བཞག་ལྡོམ་དར་རྒྱས།
ལོ་ངོ་དྲུག་བརྒྱ་ཙམ་ཀྱི་རིང་ལ་ཨ་ཧྥེརིཀའི་གདོད་མའི་མི་རིགས་ནག་པོ་དང་ཡུརོབ་པའི་མི་རྒྱུད་དཀར་པོ་ཟུང་ལྷོ་ཨ་ཧྥེརིཀ་ནས་མཉམ་དུ་འཚོ་སྡོད་བྱས་བ་ཡིན་མོད་ཀྱང་། ཕྱིར་དྲན་གྱི་ལོ་ཟླ་དེ་དག་ནི་། ལྷོ་ཨཧྥེརིཀའི་མི་རིགས་ནག་པོར་མཚོན་ན་མི་རྒྱུད་དཀར་པོའི་དབང་འོག་ནས་དཀའ་ངལ་མྱོང་ཞིང་། སྡུག་བསྔལ་གྱི་མུན་ནག་ཁོ་ན་ལས་མ་ངེས་། གང་ལྟར་། ལྷོ་ཨཧྥེརིཀའི་མི་རིགས་ནག་པོ་ཚོར་རིམ་པའི་རང་གི་མི་རིགས་ཀྱི་ལྟ་ཚུལ་དང་། འཇིག་རྟེན་གྱི་ལྟ་ཚུལ་། ད་དུང་མི་ཚེའི་ལྟ་ཚུལ་བཅས་ཀྱི་རྩ་བ་བརྟན་དུ་སོང་ཞིང་རྩེ་མོ་མཁའ་རུ་འཕྱོ་བས། སྤྱི་ལོ་༡༩༩༠ ནང་མི་རིགས་ནག་པོ་ཚོའི་ཆབ་སྲིད་ཀྱི་སྟོབས་ཤུགས་རང་གི་ཕ་ཡུལ་ནས་མེ་རི་བཞིན་ཆེ་ཆེར་འབར།
དང་པོ།
དེ་ཡང་མི་ལོ་སྟོང་ཕྲག་འགའི་ཡར་སྔོན་དུ་རྔོན་པ་དང་ཡུལ་ནས་ཡུལ་དུ་སོང་ནས་ཁ་ཟས་འཚོལ་སྡུད་བྱེད་མཁན་སན(San)ཞེས་བ་མི་རིགས་དེའི་འཚོ་ཡུལ་ནི་། དེ་རིང་ལྷོ་ཨ་ཧྥེརིཀ་ཟེར་བའི་རྒྱལ་ཁབ་དེ་ཡིན་ཞིང་། དེའི་མི་རྒྱུད་ཁོའོ་ཁོའོ་(Khoikhoi)ཟེར་བ་དེས་ར་ལུག་དང་བ་གླང་རྣམས་སྒོ་ཕྱྭགས་སུ་ཉར་ནས་འཚོ་བ་བསྐྱལ་། གཞན་མི་རིཊ་ནག་པོ་བྷནཁྲོ་(bantu)ཟེར་བའི་སྐད་བཤད་མཁན་རྣམས་བྱང་ཧྥེརིཀའི་ཕྱོགས་སུ་གནས་སྤར་ཅིང་། ཞིང་ལས་ཀྱི་འཚོ་བ་བསྐྱལ་དེ་ལྕགས་རིགས་སོགས་ཀྱིས་བཟོས་བའི་ཞིང་བའི་ཡོ་བྱེད་འགའ་གསར་བཏོད་བྱས་སྐད།
སྤྱི་ལོ་༡༥༠༠ དང་༡༥༠༠ ཡི་ནང་དུ་ཡུརོབ་(Europeans)པ་ཚོས་ཨེཤེ་ཡར་(Asia)ཚོང་གི་འགྲོ་ལམ་བཙལ་སྐབས་། ལམ་བཅིག་ནི་ལྷོ་ཨ་ཧྥེརིཀའི་རི་སྣེ་རྒྱ་མཚོར་འདྲེས་བའི་(Cape of Good Hope)རེ་བ་བཟང་པོ་ཞེས་བའི་ས་དེར་འབྱོར་དེ་། པོརཅུལྒེལ(Portuguese sailor)་ཚོང་བ་སྐོར་ཞིག་ཨེཤེ་ཡར་འགྲོ་ཞོར་དུ་གནས་དེ་ནས་ཁོའོ་ཁོའོ་(Khoikhoi)དང་མཉམ་དུ་ཚོང་བྱས་། དེའི་རྗེས་(Dutch trader) ཧོལན་གྱི་ཚོང་བས་ལམ་ཐག་རིང་པོར་བགྲོད་པའི་ཡུརབ་པའི་ཚོང་བ་ཚོར་ངལ་གསོའི་སྡོད་ཁང་བརྒྱབ་པའམ་གཞིས་ཆགས་པ་དེ་ནི་ལྷོ་ཨཧྥེརི་ཀ་ནས་ཡུརབ་པའི་གཞིས་ཆགས་དང་པོ་དེ་རེད།
སྤྱི་ལོ་༡༦༠༠་ཡི་ནང་ཡུརོབ་པའི་གཞི་ཆགས་དག་གསེར་དངུལ་ཟངས་ལྕགས་ཀྱིས་ཕྱུག་པའི་ལྷོ་ཨ་ཧྥེརིཀའི་རི་ལུང་དེར་ཞིང་ལས་ཀྱི་འཚོ་བ་ཉེར་ཞིང་ཡུལ་དེ་ཁོང་ཚོར་བདག་པ་འདོད་པ་མ་ཟད་ཁོང་ཚོའི་མིང་ལ་བྷེརསི་(Boers) ཟེར་བའི་མིང་གསར་བ་ཞིག་ཀྱང་བཏེགས་། བྷེརསི་ཟེར་བ་ནི་ཧོལན་གྱི་སྐད་དུ་ཞིང་པའི་མིང་ལ་ཟེར།
དང་པོ་ཨ་ཧྥེརིཀའི་མི་རྒྱུད་ནག་ཚོས་མཐོང་སྣང་དུ་ཡུརོབ་པ་རྣམས་ཚོང་བའམ་མགྲོན་པོར་འདོད་དེ་ཚོང་གི་ཆེད་དུ་ཡོང་བར་དགའ་བསུ་བྱས་མོད་ཀྱང་། ཡུརོབ་པ་དག་ལྷོ་ཨ་ཧྥེརིཀ་ནས་ཕྱིར་རང་ཡུལ་དུ་མི་འགྲོ་བར་གནས་དེ་ནས་གཏན་ཏུ་གཞིས་ཆགས་པར་ཤེས་རྗེས་མི་ནག་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད་། སྤྱི་ལོ་༡༦༥༩ ནང་མི་ནག་ཚོས་ཡུརོབ་པའི་ལག་ནས་ས་ཞིང་ཕྱིར་འཕྲོག་ཆེད་ཁྱོད་ཤི་ང་གསོན་ཀྱིས་གཡུལ་འགྱེད་ཀྱང་ཚོན་ཆ་བཟང་ངན་ཀྱི་དབང་གིས་མི་ནག་ཚོ་གཡུལ་ལས་ཕམ་། དེ་བས་སྟབས་མི་ལེགས་པ་ཞིག་ནི་། སྤྱི་ལོ་༡༧༡༣ ཡི་ནང་དུ་ཡུརོབ་གླིང་ནས་ཁུར་ཡོང་བའི་ཟིམོལབྷོགསི་( smallpox) ཟེར་བའི་ནད་ཡམས་ཤིག་ལྷོ་ཨ་ཧྤི་རི་ཀར་བསླེབས་ཤིང་། དེས་རྐྱེན་བྱས་དེ་ལྷོ་ཨ་ཧྥེརིཀའི་མི་ནག་དང་ཡུརོབ་པའི་གཞིས་ཆགས་གཉིས་ཀྱི་མི་འབོར་ཧ་ཅང་མང་པོ་ཤི་བ་མ་ཟད་། ལྷག་པར་མི་ནག་ཤི་བའི་གྲངས་འབོར་ནི་ཡུརོབ་པ་ལས་ཀྱང་མཐོ་བས་། མི་རིགས་ནག་པོ་ཚོའི་ལས་དབང་དང་འཚོ་བའི་གོམས་གཤིས་ལ་འགྱུར་བ་ཕྱིན་ཏེ་མི་རིགས་ནག་པོ་རྣམས་ཡུརོབ་པའི་བྲན་གཡོག་དུ་གྱུར་འགོ་ཚུགས་།
གཉིས་པ།
ཐེངས་དང་པོ་ལྷོ་ཨ་ཧྥེརིཀ་ཡུརོབ་པའི་(Boers)བྷེརསི་ཡིས་དབང་བསྒྱུར་བྱས་ཀྱང་། སྤྱི་ལོ་༡༨༠༠ ཡི་ནང་དུ་(British) དབྱིན་ཇིས་བྷེརསི་འབྱོར་ཕྱུག་ལྡན་པ་ནང་བཞིན་ལྷོ་ཨཧྥེརིཀའང་འབྱོར་ཕྱུག་ལྡན་པ་ཞིག་དུ་འདོད་དེ་དབྱིན་ཇའི་རྒྱལ་སྐྱེད་རང་ལུགས་པས་ལྷོ་ཨཧྥེརིཀའི་ས་གནས་འགའ་ཧམ་པ་ཆེན་པོའི་ངངས་བདག་བཟུང་བྱས་སྐབས་། བྷེརསི་ཡིས་ལྷོ་ཨ་ཧྥེརིཀ་ཁོང་ཚོར་ཁོ་ན་དབང་བར་འདོད་དེ་དངོས་ལན་མ་བྱས་པས་། སྤྱི་ལོ་༡༨༥༤ ནང་དུ་ལྷོ་ཨ་ཧྥེརིཀ་རུ་རང་གི་ས་གནས་རང་གིས་སྐྱོང་བའི་སྤྱི་མཐུན་སྲིད་ལུགས་གཉིས་དར་དེ་། དང་པོ་ནི་དབྱིན་ཇི་བ་དང་གཉིས་པ་ནི་བྷེརསི་བ་རེད་། དབྱིན་ཇིས་དབང་བསྒྱུར་བའི་ཡུལ་ནི་རི་སྣེ་རྒྱ་མཚོར་འདྲེས་བའི་རེ་བ་བཟང་པོ་(Cape of good hope)་ཞེས་པ་དེ་ཡིན་ཞིང་། ཁོང་ཚོའི་མིང་ལ་ནའོཊོ་(Natal)་ཞེས་བའི་མིང་ཞིག་ཀྱང་བཏེགས་། གནས་དེར་འཚོ་བའི་བྷེརསི་རྣམས་དབྱིན་ཇིས་དབང་བསྒྱུར་ལ་མ་དགའ་བས་དེའི་བྱང་ཕྱོགས་དང་ཤར་ཕྱོགས་སུ་གཞིས་སྤོར་བྱས་ཤིང་། གཞིས་ཀ་སྤོར་བའི་ཡུལ་དེར་གདོད་མ་ནས་འཚོ་བའི་ཨ་ཧྥེརིཀའི་མི་ནག་བྷོཊན་(Bantu) སྐད་བཤད་མཁན་(Xhosa) ཁའོཟང་དང་(Sorho)ཟོརཧོ་། (Zulu )ཟའོལོ་བཅས་རིགས་མི་འདྲ་བ་ཁ་ཤས་ཡོད་པ་དེ་དག་ལ་བྷེརསི་རྣམས་མཇལ་ཞིང་། ཁོང་ཚོས་ཨ་ཧྥེརིཀའི་མི་ནག་རྣམས་བྲན་གཡོག་ལ་ཉར་བ་ནི་ཁོང་ཚོར་གདོད་མ་ནས་དབང་པའི་ཐོབ་ཐང་ཞིག་དུ་འདོད་དེ་མི་ནག་རྣམས་གང་འདོད་དུ་བྲན་གཡོག་བྱེད་དུ་བཅུགས།
རིམ་པའི་ལྷོ་ཨ་ཧྥེརི་ཀ་ནས་གསེར་དང་རྣོ་རྡོ་རྗེ་ཕ་ལམ་གྱི་གཏེར་ཁ་གསར་རྙེད་བྱུང་དེ་དབྱིན་ཇི་དང་བྷེརསི་གཉིས་གཏེར་དངོས་དེ་དག་རྩོད་ལེན་བྱས་ནས་ཕན་ཚུན་དམག་འཁྲུག་སྤྱི་ལོ་༡༨༩༩ ནས་༡༩༠༢ བར་བྱས་ཤིང་མཐའ་མར་བྷེརསི་རྣམས་དམག་འཁྲུག་ལས་ཕམ་ནས་བྷེརསི་ཡི་སྲིད་དབང་དབྱིན་ཇིས་མི་སེར་སྤེལ་བའི་སྲིད་འོག་ཏུ་ཤོར་ཡང་། ལྷོ་ཨ་ཧྥེརི་ཀའི་དབྱིན་གཞུང་གིས་མི་རྒྱུད་དཀར་པོའི་སྟོབས་ཤུགས་སྔར་བཞིན་གནས་བར་ཁས་ལེན་བྱས་བ་མ་ཟད་མི་རྒྱུད་དཀར་པོ་མིང་ལ་(Afrikaners)ཨ་ཧྥེརཁའནར་ཞེས་པའི་མིང་གསར་ཤིག་ཀྱང་བཏེགས་། ལྷག་པར་གྲངས་མང་བའི་མི་ནག་ཚོར་མི་དཀར་གཞུང་གིས་(suffrage) འོས་འཕེན་སོགས་ཀྱི་ཐོབ་ཐང་མེད་ཀྱང་མེད་པར་བྱས།
༼མུ་འགོད་་་་་་༽