ཚུལ་འདི་ཡིན་ཞེས་ཤུགས་ཆེར་མི་གསུངས་པར། གཙོ་བོར་རྒྱུ་མཚན་འདྲེན་རྒྱུ། རྒྱུ་མཚན་དྲངས་པ་དེ་འང་ཡིག་ཐོག་རང་ནས་ཁུངས་གསལ་བོར་བྱས་ཏེ་འདྲེན་ཅིང། གོ་བདེ་བ། ཡིད་ལ་འབབ་པ་བཅས་ཡོང་གི་འདུག སྐབས་དེར་གཏམ་བཤད་ཀྱི་ནང་དོན་༼དབུ་མའི་ལམ་གྱི་རང་སྐྱོང་འཐབ་རྩོད་གནས་བབ་གང་དུ་སླེབས་ཡོད་མེད་༽སྐོར་ཡིན་ནའང། བོད་རང་བཙན་གྱི་ལོ་རྒྱུས་གནས་སྟངས། བོད་ནང་གི་ད་ལྟའི་གནས་བབ། བོད་ནང་གི་ཤེས་ཡོན་ཅན་དང་སྐད་ཡིག་སློབ་གསོའི་སྐོར་ཤུགས་བསྐྱོན་ཕྱོགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། རྒྱ་ནག་གཞུང་གི་སྐྱོན་བརྗོད་ལ་དགག་ལན་གནང་སྟངས་སོགས་ཕྱོགས་མང་པོའི་ཐད་དྲི་བ་ཞུས་པར་ལན་གནང་ཞིང། ཏཱ་ལའི་བླ་མ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཡིག་སྡེ་ཁག་གི་དགེ་སློབ་ཚོའི་རེ་འདོད་ལྟར་ཉིན་རྒྱབ་ཟུར་མཇལ་གྱིས། རྩོམ་རིག་དང་མཐོ་རིམ་སློབ་མའི་འོས་འགན། སློབ་དེབ་བཟོ་འགོད་བྱ་ཕྱོགས་སོགས་ཀྱི་སྐོར་ཁོང་གིས་དགོངས་ཚུལ་དང་དྲི་བ་ལན་འདེབས་ཧ་ལས་པ་གནང་བྱུང།
གཞན་ཡང། བྷ་རོ་ཏྲ་མཐོ་སློབ་ནས་ཉིན་རྒྱབ་སློབ་མ་ཚོས་ཡང་བསྐྱར་རེ་བ་བཏོན་སྟེ་དབུ་མའི་ལམ་གྱི་སྐོར་ཡང་བསྐྱར་དོགས་གཅོད་དང། རྒྱ་གར་གྱི་སྲིད་བློན་ནེ་རུ་ནས་ད་བར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་བྱུང་རབས་བཤད་པ་སོགས་ཀྱིས་ཕྱོགས་གང་སར་ཁོང་ནི་འཇིགས་ཞུམ་བྲལ་ཞིང། གདེང་སྤོབས་ཆེ་ཞིང་མཁྱེན་རྒྱ་ཟབ་པ་ཞིག་ཡིན་པར་ངོས་འཛིན་ཐོབ་པས། སྤྱི་འཐུས་ཀྱི་འོས་ཆོས་ནི་ཚད་མཐོའི་ངང་ཁོང་ལ་འཛོམས་འདུག་པས་ངོས་འཛིན་བྱེད་ཀྱི་ཡོད།
ད་ལྟའི་དུས་ཚོད་འདིར་དམིགས་བསལ་དབུས་བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ན་ཁོང་ཉིད་དབུ་མའི་ལམ་གྱི་ཆེད་མཁས་པ་ཡིན་པར་སོང། གྲོས་ཚོགས་ནང་དབུ་མའི་ལམ་ཐད་ནུས་པ་དམིགས་བསལ་ཐོན་རྒྱུ་ཡིན་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། དེའི་རྐྱེན་ང་ཚོས་ཁོང་ལ་འབོད་སྐུལ་ཞུས་ཏེ་སྤྱི་འཐུས་སུ་ལངས་རྒྱུར་ཐོག་མ་ནས་རྒྱབ་སྐྱོར་བྱས་པ་ཡིན་ལ། སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་དང་ཨ་རིའི་ལྷོ་བྱང་དང་བྷེལ་རྗམ་སོགས་ནས་ཁོང་ལ་ངོ་དེབ་སྟེང་མི་ངོ་མས་རྒྱབ་སྐྱོར་བྱེད་མཁན་གྱི་མདོ་སྨད་པ་ཚོར་དེ་བས་ཀྱང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དབུ་མའི་ལམ་རྒྱལ་ལོ། བདེན་པ་རྒྱལ་ལོ། ཨ་མའི་བུ་རྒྱལ་ལོ། ཤར་ཕྱོགས་ཁུག་རྟ་རྒྱལ་ལོ།།
མདོ་སྨད་ཀྱི་མཐོ་རིམ་སློབ་མ་དང་སློབ་ཟུར་ཁག་ཅིག་ནས།
མཐོ་སློབ་ཁག་གི་རྒྱབ་སྐྱོར་པ་དག་གི་ཁྲོད་ནས་མི་རེའི་མིང་བཀོད་པ་ལས་ཆ་ཚང་འདིར་བཀོད་མེད། གཙོ་བོ་མཉམ་རུབ་བྱས་པ་སྟོན་ཆེད་ཡིན།
སྦེང་ལོར།
ཐོས་བསམ། ཀླུ་མོ་མཚོ།
བྷ་རོ་ཏྲ།
དབང་འདུས་ཚེ་རིང།
ཏཱ་ལའི་བླ་མ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང།
སངས་རྒྱས་དཀོན་མཆོག་གམ༼གླིང་གཅེར་བུ༽
ཅིས་ནལ།
མཁའ་འགྲོ།
སྐུ་ཞབས་ཤར་ཕྱོགས་ཁུག་རྟ་རྒྱལ་ལོ། ཁོ་ནི་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཁྲོད་ན་འབུར་དུ་ཐོན་པའི་སྐྱེས་བུ་ཞིག་རེད། ཁྱད་པར་མཐོ་རིམ་སློབ་གྲྭ་ཁག་ཏུ་དབུ་མའི་ལམ་གཙོར་འདོན་གནང་པའི་བོད་དོན་སྐོར་གྱི་གཏམ་བཤད་དང་། བོད་སྐད་ཡིག་ལ་བྱང་ཆུབ་པའི་ཤེས་འབྱོན་ལྡན་པ་ཞིག་རེད། དེས་ན་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་པའི་སྐུ་ཞབས་འདི་འདེམས་པ་ཡིན་ནོ།།
ངོ་མ་བསམ་བློ་རེ་གཏོང་རོགས་ཞེས་ཞུ་བ་སྙིང་ནས་ཞུ་བ་ཡིན་སློབ་ཕྲུག་ཚོ། ཤར་ཕྱོགས་ཁུག་ཟེར་བ་དེ་ལ་རྒྱས་ལོན་རེ་བྱས་དང་སྐུ་མཁྱེན། དེས་ད་བར་དོན་དག་བཟང་བ་གང་ཞིག་བསྒྲུབ་ཡོད། གཏོར་བཤིག་མ་གཏོགས།
བོད་ནང་གིསཨ་མདོ་བ་་རྒྱལ་གཅེས་དཔའ་བོ་ཚོའི་རེ་མདུན་ལ་དར་དམར་འོག་ཏུ་འདུག་བསྡོད་མེད་པ་དེ་རེད་།དར་དམར་ཕྱར་མཁན་ཞིག་མདོ་སྨད་སྤྱི་འཐུས་ལ་མ་འོས་པ་ཞིག་རེད་སྙམ་།
ངོ་མ་ངོ་ཚ་རྒྱུ་ཞིག་མེད་ག། འདི་འདྲའི་འཁྲབ་སྟོན་བྱེད་ནས་ཅི་ཕན། མདོ་སྨད་མི་མང་གིས་ཁྱེད་ལ་བླུགས་འདོན་མཁན་ཚོས་འོས་བླུག་གི་རེད། རྫུན་མ་ཤོད། ངས་གོང་གི་སློབ་ཕྲུག་དང་སློབ་ཟུར་དེ་ཚོར་ཁ་པར་གཏོང་ཡིན། དཀོན་མཆོག་ཚདཙིག། ཁོ་ཚོས་འདི་འདྲ་ཞིག་བཟོས་ཀྱི་ཡོད་པ་ག་གོ་མི་འདུག ཡི་གེ་འདི་ཐམས་ཅད་ཁྱེད་ཀྱིས་བྲིས་ཏེ་ཁོ་ཚོའི་མིང་སྒེར་གཅོད་བྱས་འདུག མདོ་སྨད་མི་མང་དེ་འདྲའི་ཁྱེད་ཚོས་རྩེད་ཆས་མ་བྱེད་ན་ཕན་པ།
བསོད་ནམས་ལགས། ཁྱེད་རང་ལ་འདི་འདྲའི་གཡོ་གཏམ་ཞིག་བཤད་རྒྱུ་ཡོད་པར་ངོ་མ་ཚ་ན། ང་ཚོས་རྒྱབ་སྐྱོར་བྱེད་པ་ངོ་ཚ་དགོས་དོན་གཏན་ནས་མཐོང་གི་མེད། རྒྱབ་སྐྱོར་བྱེད་སྟངས་དེའང། མང་གཙོའི་འགྲོ་ལུགས་དང། འོས་བསྡུའི་གལ་གནད། འགན་ཁུར་ཞུ་ཕྱོགས་བཅས་པ་ཚང་མ་གང་ལ་གང་འཚམས་ད་བར་སློབ་སྦྱོང་བྱས། དོ་སྣང་བྱས། བསམ་བློ་བཏང་སྟེ་ཤར་ཕྱོགས་ཁུག་རྟ་ལགས་ལ་རྒྱབ་སྐྱོར་ཞུས་པ་ཡིན། ཁྱེད་དེ་ལྟར་སྙིང་ན་བ་འདི་ཡ་མཚན་ཞིག་མ་རེད་དམ། གཅིག་བྱས་ན། ཁྱེད་རང་ཕྲག་དོག་གི་གཞན་དབང་དུ་སོང་ནས་རྐུབ་རུལ་ནས་བརྡོལ་ཚར་པའང་ཤེས་ཀྱི་མེད་པ་འདྲ། སོང་ཙང། བསོད་ནམས་ལགས་ག་དུས་ཡིན་ནའང། མི་གཞི་ཟེར་པ་འདི་མངོན་ལྐོག་ཐམས་ཅད་ནས་རང་གིས་རང་ལ་ཡིད་ཆེས་འཕེར་པའི་ངང་གཙིགས་སུ་འཛིན་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་ན། མཐའ་མའི་འབྲས་བུ་ཁྱེད་ལ་སྨིན་རྒྱུ་ཡིན་པ་ཉག་ཅིག་རེད་ལགས།།
གྲོགས་པོ་ལགས། ང་ནི་ཁྱེད་ཚོར་སྙིང་རྗེ་གི་ལོ། བོད་མི་ས་ཡ་གཅིག་ལྷག་གི་ཟུངས་ཁྲག་འཇིབས་མཁན་གྱི་དགྲ་བོའི་རྒྱ་དམར་གྱི་དར་ཆ་ཡར་ལ་བསྒྲེངས་མཁན་ཞིག་གཉོར་སྐྱོང་བྱས་ནས་ད་དུང་མི་གཞི་ཟེར་བའི་ཐ་སྙད་གླེང་ནས་ཁྱི་ལབ་མ་རྒྱག ཁྱེད་ཚོ་ཁོག་སྟོང་ཡིན་ནོ་ཤེས་ན་དེའི་འགྲིགས། གཞིས་ཀྱི་ཨ་མདོ་ཚོར་ལྟོས་ན་ང་ཡིད་སྨོན་འཆོར་གི བྱེས་ཀྱི་ཁྱེད་ཚོར་ལྟོས་ན་ང་མིག་ཆུ་ཡོང་གི
ཁྱེད་ཀྱི་ཁ་པར་ཨང་གྲངས་དྲ་ཐོག་འདིར་བཞག་དང་ངས་གསལ་བཤད་ཡང་བཤང་རྗེས་ནས་བྱོས་ཆོག
མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་ད་ཐེངས་ཀྱི་སྤྱི་འཐུས་ལ་བསམ་བློ་རྣལ་མ་ཞིག་གཏོང་བཞིན་ཡོད། མདོ་སྨད་པ་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་བསྟོད་སྨད་དང་འོས་མིན་ཅི་ལྟར་བྱས་ཀྱང་། གཞི་ཕྱེས་ཟུང་གི་མདོ་སྨད་མི་དམངས་ཀྱི་མགྲིན་ཚབ་བྱེད་ཐུབ་པ་ཞིག་ངེས་པར་ཏུ་དགོས། དེ་ནི་སྐབས་འཚོལ་རིང་ལུགས་པ་ཞིག་དང་བོད་ཀྱི་རྩ་དོན་དང་༸་གོང་ས་མཆོག་གི་བཀའ་དགོངས་ལོག་སྒྲུབ་བྱེད་མཁན་ཞིག་གིས་གཏན་ནས་ཚབ་བྱེད་མི་ཐུབ། གནས་བབས་གང་ལ་བསམ་ཀྱང་མི་གཤིས་དང་ལངས་ཕྱོགས། ཤེས་ཡོན་དང་ལག་ལེན། གང་ཐད་ནས་ཤར་ཁུག་ལས་ལྷག་ཞིག་མི་འདུག ཤར་ཁུག་གིས་དར་དམར་ལན་གཅིག་འཕྱར་བས་ཁོ་ནག་ཉེས་ཅན་དུ་གྱུར་ཨེ་ཡོད། བོད་དར་འཕྱར་ནས་བོད་སེམས་དཀྲུག་པ་ལས། རྒྱ་དར་འཕྱར་ནས་རྒྱ་སེམས་བཀུག་ན་བཟང་། ཆོལ་གསུམ་ཐུན་མོང་གི་སྤྱི་འཐུས་ནང་དུ་དོན་གཏམ་བཤད་མཁན་རེ་ཟུང་རེད། ཁུངས་མེད་གླེང་མཁན་མང་ཤོས་རེད། དོན་གནད་ཅན་ལ་ཐུག་ཚེ་སྨྲ་ལྕེ་ཡོད་པ་ཧ་ཅང་གི་ཉུང་། དགོས་མེད་ཀྱི་ཆོལ་ཁའི་ཕྱོགས་རུས་ལ་ཐུག་ཚེ་གཅིག་ལས་གཅིག་ཁ་བདེ་བ་དང་གཏམ་མང་བ་རྐྱང་ཡིན་པ་མངོན་གསལ་རེད། སྤྱིར་ཆོས་སྲིད་གང་གི་ཕྱོགས་ནས་ཀྱང་༧་གོང་ས་མཆོག་ལ་སྐུར་འདེབས་དང་ལོག་སྒྲུབ་མི་བྱེད་མཁན་ཞིག་ཡིན་ཚེ། སྤྱི་ཚོགས་གསར་རྙིང་དང་ཤེས་རིག་གསར་རྙིང་གི་འཕོ་འགྱུར་འགལ་མེད་དུ་འཛིན་པར་གོ་རྟོགས་སད་པའི་རིག་རྩལ་ཅན་ཞིག་ཡིན་པ་སྨོས་མ་དགོས་བ་ཞིག་རེད། དེ་བས་ཤར་ཁུག་འདེམས་པར་རྒྱབ་རྩ་ཡོད།
མཐོ་སློབ་ཁག་གི་སློབ་ཟུར་དང་སློབ་མ་རྣམས་ཀྱི་བསམ་རྒྱ་དང་སྐྱབས་མགོན་འདི་ལས་མེད་པ་ནི་མདོ་སྨད་མི་དམངས་ཀྱི་ཞབས་འདྲེན་རང་རེད། རྒྱུ་མཚན་གཞིས་ཀྱི་མདོ་སྨད་ནས་ཏང་གི་ཁྲག་དར་དམར་པོ་མར་ཕབས་པས་སྲོག་ཁྲིམས་དང་བཙོན་འཇུག་བརྡུང་རྡེག་ཚ་ནན་འོག་མི་ཆོས་ལས་འདས་པའི་མནར་གཅོད་མྱང་དང་མྱོང་མཁན་དག་ལ་འགྲེལ་བཤད་ཇི་ལྟར་བརྒྱག་གམ། ད་ནི་རྦད་དེ་ཡིད་ཐང་ཆད་རྒྱུ་རང་རེད། མདོ་སྨད་ཀྱི་མི་རབས་གསར་པ་འདི་ཚོ་བློ་ཐག་ཚེ་ཐག་ཅི་འདྲའི་ཐུང་ང་ལ། རྒྱ་ལ་འགྱུར་རྒྱུ་མི་རིང་ཡ།
བསོད་ནམས་ཡིན་ན་བསོད་ཟད་ཡིན་ན་འདི་སྨྱོས་ཡོད་ས་རེད རང་གིས་མི་འཇོན་པར་གཞན་ལ་ཕྲག་དོག་གི་མེ་འབར་ནས་རང་སྲེག་བྱས་རུང་སྡུག་གྱོང་རེད་ལོ ད་དུང་རྒྱའི་རྒྱལ་དར་ཕྱར་སོང་ཟེར་ནས་ཤར་ཁུག་ལ་སྨད་ཁུལ་བྱས དེ་ན་རང་གིས་བོད་དར་ཕྱར་ནས་ད་ལྟའི་བོད་ནང་གི་གནས་བབས་ལ་ཕན་པའི་ལས་ཀ་ཞིག་ལས་དང་་ ངས་ཁྱོད་ཀྱི་བྱས་བ་ལ་ཡི་རང་དང་རྒྱབ་སྐྱོར་བྱས་ཆོག་ལོ དེ་མིན་བྱས་པ་སྣ་གཅིག་མེད་པར་གཞན་གྱི་བྱས་རྗེས་ལ་མིག་ཚ་ན་ཕན་ཐོགས་ཡོད་ནི་མ་རེད་ཤ་ཉེ།
རྒྱ་དར་འཕྱར་ནས་རྒྱ་སེམས་ཇི་ལྟར་བཀུགས་པ་རེད་དམ། ཏང་དར་འཕྱར་བ་མི་ཟད་མགོ་སྟེང་དུ་བཙུགས་ནས་སོང་ན་ཡང་ཏང་གིས་ཁ་ཡ་མི་བྱེད་ཁོ་ཐག། འོ་ན་ཤར་ཁུག་དང་དབུ་ལམ་པ་ཚོས་རྒྱ་དར་བསྐུར་གླིང་ཚས་འཁྱེར་ནས་སོང་བ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཤར་ཁུག་རང་དབང་ལུང་པར་ཡུལ་བགྱར་དུ་བསྡད། གླིང་ཚ་དཔའ་ཁེར་རྒྱུགས་བོད་དུ་སོང་ནས་ཏང་གིས་སྣེ་ལེན་ཟབ་རྒྱས་འདྲ་བྱུང་ཨེ་ཡོད། གོ་ཐོས་འདྲ་ཨེ་བྱུང་ངམ། ངས་ནི་ཅང་མི་གོ་ཐལ། ངས་ལྟར་ན་བོད་མི་རིགས་ཀྱི་འཐབ་རྩོད་འདི་དར་དམར་འཕྱར་རྒྱུ་ཞིག་ཅང་ཨེ་ཡིན། བོད་ནང་ཏང་གིས་བཙན་བཀའ་བཏང་ནས་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ནས་བརྒྱུད་ཡོང་བའི་མ་ཎི་ཇོ་དར་དང་། ཕགས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྒྲོལ་མ་སོགས་ལས་གྲུབ་པའི་ཐོག་དར་དེ་བཙན་གྱིས་མར་ཕབ་རུ་བཅུགས་ནས་ཏང་དར་དམར་པོ་བཙན་གྱིས་བསྒྲེང་རུ་བཅུགས། བཙན་བྱོལ་ན་མ་བསྐུལ་དང་བླངས་ཀྱིས་བོད་མི་རིགས་ས་ཡ་བརྒལ་བའི་རོ་ཐོག་ཏུ་དར་དམར་བསྒྲེངས་ནས་རྟ་རྒྱུགས་གཏོང་བའི་ལམ་ལུགས་ལ་དགའ་བསུ་ནམ་ཡང་མེད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ལར་ནས་གཤིན་པོའི་རྣམ་ཤེས་ཀྱིས་དུར་ཁུང་ནས་འཕྱའ་བ་བྱེད་ཀྱི་རེད་ལ་ནམ་ཞིག་ཞིབ་རྩིས་རྒྱག་རྒྱུའི་དུས་ཞིག་ངེས་པར་དུ་ཤར་ངེས། དེ་དུས་མི་རིགས་གཅིག་པའི་ལ་རྒྱ་དང་སྙིང་རྗེ་མི་འདུག་མ་ཟེར་ཨ།
ཞོག་གཡག་ལགས་ཀྱི་བཤད་པར་རྒྱབ་སྐྱོར་ཡོད།
གོང་ན་བསོད་ནམས་ཟེར་བ་ཞིག་གིས་དཀོན་མཆོག་ལ་ཚད་བཙུགས་ནས་བཤད་རྒྱུར་ཁོས་གོང་གི་སློབ་མ་དེ་ཚོ་སྒེར་རེ་རེ་ལ་ཁ་པར་བཏང་ཡོད་རབས་དང་ཁྱབ་བསྒྲགས་འདི་གོང་གི་སློབ་མ་དེ་ཚོ་དང་འབྲེལ་མེད་ཡིན་པ་མནའ་བསྐྱལ་སོང་མོད་གོང་གི་སློབ་མ་དེ་དག་གི་གྲས་ཀྱི་གླིང་གཅེར་བུ་ཟེར་བས་ཁོའི་རྫུན་རྐུབ་བརྟོལ་སོང་བས་ཅི་བྱེད་འདི་བྱེད་མེད་པར་ཁ་པར་ཨང་གྲངས་བཞག་དང་ཟེར་ནས་ཅིག་བཤད་རྒྱུ་དང་བཅའ་རྒྱུ་ཡོད་མདོག་མདོག་གིས་འཇིགས་སྐུལ་བྱེད་ཀྱི་འདུག འདི་ནི་བསོད་ནམས་ཟེར་བའི་སེམས་ཅན་འདིས་བོད་སྤྱི་བའི་དར་རྒུད་ལ་འགན་འཁུར་སྟངས་ཤིག་ཡིན་རྒྱུ་རེད།
གང་ལྟར་ངོ་མ་བོད་སྤྱི་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་དྲང་བོ་དྲང་བཞག་གི་སྒོ་ནས་མི་རིགས་ལ་ཕན་པའི་མི་སྐད་ཤོད། དེ་མིན་ཆོལ་སྐད་དང་ཆོས་སྐད་དེ་འདྲ་མ་བཤད་ཅིག གོང་གི་སློབ་མ་དེ་ཚོས་མདོ་སྨད་པའི་མི་རབས་གསར་པའི་ཚབ་མཚོན་བྱེད་ཐུབ་ཀྱི་མ་རེད་ལ་མདོ་སྨད་པའི་མཐོ་སློབ་ཀྱི་སློབ་མ་ཡོད་དོ་ཅག་གི་ཚབ་བྱེད་ཐབས་མེད་པས་དེ་ལ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་ནས་ཅི། གོང་གི་མཐོ་སློབ་ཀྱི་མིང་ཅན་ཁག་ཅག་གིས་དབུ་མའི་ལམ་ལ་འགྲེལ་ཙམ་ཡང་རྒྱག་མི་ཤེས་པ་ཕྱི་གསལ་ནང་གསལ་ཡིན་བཞིན་དུ་རང་ཉིད་ཀྱི་མིང་བེད་སྤྱོད་བྱེད་ཆོག་ཆོག་གི་བྱིས་བློ་འདི་ཙམ་པོས་འདི་དག་གིས་དབུ་མའི་ལམ་ལ་ག་ནས་འགྲེལ་ཐུབ་ཐ་ན་མང་གཙོ་རྒྱལ་ཁབ་ཅིག་ལ་མཚོན་ན་འོས་ཤོག་ཟེར་བ་འདི་ཅི་འདྲའི་གལ་ཆེན་པོ་ཡིན་པའི་ངེས་ཤེས་རབ་རིབ་ཅིག་ཡོད་ཚོད་མི་འདུག
ཧཧཧཧ ད་ཁ་འཛིང་ཤོར། རྫུན་གཏམ་བཤད་ནས་ཅི་ཕན།
བསོད་ནམས་ཟེར་པ་འདིའི་ཧམ་པ་བཤད་སྟངས་ལ་བལྟས་ན་ཐང་ཐང་མེད་མཁན་ཞིག་ཡིན་ཐག་ཆོད་རེད་འདུག དངོས་གནས་བྱབ་ཆུང་ཞིག་ད་ཡིན་ཐག་ཆོད་རེད་འདུག
གསར་བུའམ་སྐྱེ་སེར་ཀླུ་སྒྲུབ་སོགས་ཀྱིས་ཀྱང་བགྲོ་གླེང་གནང་ན་དོན་དག་ལ་འཇུས་ན་ཡག་གི་རེད་བསམས། ད་ང་ཚོས་རྐྱག་རེས་རྒྱབ་བསྡད་ན་ག་ནས་ག་བ་ཡང་སླེབས་ཀི་མ་རེད། གཙོ་བོ་ཤར་ཁུག་གིས་འཇོན་དང་མི་འཇོན་གྱི་རྒྱུ་མཚན་བཤད་ན་ཡག་པོ་མེད་འགྲོ
རེད་རེད་།གྲོགས་པོ་ཚོ་ཤར་ཕྱོགས་ཁུག་རྟའི་ད་བར་དུ་ལས་ཁུངས་དུས་ནང་ལ་འཛུལ།དུ་ནང་ནས་རྒྱང་འབུད་བཏངས་སོང།ལས་ཀ་ཡག་པོ་གང་ལས་ཡོད།རྒྱ་ནག་གི་རྒྱ་དར་བཟུང་ནས་སོང་ནོ་དུ་ཡིན་ནི་མིན་ན།་གང་ཡོད།
གླེང་མོ་ཡག་པོ་བྱེད་དགོས།
དྲ་གྲོགས་གང་མང་ཞིག་གིས་གཅིག་གཅིག་ལ་ཚིག་མཚོན་རྒྱུ་ལས་དོན་དངོས་གླེང་མཁན་དཀོན་པོ་རེད། ཁོང་ལ་འོས་ཆོས་ག་རེ་སྐོར་ནས་ཚང་མིན་སོགས་ལ་གཤུབ་་བསྡུར་བྱས་ནས་གླེང་མཁན་དེ་བས་དཀོན་པོ་རེད། རེ་གཉིས་ཀྱིས་ཤར་ཁུག་གིས་རྒྱ་དར་འཆར་སོང་ཟེར་ནས་གང་མིན་ཚད་ཡིན་མདོག་བྱེད་ཀྱིན་འདུག། དེ་དག་ལ་དྲི་བ་ཁ་ཤས་ཞུ་འདོད་བྱུང་། ཤར་ཁུག་གིས་ག་རེ་བྱས་ནས་རྒྱ་དར་འཆར་བ་རེད། དགོས་འདུན་ག་རེའི་ཆེད་དུ་འཆར་བ་རེད། མཚོན་དོན་ག་འདྲ་ཞིག་གིས་འགྲེལ་བཤད་རྒྱབ་ཡོད་པ་རེད། ་དེ་དག་ལ་སོ་སོའི་ཚོར་སྣང་ཙམ་མིན་པར་དངོས་ཡོད་རྒྱུ་མཚན་དཔང་དུ་བཞག་ནས་གླེང་ཐུབ་ན་གཞི་ནས་སུ་འོས་མིན་དང་སུ་ལ་བདེན་པ་ཡོད་མེད་གསལ་ཡོང་།
རེ་གོང་གི་དྲ་ཚིགས་ནང་ལ། རེ་གོང་བ་ཚོས་ཤུགས་རྒྱག་གི་ཡོད་ས་རེད་ད། ཧཧཧཧཧ
མི་འདི་འདྲ་ཞིག་ཨ་མདོའི་སྤྱི་འཐུས་ལ་འོས་ཟེར་ན། ཨ་མདོ་བ་ལ་མི་ཡག་པོ་ཞིག་ཚར་སོང་བ་ཡིན་ས་རེད། སྙིང་རྗེ། སློབ་ཕྲུག་མགོ་མི་འཚོས་བ་ཁག་ཅིག་རེད་འདུག ད་ཡིན་ན། མི་བཤད། དེང་སང་ཆབ་སྲིད་འཁྲབ་སྟང་ལྟས་ན་དངོས་ནས་དགོད་བྲོ་བ་ཞིག་རེད།
ལྷ་མོའི་སྐད་ཆ་འདི་ལྟ་བུ་ནི། མགོ་འཐོམས་རླུང་ཁྱེར་ཕྱོགས་ཞེན་ཅན་ཚོས་ཡིད་ཆེས་བྱེད་ན་ལས། དེ་མིན་མདོ་སྨད་པ་ཚོར་ཤེས་ཡོན་ཡོད་ཙང། ཕྱོགས་སྒྲིལ་སུས་བྱེད་ཀྱི་ཡོད་མེད་མཁྱེན་གི་རེད། བཙན་བྱོལ་ནང་ལྟ་བུར་མཚཽན་ན། མདོ་སྨད་ཀྱི་མི་རབས་རྒན་པ་ནས་ད་བར་ཕྱོགས་སྒྲིལ་ཁེ་ཕན་དོན་གཉེར་མ་བྱས་པར། གོང་ས་མཆཽག་གི་བཀའ་དགོངས་ཚུལ་བཞྀན་སྒྲུབ་ཡོད་པ་ཚང་མས་ཤེས་གསལ་རེད།
ཡིན་ནའང། བར་མའི་འོས་བསྡུའི་སྐབས་འདིར་རང་བཙན་ཁ་ལ་འཁྱེར་ནས་མཚན་སྨོད་ཞུ་མཁན་དག་དང། གྲོས་ཚོགས་ནང་གི་ཕྱོགས་རིས་ཅན་གྱི་སྤྱི་འཐུས་རེ་འགའ་བཅས་དམ་སྲི་འབྱུང་བོ་འདྲ་བོ་དེ་ཚོས། མདོ་སྨད་ནང་ཁུལ་དུ་དཀྲུགས་ཤིང་རྒྱག་གི་ཡོད་ཚོད་འདུག་པས། གཟབ་གཟབ་བྱས་ན་མ་གཏོགས།
མདོ་སྨད་ལ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང། བཀའ་ཟུར་ཐུབ་བསྟན་ལུང་རིགས་རྗེ་བཙུན་པདྨས་མཚཽན་། བྱས་རྗེས་ཅན་མང་པོ་ཡོད་སྟབས། ཁོང་ཚོར་བཀའ་སློབ་ལམ་སྟོན་ཞཱུ་དགོས་པ་གལ་ཆེན་རེད། དེ་མིན། ཁ་ཤས་ཀྱི་རང་ལ་མ་ཐོབ་ན་སྤྱི་པར་གཏོར་སྐྱོན་གཏོང་འདོད་ཡོད་བཟོ་འདུག་པས་གཟབ་དགོས་པར་འཚལ།།
ངོ་མ་ མདོ་སྨད་ཚང་ལ་ཤར་ཕྱོགས་ཁུག་རྟ་སྤྱི་འཐུས་ལ་ལངས་དགོས་པའི་ཚད་ལ་སླེབས་ཡོད་ས་རེད། མདོ་སྨད་ཚང་གི་ནང་ལ་མི་ལོ་དྲུག་ཅུ་ལྷག་ལ་བཙན་བྱོལ་ནང་ནས་སློབ་སྦྱོང་བྱེད་མཁན་ནས་ཁོ་རང་ལྟ་བུ་ལས་གཞན་མེད་དམ། ངོ་མ་ཞབས་འདྲེན་རེད། མཐོ་སློབ་ལ་འགྲོ་བཞིན་པའི་སློབ་མ་དག་གིས་ཤར་ཁུག་གི་ཡོན་ཏན་དང་འཇོན་ཐང་ལ་ཡིད་སྨོན་བྱེད་ཀྱི་ཡོད་ན། སློབ་མ་དེ་དག་གི་ཡོན་ཚད་རོ་མ་ཤེས་པ་མི་འདུག སྙིང་རྗེ་མདོ་སྨད་ཚང་ཚར་ཡོད་ས་རེད། ངོ་མ་ཡིད་སྐྱོ་སོང་། ངུ་རྒྱུ་ཡོང་གི ངོ་གཉིས་མ་དེ་དག་ཡང་རེབ་གོང་བ་ཁ་ཤས་ཀྱིས་འཐེན་འཁྱེར་བྱེད་ཀྱི་ཡོད་རྒྱུ་རེད་པཱ།
ཤར་ཁུག་རྒྱལ་ལོ།ངའི་སྤྱི་འཐུས་རྒྱལ་ལོ།
ངོ་མ་བཤད་ན་ཤར་ཁུག་ལགས་མཐོང་ཉོངས་མེད། འོན་ཀྱང་ཁོང་སྤྱི་འཐུས་ལ་རྒྱབ་སྐྱོར་ཡོད། ཁོང་ལས་ལྷག་པ་ཞིག་མདོ་སྨད་སྤྱི་འཐུས་ལ་འོས་བ་ཞིག་མི་འདུག།
སྤྱིར་ཤར་ཁུག་ནི་རྩོམ་པ་པོ་དང་ཆབ་སྲིད་པ་ཞིག་གི་མིང་ཐོགས་སྲིད། སྤྱི་འཐུས་འོས་གཞི་ལངས་མིན་ཡང་ཁོའི་ཐོབ་ཐང་རེད། ཡིན་ནའང་ཁོ་རང་ལ་ལངས་ཕྱོགས་བརྟན་པོ་མེད་པ་དང་རང་ཚུགས་ཅན་ཞིག་མིན་པས་བོད་མི་དམངས་སྤྱི་འཐུས་ལ་འོས་གཞི་ལངས་ན་ཆ་རྐྱེན་འདི་ཚང་མི་འདུག་སྙམ།
སྤྱིར་ཤར་ཁུག་ཁོང་མཐོང་མྱོང་མེད་ལ་མི་གཤིས་རིགས་ལ་དེ་བས་ཀྱང་ཤེས་རྟོགས་མེད། ཡིན་ནའང་། ཁོང་གི་རྩོམ་ཡིག་གང་མང་ཀློག་རྒྱུ་བྱུང་ལ་མ་ཟད་༧གོང་ས་མཆོག་གི་ལམ་སྟོན་ལྟར་དབུ་མའི་ལམ་ཕྱོགས་ནས་ཤར་བསྐྱོད་གནང་མཁན་ཞིག་ཡིན་དུས་གཞོན་པ་ཁོང་མདོ་སྨད་སྤྱི་འཐུས་སུ་ཕེབས་ཀྱང་ཕན་མ་ཐོག་ནའང་གནོད་སྐྱེལ་གྱི་ཕྱོགས་སུ་མི་འགྲོ་བ་ཁོའི་རྩོམ་ཡིག་སྔ་ཕྱིའི་གོ་རིམ་བལྟས་པས་ཀྱང་ཚོར་ངེས།
དྲ་འབུ་ཁ་ཤས་ཀྱིས་ཕྱོགས་ཞེན་སྐད་ཆ་དེར་ངོས་ལེན་མེད། ངས་རྒྱལ་འཚོང་བ་ཞིག་ལ་འོས་མི་བླུགས་ཁོ་ཐག་ཡིན། ས་ཡ་གཅིག་དང་འབུམ་གཉིས། ངའི་མིག་ལམ་ནས་ཕུ་ནུ་མིང་སྲིང་༡༢༤ལུས་མཆོད་ཕུལ་དགོས་པ་ཚང་མའི་རྐྱེནརྩ་དེ་རྒྱ་དམར་གུང་ཇག་ཚང་གིས་བོད་ཀྱི་རྒྱལ་ཁབ་འཕྲོག་པའི་ཉེར་ལེན་རང་ཡིན། དགྲ་བོ་དེའི་དར་ཆ་འཁྱེར་མཁན་ཞིག་ནི་བོད་མིའི་ནང་དགྲ་ཡིན་པ་ལས། སྤྱི་བའི་འཐུས་མི་ཞིག་ལ་ག་བ་ཡོང་། སློབ་ཕྲུག་ཁྱེད་ཚོས་ལེགས་ཉེས་བླང་དོར་ཤེས་ན་བཟང་གི་རེད། ཤར་ཕྱོགས་ཁུག་རྟས་བོད་ཕྱི་ནང་ནས་བཀུར་འོས་པའི་སྲིད་སྐྱོང་ལ་ཁ་གཏོང་བ་དང་རང་བཙན་ཟེར་ནས་སྡང་གཟིགས་སྟོན་པ། བོད་ཀྱི་དབུ་ཁྲིད་ཟམ་གདོང་རིན་པོ་ཆེ་སོགས་ལ་མགོ་བསྐོར་གཏོང་ནས་རང་དོན་བསྒྲུབ་པ། སྐུ་སྒེར་ཡིག་ཚང་ནས་དངུལ་བླངས་ནས་སློབ་གྲྭ་འགྲོ་ཁུལ་བྱས་ནས་གྲྭ་ལོག་བྱས་པ། དགེ་འདུན་ཆོས་འཕེལ་ཀྱི་སྤྲུལ་སྐུ་ཡིན་ལབ་ནས་བོད་ནང་མགོ་བསྐོར་གཏོང་བ། འདི་འདྲཡིན་མིན་ཁུག་རྟ་ཁོང་དྲ་ཚོགས་འདི་ཤོག་དང་བཤད་རེས་བྱེད་ཆོག འདི་འདྲའི་མི་སྤྱི་འཐུས་བཞག་ན་དྲང་བདེན་དང་འཚམས་པོ་རེད་དམ
བསོད་ནམས་ཟེར་པ་འདི་མི་ཐང་ཐང་མེད་མཁན་ཞིག་ཡིན་པ་ཐག་ཆོད་རེད་འདུག
ཁྱེད་ཀྱིས་ཤར་ཕྱོགས་ཁུག་རྟ་རྒྱལ་ཚོང་པ་རེད་ལབ་པ་དེ་དབུ་མའི་ལམ་རྒྱལ་ཚོང་བ་རེད་ལབ་དང་གཅིག་པ་རེད། དེ་སྔ་ཀླུ་མཁར་བྱམས་ཀྱིས་དབུ་མའི་སྲིད་བྱུས་འདི་རྒྱལ་ཚོང་པའི་ཚོང་རྫས་ཤིག་རེད་ལབ་པ་རེད། དེའི་རྗེས་ནས་ཁྱེད་ཆགས་པ་རེད། བསམ་བློ་སོ་སོས་ཐོངས། དམ་ཚིག་དང་ལར་ཞེན་མེད་པར་ཁྱི་བཞིན་དོལ་ཚོགས་དང། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་བྱེད་ཀྱི་ཡོད་ན་གནས་ཚུལ་ལོག་ག་རེད། ཧཧཧ
སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་པ་དེ་ངས་ཁོང་གི་ཡོན་ཏན་གྱི་ཁྱད་ཆོས་དམིགས་བསལ་ཞིག་ལ་མཐོང་གི་ཡོད། ཁོང་གིས་སྲིད་སྐྱོང་ཐེར་འདོན་གནང་བ་དེ་བོད་སྤྱི་པའི་ཆེད་དུ་རེད། དེ་སྔ་ཤར་ཕྱོགས་ཁུག་རྟ་གཅིག་པུས་པབ་དུས། མི་མང་པོས་སྲིད་སྐྱོང་ཡག་པོ་ཡོད་པ་རེད། འཇོན་གི་རེད་ལབ་པ་རེད། ད་ལྟ་མི་ཤེས་ལྡན་རྣམ་དཔྱོད་ཅན་ཡིན་གདའ་ཡིན། མི་མང་ནས་ཀྱང་སྲིད་སྐྱོང་ལ་རྫིག་པོ་འཁྲབ་ཡ་དང་ང་དང་ངའི་ཨ་ཞང་མ་གཏོགས་ལབ་ཡ་མེད་ཙང། ཨ་ཁུ་སྟོན་པ་རེད་ཅེས་ལབ་ཀྱི་འདུག་གཱ ཧཧཧཧ གལ་སྲིད་ཁྱེད་ནས་ཅུང་ཙམ་མགོ་འཚོས་ཀྱི་ཡོད་ན། ཤར་ཁུག་གིས་སྐྱོན་བརྗོད་བྱས་པ་གང་ཞིག་བདེན་པ་མིན་འདིར་འདྲེན་རོགས། ང་ཚོས་ལྟ་ཆོག་གི་རེད། ཁྱེད་ཀྱིས་བདེན་པ་མིན་ཚུལ་སྒྲུབ་རོགས།
ད་ཐེངས་ཤར་ཁུག་སླེབས་དགོས་པའི་རྒྱུ་མཚན་དམིགས་བསལ་བ་གཅིག་སྲིད་སྐྱོང་ལ་ཐེར་འདོན་ཡག་ཐག་ཆོད་བྱེད་མཁན་ཞིག་དགོས་པ་དེའི་ཡིན།་གང་ཡིན་ཞེ་ན། ཤར་ཁུག་ནི་མགོ་བདེ། རང་དོན་ཁོ་ནར་ཕྱོགས་ཏེ་སྤྲེལ་ལད་འཁྲབ་མཁན་དེ་འདྲ་མ་རེད། དེ་མདོ་སྨད་ཙམ་མ་རེད། ཚང་མས་བསྟོད་བསྔགས་གཏོང་གི་ཡོད་པ་རེད། ཁྱེད་མ་དགའ་བ་དེ་ཁྱེད་ཀྱི་སྡུག་གྱོང་རེད་བསམས། གཅིག་བྱས་ན། ཁྱེད་ཐང་ཐང་མེད་ཙང་ཡིན་ངེས།
སྐུ་སྒེར་ཡིག་ཚང་ནས་སློབ་གྲྭ་བཏང་བ་ཁོང་གཅིག་པུ་མ་རེད། བཏང་བའི་ནང་ནས་གཞུང་ལ་ཞབས་ཞུ་སྒྲུབ། ཕྱི་རྒྱལ་ནས་མ་བསྡད་པར་ཧུར་ཐག་འབད་ཐག་བྱེད་མཁན་ཁོ་རང་མ་རེད་དམ། ཁོང་གྲྭ་བ་ལོག་མི་ལོག་དེ་ཁོང་སྒེར་གྱི་ཐོབ་ཐང་རེད། ཁྱེད་གྲྭ་བ་ལོག་འདོད་ཀྱང་ལོག་ས་མ་རྙེད་པ་ཞིག་མིན་ན། ལོག་ནས་སྐྱེད་དམན་མ་རེག་པ་ཞིག་ཡིན་ཐག་ཆོད་རེད་འདུག ཧཧཧཧཧ
བོད་ནང་དུ་དགེ་འདུན་ཆོས་འཕེལ་ཡིན་ཞེས་ས་ཆ་གང་ལ་བཤད་འདུག མགོ་བསྐོར་ག་རེ་བཏང་འདུག མི་ཚང་མ་གླེན་པ་མ་རེད། ཁྱེད་ལ་ཁུངས་ཡོད་ན་འདིར་འདྲེན་རོགས། ངས་ཁྱེད་དང་མཉམ་དུ་ཤར་ཁུག་ལ་དག་ཐེར་བྱས་ཆོག དེ་མིན། མི་རུ་སྐྱེས་ཀྱང་ཁྱི་ལས་བཙོག་པའི་སྐད་ཆ་འདི་འདྲ་བཤད་ན་ངོ་མི་ཚ་ཡང། རང་གི་ཕ་མ་གཉིས་དང་གཉེན་ཉེ་ཚོའི་ཞལ་རས་ཡིད་ལ་ཤར་ན་སེམས་ནས་བཟོད་ཐུབ་པ་ཞིག་རེད་དམ། ཨ་བསོད་ནམས་ལས་ཟད་ཐབས་རྡུག་པོ། མ་གཞི་ནས་དགེ་ཆོས་ལ་སྤྲུལ་སྐུ་ལྔ་དྲུག་ཅིག་ཡོད་ཚུལ་བཤད་ཀྱང། དེང་སང་ཚང་མས་ཤར་ཁུག་དགེ་ཆོས་སྤྲུལ་སྐུ་ཡིན་པ་རེད་ཅེས་ལབ་ཀྱི་འདུག་པ་དེ་ཚང་མར་ཁོས་ང་ཡིན་ལབ་ནས་རེད་དམ། ཁོས་ང་ཡིན་ལབ་ན་ཁྱེད་ཡིད་ཆེས་སམ། ཁྱེད་བྱིས་པ་རང་རེད། མི་ལ་ནག་པོ་བཟོ་རྩིས་ཡིན་མདོག་ཀྱང།
ཟམ་གདོང་རིན་པོ་ཆེ་བོད་ཀྱི་དབུ་ཁྲིད་ཡིན་པའི་ཡིད་ཆེས་ཡོད་ན། མཁྱེན་ཡོན་ཡོད་ན། ཁོང་ལ་ཤར་ཁུག་གིས་མགོ་བསྐོར་ཐུབ་ཀི་རེད་ཝེ། བསོད་ནམས་ལགས། ཁྱེད་ཀྱིས་ཤར་ཁུག་ལ་སྨད་ཁུལ་གྱིས་དོན་ལ་བསྟོད་ཀྱི་འདུག་ལ། མཉམ་དུ་རང་གི་ཁ་དོག་གསལ་གསལ་སྟོན་གྱི་འདུག་གཱ མི་མང་པོས་ཁྱེད་རང་ངོས་ཟིན་ནས་གླེང་གི་འདུག་མོད། འདིར་འབྲི་འདོད་མེད། ཁྱེད་ལ་འཁྲབ་རྒྱུ་ག་རེ་ཡོད་ན་འཁྲབ་རོགས། དེ་ལྟར་སོང་ན། ཁྱེད་ཀྱི་རྣམ་འགྱུར་རྫུན་མ་དེའི་འོག་གི་ཡོད་ཚུལ་མཐོང་འགྲོ་གི་རེད། དེ་བས་ད་ལྟ་ནང་བཞིན་མིན་ན་ཡིན་མདོག་མདོག་བྱེད་ཁུལ་བྱས་ན་ཡག་པོ་མི་འདུག་གམ། ཧཧཧཧཧཧཧ
ང་ནི་ཁྱེད་ཚོའི་བྱབ་ཆུང་གི་ལས་ཀ་བྱེད་སྟངས་འདི་རིགས་མཐོང་དུས། སྙིང་རྗེ་གི དཀོན་མཆོག
འཕྲིན་ལས་ལྷུན་ལགས། ཁྱེད་རང་ཤར་ཁུག་ཡིན་པ་སྔ་ས་ནས་ངས་ཤེས་ཡོད། དོན་ངོ་མ་བཤད་ན་ཁྱེད་ཀྱིས་འཁྲབ་སྟོན་བྱེད་བསམ་ཡོད་ཀི་ར། འཁྲབ་མི་ཤེས་པ་དེ་ང་ཚོ་གསར་འབྱོར་བ་དང་ཨ་མདོའི་གཤིས་ཀ་རང་རེད་འདུག་ག ཧཧཧཧ ཁྱེད་ཀྱིས་སྣང་བ་མ་འགྲོ་བ་ཚོ་ནི་དོལ་ཚོགས་དང་རྒྱ་སོ་རེད་ཟིག་ག རྒྱ་མིའི་རྒྱུགས་ཁྱི་ཁྱེད་ལས་སུ་ཡོད་རེས། སྲིད་སྐྱོང་ལ་བོད་ཕྱི་ནང་གཉིས་ནས་བརྩི་འཇོག་བྱས་ས་ཞིག་ཆགས་དུས་ཁྱེད་འདྲའི་སྨད་ན་སེམས་ཅན་ཚོ་གད་མོ་ཤོར་ལས་རེད། སྔོན་མ་ཀླུ་ཁར་བྱམས་ནས་ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་བློ་གྲོས་ཀྱིས་དབུ་མའི་ལམ་ཚོང་བསྒྱུར་བྱེད་ཀྱི་འདུག་ལབ་ནས་སྐྱོན་བརྗོད་བྱས་པ་དེ་ད་ལྟ་གཟི་བརྗིད་ཆེ་ནས་ཆེ་རུ་འགྲོ་གི་འདུག་ག ཁྱེད་ཀྱིས་སྲིད་སྐྱོང་ལ་སྐྱོན་བརྗོད་དེ་ཚོ་ཅང་ཕན་ཐོགས་དང་གསལ་རྒྱུ་མེད་འདུག་པར་གད་སྙིགས་ཆགས་གྲབ་ཡོད་རེད་གོ
ཧཧཧཧཧཧ བསོད་ནམས་ཟེར་པ་འདི་འདྲའི་མི་ཐབས་ཆག་ཅིག་ལ་ལན་བྲིསནས་ག་རེ་བྱེད་ག སྐྱག་པ་ལག་པ་མ་འཆང་དྲ་གྲོགས་ཚོ། ཧཧཧཇ ཁོས་ང་ཡང་ཤར་ཁུག་རེད་ལབ་གི་རེད།
ཤར་ཁུག་ལགས་རྒྱལ་ཚོང་བ་རེད་ཟེར་བ་དངོས་གནས་ཁུངས་ལུངས་མེད་པའི་སྐད་ཆ་རེད། ངོ་མ་བཤད་ན་རྒྱལ་ཚོང་བ་ནི་སུ་ཡིན་པ་ད་དུང་ཡང་ངོ་ཤེས་མེད་པ་ནི་ཤིན་ཏུ་སྐྱོ་བའི་གནས་ཚུལ་རེད།
ཤར་ཁུག་ལགས་ཀྱི་བོད་ཀྱི་དར་ཆ་དང་རྒྱ་ནག་གི་དར་ཆ་མཉམ་འཕྱར་བྱེས་བ་རེད་མ་གཏོགས། བོད་ཀྱི་དར་ཆ་མ་འཕྱར་བ་དང་རྒྱ་ནག་གི་དར་ཆ་གཅིག་པོ་འཕྱར་བ་དེ་འདྲ་མ་རེད། དེ་འདྲ་ཡིན་ཙང་དབུ་མའི་ལམ་དང་འགལ་ཡོད་མ་རེད། ངོ་མ་བཤད་ན་ད་ལོ་ཕྱི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ཨ་རིའི་ཕྱི་སྲིད་དུ་ང་ཚོའི་སྲིད་སྐྱོང་མཆོག་ནས་བོད་ཀྱི་བདག་དབང་རྒྱ་ནག་དམར་པོ་གཞུང་ལ་ཡོད་ཟེར་བ་དང།་བོད་ནང་དུ་དམངས་གཙོ་མི་དགོས་ང་ཚོ་རྒྱ་ནག་གུང་ཁྲན་དང་མཉམ་དུ་བསྡད་གི་ཡིན་ཟེར་བ་དེ་ལས་ལྷག་པ་ཞིག་ད་ལྟ་བར་དུ་བཙན་བྱོལ་ནང་བོད་མི་སུ་གཅིག་གི་ཀྱང་བཤད་མྱོང་ཡོད་མ་རེད། རྒྱལ་ཚོང་བ་ཟེར་ས་གཅིག་དགོས་ན་ཁོང་ལས་ལྷག་པ་ཞིག་བཙན་བྱོལ་ནང་ཡོད་མ་རེད། ཤར་ཁུག་ལགས་ཀྱི་རྒྱལ་ཁབ་བཙོང་འདོད་ཀྱང་ཁོང་ལ་དབང་ཆ་ནི་མེད། དོན་མེད་ལ་མི་དབང་མེད་དང་མི་སྐྱིས་མ་ལ་མིང་འདྲ་མིན་དག་ན་སུ་ལ་ཕེན། དབང་ཆ་ཡོད་མཁན་དང་ནོར་འཁྲུལ་བཟོ་མཁན་ལ་སྲིད་སྐྱོང་མཆོག་ནས་རྒྱལ་ཁབ་བཙོང་ཡང་བདེན་པ་ལ་ཡིད་མི་ཆེས་མཁན་དྲ་འབུ་འདི་ཚོ་ནི་ཨ་ཁ་ངོ་མ་་་་་་
ཤར་ཕྱོགས་ཁུག་རྟ་རྟག་ཏུ་རྒྱས་ཅིང་། དོན་མེད་ལོག་བཤད་མཁན་རྣམས་ས་དོང་དུ་ལྷུང་བར་གྱུར་ཅིག་སྭཧཱ།
ཧཧཧཧཧ་ཤར་ཁུག་གིས་གྲོས་ཚོགས་ནང་ལ་དབུ་མའི་ལམ་གྱི་ནུས་པ་ཐོན་གྱི་རེད་ཟེར་་་་་་་་་གྲོས་ཚོགས་ནང་ལ་དེང་བར་གཟིངས་འཁྲུགས་སློང་བ་དེ་ཚོ་ཡིན་པ་འདྲ། ད་དུང་དེ་ལས་ལྷག་པའི་ནུས་པ་ཐོན་ན་དེ་ནས་དབུ་མའི་ལམ་གྱི་སྲིད་ཇུས་དེས་གྲུབ་འབྲས་གོ་ལྡོག་པའི་ནང་འཁྲུགས་དང་རྣམ་པར་རྒྱལ་བའི་རྒྱ་ནག་རང་ཆགས་རྒྱུ་རེད། ད་འདུག་ཁྲེལ་མེད་སྐད་ཆ་རང་རེད།
ངས་ནི་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གཉིས་ཕན་དབུ་མའི་ལྡོག་ཕྱོགས་ཀྱི་ལས་འགུལ་ཞིག་སྤེལ་གྱི་འདུག་དྲན་གྱི་ཡོད། གལ་ཏེ་དབུ་མའི་ལམ་ནས་རྒྱ་མིའི་དར་ཆ་འཕྱར་དགོས་ན་དབུས་བོད་མིའི་སྒྲིག་འཛུགས་ལས་ཁུངས་ནས་མི་འཕྱར་བར་ཤར་ཕྱོགས་ཁུག་རྟ་གཅིག་པོས་ཁུར་འགྲོ་དགོས་ཡ་དེས་རྒྱུ་མཚན་གང་རེད། སྲིད་སྐྱོང་མཆོག་གཙོ་བཞུགས་གནང་བའི་ལྡི་ལིའི་བོད་མིའི་ཞི་འབོད་ལས་འགུལ་ཆེན་མོ་སྤེལ་སྐབས་དང་བསྟུན་ནས་ཁུག་རྟ་ལགས་གཅིག་པོ་ཟུར་ལ་འབུད་དོན་གང་རེད། ༧གོང་ས་མཆོག་གིས་དབུ་མའི་ལམ་ནས་བོད་རྒྱ་འགྲིག་མཐུན་ངང་ནས་གཉིས་ཕན་གནང་དགོས་གསུང་པ་དེ་རྒྱ་དར་མཉམ་སྦྱར་གཅིག་པོ་ཙམ་རེད་པས། དེ་ཡིན་ན་༧གོང་ས་མཆོག་གིས་ད་དུང་དར་ཕྱར་གྱི་ལས་འགུལ་ཟེར་བ་ཞིག་མ་མཁྱེན་པར་ཁུག་རྟ་ལགས་ཀྱིས་ད་ལོ་གསར་དུ་མཁྱེན་ནས་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ལ་གོ་བརྡ་སྤྲད་པ་རེད་པས།
མི་སྣ་ངོ་སྤྲོད་བྱས་པ་ཡག
རྒན་མོ་ལྷ་མོ་སྐྱབས་ལགས་ཀྱིས་རིག་གནས་ཡོད་མདོག་མདོག་གི་བྱེད་སྟངས་འདིས་ཁོ་རང་གིས་རྐང་པ་མར་འཐེན་གྱི་འདུག
ཤར་ཁུག་ལ་རྒྱབ་སྐྱོར་ནམ་ཡང་མེད། ནང་ལ་ཁ་གཏོང་མཁན། དགྲ་ཡི་དར་འཕྱར་མཁན། ཁྱོད་ལ་ངའི་ཤོག་དེ་ནམ་ཡང་མི་ཐོབ།
རྒྱབ་སྐྱོར་ནམ་ཡང་མེད། དབུ་མའི་ལམ་དང་རང་བཙན་གྱི་སྐད་ཆ་བཤད་གི་མེད། རྙོག་གླེང་ཅན་གྱི་མི་ཞིག་སྤྱི་འཐུས་ལ་སླེབས་ན་ང་རྒད་གདང་ངོ་མ་གཅིག་མི་དགའ་གི
གོང་དུ་ཁྱི་ཕྲུག་ཟེར་བའི་མཆན་བུ་འཇོག་མཁན་དེའི་སྐད་ཆར་རྒྱུ་མཚན་འདུག་སྙམ།
མདོ་སྨད་ཀྱི་མཐོ་རིམ་སློབ་མ་ཁག་ཅིག་བྲིས་པའི་རྩོམ་ཡིག་འདིར་བོད་སྤྱིའི་སྐད་དང་མཐུན་པར་མིང་མཐའ་དྲངས་འདུག་པས། ཡིན་པ་དང་མ་ཡིན་པའི་འདོད་ཚུལ་དུ་མ་ཞིག་བྲིས་པ་ན། བོད་སྤྱིའི་སྐད་ལ་རྩི་མཁན་ཞིག་ཡིན་པའི་ཆ་ནས། དེ་དག་ལ་རྒྱལ་ཁ་ལོན་པར་གྱུར་ཅིག །ཅེས་སྨོན་ཏོ།
ཤར་ཁུག་ལ་བརྒྱབ་སྐྱོར་བྱས་པ་དེ་ང་ཚོ་མཐོ་རིམ་སློབ་མ་ཚོས་ཁྱེད་ལྟ་བུའི་ཕྱོགས་རེས་དང་འཐེན་ཁྱེར་སོགས་ཀྱིས་བྱས་བ་ཞིག་རྩ་བ་ནས་མིན། མང་པོ་མི་བཤད་པར་གལ་གནད་དེ་བཤད་ན་དེང་སྤྱི་འཐུས་ནང་དགོས་མཁོ་ཆེ་ཤོས་ནི་༧གོང་ས་མཆོག་གི་དགོངས་གཞི་དང་བཀའ་སློབ་ལ་ཐ་གཅིག་ཏུ་བརྒྱབ་སྐྱོར་བྱེད་མཁན་ཞིག་དང་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་དང་མགོ་ཚོས་བོ་ཞིག་དགོས་བ་མ་ཟད་དབུ་མའི་ལམ་གྱི་གོ་རྟོགས་དེ་བོད་ཕྱི་ནང་གཉིས་ལ་སྤེལ་ཐུབ་པ་ཞིག་དགོས་འདུག།
བྱས་ཙང་རན་ཤོས་དང་འོས་ཤོས་དེ་ཁོང་རེད་འདུག། དེ་མིན་དེ་ལས་ལྷག་པའི་མཇོན་པོ་དང་ཚད་ལྡན་དེ་འདྲ་ཡོད་ན་ཕེབས་ཤོག་དང་ང་ཚོའི་ལྟ་མཆོག་གི་རེད་།
ཤར་ཕྱོགས་ཁུག་རྟའི་ད་ལྟའི་ཕྱག་ལས་གནང་པ་མང་པོ་ཞིག་ལ་གཞིགས་ན། འོས་ཤོས་དང་འཚམས་ཤོས་དེ་ཁོང་རེད་འདུག ད་བར་བགྲོ་གླེང་བྱེད་པ་གཙོ་བོ་བྱས་པ་ཡིན། དེ་སྤྱི་པའི་ཆེད་དུ་ཡིན། འོན་ཀྱང། ད་ནི་སོ་སོའི་འོས་མི་གསལ་བོར་བཤད་དགོས་པ་འདྲ། ངས་ནི་རྒྱུ་མཚན་སྣ་མང་གི་ཐོག་ནས་ཤར་ཁུག་ལགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སྔ་མོ་ནས་དེ་ལྟར་ཡིན་ལ་མ་འོངས་པའང་དེ་ལྟར་ཡིན།།
བརྗོད་གཞི་དང་འབྲེལ་མེད་ཐོག་ནས་སུ་ཞིག་གིས་དོན་མེད་ངང་མི་གཞི་ལ་ཚིག་མཚོན་འདེབས་པ་དང་། ཁྱད་གསོད་བྱེད་པ། དམའ་འབེབས་གཏོང་བ། ཚིག་ངན་སྤྱོད་པ་སོགས་ཐད་ཁ་བརྡས་སྟངས་འཛིན་ཅི་ཐུབ་བྱེད་ཀྱིན་ཡོད་ཅིང་། དེ་ངེས་པར་དུ་བྱེད་དགོས་པ་ཞིག་ཀྱང་ཡིན། དེ་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། སྤྱིར་རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་མིན་གང་ལྟར་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་གཅིག་ཡིན།
འོན་ཀྱང་། ངེས་མེད་མཆན་བུ་སྣ་མང་གི་ཁྲོད་ནས་ཁ་བརྡས་མ་ཤེས་པ་དང་། མ་མཐོང་བའི་མཆན་བུ་འབྲེལ་མེད་འགའ་རེ་ཡོད་སྲིད་སྟབས། དེའི་ཐད་རྒྱ་ཆེའི་དྲ་གྲོགས་ཡོངས་ལ་དགོངས་སེལ་ཞུས་པ་ཡིན།
དུས་མཚུངས་སུ་རེ་སྐུལ་ནན་ཞུ་ཞིག་ལ། རྒྱ་ཆེའི་དྲ་གྲོགས་རྣམ་པས་བཟང་སྤྱོད་དང་འབྲེལ་བའི་ཐོག་ནས་གཞུང་ལུགས་སྐམ་བཤད་ལས་གནས་ཚུལ་རློན་བཤད་དང་། བསམ་ཚུལ་རྒྱས་བཤད་ལས་དོན་དངོས་བགྲང་བཤད་རིགས་གནང་སྤེལ་ཡོང་བ་ཞུ་རྒྱུ་དང་། དེ་ཡང་རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་སོགས་འགོད་སྤེལ་མི་གནང་བ་ཞུ་ཞུ།
གོང་གི་མཆན་གསུམ་བཅུ་སོ་གསུམ་པ་གླག་རྒོད་ལགས། དབསུ་བོད་མིའི་སྒྲིག་འཛུགས་ལས་ཁུངས་སྒང་དུ་རྒྱ་ནག་གི་དར་ཆ་མི་འཕྱར་བའི་རྒྱུ་མཚན་གང་རེད་ཟེར།་བོད་མིའི་སྒྲིག་འཛུགས་ཀྱི་ངེས་ནས་རྒྱ་ནག་གི་དར་ཆ་ལས་ཁུངས་སྒང་དུ་འཕྱར་མེད་པ་མ་གཏོགས་སེམས་ནང་དུ་རྒྱ་ནག་གི་དར་ཆ་འཕྱར་ཚར་པ་རེད།
གང་ཟག་གང་ཞིག་རང་གིས་དངོས་སུ་མཐོང་ཐོས་འགྲོགས་འདྲིས་ཡོད་པ་དག་གིས་ཡོན་ཏན་གྱི་ཆ་རེ་མཐོང་ནས་ངོ་སྤྲོད་པ་འདི་ཡག་པོ་འདུག སྐྱོན་དང་ཞན་ཆ་ཡང་ལོས་ཡོད། དེ་ཡང་བཤད་ན་འགྲིག་པ་རེད།
རྒྱ་ནག་གི་རྒྱལ་དར་དང་བོད་ཀྱི་རྒྱལ་དར་མཉམ་འཕྱར་བྱེད་མཁན་ཐོག་མ་དེ་དཔའ་ཁེར་རྒྱུགས་གླིང་ཚ་ལགས་རེད། གཉིས་པ་ཁུག་རྟ་ལགས་རེད། ད་ལྟའི་བཙན་བྱོལ་བོད་མིའི་གཞུང་གི་ཆབ་སྲིད་སྲིད་ཇུས་ངོ་མ་དེ་ལག་ལེན་ངོ་མའི་ཐོག་ནས་བསྟན་པའི་རྣམ་འགྱུར་གསོན་པོ་དེ་རེད། བོད་འདི་མ་འོངས་ཀྲུང་གོའི་འོག་ཏུ་མཉམ་གནས་བྱེད་དུས་རྒྱལ་དར་དེར་དགའ་ཞེན་མི་བྱེད་རང་བྱེད་ཆགས་ཡོད། གལ་ཏེ་དེ་འདྲའི་འདོད་མོས་མེད་ན། དགག་རྒྱག་དང་ངོ་རྒོལ་བྱེད་ས་དེ་ཐད་ཀར་དུ་ང་ཚོའི་གཞུང་གི་སྲིད་ཇུས་དེ་རེད་མ་གཏོགས། དེ་ལག་ལེན་གནང་མཁན་གང་ཟག་བྱེ་བྲག་པ་མ་རེད། རྩ་བ་བོར་ནས་ཡལ་གར་འཇུ་སྟངས་འདིར་སྙིང་བོ་འདུག་གམ།
རྟ་བདག་ཚང་མ་རང་རང་གི་རྟ་ལ་ལོས་དགའ་དེ་ལ་ཨང་ཐོབ་ན་ལོས་འདོད། འོན་ཀྱང་རྟའི་བང་རྩལ་ངོ་མ་དེ་རྟ་རྒྱུགས་ཐང་ནས་གསལ་ངེས་རེད། སུ་ལ་ཐོབ་ན་དེ་དུས་དེ་དང་ལེན་བྱེད་དགོས།
དྲི་བ་ཞིག་ཞུ། བོད་ཀྱི་ཁྲག་རྒྱུན་ཡོད་པའི་སོག་རྒན་ཞིག་ཡིན་ན་མདོ་སྨད་ཁོངས་སུ་འགྲོ་དགོས་པ་རེད་དམ་མདོ་སྟོད་ཁོངས་སུ་འགྲོ་དགོས་པ་རེད། དཔེར་ན་ཕ་སོག་རིགས་ལ་མ་རྒན་གྱི་ཕ་ཨ་མདོ་དང་། མ་ཁམས་པ་ཡིན་པ་དང་། ཡང་སྐྱེ་ས་ཁམས་པ་ཡིན་ལ་སྡོད་ས་ཨ་མདོ། མཚར་ལོངས་བྱུང་ས་རྒྱ་ནང་ཡིན་ན་ཅི་འདྲ་དགོས། དེ་བཞིན་ཁམས་པ་ཡིན་ལ་ཨ་མདོའི་མག་པར་གྱུར་བ་ལ་ཡང་ངོ། །ཡང་དཔེར་ན། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཕ་ཁམས་རི་ཁེར་འཁྲུངས། དེའི་པ་གསེར་རྟ་ལ་འཁྲུངས། དེའི་ཡབ་ཨ་མདོ་རེབ་གོང་གི་སྔགས་འཆང་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་སྐུ་མཆེད་ཡིན་པས་རེབ་གོང་ལ་འཁྲུངས་པ་རེད། ཁོང་ཁམས་རེད་དམ་ཨ་མདོ་རེད། འདི་འདྲའི་ས་མཚམས་མི་རྙེད་པའི་རིགས་ལ་གསལ་བཤད་ཞིག་ཞུ།
འདི་ཕ་རྒྱུད་མ་རྒྱུད་དང་ཁྲག་རྒྱུན་གང་ཡིན་རྩད་གཅོད་བྱེད་དགོས་པའི་གནད་དོན་ཞིག་མིན། གཙོ་བོ་ས་ཁོངས་གང་དུ་གཏོགས་མིན་དེ་རེད། དེ་ནས་མནའ་མ་དང་མག་པ་སོགས་རང་རང་གི་འདོད་མོས་ལྟར་ཆོལ་ཁོངས་གང་དུ་ཞུགས་ཀྱང་འགལ་བ་ཡོད་མ་རེད། ད་བར་དུ་དེ་ལྟར་འགྲོ་བཞིན་པ་རེད།
སྐུ་ཞབས་ཆབ་བྲག་ལགས། ཁྱེད་ཀྱིས་ཤར་ཁུག་ལ་རྒྱབ་སྐྱོར་བྱེད་དོན་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་པས་ཡིན་ཟེར། དེ་ལྟ་ན། ངོ་སྤྲོད་བྱས་པའི་འོས་གཞི་གཞན་གྱི་ནང་ལའང་ཡོད་པ་རེད། དཔེར་ན། སྤྲོ་ཚིགས་ཆོས་གྲགས་ལྟ་བུ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཐོག་མཐའ་བར་གསུམ་དུ་རྩོམ་བྲིས་དང་གཏམ་བཤད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། དེ་ཙམ་མ་ཟད། ཁྱེད་ཅག་རྩོམ་པ་པོའིམཐུན་ཚོགས་ཀྱི་ཚོགས་གཞོན་ཡང་རེད། འདིའི་ཐད་ཁྱེད་ལ་ལྟ་ཚུལ་ཅི་ཡོད། ཁོང་གཉིས་ཀ་གཞོན་སྐྱེས་ཤེས་ཡོན་ཅན་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རེེད། ཁྱེད་ཀྱིས་སྤྲོ་ཚིགས་ཆོས་གྲགས་སྐོར་ལ་སྐད་ཆ་ཅི་ཡང་མི་ཤོད་དོན་ཅི་ཡིན། ཁྱེད་ཚིའི་ལས་གྲོགས་གཡུ་སྒང་འོད་ཟེར་དང་། སྨན་ཤེར་བློ་གྲོས། གངས་དཀར་རྒྱལ་སྲས་སོགས་ཀྱིས་མངོན་གསལ་དོད་པོར་ཁོ་ལ་རྒྱབ་སྐྱོར་བྱེད་བཞིན་འདུག།
ཆབ་བྲག་ལགས། ས་ཁོངས་གང་དུ་གཏོགས་ཟེར་བ་དེར་གསལ་བོ་མེད་པ་ཞིག་རེད། སྤྱི་འཐུས་མང་ཆེ་བ་རྒྱ་གར་ཏུ་བཞུགས་ཡོད་པ་རེད།དེ་བཞིན་ལྷ་སར་སྐྱེས་ཤིང་དེར་སྡོད་མཁན་གྱི་ཨ་མདོ་བ་མང་པོ་ཞིག་གིས་ཀྱང་རང་ཉིད་དབུས་གཙང་གི་མི་ཡིན་པར་ངོས་ལེན་མེད་པ་བཞིན། མདོར་བསྡུ་ན་རང་གི་གང་མོས་ཀྱི་ཆོལ་ཁའི་ཁོངས་སུ་ཞུགས་རྒྱུ་ལས་ས་མཚམས་ཤིག་འཇོག་མི་ཐུབ་པ་འདྲའོ།།
ཆབ་བྲག་ལགས། འདི་དག་མདོ་སྨད་ནང་ཁུལ་དཀྲུགས་ཤིང་རྒྱག་མཁན་དེ་འདྲ་ཡིན་ས་རེད། སྐྱག་པ་ཕྱག་མ་འཆང་རོགས། གང་ག་ལན་གནང་ན་ཕམ་པོ་རེད་ལགས།
་་་་དེ་བཞིན་བྱད་བཞིན་རྣམ་འགྱུར་སོགས་མཐོང་ཙམ་ནས་རྣམ་དཔྱོད་ཡོད་པའི་བཟོ་ལྟ་དང་དང་མཁས་ཉམས། ཡང་ན་མགོ་ཁྲིད་ཀྱི་ཉམས་བཅས་ཤར་ཕྱོགས་ཁུག་རྟ་ཡོད་པ་གསལ་བོ་རེད། དེ་རྩོད་མེད་ཡོངས་གྲགས་རེད། འདི་བོད་ཀྱི་ནང་དོན་རིག་གནས་ནང་གི་མཚན་བཟང་རྩ་གཉིས་ཀྱི་རིགས་པའི་འགྲོས་དང། རྒྱ་ནག་དམངས་ཁྲོད་དུ་ཁྱབ་པའི་མིའི་བྱད་བཞིན་རྣམ་འགྱུར་ལས་མི་དེའི་མི་ཚེ་གཟི་བརྗིད་དང་ལྡན་མིན་ཞིག་ཡོང་བར་བརྟག་ཐབས་གཉིས་ལ་གཞི་རྩ་བཟུང་ཡོད།་་་་ཞེ་སྐྲག་་་རྒྱབ་སྐྱོར་གནང་འདུག
རྒྱ་གར་གྱི་བྱད་བཞིན་བརྟག་ཐབས་་་་་་་་་ རྒྱ་ནག་གི་་་་་དེ་འདྲ་ཡིན་ས་རེད། བཙན་བྱོལ་དུ་རྒྱ་ནག་གི་དར་དམར་སུས་ཕྱར་རེད། བོད་དུ་དགྲ་ནག་གི་མེ་མདའི་ཁ་ནས་དམར་དར་ཕབ་ནས་བཙན་དར་བསྒྲེངས་སོང་། སེམས་ལ་ཁྲིགས་སེ་ཡོད་པ།
་་་་དེ་བཞིན་བྱད་བཞིན་རྣམ་འགྱུར་སོགས་མཐོང་ཙམ་ནས་རྣམ་དཔྱོད་ཡོད་པའི་བཟོ་ལྟ་དང་དང་མཁས་ཉམས། ཡང་ན་མགོ་ཁྲིད་ཀྱི་ཉམས་བཅས་ཤར་ཕྱོགས་ཁུག་རྟ་ཡོད་པ་གསལ་བོ་རེད། དེ་རྩོད་མེད་ཡོངས་གྲགས་རེད། འདི་བོད་ཀྱི་ནང་དོན་རིག་གནས་ནང་གི་མཚན་བཟང་རྩ་གཉིས་ཀྱི་རིགས་པའི་འགྲོས་དང། རྒྱ་ནག་དམངས་ཁྲོད་དུ་ཁྱབ་པའི་མིའི་བྱད་བཞིན་རྣམ་འགྱུར་ལས་མི་དེའི་མི་ཚེ་གཟི་བརྗིད་དང་ལྡན་མིན་ཞིག་ཡོང་བར་བརྟག་ཐབས་གཉིས་ལ་གཞི་རྩ་བཟུང་ཡོད།་་་་ཞེ་སྐྲག་་་རྒྱབ་སྐྱོར་གནང་འདུག
རྒྱ་གར་གྱི་བྱད་བཞིན་བརྟག་ཐབས་ཧཧཧ་་་་་ རྒྱ་ནག་གི་་་་་དེ་འདྲ་ཡིན་ས་རེད། བཙན་བྱོལ་དུ་རྒྱ་ནག་གི་དར་དམར་སུས་ཕྱར་རེད། བོད་དུ་དགྲ་ནག་གི་མེ་མདའི་ཁ་ནས་དམར་དར་ཕབ་ནས་བཙན་དར་བསྒྲེངས་སོང་། སེམས་ལ་ཁྲིགས་སེ་ཡོད་པ། དངོས་དོན་ཐོག་བཀའ་མོལ་གནང་རོགས་་་སྐུ་མཁྱེན།
མདོ་སྟོད་དང་མདོ་སྨད། ཆོས་རྒྱུན་ཆོལ་ཁའི་བསམ་བློ་འདི་མཐུན་སྒྲིལ་ལྗོན་པ་གཅོད་པའི་སྟ་རེ་རང་རེད། དེ་ལས་གཞན་པ་བྱེད་སྟངས་ཐབས་ཟད་པ་ཡིན་ནམ།
འོས་གཞི་གཅིག་ལས་མི་དགོས། དེ་བདམས་ཟིན། ཡིན་ཡང་གཞན་དག་སུ་ལ་ཡང་དགག་བྱ་མེད། སུ་ལ་འོས་ཐོབ་ན་དེ་ལ་བརྩི་འཇོག་བྱེད་ངེས་ཡིན། གལ་ཏེ་གཏམ་བརྗོད་དང་བྱ་བའི་ཆ་ནས་མི་འོས་པ་རེ་མཐོང་ན་སུ་ལ་ཡང་ཁབ་གཙགས་འབིག་གཙགས་རེ་ཡང་བྱེད་ངེས་ཡིན། ཧཧཧཧཧ
མདོ་སྨད་སྤྱི་འཐུས་འོས་མིར་ལང་མཁན་ཆ་ཚང་གི་ལོ་རྒྱུས་དང་ངོ་སྤྲོད་འདིར་འཇོག་རོགས། དེ་ནས་སུ་ཞིག་འོས་མིན་ལ་བལྟ་ཆོག་གི་རེད་འདོད།
དེ་རང་གིས་འཚོལ་དགོས་རེད་ལྦ། མི་རེ་རེ་ལ་རེ་རེ་མཁོ་སྤྲོད་བྱེད་མཁན་ཞིག་ཡོད་པ་མ་རེད་དོ།