རྡོ་ཤུལ།
ལམ་རིམ་ལ་དོགས་གཅོད་འདྲ་བོ་མང་པོ་བྱེད་ཀྱི་འདུག མིང་ལ་བསམ་བློ་བཏང་ན་ཡོངས་གྲགས་འདྲ་བོ་ལ་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་སོགས་བརྩམས་པ་ནས་བཟུང་ལམ་རིམ་ཅེས་དགེ་ལྡན་པའི་ཕྱོགས་ལ་ཡོངས་གྲགས་ཆགས་པ་རེད། འདིའི་དབང་དུ་བྱས་ན་སྒྲ་བཤད་འཇུག་གི་མུ་བཞི་བརྩིས་ན་འགྲིགས་ཀྱི་རེད། དོན་ལ་བསམ་བློ་བཏང་ན་བསྟན་པ་འདིའི་དབང་དུ་བྱས་ན་སྟོན་པ་སངས་རྒྱས་ནས་ལམ་རིམ་གདུལ་བྱ་ལ་བསྟན་པ་རེད། དེའི་རྗེས་འཇུག་རྣམས་ཀྱིས་རྒྱས་བསྡུས་མི་འདྲ་བའི་ལམ་རིམ་བརྩམས་པ་རེད། བླ་བརྒྱུད་ལ་དོགས་པ་གཅོད་དགོས་ན་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལ་གཟིགས་ན་ཡག་པོ་མཁྱེན་གྱི་རེད། ལམ་རིམ་སྐབས་འདིར་གནང་རྒྱུ་རྣམས་༸སྐྱབས་མགོན་རིན་པོ་ཆེས་གང་ནས་ཞུས་པ་སང་ཉིན་གསལ་པོ་གསུང་ཡོང་གི་རེད་ཡག་པོ་ཉོན་དང་འགྲིགས་ཀྱི་རེད། དེ་འདྲ་རྩད་མི་ཆོད་པའི་དཀའ་ངལ་མེད་པ་རེད། སྐྱབས་མགོན་རིན་པོ་ཆེ་ལ་ལམ་རིམ་རྣམ་གྲོལ་ལག་བཅང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་བརྒྱུད་པ་ལ་དོགས་པ་མི་དགོས་པ་རེད། དགེ་ལྡན་ལམ་རིམ་གྱི་བརྒྱུད་པ་གང་ནས་དེད་ཀྱང་༸གོང་ས་མཆོག་གི་ཐུགས་རྒྱུད་ན་ཡོད་པ་འདི་སྐྱབས་རྗེ་ཕ་བོང་ཁ་ནས་བརྒྱུད་པ་མ་གཏོགས་ཧ་ལམ་མེད་པ་རེད། གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ་གཉིས་ཀས་ཞུ་ས་དེ་སྐྱབས་རྗེ་བདེ་ཆེན་སྙིང་པོ་ལས་གཞན་མིན་པ་ཧ་ལམ་གསལ་པོ་རེད། གླིང་རིན་པོ་ཆེའི་རྣམ་ཐར་༸གོང་ས་མཆོག་གི་ལྗགས་རྩོམ་གནང་བ་དེར་གཟིགས་དང་གླིང་རིན་པོ་ཆེའི་བླ་མ་སུ་ཡིན་གསལ་པོ་ཧ་གོ་གི་རེད།
གང་ལྟར་༸གོང་ས་མཆོག་གི་ཐུགས་རྒྱུད་ན་དགེ་ལྡན་པའི་དབང་ལུང་མན་ངག་གང་ཡོད་པ་དེ་ཡོངས་འཛིན་རྣམ་གཉིས་དང་སྟག་བྲག་རིན་པོ་ཆེ་སོགས་ནས་བརྒྱུད་པ་མ་གཏོགས་མེད་པ་གསལ་པོ་རེད། ད་འགའ་ཤས་དོགས་པ་འདྲ་བོ་གཞི་ནས་ལང་པ་འདི་ཡག་པོ་མིན། དང་པོ་བླ་མ་བརྟག་པའི་བློ་མིག་དང་མི་ལྡན་བཞིན་གཡམ་ལ་རྒྱུགས་ནས་དབང་ལུང་མན་ངག་ཞུས་ཞུས་ནས་ད་བླ་མ་དང་བརྒྱུད་པ་རྩད་གཅོད་པ་འདི་དང་པོ་བསྟན་པ་ལ་འཇུག་ཚུལ་ནོར་བ་གསལ་པོ་རེད། ལམ་རིམ་ཆེན་མོའི་ནང་ནས་བསྟན་པ་བཞིན་དང་པོ་མགོ་བཤེས་གཉེན་བསྟེན་ཚུལ་སྐབས་དང་པོ་མདོ་རྒྱུད་ནས་བསྟན་པའི་བླ་མ་ཞིག་རེད་འདུག་དང་མི་འདུག་བརྟགས། དེ་ནས་བསྟེན་དགོས་ཚུལ་རྣམ་མ་ངེས་པའི་ཐོག་ནས་གང་གྲགས་པ་ཡོད་པ་ཞིག་གི་རྗེས་སུ་རྒྱུགས། རྗེས་ནས་བརྒྱུད་པ་རྩད་གཅོད་ནས་ལོག་ལྟ་དང་སྐུར་འདེབས་ཀྱི་རང་རྒྱུད་མ་རུངས་པར་བྱེད་པ་འདི་བོད་ཀྱི་བླ་མ་བསྟེན་ཚུལ་ལ་ལྷག་པའི་སྐྱོན་ཆེ་ཤོས་དེ་ཡིན་པས་གང་ཟག་རེ་རེ་ལ་འཁང་ར་བྱེད་རིན་གང་ཡང་མེད། སྔ་མོ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་ང་ཚོ་བོད་གངས་ཅན་ལྗོངས་ལ་ཕྱི་ཡི་བསྟན་དགྲ་དང་། ནང་གི་བསྟན་དགྲ་གཉིས་ཡོད་པ་རེད། གཅིག་དེ་རྒྱ་མི་གུང་ཁྲན་ཏང་རེད། དེས་བསྟན་པ་ཞེ་དྲག་བཤིགས་ཐུབ་མེད་པ་དང་། ནང་གི་བསྟན་དགྲ་དེ་སྐྱབས་རྗེ་ཕ་བོང་ཁ་རེད། དེས་བསྟན་པ་ཚབ་ཆེན་བཤིགས་པའི་སྐོར་བང་ཆེན་གསར་འགྱུར་ནང་དུ་བཏོན་པ་རེད།
དེ་དུས་ངས་གདོང་ཐོག་རིན་པོ་ཆེ་ལ་ང་ཚོ་བོད་གངས་ཅན་གྱི་མགོ་ལྡན་ལུང་པ་ཁུག་ལྕོག་ལས་དང་བསོད་ནམས་དམན་པ་རེ་ཟུང་རེད་མ་གཏོགས་༸གོང་ས་མཆོག་གི་སློབ་མར་མ་གྱུར་པ་མེད་པས་སྐྱབས་རྗེ་ཕ་བོང་ཁ་བརྒྱུད་པའི་བླ་མའི་གྲལ་དུ་སེར་ཛོ་ཛོ་བཞུགས་ཡོད་རེད་ཅེས་རིགས་པའི་སྒྲུབ་བྱེད་བཅས་བྲིས་པ་ཡིན། དེ་ཚགས་པར་ནང་ལ་འཇོག་དགོས་ཞེས་ངའི་གྲོགས་པོ་ཞིག་གིས་ཁུར་སོང། ངས་དེ་ག་ས་མཚར་རྩེད་དུ་བྲིས་པ་རེད། མ་ཁུར་མ་འཇོག་མང་པོ་ལབ་པ་ཡིན། འོན་ཀྱང་ཉན་མ་སོང། ཁུར་ནས་འགྲོ་སོང། འོན་ཀྱང་ཚགས་པར་ནང་ལ་བཞག་མི་འདུག དེའི་སྐབས་ཚགས་པར་ལས་བྱེད་པ་ཞིག་གིས་རྣམ་གྲོལ་གླིང་དང་། རྫོང་གསར་སོགས་ནས་རྩོད་པ་མང་པོ་ཡོང་ཚུལ་བཤད་ཀྱི་འདུག་ཟེར་དེ་ལ་ང་ཡ་མཚན་འདྲ་བོ་ཏོག་ཙམ་སྐྱེས་སོང། གང་ཡིན་ཞེ་ན་ཕྲུག་གུ་མགོ་སྐོར་གཏོང་བྱེད་འདྲ་བོ་བཤད་འདུག་བསམ་བྱུང། ཁུར་མཁན་དགེ་ལུགས་པ་རེད། གཞན་པ་ཁོང་ཚོ་ཡང་དགེ་ལུགས་པ་རང་ཡིན་དུས་ཆོས་བརྒྱུད་ཁག་ལ་རྒྱུས་མེད་པའི་ཚོད་རྩིས་འདྲ་བོ་དེ་ལ་དྲང་མོ་བཤད་ན་རྣ་བ་ལ་གང་ཡང་འགྲོ་མ་སོང། རྫོང་གསར་གྱི་མཁན་པོ་སོགས་ང་ཚོའི་གྲོགས་པོ་རྒྱུན་པར་ནང་ཚག་གི་རྩོད་འདྲ་བོ་ག་རེ་རྒྱག་དགོས་ན་རྒྱག་ཆོག་ཆོག་འདྲ་བོ་དང་བསམ་ཚུལ་གང་ཡོད་པ་ཤོད་རེས་བྱེད་ནས་དཀའ་ངལ་གང་ཡང་མེད་པ་ངས་གསལ་པོ་ཤེས་ཀྱི་ཡོད་པས་དེ་གི་རེད། དེ་བཞིན་རྣམ་གླིང་གི་མཁན་པོ་རྣམས་དང་རྒྱུས་ཡོད་པ་རེད། ང་དགེ་ལུགས་པ་ཞིག་ཡིན་ན་གཏམ་དེ་ལ་ཞེད་སྲིད་པ་དང་ཡང་ན་ཆགས་སྡང་དེ་ལས་ཆེ་བ་ལང་སྲིད་པ་རེད།
ངས་དེ་ལ་རྒྱུ་མཚན་གང་ཡང་མཐོང་མ་སོང། གནས་ཚུལ་དེ་དག་ལ་ལྟ་དུས་དེའི་སྐོར་དེ་གལ་ཆེན་པོ་འདྲ་བོ་ལ་མཐོང་སོང། མ་འོངས་པར་ང་ཚོའི་ཆོས་བརྒྱུད་ཁག་གི་ལྟ་ཚུལ་འདི་ལ་ད་དུང་ཡང་འདི་འདྲ་ག་རེ་ཡིན་ན་བསམ་ནས་ནང་ཁུལ་འཆམ་འཐུན་ལ་འགོག་ཅན་ཅན་འདིའི་རིགས་ག་ཚད་ཡིན་ན་མེད་ན་བཟང་བར་རིགས་ཏེ་ངས་གདོང་ཐོག་བསྟན་པའི་རྒྱལ་མཚན་དང་བགྲོ་གླེང་བྱ་འདོད་བྱུང། དེའི་བར་ནས་བྱེད་ཐུབ་མ་སོང། ངས་གདོང་ཐོག་རིན་པོ་ཆེ་ལ་དད་ཞེན་དང་གཟི་བརྗིད་ཅན་ཞིག་ཏུ་བརྩི་བའི་དབང་གིས་དགྲ་ཁ་གཏད་འདྲ་བོ་མཐོང་གི་མེད། དེས་ངས་བགྲོ་གླེང་ཐུབ་པ་རེད། དགྲ་ཁ་གཏད་འདྲ་བོ་ཡིན་པའི་བསམ་བློ་ཡོད་ན་ངས་དང་པོ་ནས་རྩོད་གྱི་མ་རེད། ལྷག་པར་དུ་ག་དུས་ཡིན་ན་ཁྲི་བྱང་རིན་པོ་ཆེ་ལ་ངས་ཁ་མང་པོ་གཏོང་མྱོང་ཡོད་པ་མ་ཟད་སྐྱབས་རྗེ་ཕ་བོང་ཁ་ལ་ཧ་ཅང་དོགས་པ་དང་རྣམ་རྟོག་ཡོད་མཁན་གྱི་གང་ཟག་ཞིག་ཡིན་དུས་སྐབས་ཤིག་ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་དེ་ངའི་གཤག་ནང་ལ་ཁུར་ཡོང་ནས་བལྟས་པ་ཡིན། དེ་སྐབས་རྣམ་རྟོག་ཆེ་བའི་དབང་གིས་རྨི་ལམ་ཡང་ཡང་འཁྲུགས་ཀྱི་འདུག དེ་ནས་སྐབས་གཅིག་ལ་སྐྱབས་མགོན་རིན་པོ་ཆེ་ནས་སྟག་ཕུ་གི་དག་སྣང་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་དེ་གནང་དུས་ཡི་མི་རང་པ་ཞེ་དྲག་ཡོང་གི་ཡོད་ཀྱང་བླ་མས་ཉན་མི་རུང་བ་ཞིག་གཏན་གཏན་གནང་མི་སྲིད་ག་རེ་ཡིན་ན་བསམ་ནས་རང་གི་རང་ལ་དོགས་འདྲི་མང་པོ་ཡོང་གི་འདུག
འོན་ཀྱང་བཤད་པ་ཟབ་ལ་རྒྱ་ཆེ་བ་དང་ཟབ་གནད་དེ་དྲན་ནས་བློས་གཏོང་ཐུབ་ཀྱི་མེད། སྐབས་རེ་འུ་འདྲ་བོ་ཐུག་དུས་གསང་སྔགས་ཀྱི་ཐོག་བརྫིས་ཀྱི་སྤྱོད་པ་དེ་འདྲ་ལ་བསམ་བློ་གཏོང་ནས་དག་མཉམ་ཀྱི་ལྟ་བའི་སྐོར་ལ་བསམ་བློ་རེ་གཏོང་ནས་སྡོད་ཀྱི་ཡོད། གང་ལྟར་ལོ་མང་རིང་ངས་དེའི་ལྟ་བ་དེ་དོར་མ་ཐུབ་ནས་དཀའ་ངལ་འདྲ་བོ་མང་པོ་བྱུང། དེ་ནས་མི་ལོ་བཅུ་དྲུག་བཅུ་བདུན་རིང་ལ་གསུང་ཆོས་གང་གནང་བ་དེ་གང་ཐུབ་ཅི་ཐུབ་བྱས་ནས་ཞུས་ཤིང་ཟིན་བྲིས་བརྒྱབ་པ་ཡིན། དེ་ནས་གོང་ས་མཆོག་གི་རྣམ་དཔྱོད་ཀྱི་ཤེས་རབ་དེའི་ཟུར་འདྲ་བོ་མཐོང་དུས་ལོག་ལྟ་ཆུང་རུ་ཆུང་རུ་འགྲོ་སོང། ངའི་གྲོགས་པོ་ཚོ་དང་མཉམ་དུ་འདིའི་སྐོར་བགྲོ་གླེང་རྒྱུན་མ་ཆད་པ་ག་དུས་ཡིན་ནའང་ཡོད་ཡོད་པ་རེད། ངས་ཁོང་ཚོ་ལ་ཁྲི་བྱང་རིན་པོ་ཆེའི་སྐུ་ཡོན་མཁྱེན་རྒྱ་དང་རྣམ་དཔྱོད་དང་བློ་གྲོས་བྱམས་པ་དང་བརྩེ་བ་སོགས་ཀྱིས་༸གོང་ས་མཆོག་ལ་སྐུ་ཡོན་ཕུལ་ཚུལ་རྣམས་དྲན་ན་སྒྲོ་སྐུར་མང་པོ་བྱས་ན་མི་འོས་པ་ཆེན་པོ་འདྲ་བོ་མཐོང་གི་ཡོད་པས། ༸གོང་ས་མཆོག་གི་ཐུགས་རྒྱུད་གཅིག་རེད་མ་གཏོགས་རྒྱུད་པ་སོ་སོ་ཉར་ས་འདྲ་བོ་ཁ་ཁ་གང་ཡང་ཡོད་གྱི་མ་རེད། དམ་ཉམས་པའི་བླ་མ་ལས་བརྒྱུད་པའི་བརྒྱུད་པ་འཛིན་པའི་ཐུགས་རྒྱུད་གཅིག་དང། དམ་ལྡན་གྱི་བླ་མ་ལས་གསན་པའི་ཐུགས་རྒྱུད་གཅིག་འདྲ་བོ་དེ་འདྲ་ཡོང་གི་ཡོད་ན་དེ་ཡོང་མི་ཤེས་པ་འདྲ་བོ་རེད། རྣལ་འབྱོར་ཉམས་པ་གཅིག་གིས་ནི།། རྣལ་འབྱོར་ཅན་ཀུན་མ་རུང་བྱེད།། ཅེས་པ་འདི་ལ་བསམ་བློ་བཏང་ན་བླ་མ་དམ་ཉམས་ན་སློབ་མ་དམ་ཉམས་པའི་གོ་ཚུལ་འདི་ཡིན་གྱི་རེད། ཤེས་རབ་༸གོང་ས་མཆོག་འདྲ་བོ་མེད་ན་ཁག་པོ་ཡིན་གྱི་རེད། སྐུ་ཚེ་སྟོད་སྨད་ཀྱི་སྐད་ཆ་འདྲ་བོ་བཤད་ན་ད་ལྟ་དབང་ལུང་དེ་དག་ནས་བརྒྱུད་པ་གནང་མི་སྲིད་པ་འདྲ་བོ་ཡིན་ཀྱང་༸གོང་ས་མཆོག་ནས་ཁོང་རྣམ་པ་ལས་བརྒྱུད་པའི་དབང་ལུང་མན་ངག་གནང་རྐྱང་ལས་ཐུགས་དོགས་སྤུ་ཙམ་མེད་པ་འདི་ཤེས་དགོས་པ་རེད། སྔ་མོ་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་དང། ༸རྒྱལ་དབང་ཀརྨ་པ་དང་། རྒྱུད་སྟོད་གྲྭ་ཚང་སོགས་ཀྱིས་ཞུས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསང་བ་འདུས་པའི་དབང་དང་ཁྲིད་གནང་སྐབས་བརྒྱུད་པ་དེ་ཁྲི་བྱང་རིན་པོ་ཆེ་ལ་གཏུགས་སོང། དེ་ངས་དགོས་གནད་ཆེན་པོ་མཐོང་སོང།
ད་བསམ་བློ་བཏང་ན་ངས་རྩེད་མོ་དང་སྦྲགས་གྲོགས་པོ་ཚོ་ལ་ང་དགེ་ལུགས་པ་ཚད་ལྡན་ཞིག་ཆག་པ་རེད་ཅེས་འུབ་ཤོབ་བཤད་ཀྱི་ཡོད། གང་ཡིན་ཞེ་ན་ང་རྙིང་མ་ལྟ་བ་མཁྲེགས་པོ་རང་ལྟ་མཆོག་འཛིན་ཚད་ལས་བརྒལ་བའི་མདོ་མེད་ཐ་ཤལ་པ་ང་འདྲ་བོས་དེ་ཚོ་མཐོང་ས་ལ་གཞན་བློ་གྲོས་ཅན་རྣམས་ཀྱིས་དེ་ལས་ལྷག་པ་ཞིག་མཁྱེན་དགོས་པའི་ཚོད་དུ་ཡོད་ཀྱང་དེང་དུས་ཀྱི་རྩོམ་པ་པོའི་འགའ་ཤས་ལ་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་པ་ཞིག་ཡིན་པའི་ངོས་འཛིན་འདྲ་བོ་ཡོད་ཀྱང་ཁོང་ཚོས་བྲིས་པའི་ཁྲི་བྱང་རིན་པོ་ཆེ་དང་ཕ་བོང་ཁ་ལ་ལྟ་ཚུལ་དེ་དུས་རབས་བཅུ་དགུ་ཉི་ཤུའི་བླ་རྒན་མཁྲེགས་འཛིན་ཅན་ཞིག་གི་ལྟ་ཚུལ་ཙམ་ལས་མེད་པ་དེར་ཁེ་མཚར་འདྲ་བོ་མཐོང་སོང། འདི་འདྲའི་དགོས་པ་ལས་ཀྱང་དགག་བྱ་ཆེ་བའི་བརྒྱུད་པ་དག་མ་དག་འདི་མ་བཤད་ན་བཟང་བར་སེམས། གང་ཡིན་ཞེ་ན་༸གོང་ས་ སྐྱབས་མགོན་རིན་པོ་ཆེ་མི་ལ་མགོ་སྐོར་གཏོང་མཁན་འདྲ་བོ་ཆག་བསྡད་པ་ཞིག་དོན་ལ་ཁས་བླང་བ་རེད། གང་ཡིན་ཞེ་ན། ཕྱོགས་གཅིག་ནས་བསམ་ཚེ་༸གོང་ས་མཆོག་གི་གསུང་རྣམས་ཉན་མ་མྱོང་བ་འདྲ་བོ་ཡོད། དེ་མ་གཏོགས་༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད། དེ་མ་ཡིན་པར་ཁ་ནས་ངའི་རྩ་བའི་བླ་མ་སོགས་བཤད་མཁས་མ་མཁས་མེད་པ་རེད། བོད་ཀྱི་ཆོས་བརྒྱུད་ཐམས་ཅད་འཆམ་མཐུན་ཡོང་བ་ལ་འདི་ཙམ་གྱི་སྤང་བླང་གྱི་རྒྱུ་རེ་བསྒྲུབ་ན་ག་འདྲ་མི་བཟང་ན། སྐྱོ་བསྔོགས་ཀྱི་འཆལ་རྩོམ་འདི་རིགས་མ་སྤེལ་ན་བཟང་བ་དང། གོ་རིགས་རྣལ་མ་ཡོད་ན་འདྲ་མི་འདྲ་མི་བཤད་པར་༸གོང་ས་མཆོག་གིས་གང་གནང་བ་དེ་ཞུས་ན་བཟང་བར་སེམས་སོ།།
སྟོན་པ་ཤྰཀྱ་ཐུབ་པས།
“དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །”
དོལ་ཤུལ་ལམ་dhoshul གྱིས།
“གོ་རིགས་པ་རྣལ་མ་ཡོད་ན་འདྲ་མི་འདྲ་མི་བཤད་པར་༸གོང་ས་མཆོག་གིས་གང་གནང་བ་དེ་ཞུས་ན་བཟང་བར་སེམས་སོ།།”
གཟུགས་ནས་རྣམ་མཁྱེན་གྱི་བར་མི་ཚེ་གང་བོར་རྩོད་གླེང་བྱེད་ཆོག་པ་དང་། གོང་ས་མཆོག་གི་ལམ་རིམ་བླ་བརྒྱུད་སྐོར་བགྲོ་གླེང་བྱེད་མི་ཆོག་པ་གང་ཡིན་ད་ཤོད་ཅིག
མི་ཆོག་ལབ་མཁན་སུ་ཡང་མེད་དོ།། གོ་ལོག་མ་གནང།༸ གོང་ས་མཆོག་ལ་བགྲོ་གླེང་གང་གནང་ན་འགྲིགས་ཀྱི་རེད། འོན་ཀྱང་གོ་ཤེས་ཉན་ཤེས་དགོས་པ་གལ་ཆེན་པོ་རེད་སྙམ། དགའ་ལྡན་ཁྲི་པ་དོལ་ཚོགས་དང་འགྲེལ་བ་ཡོད་པའི་ཁུངས་གསལ་པོ་ཡོད་དམ། མེད་ན་ཁུང་མེད་ལུང་མེད་མ་བཤད་ན་མཛེས་སོ།།
ཁྲི་པ་སྔོན་མ་དེ། རྒྱ་ནག་པེ་ཅིན་ལ་མགོ་འབུལ་ལུས་འབུལ་ཞུས་པ་དེ། རྒྱ་མིའི་པཎ་རྫུན་ལ་སྐྱབས་བཅོལ་བློ་གཏད་ཞུས་པ་དེ།
ཨ་དེ་འདྲ་བཤད་ན་ཡག་པོ་འདུག ངས་ནི་ག་རེ་ཡིན་ན་བསམ་བྱུང་། ད་ལྟའི་ཁྲི་པ་འདིའི་མདུན་ནས་༸གོང་ས་མཆོག་གིས་གསུང་ཆོས་གསན་པ་རེད། བླ་མ་ཧ་ལས་པ་རེད་ཁྱེད་ཀྱི་ག་འདྲ་བཤད་ཀྱི་འདུག་དྲན་ནས་སྐྲག་བྱུང། ཁྲི་ཟུར་དེ་གང་འདྲ་ཡིན་མི་ཤེས་ངས་ཡག་པོ་མཐོང་གི་མེད། འོན་ཀྱང་རྒྱ་ནག་ལ་སོང་འདུག་པར་མཐོང་སོང། གང་ཅན་བླ་མ་དང་འབྲེལ་བ་ཡོད་ས་རེད། དེ་ཚོའི་གནས་ཚུལ་གསལ་གསལ་ཐང་ཐང་ཚད་མས་རྟོགས་པ་མེད་པས་ཐག་ཆོད་པོ་ཞུ་མི་ཤེས།
གྲྭ་ས་ནས་གྲུབ་མཐའི་རྩོད་པ་བྱེད་དུས། སེམས་ཙམ་པའི་ལུགས་གཞིར་ཞོགས། མདོ་སྡེ་བ་ཆོས་ཅན། ཟེར་སྲོལ་ཞིག་ཡོད་པ་བཞིན། བདག་གིས་ཀྱང་གོང་ས་མཆོག་གི་དོལ་རྒྱལ་དམ་བསྒྲགས་ཀྱི་བཀའ་སློབ་གཞིར་ཞོགས། ཕ་ཁྲི་གཉིས་ཆོས་ཅན། ཟེར་གིན་ཡོད་མ་གཏོགས། ཁོ་གཉིས་ཀྱི་ནང་གི་རྟོགས་པའི་ཡོན་ཏན་དངོས་གནས་པ་དེ་ག་འདྲ་ཞིག་ཡིན་མིན་ང་ལྟ་བུས་ཁ་ཚོན་བཅད་ནས་ནམ་ཡང་བཤད་མི་ཐུབ་པས། འདི་ཡང་ཐུགས་འཇགས་ཞུ།
༸གོང་ས་མཆོག་གི་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། སྐུ་ཚེ་སྨད་ལ་དོལ་རྒྱལ་གྱིས་མཛད་པ་འཕྲིན་ལས་ལ་གནོད་སྐྱེལ་བ་རེད། ཅེས་དང། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བླ་མ་ཚད་ལྡན་རེད་ཁོང་གིས་དོལ་རྒྱལ་བསྟེན་གསོལ་གནང་གི་ཡོད་རེད། ངས་དོལ་རྒྱལ་བཀགས་དགོས་པའི་རྒྱུ་མཚན་ཆབ་ཚང་ཞུས་པ་ཡིན་དེ་འགྲིགས་འདུག ཁྱེད་ཀྱིས་དེ་སྔ་གང་གནང་བ་དེ་ལ་ནོར་བ་མ་བྱུང་འགྲིགས་ཀྱི་རེད་གསུང་ནས་ཞལ་བཞེས་གཙང་མ་གནང་ཚུལ་ཡང་ཡང་གསུངས་པ་རྣམས་དྲན་འོས་པ་དང་དྲན་དགོས་པའི་གནད་འགག་ཞིག་ལ་ཐུག་ཡོད། ༸གོང་ས་མཆོག་གིས་ཁྲི་བྱང་རིན་པོ་ཆེ་ལ་གདིང་འཇོག་ཇི་ལྟར་མཛད་མིན་གོང་དུ་དྲངས་ཟིན་པ་ཡིན།། ཁྱེ་ཀྱི་དེ་དང་རིགས་འདྲ་བོ་བཏང་ན་༸གོང་ས་མཆོག་བླ་མ་ཚད་ལྡན་ཡིན་པ་གཞིར་བཞག་སྐྱབས་རྗེ་ཡབ་སྲས་གཉིས་ཆོས་ཅན། བླ་མ་ཚད་ལྡན་ཡིན་ཏེ། ༸གོང་ས་མཆོག་གིས་བླ་མ་ཚད་ལྡན་ཡིན་པར་ཡང་ནས་ཡང་དུ་གསུངས་པའི་ཕྱིར།། དམ་ཉམ་མ་ཡིན་ཏེ། བླ་མ་ཚད་ལྡན་ཡིན་པའི་ཕྱིར། དེར་ཐལ། སྒྲུབ་བྱེད་གོང་དུ་སོང་ཟིན།
ཀླུ་སྨྱོན་འདྲ་བོ་དེ་འདྲ་ཡིས་༧གོང་ས་མཆོག་གི་བླ་བརྒྱུད་གླེང་ཁུལ་བྱེད་དུས་དངོས་གནས་དགོད་ཤོར་ཡོང་གི་འདུག དྲང་པོ་ཡིན། དགེ་ལུགས་པའི་སྒོ་མང་གྲྭ་ཚང་དུ་གྲྭ་པ་ཁུངས་འཁྱོལ་ལ་མ་འཁྱོལ་བྱས་ནས་བལ་ཡུལ་དུ་འཁྱམས། སྙན་ངག་ཏུ་མིང་བཏགས་པའི་ཚིགས་བཅད་རེ་འགའ་དང་། འཆལ་སྒྲུང་འགའ་བྲིས། གྲྭ་བའི་ན་བཟའ་ལུས་ལ་གྱོན་ནས་ཁ་ཡར་གྲགས་ཚད་ལ་བུ་མོའི་ནུ་མ་མ་གཏོགས་གླེང་རྒྱུ་མེད་མཁན་ཁྱོད་འདྲ་པོ་ཞིག རྫོགས་ཆེན་དོ་རྡོའི་སྤྲུལ་སྐུ་ཟེར་བའི་མིང་ཞིག་བཏགས་པ་དང་རྟོགས་པ་སྐྱེས་སོང་བསམ་གྱི་ཡོད་དམ། ཡང་མིན་ན་ཨ་རིའི་ས་སྐྱའི་ཆོས་ཚོགས་ཤིག་མགོ་སེར་འགའ་ལ་བླ་མ་ཡིན་མདོག་བྱས་ནས་མི་ཚེ་བསྐྱལ་ཡག་བྱུང་ནས་དངུལ་ཏོག་ཙམ་རག་པ་དང་། སོ་སོ་སུ་ཡིན་བསམ་གྱི་འདུག
ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ། རང་དགེ་ལུགས་པའི་གྲྭ་པ་བྱེད་མྱོང་ཙང་རྙིང་མ་གཙང་མ་རེད་མི་འདུག་ཟེར་གྱི་མ་རེད། ཡང་ན་ས་སྐྱ་གཙང་མ་དེ་འདྲ་ཟེར་མཁན་འབྱུང་དོགས་ཀྱིས་སྐྱུག་བྲོ་བའི་ལས་ཀ་དེ་འདྲ་མ་བྱེད།
ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ། རང་དགེ་ལུགས་པའི་གྲྭ་པ་བྱེད་མྱོང་ཙང་རྙིང་མ་གཙང་མ་རེད་མི་འདུག་ཟེར་གྱི་མ་རེད། ཡང་ན་ས་སྐྱ་གཙང་མ་རེད་མི་འདུགདེ་འདྲ་ཟེར་མཁན་འབྱུང་དོགས་ཀྱིས་སྐྱུག་བྲོ་བའི་ལས་ཀ་དེ་འདྲ་མ་བྱེད།
སྤྱིར་ན། བན་དེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ། ཟེར་བ་ཡང་ཁྱོད་འདྲ་བོ་ལ་ཟེར་བ་ཡིན་པ་ཤེས་པར་གྱིས།
༸གོང་ས་མཆོག་བླ་མ་ཚད་ལྡན་ཡིན་པ་གཞིར་བཞག་སྐྱབས་རྗེ་ཕ་བོང་ཁ་ཡབ་སྲས་ཉིས་ཆོས་ཅན། བླ་མ་ཚད་ལྡན་ཡིན་ཏེ། སྐྱབས་མགོན་རིན་པོ་ཆེའི་བླ་མ་ཚད་ལྡན་ཡིན་པ་ཡང་དང་ཡང་དུ་གསུང་པའི་ཕྱིར།། རྟགས་ཁྱབ་ཚད་མས་གྲུབ། དམ་ཉམས་མ་ཡིན་ཏེ། གོང་གི་སྒྲུབ་བྱེད་དེའི་ཕྱིར། རྟགས་ཡང་དག་ཡིན་མིན་དཔྱོད།
སྔགས་པ་ཞིག་གིས་ཀྱང་གོང་ས་མཆོག་གི་དགེ་སློང་གི་སྡོམ་རྒྱུན་རྩད་གཅོད་བྱས་ནས་དཔེ་ཆ་ཡག་པོ་ཚད་ལྡན་སྐུ་སྒེར་ཡིག་ཚང་གི་ཁས་ལེན་ཐོབ་པ་གོང་ས་མཆོག་གིས་བསྔགས་བརྗོད་བསྩལ་པ་དེ་འདྲ་བྲིས་འདུག ངས་གོང་ས་མཆོག་གི་ལམ་རིམ་བླ་བརྒྱུད་རྩད་གཅོད་བྱེད་མི་ཆོག་པ་ཅི་ཡོད། ང་གོང་ས་མཆོག་གི་སློབ་མ་ཡིན། ང་ལ་ཁོང་གི་མདོ་སྔགས་ཀྱི་བླ་བརྒྱུད་གང་ལ་ཡང་ཞིབ་འཇུག་བྱེད་ཆོག་པའི་ཐོབ་ཐང་ཡོད། ངས་སངས་རྒྱས་ཀྱི་རྗེས་འཇུག་པ་ཞིག་གིས་སངས་རྒྱས་དང་འབྲེལ་བའི་གནས་ཚུལ་ཞིབ་འཇུག་བྱས་ན་མི་འགྲིགས་པ་ཅི་ཡང་མེད། ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཡིན་ན་ལོགས་ཀ་རེད། དཀོན་མཆོག་དང་ཨ་ལ་སུ་ཡིན་ལ་རྩད་གཅོད་གཏོང་ཆོག་གི་མ་རེད། ནང་པ་ནི་དེ་འདྲ་མ་རེད། ཐམས་ཅད་རིགས་པའི་ལམ་ནས་བརྟག་དཔྱད་གཏོང་ཆོག་གི་ཡོད་པ་རེད། གཟུགས་ནས་རྣམ་མཁྱེན་བར་གྱི་སྣང་སྲིད་ཀྱི་ཆོས་ཡོད་དོ་ཅོག་ལ་རང་རང་གི་རྣམ་དཔྱོད་བཏོན་ནས་ཞིབ་འཇུག་དང་རྩོད་གླེང་བྱེད་ཆོག་གི་ཡོད་པ་རེད། གོང་ས་མཆོག་གི་ལམ་རིམ་བླ་བརྒྱུད་སྐོར་ནས་དྲི་ལན་ང་ལ་དགོས་པ་དེ་ཕལ་ཆེར་རེག་བྱུང་། ད་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ནང་པའི་སློབ་དཔོན་སུ་ཡིན་ཞིབ་འཇུག་ཅིག་བྱེད། ཁོང་གིས་ཕོ་བྲང་ཕྱི་རོལ་ཏུ་ལྗོངས་རྒྱུའི་སྐབས་སུ་གཟིགས་པའི་དགེ་སློང་དེ་གནས་གཙང་མའི་ལྷ་དགེ་སློང་གི་ཆ་བྱད་ཅན་ཞིག་ཡིན་ནམ། སངས་རྒྱས་འོད་སྲུང་གི་བསྟན་པའི་ལྷག་འཕྲོས་སྐྱོང་བའི་དགེ་སློང་དེ་འདྲ་ཡིན། སངས་རྒྱས་ཤྰཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་དུས་སངས་རྒྱས་འོད་སྲུང་གི་དགོན་སྡེ་ད་དུང་རྒྱ་གར་དུ་ཡོད་དམ་མེད། འོད་སྲུང་གི་ཁྲོན་པ་ནི་དེ་དུས་སུ་རྒྱ་གར་དུ་ཡོད་འདུག་པས། དེ་སྐབས་སངས་རྒྱས་འོད་སྲུང་གི་སྐབས་ཀྱི་གནའ་རྫས་དེ་འདྲ་མི་དམངས་ཡོངས་གྲགས་ཀྱིས་ངོས་ལེན་ཡོད་པ་ཁག་ཅིག་རྒྱ་གར་དམངས་ཁྲོད་དུ་ཡོད་པ་ཧ་ཅང་གསལ་བོ་རེད། ད་དུང་ཁོང་གི་ཧིན་དུའི་བླ་མ་ལྷག་སྤྱོད་དང་རིང་འཕུར་གཉིས་ཀྱི་ལོ་རྒྱུས་ཁ་གསལ་དེ་འདྲ་ཡོད་དམ།
ཨ་རོ་འཇིགས་བྲལ་བསྟན་འཛིན། ང་ཚོ་ནང་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་དང་སྐུ་བཞི་ཡེ་ཤེས་ལྔ། བྱང་ཕྱོགས་སོ་བདུན་སོགས་སངས་རྒྱས་ཀྱི་ཡོད་ཚད་ལ་ཞིབ་འཇུག་དང་དོགས་སློང་བྱས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འདས་པ་རེད། ད་དུང་ཡང་བཤད་གྲྭ་བཙུགས་ནས་དེ་ཚོར་བགྲོ་གླེང་དང་དོགས་སློང་ཞིབ་འཇུག་བྱེད་ཀི་ཡོད་པ་རེད། ངས་རང་གི་རྩ་བའི་བླ་མ་གོང་ས་མཆོག་གི་ལམ་རིམ་བླ་བརྒྱུད་སྐོར་སྐད་ཆ་བཤད་པར་ཁྱོད་ལ་ན་ཟུག་སྐྱེ་རྒྱུ་ག་རེ་འདུག ཁྱོད་གསར་འགོད་པ་ཞིག་གིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཟེར་བ་དེ་ཙམ་ཡང་མི་ཤེས་སམ།
ངས་གོང་ས་མཆོག་གི་མདོ་སྔགས་གཉིས་ཀའི་བླ་བརྒྱུད་སྐོར་ལ་དེབ་ཅིག་འབྲི་འཆར་ཡོད། དེ་ནི་གོང་ས་མཆོག་གི་ཆོས་ཕྱོགས་རྐྱང་བའི་རྣམ་ཐར་ཞིག་ཡིན། དེ་ལ་ཁྱེད་དྲ་གྲོགས་རྣམ་པས་རོགས་སྐྱོར་རེ་གནང་རོགས།
ལམ་རིམ་གྱི་བླ་བརྒྱུད། ཞེད་སྣང་ཚ་པོ་རེད་འདུག་ཏ
དོན་དམ་པའི་བགྲོ་གླེང་བྱེད་པའི་དུས་འདིར་དོན་མེད་སྐྱོན་འདོགས་བྱེད་མི་ཉན། དགོས་མེད་ཀྱི་རྙོག་དྲ་འདི་རིགས་གཙང་མ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན་མི་བུ་ཤེས་རབ་ཅན་འགའ་ལ་གོ་བརྡ་འཕྲོད་ན་མ་འོངས་པར་བསྟན་རྒྱུན་གྱི་བར་དུ་ཆགས་སྡང་འདིའི་རིགས་རང་ཞིར་འགྱུར་བའི་རེ་བ་ཆེན་པོ་ཡོད། རྒྱུད་པ་དག་མ་དག་འདི་རིགས་བླ་མ་ཚད་ལྡན་ཞིག་གིས་གནས་སྐབས་ཐག་བཅད་པ་ལ་ལྟ་བ་ལས་གཞན་ཐབས་ལམ་ཞིག་མེད་པ་འདྲ་བོ་སྐབས་རེ་དྲན་སྲིད། དེ་མ་ཡིན་པར་བླ་མ་དེའི་མཛད་པ་གཙོ་བོ་གང་གནང་འདུག་དེ་ལ་ལྟ་རྒྱུ་དེ་གལ་ཆེན་པོ་ཡིན་པས་༸སྐྱབས་རྗེ་རྣམ་པ་གཉིས་ནས་བྱང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་ལ་ཤུགས་བརྒྱབ་པ་ཧ་ཅང་གསལ་པོ་རེད། སྤྱོད་པའི་ངོས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཡིན་པ་གསལ་པོ་རེད། གདན་ས་ནང་ནས་མི་གང་དྲག་དྲག་འདེམ་ནས་ཡོངས་འཛིན་ལ་འཇོག་པ་ལས་སྟབས་ལེགས་སྟེས་དབང་གི་སོང་བ་མ་ཡིན་པ་གསལ་པོ་རེད། དེ་འདྲ་བོ་གང་ལ་བསམ་བློ་བཏང་ན་ཡིད་འཕྲོག་པའི་ནུས་པ་དང་ལྡན་པའི་བླ་མ་ཡིན་པ་གསལ་པོ་རེད།
རྡོ་ཤུལ་ལགས། ཡོངས་འཛིན་གླིང་རིན་པོ་ཕ་བོང་ཁ་དང་ཆོས་འབྲེལ་ཡོད་པ་ཁུངས་བསྐྱལ་ག་རེ་ཡོད། ཁོང་གིས་དོལ་རྒྱལ་མ་བསྟེན་པའི་རྒྱུ་མཚན་ག་རེ་བྱེད་ནས་རེད།
http://tibetanblog.org/index.php/2013-07-17-15-37-57/item/628-%E0%BD%94%E0%BD%B1%E0%BD%80%E0%BD%A6%E0%BD%B2%E0%BD%90%E0%BD%B1%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%82%E0%BE%B3%E0%BD%BC%E0%BD%82%E0%BC%8B%E0%BD%96%E0%BD%A2%E0%BE%99%E0%BD%93%E0%BC%8B%E0%BD%9E%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BD%98%E0%BC%8B%E0%BD%82%E0%BD%9E%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%80%E0%BE%B3%E0%BD%BC%E0%BD%84%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%96%E0%BD%A6%E0%BE%90%E0%BE%B1%E0%BD%A3%E0%BC%8B%E0%BD%96%E0%BC%8D?fb_action_ids=399781833487941&fb_action_types=og.likes&fb_source=other_multiline&action_object_map=%7B%22399781833487941%22%3A506543289444641%7D&action_type_map=%7B%22399781833487941%22%3A%22og.likes%22%7D&action_ref_map=%5B%5D
ཨ་རོགས་རྡོ་ཤུལlལགས། ༧གོང་ས་མཆོག་གིས་དོལ་རྒྱལ་བཀག་པ་མ་ཟད་དོལ་རྒྱལ་རྗེས་འབྲངས་དང་བཅས་པ་རྣམས་ལ་ཡང་ཆོས་དང་ཟང་ཟིང་གི་འབྲེལ་ལམ་གཏན་བཅད་གནང་བ་མ་རེད་པས། ཀླུ་སྨྱོན་གྱིས་བཤད་པ་དེ་བླ་མ་བརྟེན་མ་ཤེས་པའམ་སྔོན་ཆད་མ་ཤེས་པ་ཞིག་རྗེས་ནས་ཤེས་བཞག་པ་ཅི་གང་མ་རེད་སྙམ། ཁོང་གིས་༧གོང་ས་མཆོག་གི་གསུང་ཚད་མར་བཟུང་ནས་དོལ་རྒྱལ་དང་འབྲེལ་ལམ་ཡོད་པའི་རིགས་ལ་དོགས་སེལ་ཞིག་མཛད་པ་ཙམ་རེད། དེ་ནི་༧གོང་ས་མཆོག་གི་བཀའ་བརྩིས་ནས་གནང་བ་རེད་མ་གཏོགས་རང་བཟོས་སྒོ་ནས་གང་དྲན་དྲན་ཞིག་བཤ་བཞག་པ་རྩ་བ་ནས་མ་རེད།
བཀའ་བརྩིས་པ་ཤིན་ཏུ་ནས་བཟང། འོན་ཀྱང་བརྩི་སྟངས་ལ་གཟབ་ནན་གྲུང་པོ་བཟོ་དགོས་པ་དེ་གལ་ཆེན་པོ་ལ་མཐོང་གི་ཡོད། གླིང་རིན་པོ་ཆེའི་སྐོར་གོང་དུ་ཞིབ་གཟིགས་གནང་དང་གོང་དུ་བཀོད་ཡོད། གླིང་རིན་པོ་ཆེའི་རྣམ་ཐར་༸གོང་ས་མཆོག་གིས་བསྒྲིགས་མཛད་པ་དེར་གཟིགས་ན་གསལ་པོ་ཡོང་བའི་རེ་བ་ཡོད།
ལྔ་བ་ཆེན་པོའི་རང་རྣམ་དུ་ཀཱུའི་གོས་བཟང་ལས། ས་ཞུ་ཁྲ་བོ་གྱོན་ཚད་ཀྱི་ལམ་འབྲས། ཨུ་རྒྱན་པད་ཞྭ་གྱོན་ཚད་ཀྱི་རྫོགས་ཆེན། པཎ་ཞྭ་སྣེ་རིང་གྱོན་ཚད་ཀྱི་ལམ་རིམ་འཆད་མི་ཤེས། ཞེས་གསུངས་པ་ལྟར་ལམ་རིམ་འདི་རྩོད་རྒྱུ་ཞིག་ཡིན་ནམ་སྒོམ་རྒྱུ་ཞིག་ཡིན་ཤེས་དཀའ་བར་འདུག མདོར་ན། རིས་མེད་གྲུབ་མཐའི་བུར་ཤིང་འོ་མ་སོགས།།འདྲ་མིན་མངར་བའི་ཁྱད་པར་ཀུན་མྱོང་བ།།གཅིག་ཏུ་གདམས་པར་ཤར་བ་ངག་གི་དབང་།།ཞེས་པ་ལྟར། སེལ་མེད་ལམ་རིམ་བཞུགས་སོ་ཅོག་གི་མངར་ཆ་ཅུང་ཟད་རེ་ལྕེ་ལ་ཐེབས་ན་དལ་འབྱོར་དོན་དང་ལྡན་པར་འཁུམ།
ཀླུ་སྨྱོན་ལགས། ངས་ལ་མོ་ཡོངས་འཛིན་གྱི་བླ་རྒྱུད་འདེད་བཞིན་ཡོད། ཁོང་ལ་ཕ་བོང་ཁ་པའི་རྒྱུད་པ་བཞུགས་ཡོད་དམ་མེད།
༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད།
རྡོ་རྗེའི་ཚིག་ལ་བསླུ་བ་མེད།།
བདེན་གསུང་བཀའ་ལ་འགྱུར་བ་མེད།།
བསྲེག་བཅད་བརྡར་གསུམ་མཛད་པ་ཡི།།
ཡིད་ཆེས་གསུང་རྣམས་གདམས་ངག་ཏུ།།
གོ་ན་ཉམས་ལེན་དེ་ག་ཡིན།།
མངར་བའི་རོ་མཆོག་མྱོང་བ་ཡིན།།
ཆགས་སྡང་དེ་གས་འཇོམས་པ་ཡིན།།
གངས་ཅན་པ་ལ་དགོས་པ་ཡི།།
ནད་བརྒྱ་སྨན་གཅིག་དེ་ག་ཡིན།།
ཆོས་བརྒྱུད་ཆགས་སྡང་རྩོད་པ་ཡི།།
དགོས་མེད་དུག་ནད་འདི་ཡིས་ཞི།།
བླ་མ་བཟང་ངན་རྩོད་པ་ཡི།།
དགོས་མེད་ན་ཟུག་འདི་ཡིས་འཇོམས།།
འདི་ལས་ལྷག་པའི་གདམས་པ་མེད།།
འདི་དོན་ཉམས་སུ་ལེན་ནུས་ན།།
བདུད་དང་རྒྱལ་འགོང་བསྟེན་མི་དགོས།།
ང་ཁྱོད་ཕྱོགས་རིས་གཅོད་མི་དགོས།།
དམ་ལྡན་སུ་ཡིན་གསལ་ནས་ཡོང།།
དམ་ཚིག་ཉམས་པའི་གྲལ་མཐའ་རུ།།
ལྷུང་པའི་ཞེད་སྣང་སྐྱེ་མི་དགོས།།
ལྷག་པར་ང་ཚོ་རྙིང་བསྟན་གྱི།།
གྲལ་ཡོད་པའི་ཁ་པོ་ཅན།།
ང་དང་ང་རང་འདྲ་བ་རྣམས།།
དོན་མེད་ཆགས་སྡང་མི་སློང་བར།།
དྲིན་ཅན་ཡོངས་འཛིན་རྣམ་གཉིས་ལ།།
བཀའ་དྲིན་དྲན་པའི་གསོལ་འདེབས་དང།།
མོས་གུས་དག་སྣང་བྱེད་ཐུབ་ན།།
གནས་སྐབས་མཐར་ཐུག་ཁེ་ཕན་ལས།།
གྱོང་དང་བུག་ཁ་མེད་པར་ངེས།།
མདོར་ན་མགོ་ལྡན་བོད་མི་ཚོས།།
གངས་ཅན་མགོན་པོའི་བཀའ་དགོངས་རྣམས།།
ཇི་བཞིན་བསྒྲུབ་པར་དཀའ་ནའང།།
ཡོངས་འཛིན་རྣམ་ལ་སྐུར་འདེབས་ཀྱི།།
མཚན་སྨད་ཞེད་སྣང་མི་དགོས་པའི།།
ས་བོན་རྒྱུད་ལ་འཇོག་ཐུབ་ན།།
མ་འོངས་བོད་ཀྱི་ཆོས་བརྒྱུད་བར།།
ཆགས་སྔང་དུ་ཁ་ཞི་བར་འགྱུར།།
འདི་ལ་བསམ་ཤེས་མཛད་མཁན་གྱིས།།
བློ་དང་རིགས་པ་གཅིག་ཏུ་སྤུངས།།
རིགས་པའི་ལམ་ནས་རིགས་པ་ཡི།།
རྩོམ་ཡིག་སྤེལ་ན་འདི་ལ་སྤེལ།།
ཐོས་བསམ་བྱ་ན་འདི་ལ་བྱ།།
སྒོམ་པའི་ཉམས་ལེན་འདི་ལ་མཛོད།།
འགྲེལ་བཤད་བསྐྱོན་ན་འདི་ལ་བསྐྱོན།།
དེ་ནས་དགོས་མེད་རྣམ་རྟོག་རྣམས།།
རང་ཞིར་འགྱུར་བའི་འབྲས་བུ་མངོན།།
http://www.jangchuplamrim.org/how-to-attend/webcast/tibetan-live-webcast/
དེང་དུང་བོན་པོ་ཡང་ནང་པ་ཡིན་པ་དང་། བླ་བརྒྱུད་ཡོད་པར་འདོད་ན་ལམ་རིམ་ནང་དུ་རིལ་སུང་ཡོད་མེད་ཀྱི་༧གོང་ས་མཆོག་དང་ཁྲི་བྱང་གཉིས་བར་འགལ་བ་ཆུང་ཆུང་རེད། ངོ་མ་བཤད་ན་ཀརྨ་པ་གཉིས། དགེ་ལུགས་པ་གཉིས། ས་སྐྱ་གཉིས། འབྲི་གུང་པ་གཉིས། འབྲུག་པ་ལ་གཉིས། རྫོགས་ཆེན་པ་གཉིས་སོགས་འདི་ཚོ་ཚང་མ་སྲིད་འགལ་ལས་བྱུང་བར་ཤེས་དགོས་རེད། བོད་ནང་འཁོར་ལ་བདེན་པ་བཤད་ས་དཀོན་པོ་རེད། ཐབས་ལམ་གཅིག་པུ་དེ་སོ་སོའི་སེམས་རྒྱུད་བདེན་དྲང་གིས་འཆི་ཆོས་རྣལ་མ་ཞིག་སྒྲུབ་ན་དེས་མི་ཆོག་གམ།
ན་མོ།
སྣང་སྲིད་རྣམ་དག་གི་བླ་མ་ལ། །
སྣང་སྲིད་གཞིར་གཞེངས་སུ་མཆོད་པ་འབུལ། །
ཁམས་གསུམ་ཡོངས་གྲོལ་ཏུ་བྱིན་གྱིས་རློབས། །
རྒྱལ་བ་རིན་པོ་ཆེ་ཞབས་བརྟན་ཤོག །
ཨ་ཕྱི་ལགས་ཀྱིས་ཡག་པོ་གསུང་འདུག དེ་དེ་བཞིན་རེད། ང་ཚོ་འགལ་བ་ནས་མི་འགལ་བ་ལ་སྤྱོད་ཐུབ་པའི་རེ་བ་བྱེད་དགོས། འདིའི་སྐོར་དོན་དམ་པའི་བགྲོ་གླེང་བྱེད་པའི་དུས་འདིར་དོན་མེད་སྐྱོན་འདོགས་བྱེད་མི་ཉན། དགོས་མེད་ཀྱི་རྙོག་དྲ་འདི་རིགས་གཙང་མ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན་མི་བུ་ཤེས་རབ་ཅན་འགའ་ལ་གོ་བརྡ་འཕྲོད་ན་མ་འོངས་པར་བསྟན་རྒྱུན་གྱི་བར་དུ་ཆགས་སྡང་འདིའི་རིགས་རང་ཞིར་འགྱུར་བའི་རེ་བ་ཆེན་པོ་ཡོད། རྒྱུད་པ་དག་མ་དག་འདི་རིགས་བླ་མ་ཚད་ལྡན་ཞིག་གིས་གནས་སྐབས་ཐག་བཅད་པ་ལ་ལྟ་བ་ལས་གཞན་ཐབས་ལམ་ཞིག་མེད་པ་འདྲ་བོ་སྐབས་རེ་དྲན་སྲིད། དེ་མ་ཡིན་པར་བླ་མ་དེའི་མཛད་པ་གཙོ་བོ་གང་གནང་འདུག་དེ་ལ་ལྟ་རྒྱུ་དེ་གལ་ཆེན་པོ་ཡིན་པས་༸སྐྱབས་རྗེ་རྣམ་པ་གཉིས་ནས་བྱང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་ལ་ཤུགས་བརྒྱབ་པ་ཧ་ཅང་གསལ་པོ་རེད། སྤྱོད་པའི་ངོས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཡིན་པ་གསལ་པོ་རེད། གདན་ས་ནང་ནས་མི་གང་དྲག་དྲག་འདེམ་ནས་ཡོངས་འཛིན་ལ་འཇོག་པ་ལས་སྟབས་ལེགས་སྟེས་དབང་གི་སོང་བ་མ་ཡིན་པ་གསལ་པོ་རེད། དེ་འདྲ་བོ་གང་ལ་བསམ་བློ་བཏང་ན་ཡིད་འཕྲོག་པའི་ནུས་པ་དང་ལྡན་པའི་བླ་མ་ཡིན་པ་གསལ་པོ་རེད།
༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད།
རྡོ་རྗེའི་ཚིག་ལ་བསླུ་བ་མེད།།
བདེན་གསུང་བཀའ་ལ་འགྱུར་བ་མེད།།
བསྲེག་བཅད་བརྡར་གསུམ་མཛད་པ་ཡི།།
ཡིད་ཆེས་གསུང་རྣམས་གདམས་ངག་ཏུ།།
གོ་ན་ཉམས་ལེན་དེ་ག་ཡིན།།
མངར་བའི་རོ་མཆོག་མྱོང་བ་ཡིན།།
ཆགས་སྡང་དེ་གས་འཇོམས་པ་ཡིན།།
གངས་ཅན་པ་ལ་དགོས་པ་ཡི།།
ནད་བརྒྱ་སྨན་གཅིག་དེ་ག་ཡིན།།
ཆོས་བརྒྱུད་ཆགས་སྡང་རྩོད་པ་ཡི།།
དགོས་མེད་དུག་ནད་འདི་ཡིས་ཞི།།
བླ་མ་བཟང་ངན་རྩོད་པ་ཡི།།
དགོས་མེད་ན་ཟུག་འདི་ཡིས་འཇོམས།།
འདི་ལས་ལྷག་པའི་གདམས་པ་མེད།།
འདི་དོན་ཉམས་སུ་ལེན་ནུས་ན།།
བདུད་དང་རྒྱལ་འགོང་བསྟེན་མི་དགོས།།
ང་ཁྱོད་ཕྱོགས་རིས་གཅོད་མི་དགོས།།
དམ་ལྡན་སུ་ཡིན་གསལ་ནས་ཡོང།།
དམ་ཚིག་ཉམས་པའི་གྲལ་མཐའ་རུ།།
ལྷུང་པའི་ཞེད་སྣང་སྐྱེ་མི་དགོས།།
ལྷག་པར་ང་ཚོ་རྙིང་བསྟན་གྱི།།
གྲལ་ཡོད་པའི་ཁ་པོ་ཅན།།
ང་དང་ང་རང་འདྲ་བ་རྣམས།།
དོན་མེད་ཆགས་སྡང་མི་སློང་བར།།
དྲིན་ཅན་ཡོངས་འཛིན་རྣམ་གཉིས་ལ།།
བཀའ་དྲིན་དྲན་པའི་གསོལ་འདེབས་དང།།
མོས་གུས་དག་སྣང་བྱེད་ཐུབ་ན།།
གནས་སྐབས་མཐར་ཐུག་ཁེ་ཕན་ལས།།
གྱོང་དང་བུག་ཁ་མེད་པར་ངེས།།
མདོར་ན་མགོ་ལྡན་བོད་མི་ཚོས།།
གངས་ཅན་མགོན་པོའི་བཀའ་དགོངས་རྣམས།།
ཇི་བཞིན་བསྒྲུབ་པར་དཀའ་ནའང།།
ཡོངས་འཛིན་རྣམ་ལ་སྐུར་འདེབས་ཀྱི།།
མཚན་སྨད་ཞེད་སྣང་མི་དགོས་པའི།།
ས་བོན་རྒྱུད་ལ་འཇོག་ཐུབ་ན།།
མ་འོངས་བོད་ཀྱི་ཆོས་བརྒྱུད་བར།།
ཆགས་སྔང་དུ་ཁ་ཞི་བར་འགྱུར།།
འདི་ལ་བསམ་ཤེས་མཛད་མཁན་གྱིས།།
བློ་དང་རིགས་པ་གཅིག་ཏུ་སྤུངས།།
རིགས་པའི་ལམ་ནས་རིགས་པ་ཡི།།
རྩོམ་ཡིག་སྤེལ་ན་འདི་ལ་སྤེལ།།
ཐོས་བསམ་བྱ་ན་འདི་ལ་བྱ།།
སྒོམ་པའི་ཉམས་ལེན་འདི་ལ་མཛོད།།
འགྲེལ་བཤད་བསྐྱོན་ན་འདི་ལ་བསྐྱོན།།
དེ་ནས་དགོས་མེད་རྣམ་རྟོག་རྣམས།།
རང་ཞིར་འགྱུར་བའི་འབྲས་བུ་མངོན།།
གང་ཡིན་ནའང་ང་ཚོ་བར་དུ་དགོས་མེད་ཀྱི་རྙོག་འཛིང་འདི་ཞི་བའི་ཐབས་ལམ་ཡག་ཤོས་གཞན་པ་ཡོད་ན།
དོན་མེ་ཀྱི་ཆོས་སྤོགམང་གི་ལས་ངན་མ་བསག་ན་དགེ
གོང་སས་གསུངས་སྟངས་དེ་ཐུགས་མཉམ་མ་བཞག་པའི་གསུང་རེད། ཕ་བོང་ཁ་པས་རྙིང་མ་བཀའ་བརྒྱུད་བདུད་དུ་བརྩིས་ཚུལ་གོ་མྱོང་། རྙིང་མ་བཀའ་བརྒྱུད་ཀྱི་སྟེང་ལ་བདུད་ཀྱི་ལས་ཀ་བྱེེེེད་མཁན་དེ་བདུད་དུ་བརྩིས་ན་ནོར་འཁྲུལ་ཡིན་དོན་མི་འདུག
དེ་འདྲ་རྩ་བ་ནས་མ་གསུང་། ༸འདི་སྐོར་ཚང་མ་ལ་རྒྱུས་སྐྱབས་མགོན་རིན་པོ་ཆེ་ལས་ཆེ་བ་ཞིག་འཛམ་བུ་གླིང་འདིའི་སྒང་ལ་ཡོད་མ་རེད་ཅེས་ཁ་ཚོམ་གཅོད་ཐུབ་པ་རེད། ལྷག་པར་དུ་བླ་མ་ཚད་ལྡན་ཡིན་མིན་ལྟ་བ་ལ་ང་ཚོ་ལས་༸སྐྱབས་མགོན་རིན་པོ་ཆེ་བརྒྱ་འགྱུར་ལས་ཡག་གི་རེད། དེ་ཡིན་དུས་འདི་འདྲ་གསུངས་པ་ཧ་ཅང་གལ་ཆེན་པོ་མཐོང་སོང། ཁྱེད་ཀྱི་དགོངས་ཚུལ་གསུངས་པ་ཡག་པོ་འདུག
སྤོབས་པ། ཁྱེད་ཀྱིས་གོ་མྱོང་ཟེར། དེས་ན་གང་བདེན་པའི་ཕྱོགས་ཡིན་མིན་ཁྱེད་ཀྱིས་ཐག་གཅོད་ཇི་ལྟར་བྱས། ཕྱོགས་གཉིས་ཀ་གོ་མྱོང་བ་མཚུངས་པས་སོ།།
བྱི་ལས་རང་སྟུག་གསེར་དུ་མཐོང་བ་བཞིན་ ཕ་ཁྲི་གཉིས་ལས་ལྷགས་པ་ཞིག་བོད་གང་ཅན་ལྗོངས་སུ་མེད་པ་འདྲ་བཤད་མ་བསྡོད་ དེ་འདྲའི་མཁས་པ་དང་ཐམས་བཅད་མཁྱེན་པ་ཡིན་ན་ད་ལྟའི་རྙོག་དྲ་འདི་ཡོང་མི་སྲིད་ ཆོས་ལུགས་གཞན་ལ་སྨོད་མཁན་ཞིག་ཡིན་ཚེ་མི་དེ་ག་ཚད་མཁས་ཀྱང་ཕེན་ཐོགས་མེད།
གང་ལྟར་ལམ་རིམ་གྱི་རྩ་བ་ནི་ཡུམ་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འདི་ཡིན་པ་དང་། དེའི་དོན་བསྡུས་པ་རྗེ་བཙུན་བྱམས་མགོན་གྱི་མངོན་རྟོགས་རྒྱན་ཡིན། དེ་དོན་རང་རེའི་བློ་རྨོངས་དག་ལ་གོ་སླར་གཏོང་བ་མཉམ་མེད་ཇོ་བོའི་བྱང་ཆུབ་ལམ་སྒྲོན་རེད། དེ་ནས་ཆོས་ལུགས་སོ་སོའི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་དགོངས་པ་འགྲེལ། དེ་བར་གྲུབ་མཐའི་འཐེན་འཁྱེར་དེ་འདྲ་མ་བྱུང་། དེའི་ཡང་འགྲེལ་སོགས་ནས་ཁྱོད་དང་ང་ཞེས་རྩོད་པ་བྱུང་ནས་ད་ལྟ་ང་ཚོ་བསམ་སྡད་པ་དང་། བཤད་སྡད་པའི་བར་བརྒྱུད་པ་རེད། དེ་ནོར་བ་དང་ཆོས་ལ་གོ་རྟོགས་དེ་ཙམ་མ་ལོན་པའི་རྟགས་ཡིན་པར་གསུངས།
ཁེ་སང་༧གོང་ས་མཆོག་ནས་རྒྱ་གར་བའི་ཆོས་ལུགས་གྲུབ་མཐའི་ནང་ཕལ་ཆེར་ནས་རྒྱང་འཕེན་པའི་ལྟ་བར་དགག་པ་གནང་རུང་། ཆོས་ལུགས་དེ་ཉམས་སུ་ལེན་པའི་གང་ཟག་ལ་གུས་ཞབས་ཡོད་ལུགས་དཔེ་དྲང་གནང་སོང་། ཁྱེད་ཚོའི་ཀྱང་དེ་དོན་གོ་བ་ལོན་ཐུབ་པའི་ཡིད་ཆེས་ཡོད།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན་གསུང་པ་བཞིན། གང་ཟག་ལ་འགྲོ་བ་སེམས་ཅན་ཡིན་པའི་འདུ་ཤེས་དང་། མོས་པ་དང་བསམ་པ་མི་གཅིག་པའི་འདུ་ཤེས་ནས་གུས་ཞབས་དགོས་པ་དང། ངེས་པར་རྩོད་དགོས་ན་ཁོང་རྣམ་པའི་ལྟ་གྲུབ་དེ་དག་འཐད་མིན་རྩོད། གང་ལ་ཟེར་ན་ལྟ་གྲུབ་ལོག་པས་འགྲོ་བ་སེམས་ཅན་ལ་སྡུག་བསྔལ་འདྲེན་པས་སོ།།
རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར།།
ཨ་ཕྱི་ཟེར་བ་འདི་ལ་སྦྱོང་སྟོབས་ཀྱི་ཆུ་ཚད་ཞན་ཅིང་ཕྱོགས་ཞེན་གྱི་མེ་རླབས་འབར་བ། གཟུ་བོར་གྱི་བློ་མིག་ཞར་ཅིང་མཐོང་ཐོས་ཀྱི་ལམ་བུ་འགག་པ་ཞིག་རེད་
འདུག། འུག་པའི་མིག་ལ་ཁྲི་གདུགས་གི་བསྐལ་པ་མི་ཐུབ་པ་ལྟར། ལེག་ཉེས་འབྱེད་པའི་བློ་མིག་ཡོངས་སུ་འགག་དེ། དཔེར་ན་རྗ་དཔལ་སྤྲུལ་གྱི་ཞལ་
གསུང་པ་བཞིན། ཕ་དེ་ཟ་བཞིན་མ་དེ་རྡུང་། ལས་ངན་དགྲ་བོ་སྔུན་དུ་པང་ཟེར་བ་ལྟར་རེད་འདུག།
ཕ་བོང་ཁ་པས་རྙིང་མ་བཀའ་བརྒྱུད་ཀྱི་སྟེང་ལ་བོད་གཞུང་གི་དབང་ཚད་ལོག་པར་བེད་སྤྱོད་བཏང་ནས་བདུད་ལས་བྱས་པ་དང་ད་ལྟའི་༧སྐྱབས་མགོན་རིན་པོ་ཆེ་ལ་དགྲ་ཁ་གཏད་བྱེད་མཁན་གྱི་ཕུག་ཕ་ཁྲི་གཉིས་ལ་ཐུག་ཡོད་དུ་ཚབ་ཆེན་ཀྱི་ནག་ཉེས་ཅན་ལ་ཚད་ལྡན་ཞིག་ཡིན་མིན་ཤེས་ནུས་།
ད་ལྟད་མོ་བལྟས་ནས་བསྡད་ཡོད་་་་དང་པོ་བོན་པོའི་སྟེང་ལ་ཁྱི་ཁ་མཉམ་རུབ་བྱས་སོང་་་་ད་ནི་ཁྱི་རྒན་ནང་འཁྲུགས་བྱེད་ཀྱི་འདུག སྤོབས་མཐའ་ཟེར་བ་འདི་ལ་ལྟོས་དང་གང་བཤད་ཀྱིན་འདུག རང་གི་ཆོས་རྒྱུད་དང་དེ་འཛིན་རྣམས་དག་པ་ལེགས་པོར་ངོས་འཛིན་གྱིས་གཞན་རྣམས་བདུད་དང་དུག་ཏུ་བརྩི་མཁན་དེ་རིགས་རྣམ་དཔྱོད་ཅན་གྱི་སྐད་ཆ་རེད་དམ། གཞི་ནས་བོང་བུའི་ནང་ཆ་ཁྲོམ་ལ་བསྟན་སོང་ང། ད་ཡིན་ད་་་་་དམ་ཉམས་ལུང་པ་བཀང་སོང་་་་
གང་ལྟར་རྩ་བ་བོར་ནས་ཡལ་ག་བཅོ་བརྒྱད་དང་བཅུ་དགུ། ལྟས་ངན་བརྒྱད་བཅུ་གྱ་གཅིག་ལ་ཤི་འཐམ་དང་རོ་འཐམ་བྱེད་པ་ནི་བླ་མའི་ཆོས་ལུགས་རེད། རི་བོང་ལ་རྭ་ཡོད་མེད་ད་དུང་རྩོད་བཞིན་པ་རེད།
ཨོ་ད་བན་དེ་ནང་འཁྲུགས་ན་བོན་པོ་ཚོས་རྗེས་སུ་ཡི་རང་བསྒོམ་པའི་དུས་རེད།
འདི་འདྲའི་རིགས་ཀྱི་ཆགས་སྡང་བྱ་མི་རུང་པར་སེམས། དཔེ་ཆ་བ་སྤྱི་མཚུངས་བཞིན་རྩེད་མོ་ཡིན་ནའང་གཞན་ལ་གོ་ནོར་ཐེབ་སྲིད། རྒྱུ་མཚན་བཤད་རྒྱུ་ཡོད་ན་ཡག་པོ་རེད། རྒྱུ་མཚན་བཤད་རྒྱུ་དང་ཁུངས་གཏུགས་ས་སུ་གང་མེད་ན་རྩོད་ནས་ཕན་ཐོག་ཡོང་ཁག་པོ་རེད། ཡ་མེད་འདྲ་བོ་བཤད་ན་སྐབས་རེ་ཕན་ཐོག་བྱུང་བའི་ལོ་རྒྱུས་ཡོད། འོ་བཤད་འོས་པ་ཞིག་ལ་བན་བོན་ཆགས་སྡང་རྩ་བ་ནས་སློང་མི་ཉན། བགྲོ་གླེང་བཟོས་ན་གལ་མེད་པ་རེད། ཕན་ཚུན་བརྩི་བཀུར་ཞུ་རྒྱུ་དེ་གལ་ཆེན་པོ་རེད།
ཁ་ཞིག་འགུལ་ཚད་ལ་ཆོལ་ཁ་ཆོས་ལུགས།།
མིག་ཅིག་མཐོང་ཚད་ལ་དགྲ་བོ་རྐྱང་རྐྱང་།།
རྣ་བར་གོ་ཚད་ལ་འཐེན་ལྟས་ཁོ་ན།།
མྱི་ལྡང་འདི་ཚོ་ལ་ནད་ཅིག་ཕོག་འདུག།
ལམ་རིམ་གླེང་དགོས་ན་བོན་པོ་ཅུང་ཟད་རེ་མི་བཤད་ཐབས་མེད་རེད། ལམ་རིམ་ནང་ན་བོན་གྱི་སྐོར་ལ་དགག་པ་གནག་པོ་ཞིག་བརྒྱབ་འདུག ཧཧཧཧཧ
སྤོབས་པའི་ཚིག་ལ་གོ་རྒྱུ་ཆེན་པོ་འདུག ཕ་བོང་ཁ་སོགས་ཀྱིས་ལྷ་མགོ་བཅད། བཀའ་རྙིང་གི་དགོན་པ་གཏོར། གྲྭ་དམག་ཕུད། གྲྭ་རྒྱོ་བཟོས། ཁྲི་ཤུང་གིས་དོལ་འདྲེ་ལ་སྐྱབས་སུ་འཛིན་པ་མཐོང་ཚེ། ཁ་མཁས་ལྕེ་རྣོ་པོས་ཡག་ཡག་ག་ཚོད་བཤད་ཀྱང་རྒྱུད་པ་ལ་དམ་ཉམས་ཀྱིས་ལྷད་ཚར་བ་རེད། ཟབ་རྒྱས་བྱིན་རླབས་མན་ངག་ནས་བརྒྱུད་པའི་ལམ་རིམ་ལ་བསྲེས་ལྷད་བྱེད་པ་གངས་རྒྱ་བོ་དང་དགེ་བསྐལ་བཟང་སོགས་ཀྱིས་དགེ་བཤེས་ནང་འཁོར་བསད་ནས་ད་དུང་བཀའ་གདམས་པ་ཡིན་འདོགས་དང་བརྒྱུད་པ་གཙང་འདོགས་སྟོན་རུང་མ་སྟོན་རུང་ཀླ་ཀློའི་རིང་ལུགས་ལ་ནང་པ་བརྟགས་པ་མ་ཡིན་ནམ། ༧གོང་ས་མཆོག་གིས་ཀྱང་དགེ་ལུགས་ནང་འཁོར་གྱི་སྐྱོན་དེ་ཐེར་འདོན་གནང་བ་རེད། དཔེ་ཡག་པོ་རེད་དྲན། དེ་ཡང་འཛིན་མཚམས་ཡག་པོ་མེད་ན། མཚམས་རེར་དགག མཚམས་རེ་སྒྲུབ་ན་ཨ་ཁ་ཁ། བོད་སྡུག་པའི་དུས་སུ་བབས་གསུངས་པ་དེ་ཡིན་ས་རེད་སྙམ། ནང་དཀྲུག་ལ་དགའ་ཞིང་འཁྲུགས་ལ་ལྟད་མོ་མཐོང་མཁན་དེ་གདོན་གཟུགས་བོན་པོ་ནང་པ་རྫུན་མ་བོན་པོ་བན་དེའི་མིང་ཁུར་འཁན་ཚོའི་གཤིས་ཀ་རེད་དོ།།
ད་དངོས་གནས་ལྟད་མོ་འདུག །༧གོང་ས་ཡིད་བཞིན་ནོར་བུས་དོལ་རྒྱལ་གཙོ་བོ་མགོ་ཁྲི་བྱང་ནས་རྗེས་འབྲངས་མཇུག་དགེ་བཤེས་སྐལ་བཟང་དང་བཅས་པ་ལ་ཆོས་དང་ཟང་ཟིང་གི་འབྲེལ་ལམ་བཅད། དགོན་པའི་ནང་ལ་བཅའ་ཡིག་བཞག །ཚོང་ཁང་དང་ཟ་ཁང་སྒོ་ལ་སྦྱར་ཡིག་བཏེགས། གཞིས་ཆགས་ཁག་ལ་བཀའ་ཡིག་བཀྲམས། ཁྲི་བྱང་ཡང་སྲིད་གནས་དབྱུང་བཏང་། སངས་རྒྱས་ཀྱི་བསྟན་པ་རྣམ་དག་ཅིག་སྒྲུབ་ཨེ་ཐུབ་ལ་གཟིགས། ཡིན་ནའང་། ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དགའ་ལྡན་ལ་དོལ་རྒྱལ་ལྷ་ཁང་གསར་བཞེངས་མཛད། དོལ་ཕྲུག་མང་པོ་དང་ལག་འབྲེང་གནང་། ཤར་དགའ་ལྡན་མཁན་པོ་ཆེད་མངགས་མཛད་ནས་ཁྲི་བྱང་ཡང་སྲིད་ལ་འབྲེལ་ལམ་བཟོས། ཁྲི་བྱང་ལམ་རིམ་གྱི་ཁྲིད་རྒྱུན་སྤེལ་དུ་བཅུག །སྔ་དྲོ་མགོ་ལ་རྩ་ཐུར་བཙུགས་ནས་ཤ་བ་ཡིན་མདོག་བྱས། ཕྱི་དྲོ་རྐུབ་ལ་རྩམ་སྐྱ་བྱུག་ནས་རྒོ་བ་ཡིན་མདོག་བྱས། ད་ནི་དོལ་རྒྱལ་ཟེར་བ་དེ་བདུད་རྒན་ཞིག་ཡིན་ན་རྒྱལ་བ་རིན་པོ་ཆེ་ཡང་དེའི་བྲན་གཡོག་ཅིག་ཡིན་པ་འདྲ་བོ། གལ་ཏེ་དོལ་རྒྱལ་ཟེར་བ་དེ་ལྷ་ཞིག་ཡིན་ན་རྒྱལ་བ་རིན་པོ་ཆེ་ཡང་དེའི་གཙོ་འཁོར་ཞིག་ཡིན་པ་འདྲ་བོ་བཤད་འདུག་མཁན་མང་རུ་འགྲོ་བཞིན་པ་དང་། དེ་བཞིན་ཕ་བོང་ཁ་པ་དང་ཁྲི་བྱང་བླ་མ་གཉི་ཀ་ཡང་དགེ་ལུགས་པའི་ལམ་རིམ་ཆེན་མོའི་མངའ་བདག་དང་བརྒྱུད་པ་གསེར་གྱི་ཉག་ཐག་གལ་ཆེན་དོན་ཆེན་གྱི་སྲོག་སྙིང་ལྟར་ཆགས་ཡོད་ཚུལ་སོགས་བཤད་ཡོང་སྐབས། གཞི་ནས་བསམ་བློ་གཏིང་ཟབ་མོ་ཞིག་གཏོང་བ་ལ་བློ་ཁ་ཕྱོགས་དགོས་པར་སྙམ།
རྨོངས་དད་ཅན་ཚོ་དད་པས་སྨྱོ་ཡང་རུང་།།
ལོག་ལྟ་ཅན་ལ་ཡོད་ཚད་ལྷ་སྒྲུང་ཉིད།།
མ་མཐོང་སེམས་ན་གསལ་བའི་གྲུབ་མཐའ་དེ།།
མི་འདོད་མི་ལ་འཆད་པ་ངལ་བའི་རྒྱུ།།
ནུབ་ཡུལ་འདི་ན་ལྟོ་གོས་གནས་མལ་ཆེད།།
བྲེལ་བས་གཅིན་སྐྱག་གཏོང་དུས་མ་ཐོབ་ན།།
ལས་མེད་དམར་སེར་ཚོགས་པའི་ཀུ་ཅོ་འདི།།
སོད་དལ་ཆེ་བའི་དན་རྟགས་ཉིད་དུ་མཐོང་།།
རང་ལ་གྲུབ་མཐའ་མེད་ན་བླུན་པོ་སྟེ།།
རང་ལྟ་གཞན་ལ་སྤེལ་ཐབས་བླུན་པོས་བྱེད།།
རང་རང་ཡིད་ལ་འཐད་པའི་འདོད་པ་ལ།།
རང་གིས་ཁས་ལེན་ཡོད་ན་དེ་གས་ཆོག།
གལ་སྲིད་བྱང་ཆུབ་ལམ་གྱི་རིམ་པར་དད་པ་དང་དག་སྣང་གཤའ་མ་ཞིག་ཡོད་ཚེ། ལམ་རིམ་བླ་རྒྱུད་གཞན་རྒྱུད་ལ་མ་དཔྱད་རང་རྒྱུད་ལ་བརྟགས་དགོས། གལ་སྲིད་ཁས་ཆོས་ཙམ་གྱིས་ཆོས་ལུགས་ཕན་ཚུལ་ནང་དམེ་ཡིས་ཆོས་པ་རྣམས་དམ་ཉམས་ཀྱི་ཚོགས་སུ་སྒྱུར་རྒྱུ་དང་། བཤད་ཆོས་ཀྱིས་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་བླ་ཆོས་རིང་ལུགས་པ་ཞིག་འདོད་ན། ད་ཟད་རང་ཕྱོགས་སུ་ཧ་ཅང་ཆགས་ནས་གཉེན་གྱི་ཕྱོགས་སུ་འདོད་ཆགས་ཆུ་ལྟར་གཡོལ་། གཞན་ཕྱོགས་སུ་ཧ་ཅང་སྡང་ནས་དགྲ་བའི་ཕྱོགས་སུ་ཞེ་སྡང་མེ་ལྟར་འབར་བའི་ཆགས་སྡང་གིས་ཕྱོགས་དང་རིགས་སུ་བཅད་ནས་གཞན་ལ་སྒྲོ་སྐུར་གྱིས་རང་ཉིད་ནམ་འཕང་སྒྲུབ་པ་འདི་དག་ནི་ཆེ་བ་བཞི་ལྡན་གྱི་བྱང་ཆུབ་ལམ་རིམ་ཆེ་མོའི་ཆེད་དུ་བྱ་བའི་གདུལ་བྱ་མིན་པས་ལམ་རིམ་གྱི་བླ་རྒྱུད་རྩད་གཅོད་པར་ཅི་ཞིག་བྱ། ཆེ་བ་བཞི་ལྡན་གྱི་བྱང་ཆུབ་ལམ་རིམ་ཆེ་མོའི་གདུལ་བྱ་ནི། ༡༽བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། ༢༽ གསུང་རབས་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ། ༣༽ རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་བཅས་ལ་བློ་ཁ་ཕྱོགས་པའི་སྐྱེ་བོ་ཞིག་དགོས། གལ་སྲིད་དོལ་རྒྱལ་སྐོར་གྱི་རྩོད་སྙོགས་དེར་ཡིད་མ་རང་བ་དང་རྩོད་སྙོགས་དེའི་རིགས་མཐོང་འདོད་དང་ཉན་འདོད་མེད་པ་ཞིག་ཡིན་ཚེ། དེའི་སྐོར་མཐོ་བཤད་དམའ་བཤད་ཀྱིས་རང་གི་ངང་ཚུལ་ཕྱིར་སྟོན་པའི་སྤྱོད་ཚུལ་དེ་མཚམས་གཞག་ནས་གཞན་རྗེས་སུ་འཛིན་པའི་ཐབས་མཆོག་ནི་བཟོད་པའི་ཉམས་ལེན་ཡིན་ནོ། མདོར་ན། རྗེ་ཕ་བོང་ཁ་པ་དང་རྒྱལ་བའི་ཡོང་འཛིན་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ལ་ཇི་སྲིད་སྒྲོ་སྐུར་གྱིས་སྤྱོད་ཚུལ་འདི་དག་མཚམས་མ་གཞག་གི་བར་དུ་དེ་སྲིད་དུ་དོལ་རྒྱལ་གྱི་རྩོད་སྙོག་འདི་རྫོགས་མཐའ་མེད་དོ།
གང་ལྟར་དྲང་པོ་བཤད་ན། ཉམས་ལེན་གནང་མཁན་ཞིག་ཡིན་ན། ཇོ་བོ་རྗེ་དང་རྗེ་རིན་པོ་ཆེའི་མཛད་ལམ་ལམ་རིམ་ཁག་ནང་མ་འདུས་པ་མེད་ན་ཡང་། རྗེས་སུ་སེམས་མ་ཐུལ་བའི་ལས་མེད་རིང་ལུགས་ཚོའི་གསལ་རྩོམ་སྤང་ལ་ཤ་མོ་རྡོལ་བ་ལྟར་བྱུང་བ་འདི་ཡག་བརྟགས་ཤིག་རྩ་བ་ནས་རེད་མི་འདུག། ཆོས་བརྒྱད་དང་ཞིག་ནི་རེད་འདུག ཆོས་མཆད་ཉན་གལ་ཆེ་ན་ཡང་། གྲྭ་རྒྱོ་དང་སྒེར་སྤྱོད་རིགས་ལ་ཞུ་དག་བཏང་ན་བསྟན་པ་ལ་ཕན་རླབ་ཆེ་བ་འདྲ།
ད་ནི་དེ་ཀ་རང་ཡིན་ཚོད་གདའ།
ཇི་སྲིད་ཕ་བྱང་སེམས་ནས་མ་དོར་བར།།
དེ་སྲིད་དོལ་རྒྱལ་སྤངས་བ་རྫུན་དུ་གནས།།
ཇི་སྲིད་ལམ་རིམ་བཅོ་བརྒྱད་མ་ཁྲིད་བར།།
དེ་སྲིད་ཕ་ཆོས་སྤེལ་བ་ལྐོག་གྱུར་གཏམ།།
ལམ་རིམ་གྱི་བླ་བརྒྱུད་ཙམ་མ་ཟད། དགེ་ལྡན་པའི་དབང་ལུང་མང་ཆེ་ཞིག་ལ་དཔྱད་པ་བྱེད་དགོས་པ་པདུག
གྲོགས་པོ་དག ཕ་བོང་ཁའི་རྩོད་པ་ནི་སྐབས་དེའི་བོད་ཀྱི་ཆོས་ལུགས་པའི་བར་གྱི་རྙོག་དྲ་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་ལོ་རྒྱུས་ཁག་ནས་གསལ་བོ་མཐོང་ཐུབ། རྩོད་པ་དེ་ལྟ་སྒོམ་སྤྱོད་གསུམ་སོགས་གནས་ལུགས་ཀྱི་དོན་ལ་ཞིབ་འཇུགགི་རྩོད་པ་ཞིག་མ་རེད། ལམ་རིམ་གྱི་དོན་ལ་རྩོད་པ་ཡང་མ་རེད། དེ་བཞིན་དགེ་ལུགས་པའི་བསྟན་པ་ལ་རྒོལ་བ་བཟློག་པའི་རྩོད་པ་ཞིག་ཀྱང་མ་རེད། དེ་གང་ཟག་སྒེར་གྱི་ལྟ་སྤྱོད་ཀྱི་སྒོ་ནས་བྱུང་བ་ཞིག་ཡིན་པས་གང་ཟག་བྱེ་བྲག་པ་རེ་གཉིས་ཀྱི་བྱས་པ་ལ་བརྩི་དགོས། འདི་རིགས་གླེང་ན་ལོ་རྒྱུས་ཀྱི་རྨ་ཁ་ལ་ཚྭ་བཏབ་པ་ཡིན་པས་ན་ཟུག་གསར་བ་བསྐྱེད་སྲིད། དེ་བས་རྩོད་རྙོག་ཆེ་བའི་ལོ་རྒྱུས་འདི་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་ན་ཀུན་ལ་བདེ། མཐུན་སྒྲིལ་ལ་ཕན། རང་གི་བླ་མ་དང་ཆོས་བརྒྱུན་ལ་དམ་སེལ་ཞིག་ཡོད་པའི་ཆོས་དང་བླ་མ་འཛེམ་བྱ་གནང་བ་བོད་ཀྱི་ཆོས་བརྒྱུད་སྤྱི་ལ་གྲགས། ལྷག་པར་ཕ་བོང་ཁ་པ་རང་ཉིད་ཀྱིས་ཀྱང་རྙིང་་ཆོས་བྱེད་པར་སྲུང་མས་ཆད་པ་གཅོད་པ་དང་། ཁོང་གི་གསུང་རྩོམ་ལ་སྲུང་སྐྱོབས་བྱེད་ཚུལ་གསུངས་པས་རྣམ་གྲོལ་ལག་བཅང་ལ་བཀའ་རྙིང་གིས་དོགས་པ་བྱེད་པ་ཡང་ཁག་མེད་སྙམ། རྣམ་གྲོལ་ལག་བཅང་གི་ནང་དོན་ལ་སྐྱོན་ཡོད་པ་མིན་ཀྱང་རྩོམ་པ་པོའི་དཀོར་བདག་དེའི་རྗེས་སུ་འབྲངས་བའི་རྣམ་རྟོག་བོད་སྤྱི་ལ་གྲགས་པས་སོ།། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་པོ་ཞིག་གིས། རང་རེའི་བརྒྱུད་པ་འདི་ལྷ་འདྲེ་དཀོར་བདག་རྗེས་སུ་འབྲངས་བའི་དོགས་པ་མི་དགོས་པའི་དགེ་ལྡན་གྱི་བརྒྱུད་པ་གཙང་མ་ཡིན་ཅེས་བཤད་པ་ཐོས་པས་ད་ལྟའང་དེ་འདྲའི་བཤད་སྲོལ་ཞིག་ཡོད་པར་ངེས། འདི་ནས་རང་རེའི་མི་གཙང་གི་སྐྱལ་བ་ཁ་མི་ཕྱེ་བར་སྤྱི་ཕན་གྱི་ཕྱོགས་སུ་བགྲོ་གླེང་ལ་ཞུགས་རན་པར་སྣང་ངོ།
འོ་ད་མི་ཤེས་ཕ་བོང་ཁས་ང་ཚོའི་ལུང་པ་ན་སྔོན་མ་རྙིང་དགོན་པ་འགའ་ཞིག་དགེ་ལུགས་ལ་བསྒྱུར་ནས། པད་འབྱུང་གི་འདྲ་སྐུ་དེ་ཚོ་ཆུ་ལ་སྐྱུར།
ཞི་ཁྲོ་བཀའ་ལིང་དང་འཆམས་ཆས་དེ་ཚོ་ཕུག་པ་ནང་ལ་བླུག་ནས་བྱིས་དེ་ཚོའི་རྩེད་ཆས་བྱེད་ནས་གྲོང་བར་ལ་དྲུད་ཞིང་འགྲོ་གི་ཡོད་པ་སྔོན་
རྒན་རབ་ལ་བཤད་ཡ་འདུག། རྙིང་མ་བ་དེ་ཚོའི་རྗེ་གཙང་ཁ་པའི་སྐུ་འདྲ་གཏོར་ཤུགས་ལྡན་སྐུ་འདྲ་སྐྱག་ཚང་ནང་ལ་གཡུག་ནས་རྒྱ་མ་སླེབ་
གོང་རྙིང་མ་བཀའ་རྒྱུད་དགེ་ལུགས་བར་རིག་གནས་གསར་རྗེ་འདྲ་པོ་ཞིག་བྱས་ཚུལ་ང་ཚོའི་ལུང་པས་་རྒན་རབ་དེ་ཚོའི་མ་ཎི་འདོན་འདོན་བྱེད་
ཀྱི་ཡོད་རེད། ད་དེ་ཚོ་ནང་པ་ཟེར་བའི་མིང་རྫིག་པོ་ཁུར་མཁན་དེ་ཚོའི་བྱེད་གཏང་རེད། ཨ་ཕྱིའི་་ནང་འཁྲུག་ལ་དགའ་མཁན་བོན་པོ་ལབ་འདུག།
ཧཧཧཧཧཧཧ་་་་་རང་ཉིད་ཀྱི་རུམ་སྐྱག་པས་ཁེང་ནས་གཞན་ལ་དྲི་མ་བྲོ་ཡི་འདུག་ལབ་པ་ནང་བཞིན་རེད།
བྱིས་པ་་་ཆད
སྔོན་འབྲི་གུང་དང་ས་སྐྱའི་བར་ལ་ནང་འཁྲུག་ཆེ་པོ་ཞིག་བྱུང་ནས་དམག་ཐེང་གཅིག་ལ་གྲ་པ་ཁྲི་ལྷག་གི་ཚེ་སྲོག་ཤོར་ཚུལ་རྒྱལ་རབ་ལོ་རྒྱུས་ལ་གསལ་།
དེ་ནི་བོད་ནང་སེར་དམག་ཆེ་ཤོས་དེ་རེད། དེ་དུས་ས་སྐྱ་དང་འབྲི་གུང་བླ་མའི་སེམས་ནང་མོ་འདྲེ་་་ཨ་ཕྱི་ཆོས་སྒྲོན་ཞུག་ཡོད་པ་ཐག་ཆོད་རེད།
ཁ་གྱུར་ཟེར་བས་ཡང་རྫུན་བཤད་སོང་། རྙིང་མ་དང་འགྲོ་མགོན་བཀའ་བརྒྱུད་པ་བླ་མ་སུ་ཞིག་གིས་རྗེ་རིན་པོ་ཆེའི་སྐུ་གཏོར་བ་རེད། མིང་མེད་ན་སྒྲོ་བསྐུར་མ་འདེབས་ལོ། ཕལ་ཆེ་ཁྱོད་རང་ཡིན་གྱི་རེད་པ།
བོད་ཀྱི་སྔོན་མའི་ལོ་རྒྱུས་དེ་མཚོ་ལ་ལྟས་ན་སྐྱུག་མེར་ལང་ཡས་རང་རེད། ཆོས་ལུགས་ནང་ཕན་ཚུན་ལ་སེར་དམག་རྐྱང་རྐྱང་རྒྱབ་ནས་རང་རང་གི་ཆོས་ལུགས་དེ་དར་སྤེལ་བྱེད་ཐབས་བྱས་ཡོད་པ་ནི། ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་རྣམས་ལས་གསལ་པོར་འཁོད་ཡོད་པ་དེ་མཚོའི་དཔང་ཕེར་བྱེད་ཀྱི་རེད།
མི་ལ་མ་འཆམ་པའི་མ་ཚད་ལྷ་ལ་ཡང་འཆམ་པའི་དམ་སྲི་འདི་ཚོ་ལ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་བདེན་པའི་དཔང་པོ་གནང་རོག་ཨ་མ་ཆོས་ཀྱི་སྒྲོམ་ལགས། ཧྲི༔
དངོས་མེད་རྟོག་བཏགས་ཀྱི་རྣམ་གཞག་ལ་རེ་དོག་ཆེ་བའི་མི་རིགས་འདིར་ཡོད་ཚོད་མེད་པར་འགྱུར་བྱེད་ཡང་གཟུགས་མེད་ལྷ་འདྲེ་དབར་གྱི་རྩོད་སྙོགས་ཀྱིས་གཟུགས་ཅན་མིའི་དབར་འཁང་ར་དང་རྟོག་བཟོ། ཕྲག་དོག་དང་འགྲན་སེམས་བཅས་ཀྱིས་དགྲ་འདུལ་གནས་སྐྱོང་གི་བྱ་སྤྱོད་འདིས། ང་ནི་ལྷ་ཡོད་སྨྲ་བ་ལ་ཡིད་ཐང་ཆོད་ནི་ཡོད། ཀུན་ལ་ཉེར་རིང་མེད་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ་བྱམས་སྙིང་གླེང་བཞིན་རང་གི་འབྲེལ་ཐོབ་དང་འཁོར་ཡུག་ཏུ་ཡོད་པའི་སྤུན་གྲོགས་དབར་ནང་དམེ་ཡིས་དགྲ་བོ་དང་མར་འཛིན་པའི་ཐེག་ཆེན་གྱི་ཆོས་གཟུགས་འདིས། ང་ནི་ཐེག་ཆེན་བླ་ཆོས་སྨྲ་བ་ལ་ཡིད་ཐང་ཆོད་ནི་ཡོད། རྟགས་ཞིངདཔྱད་ན་འདི་དག་ཐམས་ཅད་ནི་རང་ལྟ་མཆོག་འཛིན་དང་རང་རྒྱལ་གཞན་འཕམ་གྱི་འཇིག་རྟེན་པ་ཡི་སྤྱོད་ཚུལ་ཨ་ན་མ་ན་ཞིག་མིན་ན་ཅི་རེད།།
༧རྒྱལ་བ་རིན་པོ་ཆེས་ལན་རིམ་བཀའ་ཆོས་མང་པོར། གང་ཉིད་ལམ་རིམ་ཆེན་མོའི་བླ་བརྒྱུད་གཙོ་བོ་ནི། རྗེ་ཙོང་ཁ་པ་ཆེན་པོ། རྗེ་བཙུན་ཤེས་རབ་སེངྒེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་རིམ་པར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ༧གོང་ས་ལྔ་པ་ཆེན་པོ། ༧རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། ༧རྒྱལ་མཆོག་གོང་མ་ཐུབ་བསྟན་རྒྱ་མཚོ་བཅས་བརྒྱུད་པའི་བླ་མར་བཞུགས་ཤིང་། དངོས་སུ་ཡོངས་འཛིན་གླིང་རིན་པོ་ཆེ་ལས་གསན་པའི་བླ་བརྒྱུད་དེ་གཙོ་བོར་གནང་གི་ཡོད་པར་གསུངས།
ང་ཚོ་བོད་མིའི་ཁ་དཔེ་ལ་ནག་མོའི་ཕུང་ཕུང་དེ་ཕུང་རྒྱུ་མེད། ར་ཤས་དུག་དུག་དེ་དུག་རྒྱུ་མེད་ཟེར་བ་ལྟལ། ཨ་ཕྱི་ཟེར་བ་འདིས་ག་དུས་ཡིན་ཡང་
བན་བོན་དང་་ས་དགེ་བཀའ་རྙིང་བར་འགྲས་འཁྲུག་གི་སྐད་ཆ་ཁོ་ན་ལས་མཐུན་སྒྲིལ་གྱི་སྐད་ཆ་ནི་ཚིག་གཅིག་ཅང་མེད་པ་ཨ་ཁ་ཁ་ངོ་མ་ཁྱོད་ལ་ཤ་ཚ་
སྙིང་རྗེ། ཕྱིན་སུ་དེ་འདྲ་མ་བྱེད་ལོ། བོད་ནང་བོན་པོ་དང་རྙིང་མ་་་བཀའ་རྒྱུད་་་ས་སྐྱ་་་དགེ་ལུགས་་ཇོ་ནང་་ཁ་ཆེ་་་ཡེ་ཤུས་་་སོགས་ཆོས་ལུགས་
མང་པོ་ཡོད། དེ་དག་རང་རང་གི་ཆོས་ལུགས་རང་རང་གི་འཛིན་སྐྱོང་སྤེལ་གསུམ་ཐོག། འཐེན་ཁྱེར་གྱི་བྱ་ནང་སྤོང་སྟེ་བོད་དོན་མཉམ་རུབ་
ཐོག་ནུས་ཤུགས་གཏོང་ན་དེ་ལས་ལྷག་པའི་དགེ་མཚན་ཞིག་མེད། ཁ་ཤས་དོན་ཡོད་དོན་མེད་ག་དུས་ཡིན་ཡང་ཆོས་ལུགས་འཐེན་འཁྱེར་གྱི་རྨ་ཁ་ཁོ་ནིས་
ཐོག་གནོན་ཡོང་གི་འདུག། དེ་ནི་ང་ཚོའི་ན་ཟུག་ཆེ་བའི་རྨ་ཁ་ཞིག་རེད། དེ་འདྲ་བྱེད་མཁན་ལ་གཟབ་དགོས་དམིག་ཡུལ་དང་ལས་དོན་མ་འདྲ་བ་ཞིག་ཡོད་ཀྱི་རེད།
རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་འདིས། ས་དཀར་རྙིང་མ་བཅས་པའི་བོད་ཀྱི་སྔོན་བྱོན་སྐྱེ་བུ་མང་པོའི་གསུང་ལ་འཇུག་ནས་ལམ་རིམ་མཛད་འདུག ཁོང་ལ་རྙིང་མའི་བླ་མ་ཕྱག་རྡོར་རྣལ་འབྱོར་ནམ་མཁའ་རྒྱལ་མཚན་ནམ་གྲུབ་ཆེན་ལྷོ་བྲག་པ་དང་། བཀའ་བརྒྱུད་བླ་མ་གྲི་གུང་མཐིལ་གྱི་སྤྱན་སྔ་བྱང་ཆུབ་གྲགས་པ། ས་སྐྱའི་རྗེ་བཙུན་རེད་གདའ་བ་དང་བླ་མ་དབུ་མ་པ། དེ་བཞིན་བུ་སྟོན་ལ་སོགས་མཁས་པ་མང་པོ་ཞབས་ལ་གཏུགས་ནས་རིས་མེད་ངོ་མ་མཛད་འདུག
རྗེ་རིན་པོ་ཆེའི་གོང་ནས་རྫོགས་ཆེན་དེ་ནང་ཆོས་ཡིན་མིན་དྭོགས་པ་ཡོད་མུས་དཔེར་ན་ཀརྨ་པ་སྐུ་འཕྲེང་གཉིས་པ་དང་། ས་སྐྱའི་གོང་མ། དེ་བཞིན་བཀའ་གདམས་པའི་དགེ་བཤེས་འགའ་ཤས་བཅས་ཀྱིས་རྫོགས་ཆེན་བཀག་འདུག་རུང་། རྗེ་རིན་པོ་ཆེས་ཁ་གསལ་པོས་རྫོགས་ཆེན་གྱི་གཞུང་ནི་ནང་པའི་ལྟ་བ་མཐོན་པོ་ཞིག་ཡིན་པ་དང་། ལམ་དེ་ལ་བརྟེན་ནས་མཁས་གྲུབ་མང་པོ་ཐར་ལམ་དུ་གཤེགས་པས་འདི་ལ་ཁ་གཏོང་བས་ན་དམྱལ་བ་ལ་འགྲོ་རྒྱུ་ལས་གཞན་མེད་ཅེས་རང་གི་སློབ་མ་རྣམས་ལ་རྙིང་མའི་གསང་སྔགས་ཀྱི་ཆོས་འདི་ལ་གཅེས་པར་གདམས།
དེ་བཞིན་རྗེའི་ལམ་རིམ་ནང་ལ་ཁུངས་གཏུགས་ས་ཨ་ན་མ་ན་འམ་གཙོ་བོ་དེ་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་རེད། ཀ་མ་ལ་ཤི་ལ་ནི་མཁན་ཆེན་ཞི་བ་འཚོའི་སློབ་མ་དང་དེ་བོད་ཀྱི་གྲུབ་མཐའ་གསང་སྔགས་རྙིང་མའི་གཙུག་རྒྱན་གཅིག་མ་རེད་པས། རྗེའི་ལམ་རིམ་གྱི་ཉིང་པོ་སྟེ། ཞི་གནས་དང་ལྷག་མཐོང་གི་ལེའུའི་ནང་ལ་སྒོམ་རིམ་ནི་མ་ཕྱི་ལྟ་བུ་རེད། གཟིགས་དང་།
རྗེ་རིན་པོ་ཆེས་སྐྱོན་འཛུགས་གནང་ས་གཙོ་བོ་དེ་གྲུབ་མཐའ་ག་གེ་མོ་ཞིག་གི་རྟོགས་ལྡན་པར་ངོམས་ནས་ཕྱིའི་སྤྱོད་པ་མ་མཛེས་ཤིང་། འདུལ་བ་འཛིན་པ་དང་གོས་དཀར་ལྕང་ལོ་ཅན་གང་རུང་ལ་མི་གཏོགས་པར་རང་སྣང་གང་ཤར་གྱིས་གདུལ་བྱ་ལམ་ལོག་པར་ཁྲིད་མཁན་ཚོར་བཀའ་སྐྱོན་བཏང་ཡོད། དེ་གཙོ་བོ་སྤྱོད་པའི་སྐོར་རེད། དེང་སང་དེ་ལྟ་བུའི་བླ་རྫུན་ཡོང་མུས་རེད་ལ་ང་ཚོ་བསྟན་འཛིན་པ་ཚོས་དེ་དག་ལ་གདོང་ལེན་བྱེད་དགོས་ལ་མ་བྱས་ན་ང་ཚོར་གྱོང་རེག
ལྟ་བའི་སྐོར་དེ་གཞན་སྟོང་གི་ལྟ་བའི་སྐོར་ལ་རིགས་པ་དང་ལུང་མང་པོར་བརྟེན་ནས་དྭོགས་འདྲི་གནང་ཡོད། འོན་ཀྱང་ཇོ་ནང་གྲུབ་མཐར་མི་དགའ་བ་མེད་པའི་ཐོག དུས་འཁོར་སོགས་ཀྱི་གཞུང་ལ་ཇོ་ནང་གི་རྒྱུད་པ་ལ་བསྟོད་པ་མང་པོ་ཡོད།
ལྷག་པར་དུ་རྗེ་རིན་པོ་ཆེས་དགྱེས་རྡོར་གྱི་ཁྲིད་ཞིག་ནང་ལ། ས་འབྲུག་དཀར་རྙིང་གི་གཞུང་ཁུངས་ལྡན་རྣམས་དང་དེའི་རྒྱབ་རྟེན་རྒྱ་གཞུང་ལ་བརྟེན་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཁུངས་བརྟན་པར་བྱས་ནས་འགྲེལ་བ་མཛད་ནས་བསྟན་པར་ཞབས་འདེགས་གྲུབ་ཡོད། དགྱེས་རྡོར་ནི་ས་སྐྱའི་གོང་མ་རྣམས་ཀྱིས་ཤིན་དུ་ནས་ཁུངས་དག་པ་དང་གཞུང་གསལ་བར་འདུག་པས་འདི་ལ་དཔྱད་པ་ཕར་མ་དགོས་པ་མིན་འདུག་གསུངས་འདུག དཔེར་ན། རྗེའི་གསང་བ་འདུས་པ་ནི་མར་པའི་རྒྱུད་པ་ཡིན་པ་དང་། ཕྱིས་ཀྱི་གསང་འདུས་ཀྱི་གཞུང་ཁ་གསལ་ཤོས་དེ་རྗེ་རིན་པོ་ཆེའི་རིམ་ལྔ་གསལ་སྒྲོན་རེད་ཅེས་རྒྱལ་བ་ཀརྨ་པས་གསུངས་སོང་། རྗེ་མར་པར་མཚོན་ན། ཁོང་གི་གསུང་གི་སྙིང་པོ་གསང་བ་འདུས་པ་དེ་བོད་ལ་དར་ཁྱབ་ཆེ་ཤོས་གཏོང་མཁན་ནི་རྗེ་ཙོང་ཁ་པ་རེད།
ཉེ་ཆར་འབྲུག་ནས་དཔར་བཏབ་པའི་དེབ་གཅིག་གི་ནང་ལ། རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ཞལ་གཟིགས་གནང་ནས་ལྟ་བའི་ཁྲིད་གཅིག་གི་ནང་ལ་རྫོགས་ཆེན་གྱི་ལྟ་ཁྲིད་གསལ་པོ་ཞིག་སྤར་འདུག རྗེས་མ་དེབ་འདིའི་མིང་ཆ་ཚང་འདི་ལ་འབུལ་རྒྱུ་ཡིན།
རྗེ་རིན་པོ་ཆེར་སྐྱོན་བརྗོད་གཙོ་བོ་དེ་ས་སྐྱའི་ཕྱོགས་ནས་ཡོང་བ་དང་། དེ་ཡང་གཙོ་བོ་ནི་དབུ་མའི་འགྲེལ་བ་རྩ་བ་ཤེས་རབ་ལ་ཐུག་ཡོད། རྒྱུ་མཚན་ནི། རྗེ་རིན་པོ་ཆེས་རྩ་ཤེའི་འགྲེལ་བ་མཛད་སྐབས། ས་སྐྱའི་གཞུང་གཙོ་བོར་མི་འཛིན་པར། རྒྱ་གཞུང་གཙོ་བོར་མཛད་པ་དང་། དེ་ཡང་ཀླུ་སྒྲུབ་དང་སངས་རྒྱས་སྐྱངས། ཟླ་གྲགས་སོགས་ཀྱི་གཞུང་གཙོ་བོར་འཛིན་པ་དེས། ས་སྐྱའི་ཕྱོགས་ལ་མི་བདེ་བ་བྱུང་ཡོད། རྒྱུ་མཚན་ནི་ས་སྐྱ་བ་ཚོས་རྗེ་རིན་པོ་ཆེ་ས་སྐྱའི་རྗེ་བཙུན་རེད་གདའ་བའི་ཞབས་ལ་གཏུགས་པས་ལྟ་བའི་སྐོར་དེ་གཙོ་བོ་ས་སྐྱའི་གཞུང་ལ་གཟིགས་སྟབས། ཁོང་ས་སྐྱའི་སློབ་མ་ཞིག་ཡིན་ཤག་དང་། ས་སྐྱའི་གྲུབ་མཐའ་འཛིན་པ་ཞིག་ཡོང་བའི་རེ་བ་བྱེད་མུས། རྗེ་རིན་པོ་ཆེས་ལྟ་བ་དེ་ཁུངས་གཏུགས་ས་རྒྱ་གཞུང་ལ་མཛད་ཡོད། རྒྱ་གཞུང་བྱས་པའི་ཐོག་ལ་ཀླུ་སྒྲུབ་ཀྱི་གསུང་རྣམས་ཁ་གསལ་རུ་གཏོང་བ་དང་། སྔར་བཞུགས་ཀྱི་འགྲེལ་བ་འགར་དྭོགས་འདྲི་གནང་བ་དེས་ས་སྐྱའི་མཁས་པ་རྣམས་ལ་ཕོག་སྡུག་ཤོར་ནས། ཕྱིས་སུ་རྗེའི་དབུ་མའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད། དེ་ལྟ་བའི་ཕྱོགས་ནས་རེད།
བོད་ཀྱི་ནང་ཆོས་ལ་རྩོད་མེད་ཀྱི་མཁས་དབང་ཁུ་ནུ་བླ་མ་བསྟན་འཛིན་རྒྱན་མཚན་ཞུ་བ་ཁོང་གིས། བོད་ཀྱི་བཤད་གྲྭ་མང་པོར་ཕེབས་ནས་གཞུང་ཆེན་ལ་སྦྱངས་པ་མཛད་པ་དང་། ལྷག་དོན་ལེགས་སྦྱར་གྱི་གསུང་ལེགས་པར་མཁྱེན་ནས་རྒྱ་གཞུང་ལ་ཞིབ་འཇུག་གནང་བའི་ཤེས་རྩལ་མཐོན་པོར་ཕེབས་པ་ཁོང་གིས་རྗེ་རིན་པོ་ཆེའི་རྩ་ཤེའི་འགྲེལ་བ་གཟིགས་སྐབསདེ་རྒྱ་གཞུང་ཞིག་ལས་བོད་པས་བྲིས་པ་ཞིག་ཨེ་ཡིན་བསམ་པའི་དྭོགས་པ་བྱུང་གསུང་འདུག གོང་ས་མཆོག་གིས་རྒྱ་གར་གྱི་མཁས་པ་འགས་ཀྱང་དེ་ལྟར་ཆ་འཇོག་བྱེད་བཞིན་འདུག་ཅེས་བཀའ་ཡང་ཡང་ཕེབས།
ཡ་ད་ཁོང་གི་མཛད་པ་དེ་དག་དྲན་པའི་སྒོ་ནས། ངས་དམིགས་བརྩེ་མ་ཞིག་འདོན་རྒྱུ་སྟེ།
དམིགས་མེད་བརྩེ་བའི་བདེ་ཆེན་སྤྱན་རས་གཟིགས།
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།
སངས་རྒྱས་གཉིས་པ་པད་མ་འབྱུང་གནས་དང་།
དེ་ཡི་རྣམ་སྤྲུལ་དཔལ་ལྡན་མར་མེད་མཛད།
རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ།
དབྱེར་མེད་འགྲོ་བའི་མགོན་པོར་སྐྱབས་སུ་མཆི།
སྔ་འགྱུར་མགོན་པོ་རྒྱལ་བ་ཀློང་ཆེན་པ།
གནས་ལྔའི་གཙུག་རྒྱན་འཇམ་མགོན་ས་སྐྱའི་ཞབས།
གངས་ཅན་གཙུག་རྒྱན་རྒྱལ་བ་ཙོང་ཁ་པ།
དབྱེར་མེད་སྐྱབས་མགོན་བསྟན་འཛིན་རྒྱ་མཚོར་འདུད།
༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད།
རྡོ་རྗེའི་ཚིག་ལ་བསླུ་བ་མེད།།
བདེན་གསུང་བཀའ་ལ་འགྱུར་བ་མེད།།
བསྲེག་བཅད་བརྡར་གསུམ་མཛད་པ་ཡི།།
ཡིད་ཆེས་གསུང་རྣམས་གདམས་ངག་ཏུ།།
གོ་ན་ཉམས་ལེན་དེ་ག་ཡིན།།
མངར་བའི་རོ་མཆོག་མྱོང་བ་ཡིན།།
ཆགས་སྡང་དེ་གས་འཇོམས་པ་ཡིན།།
གངས་ཅན་པ་ལ་དགོས་པ་ཡི།།
ནད་བརྒྱ་སྨན་གཅིག་དེ་ག་ཡིན།།
ཆོས་བརྒྱུད་ཆགས་སྡང་རྩོད་པ་ཡི།།
དགོས་མེད་དུག་ནད་འདི་ཡིས་ཞི།།
བླ་མ་བཟང་ངན་རྩོད་པ་ཡི།།
དགོས་མེད་ན་ཟུག་འདི་ཡིས་འཇོམས།།
འདི་ལས་ལྷག་པའི་གདམས་པ་མེད།།
འདི་དོན་ཉམས་སུ་ལེན་ནུས་ན།།
བདུད་དང་རྒྱལ་འགོང་བསྟེན་མི་དགོས།།
ང་ཁྱོད་ཕྱོགས་རིས་གཅོད་མི་དགོས།།
དམ་ལྡན་སུ་ཡིན་གསལ་ནས་ཡོང།།
དམ་ཚིག་ཉམས་པའི་གྲལ་མཐའ་རུ།།
ལྷུང་པའི་ཞེད་སྣང་སྐྱེ་མི་དགོས།།
ལྷག་པར་ང་ཚོ་རྙིང་བསྟན་གྱི།།
གྲལ་ཡོད་པའི་ཁ་པོ་ཅན།།
ང་དང་ང་རང་འདྲ་བ་རྣམས།།
དོན་མེད་ཆགས་སྡང་མི་སློང་བར།།
དྲིན་ཅན་ཡོངས་འཛིན་རྣམ་གཉིས་ལ།།
བཀའ་དྲིན་དྲན་པའི་གསོལ་འདེབས་དང།།
མོས་གུས་དག་སྣང་བྱེད་ཐུབ་ན།།
གནས་སྐབས་མཐར་ཐུག་ཁེ་ཕན་ལས།།
གྱོང་དང་བུག་ཁ་མེད་པར་ངེས།།
མདོར་ན་མགོ་ལྡན་བོད་མི་ཚོས།།
གངས་ཅན་མགོན་པོའི་བཀའ་དགོངས་རྣམས།།
ཇི་བཞིན་བསྒྲུབ་པར་དཀའ་ནའང།།
ཡོངས་འཛིན་རྣམ་ལ་སྐུར་འདེབས་ཀྱི།།
མཚན་སྨད་ཞེད་སྣང་མི་དགོས་པའི།།
ས་བོན་རྒྱུད་ལ་འཇོག་ཐུབ་ན།།
མ་འོངས་བོད་ཀྱི་ཆོས་བརྒྱུད་བར།།
ཆགས་སྔང་དུ་ཁ་ཞི་བར་འགྱུར།།
འདི་ལ་བསམ་ཤེས་མཛད་མཁན་གྱིས།།
བློ་དང་རིགས་པ་གཅིག་ཏུ་སྤུངས།།
རིགས་པའི་ལམ་ནས་རིགས་པ་ཡི།།
རྩོམ་ཡིག་སྤེལ་ན་འདི་ལ་སྤེལ།།
ཐོས་བསམ་བྱ་ན་འདི་ལ་བྱ།།
སྒོམ་པའི་ཉམས་ལེན་འདི་ལ་མཛོད།།
འགྲེལ་བཤད་བསྐྱོན་ན་འདི་ལ་བསྐྱོན།།
དེ་ནས་དགོས་མེད་རྣམ་རྟོག་རྣམས།།
རང་ཞིར་འགྱུར་བའི་འབྲས་བུ་མངོན།།
མར་མེད་མཛད་ཅེས་པ་མར་མེ་མཛད་ལ་བཅོས་རོགས།
མི་སུ་གཅིག་གིས་རྒྱལ་བའི་ཡོངས་འཛིན་ཚོར་སྐུར་བ་བཏབ་མ་སོང་། དངོས་ཡོད་གནས་ཚུལ་ཁོ་ཚོས་དོལ་རྒྱལ་བསྟེན་ཡོད་མེད་དེ་ལབ་སོང་། དེ་ནི་སྐུར་འདེབ་ཡིན་དོགས། སྐུར་འདེབ་ངོ་མ་ནི་ཁྱོད་ཀྱིས་སྐུར་བ་མ་བཏབ་བཞིན་དུ་སྐུར་བ་བཏབ་སོང་ཟེར་བ་དེ་ནི་སྐུར་འདེབས་ངོ་མ་དེ་ཡིན་པ་ཤེས་པར་གྱིས།
ལགས་སོ་ཡག་པོ་གསུང་སོང་། རྗེས་སུ་ཡི་རང་ཡོད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་སོགས་ཆོ་ལོ་གང་བཏགས་ན་སོགས་ཀྱི་སྐོར་དེ་ཐུགས་བསྙེན་ལམ་ཅི། སྐུ་རྩེད་ཞུས་པ་ཡིན་ད་ཡག་པོ་གསུང་འདུག སྐུར་པ་འདེབས་བྱས་ཡོད་ན་བཟོད་པར་གསོལ།
ད་བྱས་ན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་དེ་གས་འགྲིགས་པ་རེད། ཡག་པོ་འདུག་དོན་མེད་ཀྱི་སྐད་ཆ་རྫིག་པོ་དང་ཕེར་ཤ་ཆེ་ན་མི་བཟང།
སྐུར་འདེབ་མ་ཞུས་ན་འགྲིགས་ཤག ད་རྩོད་པ་མིན་འདུག རང་གི་རྒྱུད་པའི་བླ་མ་ཚོར་དམའ་འབེབ་མ་གཏོང་རོགས། གུས་ཞབས་བྱེད་མ་ཐུབ་ན་བཏང་སྙོམས་ལ་འཇོག་ན་ལེགས། ཁྲི་བྱང་རིན་པོ་ཆེ་ཞེས་བརྗོད་མ་ཐུབ་ན། ཁྲི་བྱང་ཆུབ་ཆོས་འཕེལ་ཞེས་མིང་ནས་སྨྲོས་ན་ལེགས། དེ་བཞིན་དམའ་འབེབ་དང་ཟུར་ཟའི་ཚིག་འདི་ལ་བཀོལ་དུས་ཉོབ་ཀྱི་འདུག རྒྱུ་མཚན་ནི་ཁོང་རྒྱལ་བའི་དབུ་བླ་རེད།
ཡག་པོ་གསུང་འདུག ངོ་མ་དེ་རེད། བཀྲིས་ཀུན་གྱི་བཀྲིས་པ།། གྲགས་པ་བཀྲིས་སྙན་གྲགས་དགེ།།དབུགསའབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཆེན་རོལ་མོ་ཆེན་པོ་སྟེ།། དོན་དངོས་གནས་བཤད་ན་དེ་འདྲ་རེད།།
ངས་དངོས་ཡོད་གནས་ཚུལ་བཤད་ཡོད། ཕ་ཁྲི་གཉིས་ཀྱིས་དོལ་རྒྱལ་ས་སྤེལ་གནམ་སྤེལ་བྱས་པ་དེ་བཤད་ཡོད། ངས་གངས་སྐལ་གཉིས་ལ་ཐུབ་ཚོད་དང་ཕ་ཁྲི་གཉིས་ཀྱི་ངོ་སོ་མི་བསྟོད་ཐག་ཆོད་ཡིན། དེ་ནི་ངའི་གཤིས་ཀ་ཡིན། དེ་མི་འགྲིགས་ན་ང་ལ་ཡང་ཐབས་ཤེས་མེད།
དཔེར་ན་ཕ་ཁྲི་གཉིས་ཀྱིས་རྐུན་མ་བརྐུས་པར་དཔའ་དར་དང་གངས་སྐལ་གཉིས་ཀྱིས་རྐུན་མ་བརྐུས་པར་ཆད་པ་གཅོད་མཁན་ཞིག་ཡོད་ན་མི་དེའི་མི་གཤིས་ག་འདྲ་ཞིག་ཡིན་མིན་ཤེས་གསལ་རེད། ངས་དངོས་ཡོད་གནས་ཚུལ་བཤད་ཀིན་ཡོད།
ཀླུ་སྨྱོན་ཁྱེད་ཀྱིས་ཕ་ཁྲི་གཉིས་ལ་ངོ་སོ་བསྟོད་དང་མི་བསྟོད་དེ་ཁྱེད་རང་གི་འདོད་པ་རེད། ཁྱེད་ཀྱིས་ཁོང་གཉིས་ལ་བསྟོད་དང་མ་བསྟོད་དེས་ཁྱིའི་སྐྱག་པ་ལས་རིན་ཐང་ཡོད་ནི་མ་རེད། ཁྱེད་དགའ་་ཡང་རུང་མ་དགའ་ཡང་རུང་རི་བོ་དགའ་ལྡན་པའི་བསྟན་པ་ནམ་གནས་ཀྱི་བར་དུ་ཁོང་གཉིས་ཀྱི་མཛོད་རྗེས་གནས་ཀྱི་རེད། ༧གོང་ས་མཆོག་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཁྲི་བྱང་རྡོ་རྗེ་འཆང་ལ་མཚན་སྨོད་བྱེད་མཁན་མི་ཞིག་ཡིན་ཕྱིན་ཆད་༧གོང་ས་མཆོག་ལ་སྟོད་དང་མ་སྟོད་ཡོད་ནི་མ་རེད། ནང་པའི་བླ་སློབ་ཀྱི་དམ་ཚིག་དང་མཐུན་ནི་མ་རེད། དེས་༧གོང་ས་མཆོག་གི་བཀའ་ཆོས་ཉན་རྒྱུར་མཚན་ཉིད་མ་ཚང་བ་རེད། དེ་གོ་བ་གྱིས་ཤིག། ཆགས་རྒན།
ཁྱེད་ཚོས་ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། སྐྱབས་རྗེ་ཕ་བོང་ཁའི་མཛད་པ་ཕྱོགས་གཅིག་ནོར་བ་ས་ཁོང་བདུད་དུ་ལྟ་མི་རུང་གསུངས་པ་དེར་རྒྱུ་མཚན་དེ་ཙམ་མི་འདུག ཁོང་གིས་སངས་རྒྱས་ཀྱི་བསྟན་པ་བཤིག་ན་དེ་ལས་ལྷག་པའི་བདུད་ཅིག་ཨེ་ཡོད་ན། འདི་ཡིན་ན་ངོ་མ་ཕ་ཡི་དཔང་པོ་བུ་ཡིས་བྱས་ཟེར་བ་དེ་འདྲ་བོ་འདུག
ཁྲི་བྱང་རྒྱལ་བའི་དབུ་བླར་གྱུར་པ་དེ་དགའ་འོས་པ་ཞིག་ཅང་མ་རེད་ཡ།
༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། ༸གོང་ས་མཆོག་གི་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། སྐུ་ཚེ་སྨད་ལ་དོལ་རྒྱལ་གྱིས་མཛད་པ་འཕྲིན་ལས་ལ་གནོད་སྐྱེལ་བ་རེད། ཅེས་དང། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བླ་མ་ཚད་ལྡན་རེད་ཁོང་གིས་དོལ་རྒྱལ་བསྟེན་གསོལ་གནང་གི་ཡོད་རེད། ངས་དོལ་རྒྱལ་བཀགས་དགོས་པའི་རྒྱུ་མཚན་ཆབ་ཚང་ཞུས་པ་ཡིན་དེ་འགྲིགས་འདུག ཁྱེད་ཀྱིས་དེ་སྔ་གང་གནང་བ་དེ་ལ་ནོར་བ་མ་བྱུང་འགྲིགས་ཀྱི་རེད་གསུང་ནས་ཞལ་བཞེས་གཙང་མ་གནང་ཚུལ་ཡང་ཡང་གསུངས་པ་རྣམས་དྲན་འོས་པ་དང་དྲན་དགོས་པའི་གནད་འགག་ཞིག་ལ་ཐུག་ཡོད། ༸གོང་ས་མཆོག་གིས་ཁྲི་བྱང་རིན་པོ་ཆེ་ལ་གདིང་འཇོག་ཇི་ལྟར་མཛད་མིན་གོང་དུ་དྲངས་ཟིན་པ་ཡིན།། ཁྱེད་ཀྱི་དེ་དང་རིགས་འདྲ་བོ་བཏང་ན་༸གོང་ས་མཆོག་བླ་མ་ཚད་ལྡན་ཡིན་པ་གཞིར་བཞག་སྐྱབས་རྗེ་ཡབ་སྲས་གཉིས་ཆོས་ཅན། བླ་མ་ཚད་ལྡན་ཡིན་ཏེ། ༸གོང་ས་མཆོག་གིས་བླ་མ་ཚད་ལྡན་ཡིན་པར་ཡང་ནས་ཡང་དུ་གསུངས་པའི་ཕྱིར།། དམ་ཉམ་མ་ཡིན་ཏེ། བླ་མ་ཚད་ལྡན་ཡིན་པའི་ཕྱིར། དེར་ཐལ། སྒྲུབ་བྱེད་གོང་དུ་སོང་ཟིན།
རྩོམ་པ་པོ་མདོ་ཤུལ་ལགས། ཁྱེད་ཀྱི་རྣམ་དཔྱོད་དང་རྩོམ་རྩལ་ལ་གུས་བཀུར་ཡོད། ཡིན་ན་ཡང་རྡོ་རྫེའི་ཚིག་ཟེར་བ་ལྟ་བུའི་སྐད་ཆ་འདིར་མི་འགྲོ། འདི་ཁ་བརྡ་བྱ་ས་མ་གཏོགས་ཅིག་ཅིག་གི་བཀའ་དང་ཉིག་ཉིག་གི་རྡོ་རྗེའི་ཚིག་སོགས་ཀྱིས་བསྒྲགས་གཏམ་དེ་འདྲ་ང་ཚོའི་རྣ་བར་འགྲོ་གི་མ་རེད།
དེའི་རིགས་དེ་ཐུགས་མཉམ་མ་བཞག་པའི་གསུང་རེད་ཅེས་ངས་ཁར་སང་ནས་ཁྱེད་ལ་ཞུས་ཡོད་བསམ་སོང་།
རྩོམ་པ་པོ་ཁྱེད་ཀྱི་རིགས་དེ་འདི་འདྲ་ཞིག་རེད། སྐྱབས་རྗེ་ཕ་བོང་དང་ཡོངས་འཛིན་ཁྲི་བྱང་ཡག་པོ་ཡིན་ཏེ་གོང་སའི་བླ་མ་ཡིན་པའི་ཕྱིར། གོང་ས་ཡག་པོ་ཡིན་ཏེ་ངའི་བླ་མ་ཡིན་པའི་ཕྱིར་ཟེར་བ་ཙམ་རེད། སྐད་ཆ་དེ་ལས་མ་བརྒལ་དུས་བགྲོ་གླེང་བྱས་མ་བྱས་མེད་པ་རེད།
སྤོབས་པ་མཐའ་ཡས་ལགས་དགོངས་ཚུལ་ལྷུག་པར་གསུངས་པ་ཐུགས་རྗེ་ཆེ། རྡོ་རྗེའི་ཚིགས་ཟེར་དུས་བཀའ་གནང་བ་འདྲ་བོ་ལ་གོ་མི་ཉན། གང་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པ་དེ་རྡོ་རྗེའི་ཚིག་ཡིན། དགོངས་དག་ངས་སྤྱིར་བཏང་རྡོ་རྗེ་ཚིག་དེ་འདྲ་བོ་ལ་ངོས་འཛིན་བྱེད་ཀྱི་ཡོད། གཅིག་བྱས་ན་ང་ནོར་ཡོད་སྲིད། དེ་འདྲ་ཡིན་མི་སྲིད་ང་འདིའི་སྐོར་ལ་དཀའ་ངལ་བྱུང་བའི་དབང་གིས་ངས་འདི་ཞིབ་འཇུག་འདྲ་བོ་རང་ལ་དཔེ་ཚོད་ཀྱིས་མང་པོ་བྱས་པ་ཡིན། དེ་འདྲ་ཐུགས་མཉམ་མ་བཞག་པའི་གསུང་ཞིག་མ་རེད། ༸གོང་ས་མཆོག་ནས་དོལ་རྒྱལ་དང་འབྲེལ་བའི་སྐོར་འདི་གཟབ་གཟབ་ནན་ནན་མཛད་ནས་གསུངས་པ་དེ་དཔེ་གསལ་པོ་རེད། ང་ཚོའི་བསམ་བློ་བཏང་ན་ཁྲི་བཟང་རིན་པོ་ཆེ་སོགས་ཀྱིས་མདོ་སྔགས་ཀྱི་གཞུང་ལ་གོ་བ་དང་རིགས་པ་སྐུ་ཚེ་གཅིག་ལ་ཉམས་ལེན་གནང་སྟངས་སོགས་གང་ལ་བལྟས་ན་ཡིད་འཕྲོག་པ་ཞིག་ཡོད་ས་རེད། ཁྱེད་ནང་བཞིན་ང་ཡང་བཀའ་ལུང་བསྒྲགས་གཏམ་སྤེལ་མཁན་ཚོར་དགའ་བོ་མེད། འདི་སྒྲུབ་བྱེད་དང་རྒྱུ་མཚན་ལ་བསམ་བློ་གཏོང་དགོས་པ་རེད། གོང་གི་རྟགས་གསལ་འདྲ་བོ་དེ་༸གོང་ས་མཆོག་རྩ་བའི་བླ་མ་ཡིན་གསུང་མཁན་འགའ་ཤས་ཀྱིས་གྲྭ་ས་ནས་གྲུབ་མཐའི་རྩོད་པ་བྱེད་དུས། སེམས་ཙམ་པའི་ལུགས་གཞིར་ཞོགས། མདོ་སྡེ་བ་ཆོས་ཅན། ཟེར་སྲོལ་ཞིག་ཡོད་པ་བཞིན། བདག་གིས་ཀྱང་གོང་ས་མཆོག་གི་དོལ་རྒྱལ་དམ་བསྒྲགས་ཀྱི་བཀའ་སློབ་གཞིར་ཞོགས། ཕ་ཁྲི་གཉིས་ཆོས་ཅན། ཟེར་བ་བྲིས་སོང་དེ་ལ་རིགས་འདྲ་བོ་བཏང་པ་ཡིན། སྤྱིར་འདི་རིགས་ལ་ངས་བསམ་ཚུལ་བྱས་ན་དགོངས་པ་དགོངས་གཞི་འདྲ་བོ་ལ་མ་ཁྲིད་ན་ཡག་ག་འདྲ་བོ་མཐོང་གི་ཡོད། དེང་སང་བར་དུ་དོལ་ཚོགས་ཀྱིས་དགོངས་པ་དགོངས་གཞི་མང་པོ་བཤད་ནས་ལམ་ལོག་འདིར་སོང་བ་རེད། ང་ཚོའི་ངོས་ནས་འདིའི་སྐོར་ལ་ག་ཚད་བརྩི་མཐོང་འདྲ་བོ་འཇོག་ཐུབ་ན་མ་འོངས་པར་བོད་ཀྱི་བསྟན་རྒྱུན་ལ་ཕན་དུ་རེ་བ་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོ་བོད་པས་ཁྲིད་ལུང་གི་བརྒྱུད་པ་འདྲ་བོ་བཤད་བསྡད་པ་འདི་ནང་པའི་ལུང་པ་གཞན་པས་ཞེ་དྲག་བཤད་མི་དགོས་པ་འདྲ། དེ་ཡང་ཡག་པོ་འདྲ་བོ་མཐོང་སོང།གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ཉམས་ལེན་གྱི་བློ་སྦྱོང་དང་གཞན་གྱི་དོན་དུ་ག་རེ་ཡིན་ན་བློས་གཏོང་ཐུབ་པའི་གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སྐྱེས་བུ་ཞིག་ཡིན་ན་ངས་བསམ་པ་ལ་འགྲིགས་འདུག་དྲན་གི་ཡོད། ཡང་སྐབས་རེ་འདི་འདྲ་བོ་དེ་བརྩད་བརྩད་ན་གསལ་རུ་འགྲོ་ནས་དགོས་མེད་འདྲ་བོ་ལ་མཐོང་ཐུབ་ན་ཡག་པོ་རེད་འདུག དད་པ་དག་སྣང་གཅིག་པུའི་ཁུངས་མི་ཆོད་པ་གསལ་པོ་རེད། དགོངས་ཚུལ་གསུངས་པ་དང་དགག་པ་རྒྱག་པ་ལ་ང་རང་དགའ་བོ་ཡོད། འོན་ཀྱང་ལ་ལ་ཞིག་གིས་ཐུགས་ལ་ཕོག་སྲིད་ཀྱང་དགོངས་འགལ་མེད་པ་ཞུ།།
སྤྱིར་ན་བདུད་ཟེར་བ་དེ་ཆོས་ལུགས་པ་རང་རང་གི་རྩ་དོན་དང་། དམིགས་ཡུལ། ལངས་ཕྱོགས་བཅས་ཀྱི་ཁ་གཏད་དུ་ལངས་ནས་འགོག་རྐྱེན་བྱེད་མཁན་དེ་ལ་དམའ་འབེབས་ཀྱི་ཚིག་ཅིག་རེད། རྙིང་མ་བཀའ་རྒྱུད་པས་སྐྱབས་རྗེ་ཕ་བོང་བདུད་དུ་ལྟ་བ་ཡང་འགྲིགས་པ་ཞིག་རེད། ཁོས་རྒྱ་དམག་ཚུན་ཆོད་ལ་སྐུལ་སློང་བྱས་ནས་བཀའ་རྙིང་སོགས་འཇོམས་པའི་འཆར་གཞི་བཏིང་འདུག
ཁྲི་བྱང་བླ་མ་བཟང་ངན་གང་ཤེས། དོལ་འདྲེ་བསྟེན་པ་དངོས་ཡོད་རེད། འཆི་ཁར་སྡུག་པོ་ཤི་བ་རེད། མ་ཚད་རོ་ལང་རྒྱབ་པ་རེད། འཇུ་ཆེན་ཐུབ་བསྟན་གྱིས་སྒྲལ་བ་རེད་ཟེར་བ་གོ་མྱོང་བས། བདེན་པ་ཡིན་ནམ།
ཡང་མིན་ན་སྐྦས་རྗེ་ཕ་བོང་བདུད་རེད། དེ་མིན་རྙིང་མ་བཀའ་བརྒྱུད་བདུད་ཡིན་དགོས།དེ་ལབ་ཕོད་དགོས། མགོ་གཉིས་མ། ངོ་གཉིས་མ། ལྕེ་གཉིས་མ། དེ་འདྲ་དབུ་མའི་ལམ་འདྲ་བོ་མགོ་བདེ་བོ་བཤད་བསྡད་ན་དོན་དམ་པའི་མཐུན་འབྲེལ་ལ་གནོད་གི་རེད།
ཁྲི་བྱང་གིས་དོལ་རྒྱལ་བརྟེན་ན་རེད། མ་བརྟེན་ན་རེད། འདི་མི་བཟང་པོ་ཞིག་ཅང་མ་རེད། ཐ་ན་བོད་ཀྱི་རྒྱལ་གླུ་དེ་ཡང་འདི་འདྲ་བླ་བྲང་ཉི་ཚེ་བ་ཞིག་གི་ཁ་རྗེ་དབང་ཐང་ལ་དམིགས་པ་ཐབས་སྐྱོ་བོ་ཞིག་བརྩམས་འདུག དགེ་འདུན་ཆོས་འཕེལ་ཡན་ཆོད་ལ་གཉའ་གནོན་ག་ཚོད་ཐུབ་ཐུབ་བྱས་འདུག ད་བཤད་རྒྱུ་ཡིན་ན་ངོ་མ་བཤད།
ང་ནི་ལྷ་སྲུང་སོགས་གཟུགས་མེད་ཀྱི་ལྷ་ཀླུ་གཞི་བདག་རིགས་ལ་བློ་གཏོད་གཅོལ་ཤེས་ཀྱི་མེད་ལ་བཅོལ་མྱོང་ཡང་མེད། དེ་དག་ནི་རྟོག་གཏགས་ཀྱིས་གང་ཟག་སོ་སོའི་སྣང་ངོར་ཤར་བའི་རྣམ་པ་ཞིག་ལས་དངོས་པོའི་གཤིས་ལུགས་སུ་ཡོད་པའི་སྲོག་ལྡན་ཞིག་ཏུ་མི་འདོད། གལ་སྲིད་དོལ་རྒྱལ་ཞེས་པའི་གཟུགས་མེད་ཀྱི་སྲོག་ལྡན་ཞིག་དངོས་སུ་ཡོད་པ་ཡིན་ན། ངེད་ཚོས་དོལ་རྒྱལ་ནི་ནུས་མེད་ཉམས་ཆུང་གི་རང་མགོ་ཙམ་ཡང་མི་ཐོན་པའི་དྲེགས་པ་ཅེས་སྨོད་པ་ལྟར་མ་ཡིན་པ་འཇིག་རྟེན་མི་ཡིས་འགྲན་ཟླ་མེད་པའི་གཟུགས་མེད་ནུས་ལྡན་་ཞིག་ཡིན་པར་ཐག་གིས་ཆད། རྒྱུ་མཚན་ནི། བོད་གངས་ཅན་པའི་བླ་ཆེན་མི་ཆེན་སོགས་ང་ཡིན་དང་ཁྱེད་རྫིགས་ཟེར་སའི་བཀའ་རྙིང་ས་དགེ་བོན་དང་བཅས་པའི་བླ་ཆེན་མི་ཆེན་དག་གིས་དངོས་ཤུགས་རྒྱུད་གསུམ་གྱིས་དེར་གླགས་རྩལ་ཀྱང་ད་དུང་ཡང་དེར་གླགས་མ་རྙེད་པར་བླ་མ་གཅིག་ཡ་ཡར་དང་དགེ་བཤེས་ཞིག་མ་མར་ཞེས་བཤད་སྡད་པ་དེས་ཤེས། ད་ནི་གཟུགས་མེད་དང་གཟུགས་མེད་ཀྱིས་རྒྱལ་འཕམ་གཤེད་མར་དབྱེ་བ་འབྱེད་རྒྱུ་ལས་ལྷག་མི་འདུག། ད་ཐོན་ཤོགས། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་དང་ནག་ཕྱོགས་སྤྱོད་པའི་དྲེགས་པ་སུ་རྒྱལ་གྱིས།། ཧཧཧཧཧ
༄།། འཇམ་པའི་དབྱངས་དངོས་འཇམ་མགོན་རྒྱལ་བ་ཙོང་ཁ་པ་ཆེན་མོ་བློ་བཟང་གྲགས་པའི་དཔལ་གྱི་འདས་མཆོད་དུ་གུས་ཕུལ།།
རྒྱལ་ཀུན་ངོ་བོ་རྒྱལ་བ་ཀློང་ཆེན་པ།།
རྒྱལ་སྲས་དཔའ་བོ་ཀུན་མཁྱེན་ས་སྐྱ་པ།།
རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པ།།
རྒྱལ་ཀུན་གཅིག་འདུས་བླ་མར་རྟག་ཏུ་འདུད།།
སྙིགས་མའི་དུས་ཀྱི་མཛེས་པ་ནི།།
བརྟན་ལྡན་ཟབ་ཅིང་གཡོ་མེད་དག།
གཞན་གྱི་གདུང་ལ་ཆེས་བརྩེ་ནས།།
ཙོང་ཁའི་ཆུ་ལས་ཟླ་བ་བཞིན།།
གཙུག་གི་འོད་ཟེར་འཇམ་དབྱངས་ནི།།
མ་རུང་འཇིགས་པར་མཛད་པ་ཡི།།
འབུམ་དུ་བྱུང་བའི་ལྷ་སྐུ་དག །
གུར་གུམ་གྱིས་ནི་བྲིས་པ་བཞིན།།
བསིལ་རླུང་གཡོབ་ཅིང་ཕན་པར་བྱེད།།
རྔ་ཡབ་དག་གིས་མཛེས་པར་བརྒྱན།།
འགྲོ་ཀུན་ཡང་དག་ལམ་ལོག་པར།།
སྙིང་སྟོབས་རྒྱ་མཚོ་འཕྱུར་བ་བཞིན།།
མནྡལ་ཡིད་འོང་ནོར་བུ་དག །
སྙིང་གར་སྦྱར་ནས་གཟུང་བར་ནི།།
ས་སྟེང་རྒུད་པ་ཞི་བའི་སླད།།
ལྷག་མའི་བསྟན་ལ་ཉི་མ་བཞིན།།
ཆེ་དགུའི་དཔུང་པས་ས་དང་ནི།།
སེམས་ཀྱིས་བཟོད་ཐོབ་དམ་པ་དག །
མཐོང་ནས་མངོན་པར་འདོད་པ་དང༌།།
ངོ་མཚར་དང་བས་དབང་དུ་གྱུར། །
༡༢/༢༦/༢༠༡༣
༄།། འཇམ་པའི་དབྱངས་དངོས་འཇམ་མགོན་རྒྱལ་བ་ཙོང་ཁ་པ་ཆེན་མོ་བློ་བཟང་གྲགས་པའི་དཔལ་གྱི་འདས་མཆོད་དུ་གུས་ཕུལ།། རྒྱལ་ཀུན་ངོ་བོ་རྒྱལ་བ་ཀློང་ཆེན་པ།། རྒྱལ་སྲས་དཔའ་བོ་ཀུན་མཁྱེན་ས་སྐྱ་པ།། རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པ།། རྒྱལ་ཀུན་གཅིག་འདུས་བླ་མར་རྟག་ཏུ་འདུད།། སྙིགས་མའི་དུས་ཀྱི་མཛེས་པ་ནི།། བརྟན་ལྡན་ཟབ་ཅིང་གཡོ་མེད་དག། གཞན་གྱི་གདུང་ལ་ཆེས་བརྩེ་ནས།། ཙོང་ཁའི་ཆུ་ལས་ཟླ་བ་བཞིན།། གཙུག་གི་འོད་ཟེར་འཇམ་དབྱངས་ནི།། མ་རུང་འཇིགས་པར་མཛད་པ་ཡི།། འབུམ་དུ་བྱུང་བའི་ལྷ་སྐུ་དག ། གུར་གུམ་གྱིས་ནི་བྲིས་པ་བཞིན།། བསིལ་རླུང་གཡོབ་ཅིང་ཕན་པར་བྱེད།། རྔ་ཡབ་དག་གིས་མཛེས་པར་བརྒྱན།། འགྲོ་ཀུན་ཡང་དག་ལམ་ལོག་པར།། སྙིང་སྟོབས་རྒྱ་མཚོ་འཕྱུར་བ་བཞིན།། མནྡལ་ཡིད་འོང་ནོར་བུ་དག ། སྙིང་གར་སྦྱར་ནས་གཟུང་བར་ནི།། ས་སྟེང་རྒུད་པ་ཞི་བའི་སླད།། ལྷག་མའི་བསྟན་ལ་ཉི་མ་བཞིན།། ཆེ་དགུའི་དཔུང་པས་ས་དང་ནི།། སེམས་ཀྱིས་བཟོད་ཐོབ་དམ་པ་དག ། མཐོང་ནས་མངོན་པར་འདོད་པ་དང༌།། ངོ་མཚར་དང་བས་དབང་དུ་གྱུར། ། ༡༢/༢༦/༢༠༡༣
ང་ལྟ་བུ་ཡིན་ན། ཁྲི་བྱང་དང་ཕ་བོང་ཁ་པ་སོགས་ཀྱིས་ལྷ་གང་ཞིག་བརྟེན་མ་བརྟེན་གལ་ཆེན་པོར་བརྩི་གི་མེད། ཁོང་ཚོས་མི་ལ་བཟང་ངན་ག་འདྲ་བྱས་མ་བྱས་དེར་གཙོ་བོར་བལྟ་གིཡོད། ཆོས་བསྒྲུབས་མ་བསྒྲུབས་དེ་གལ་ཆེན་པོར་བརྩི་གི་མེད། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལ་ཕན་གནོད་གང་བྱས་གཙོ་བོར་བལྟ་གི་ཡོད། གནད་དོན་འདི་ཚོའི་སྟེང་ནས་ངས་ཁོང་ཚོ་ལོ་རྒྱུས་སྟེང་གི་ཉེས་ཅནཔར་མཐོང་བ་ཡིན། ལམ་རིམ་ཆོས་རེད། ཉེས་ཅན་པ་དེ་ཚོ་གང་ཟག་རེད། ཆོས་དེ་དང་གང་ཟག་དེ་ཚོའི་བར་ན་འབྲེལ་བ་ལས་འགལ་བ་མང་བའི་གནད་འགག་འདི་རྟོགས་ཉིན་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་དཀའ་ངལ་མེད། སེམས་ཁྲལ་མ་གནང་།
དོན་ངོ་མ་ལ་བསམ་བློ་བཏང་ན། བཀའ་རྙིང་རྣལ་མ་ཞིག་དང། བཀའ་རྙིང་གི་མིང་ཁུར་བའི་དགོན་སྡེ་གོག་པོ་ཚོ་དབྱེ་འབྱེད་བྱེད་དགོས། ཕ་བོང་ཁས་རྙིང་མ་བཀའ་བརྒྱུད་རྣལ་མ་ཞིག་ཡིན་ན་དགག་པ་རྒྱག་གྱི་མ་རེད། རྗེ་བཙུན་མི་ལ་སོགས་ལ་གདེང་འཇོག་ཇི་ལྟར་མཛད་མིན་ངས་མཐོང་བའི་བཟའ་བཏུང་ཚོགས་འཁོར་ཏུ་བྱ་བའི་ཡིག་ཆའི་ནང་དུ་གསལ་པོ་འདུག གཟིགས་ན་ཧ་གོ་ངེས་རེད། སྤྱི་ཡོངས་ནས་ཁོང་རྙིང་མའི་ཆོས་ཞུ་མྱོང་མཁན་ཡིན་པ་གོ་མྱོང་ཡོད། རྙིང་མའི་བླ་མ་ཚད་ལྡན་དང་དེའི་ཐུགས་རྒྱུད་ཀྱི་བསྟན་པ་ལ་དགག་པ་བརྒྱབ་པ་མཐོང་མ་མྱོང། གང་ཟག་མིང་འདྲ་མི་འདྲ་ཁུར་མཁན་འདྲ་མི་འདྲ་བྱེད་མཁན་ཚོ་ལ་བཀའ་བསྐྱོན་བཏང་་ཡོད་གྱི་རེད། གསལ་པོ་ཤེས་མ་བྱུང། རྗེས་འཇུག་ཨ་རོག་འཐོམ་འཐོམ་འདྲ་བོ་དེ་འདྲས་ཕ་བོང་ཁས་བསྟན་པའི་གོ་དགོས་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་མ་གོ། མཁས་པའི་གསུང་གི་དགག་གཞག་སྐབས་བསྟན་པའི་གཟུགས་བརྙན་ལ་དགག་པ་དེ་འདྲ་ལ་གོ་ལོག་མང་པོ་བཟོས་ཡོད་ས་རེད། སྤྱིར་ནང་པའི་བསྟན་པ་ཡིན་ན་གང་ཟག་གི་རྒྱུད་ལ་ཡོད་པས་ཁྱབ་པ་རེད། ད་གང་འདྲ་ཡིན་ན། སྤོབས་པ་མཐའ་ཡས་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཡོད་ས་རེད། ཁྲི་བྱང་རིན་པོ་ཆེ་ལ་དེ་འདྲ་འདྲ་བོ་མང་པོ་བཤད་པ་རེད། འཇུ་ཆེན་གྱིས་ཁྲི་བྱང་རིན་པོ་ཆེའི་སྐུ་གདུང་མཐོང་མ་མྱོང་བ་རེད། ག་འདྲ་བྱེད་ནས་བཏུལ་དགོས་རེད། དེ་ཚོ་ངས་ཞིབ་འཇུག་ཏོག་ཙམ་བྱེད་མྱོང་ཡོད། དགེ་ཆོས་ལ་ཁྲི་བྱང་རིན་པོ་ཆེས་དགག་གཞག་དགོས་ཚུལ་བྲིས་པ་དང་། རྒྱ་གར་ཚུར་ཤོག་ལབ་མཁན་ཡིན་པ་དང་། ལྷ་སར་སླེབ་དུས་ཡ་མ་བརྒྱབ་པ་རེད་ཟེར་བ་འདྲ་བོ་ངག་སྒྲོས་དག་ལ་མ་དག་པ་རྣམ་དཔྱད་གཞིར་རུང་ཀྱང་མཐའ་གཅིག་ཏུ་ཚད་མ་མིན།
བོད་ཀྱི་རྒྱལ་གླུ་ལ་འཁང་ར་འདྲ་བོ་བྱེད་མཁན་མང་པོ་མཐོང་སོང། ངས་ཏོག་ཙམ་བྱེད་མྱོང་ཡོད། དཔེར་ན་བཀའ་བློན་གསར་པའི་སྐབས་གྲོགས་པོ་ཞིག་ལ་ཡིག་བསྐུར་སྐབས། རྒྱབ་ཁབ་ཤོར་སྐབས་བཟོས་པའི་རྒྱལ་དར་དང།། རྒྱལ་གླུ་དག་ལ་གསར་བརྗེ་མ་ཐུབ་ནས།། ཐེའུ་རང་ལྷ་ལུས་བླངས་པའི་གཏམ་གྱི་དཔེ།། མཚུངས་པ་བསྒྲིག་ན་མཚུངས་ཆོས་དུ་མ་འདུག ཅེས་རྩེད་མོ་དང་སྦྲགས་ནས་བསྐུར་བ་དྲན་གི་འདུག དོན་ལ་བསམ་བློ་བཏང་ན་༸རྒྱལ་གླུ་དེ་ཚད་མཐོ་བ་བཤད་ན་༸གོང་ས་མཆོག་གི་མཛད་པ་རྣམས་ལུང་བསྟན་པ་རེད་ལབ་ན་མི་འགྲིགས་པ་མེད་པ་འདྲ་བོ་ཡོད། ད་ང་ཚོས་མང་པོ་བཤད་པ་རེད།
མཁྱེན་དཔྱོད་ལྡན་པའི་རྩོམ་པ་པོ་མདོ་ཤུལ་བ་ལགས། རྡོ་སྦིས་དགེ་བཤེས་ཀྱིས་བྲིས་པའི་དགེ་ཚོས་ཁྱད་གསོད་ཀྱི་ཡིག་ཆ་དེ་ཁྲི་བྱང་གིས་མདོ་སྨད་ནང་དཀྲུག་དང་དགེ་ཆོས་དམའ་འབེབས་དི་མདའ་གཅིག་གིས་ཤྭ་བོ་ཉིས་སོད་ཀྱི་གཡོ་བྱུས་ཡིན་ཚུལ་ཡིག་ཆ་ཁོ་རང་གིས་ཁ་གྲག་འདུག སྐྱབས་རྫེ་ཕ་བོང་ཁ་པས་རྙིང་ཆོས་ཞུས་མཐར་རྙིང་མ་བསྣུབས་པ་དེ་ལ་ཆོས་ཕྱོགས་ནས་ལས་མཐའ་ལོག་པའི་རུ་ཏྲ་ཟེར་བ་དེར་གྱུར་བ་རེད། ངས་ཟེར་གི་ཡོད། བཀར་རྙིང་གི་བསྟན་པ་དངོས་ཡིན་ན་ཡང ་འདྲ། བཏགས་པ་བ་ཡིན་ན་ཡང་འདྲ། མདོར་ན་བཀའ་རྙིང་སོགས་སུ་འབོད་པའི་ཚོགས་སྡེ་འདིའི་སྟེང་ལ་རྒྱ་དམག་སྐུལ་སློང་ཡན་ཆོད་བྱས་ནས་འཇོམས་ཐབས་བྱས་འདུག དོལ་རྒྱལ་ལ་ཕྲིན་ལས་བཅོལ་བ་དང་ཀྲུའུ་ཨེར་ཧྥུང་གི་དམག་སྐུལ་བ་འདྲ་མ་གཏོགས་རིགས་ལམ་གྱིས་དགག་ཚུལ་ནི་གོ་མ་མྱོང་།
ཀྲུའུ་ཨེར་ཧྥུང་ཡིན་ནམ་གང་ཡིན་རྒྱ་ཡི་དམག་དཔོན་ཞིག་ལ་དམག་སྐུལ་བ་རེད་ཅེས་བཀའ་འབུམ་ནང་དུ་ཡོད་པ་གདོང་ཐོག་གིས་གསུང་འདུག་དེའི་ཡི་གེ་དེ་མཐོང་མ་མྱོང། ཡོད་གྱི་ནི་རེད་བ། ཚང་མ་བསྟན་པ་གཅིག་ལ་བསྒྱུར་བའི་འཆར་གཞི་དེ་འགྲུབ་མིན་ལ་མ་ལྟོས་པའི་ལྷག་བསམ་གྱིས་སྐུལ་བའི་སྙིང་སྟོབས་དང་རྒྱལ་ཁབ་དང་མི་རིགས་བསྟན་པ་སོགས་གནས་པའི་ཆེད་དུ་རང་བློས་ཆེན་པོ་བཏང་འདུག ཡག་པོ་འདུག བསམ་ཚད་འགྲུབ་རྒྱུ་ཁག་པོ་རེད། དོན་ལ་རཱུ་དྲ་ཆག་མིན་མ་ཤེས་ཀྱང་གཟི་བརྗིད་ཆེན་བཏོན་འདུག སྟོན་པ་རྫོགས་པའི་སངས་རྒྱས་ཟེར་གྲགས་པ་ཆེན་པོ་དེས་གསར་བཏོད་ཀྱི་ལྟ་གྲུབ་དེ་ཀྱག་ཀྱོག་གི་ལམ་ཀ་མང་པོ་བརྒྱུད་དགོས་ཐུག་འདུག དེ་མ་ཡིན་པར་ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་ན་གསར་བརྗེ་བཟོ་མཁན་ཚོ་ལ་དཀའ་ངལ་དང་འགོག་རྐྱེན་ཡོང་བ་ཆོས་ཉིད་འདྲ་བོ་རེད། ཕ་བོང་ཁ་ལ་དེ་འདྲ་རེད་ཡོད་གྱི་རེད། དོན་ལ་ང་ཚོ་བོད་པའི་སྤྱི་མཐུན་གྱི་ལས་དབང་ཞིག་ལ་ཐུག་དུས་སུས་ཀྱང་བཟློག་མ་ཐུབ་པ་རེད། ད་ང་ཚོའི་མི་རབ་འདིར་མཁྲེགས་འཛིན་གྱི་བསམ་བློ་དང་ལྟ་གྲུབ་ལང་ཕྱོགས་ཕྱོགས་རེ་བ་ག་རེ་བློས་གཏོང་དགོས་ན་གཏོང་ནས་དཔུང་གདང་མཉམ་དུ་གཤིབ་ནས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་བསྐྲུན་པ་ནི་ཁ་ཡོད་ལག་ཡོད་དུ་ཕན་པ་ཆེ་བས་དེའི་དོན་དུ་ག་རེ་ཡིན་ནའང་བློས་གཏོང་བྱེད་པའི་དུས་ལ་བབ་ཡོད། ག་ཚད་ཐུབ་མིན་སོ་སོའི་ངོས་བྱེད་རྒྱུ་རེད། དབུ་མའི་ལམ་འདི་འདི་འདྲ་བོ་ལ་བེད་སྤྱོད་ན་བདེ་པོ་ཡོད་པ་རེད།
ང་ནི་དགེ་ཆོས་དང་རྡོ་སྦིས་ཁོང་གཉིས་ཀྱི་རྩོད་པ་དང་རྩོམ་རྩལ་སོགས་ཀྱིས་ཕན་ཐོག་ཆེན་པོ་བྱུང་བ་མ་ཟད། དགེ་བཤེས་ཤེས་རབ་མཆོག་གིས་རིགས་པ་དེ་ཚོ་ཧ་ལས་པ་རེད། དེའི་མདོ་སྨད་པ་ཚོ་ལ་བློ་དཔྱིད་ཞིག་སྤྲད་པ་ལས་རྙོག་དྲ་བཟོས་པ་མཐོང་མ་སོང། ངས་རྒྱུན་ལྡན་རྡོ་སྦིས་དགེ་བཤེས་དང་དགེ་ཆོས་སྒེས་སྟེང་བློ་བཟང་སོགས་ཀྱི་རྩོད་པ་དང་འཕྲིན་ཡིག་མདོ་སྔགས་ཀྱི་ཟབ་གནད་སོགས་བསྟན་པ་དེས་བོད་སྤྱི་དང་ལྷག་པར་དུ་མདོ་སྨད་ཕྱོགས་སུ་འཆད་རྩོད་རྩོམ་གསུམ་ལ་སྐུལ་འདེད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་ཅེས་བཤད་ཀྱི་ཡོད། དཔེར་ན་དགེ་བཤེས་ཤེས་རབ་ཀྱི་རྙིང་མའི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་ཡོད། གང་ཡིན་ཞེ་ན། ཁོང་གིས་ཐོག་མའི་སངས་རྒྱས་ཡོད། སངས་རྒྱས་ལ་ཐོག་མ་མེད་ཅེས་ཟིན་མཚམས་བཟོས་ནས་དཔེ་དེ་དཔེར་ན་ཐོག་མའི་མ་རིག་པ་ཡོད། མ་རིག་པ་ལ་ཐོག་མ་མེད་ཅེས་པའི་རིགས་པ་དེ་ཁ་སྤོས་ཡོད། དེ་འདྲ་བོ་དཔེ་སྙིང་རྗེ་པོ་གོ་བདེ་པོ་བཀའ་བསྐྱོན་གནང་མཁས་པ་སོགས་གད་མོ་ལྷན་དུ་གོ་རིགས་ཡོང་བའི་ལམ་ཀ་ཆེན་པོ་བཏོད་ཡོད།
ཡ་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཤོག
ཁམས་སྤྲུལ་སྐུ་གོང་མ་གྲུབ་མཐའི་ཆགས་སྡང་གི་དབང་གིས་ཆབ་མདོ་དགོན་པའི་སྟེང་གི་གི་ཁང་པ་ཞིག་ལ་བཅུག་ནས་ཕྱིར་འགྲོ་མ་བཅུག་པརབཞག་ཡོད་དུས་སུ། སྐྱབས་རྗེ་ཕ་བོང་གིས་ཆབ་མདོ་དགོན་པའི་པའི་འདུ་ཁང་ནང་དུ་གྲྭ་མང་ལ་རྙིང་མ་བཀའ་བརྒྱུད་སོགས་ཆོས་ལོག་ཡིན་པས་བསྣུབས་དགོས་ཚུལ་བཤད་པ་དེ་ཁམས་སྤྲུལ་གྱིས་ཐོས་འདུག ཁམས་སྤྲུལ་གྱིས་དེའི་སྐོར་ལ་འདི་འདྲ་གསུངས་པ་རེད་ཟེད། ཕ་བོང་ཁས་ཁས་དེ་འདྲ་བཤད་དུས་ངས་རིགས་པ་དང་ལུང་དཔང་པཅར་བཞག་ནས་རྩོད་པ་ཞིག་རྒྱག་བསམ་པ་འདུག་མི་བཟོད་པ་ཞིག་བྱུང་ཡང་ང་བཙོན་པ་ཞིག་ལ་ཁོངཚོར་རྩོད་པ་རྒྱག་པའི་གོ་སྐབས་ཤིག་ག་ལ་ཡོད་གསུངས་གི་འདུག་ཟེར།
ཁྲི་ཕྱང་གིས་ཨ་ཨདོ་མདོང་མདོང་དང་ཉག་རོང་ཉག་ཉོག་གཉིས་ལ་དམའ་འབེབས་འཇིགས་སྐུལ་གྱི་ཡིག་ཆ་ཞིག་རྩོམ་ཞེས་བཀའ་རྒྱ་གནང་འདུག རྡོ་སྦིས་ཀྱིས་མིང་འདོགས་མཚངས་འདྲུ་བྱས་བྱས་ནས་ཐ་མ་ཅང་བྱ་རྒྱུ་རག་མི་འདུག ང་ངས་ཁྱོད་ལུང་དང་རིགས་པས་ཚར་གཅོད་གི་མིན། རྡོ་དང་དབྱུག་པའི་སྐད་ཆ་ཚོ་ཡང་ཡིག་ཆ་དེའི་ནང་ན་དངོས་སུ་ཐོན་ཡོད་པ་རེད། དེ་ངོ་མ་རྡོ་དང་དབྱུག་པ་ལྕག་ཚན་ཡན་ཆོད་བེད་སྤྱོད་བྱས་བཞག་འདུག ཁྲི་བྱང་དགེ་ཆོས་གཉིས་ཀྱི་འབྲེལ་བ་དེ་ཙམ་རེད། རྡོ་སྦིས་མི་དྲང་མོ་རེད། ཁྲི་བྱང་དང་མའོ་ཙེ་ཏུང་གཉིས་ཀས་བེད་སྤྱོད་བཏང་བ་རེད།
དཔྱད་གཞིར་རུང་ཡང་ཚད་མ་ཡིན་མིན་ལྟ་རྒྱུ་རེད། ཁམས་སྤྲུལ་གྱི་གསུང་གོ་མཁན་དེ་སུ་ཡིན་ན། དྲང་མོ་བཤད་ན་དེ་འདྲ་གོ་ས་ཞིག་ཏུ་བཅུད་ཡོད་ན། ཁམས་སྤྲུལ་རིན་པོ་ཆེ་ག་འདྲ་བཟོས་ནས་བཙོན་ལ་བཅུགས་ཡོད་ན། དེ་མ་གཏོགས་ཆབ་མདོ་དགོན་ལ་འཆམ་ཤོས་ཅིག་ཁམས་སྤྲུལ་རིན་པོ་ཆེ་འདིའི་གོང་མ་དེ་རེད་ཟེར། ཁོང་གིས་ཆབ་མདོ་དགོན་ནས་དགེ་བཤེས་འགའ་ཤས་ལྡན་ནས་མཚན་ཉིད་བཙུག་པ་རེད་ཟེར་རམ། བཙུག་པའི་འཆར་གཞི་བཏིང་བ་རེད་ཟེར་གཅིག་བཤད་རྒྱུ་ཡོད་རེད། གང་ལྟར་འཕགས་པ་ལྷ་དང་ཁམས་སྤྲུལ་གཉིས་སྤྲུལ་སྐུ་ནོར་སོང་བ་རེད་ཅེས་གླེང་རྒྱུ་ཡོད་པ་ཙམ་བཟོས་པའི་འབྲེལ་ལམ་ཧ་ཅང་ཆེན་པོ་རེད། ལྷག་པར་དུ་ཐུགས་བསམ་རྒྱ་ཆེན་པོ་བཞེས་མཁན་ཞིག་ཡིན་ས་རེད། དེ་ཚོ་འདྲ་བོ་ཁམས་པ་སྒར་གྱི་བླ་རྒན་ཚོ་ལ་མང་པོ་བཤད་རྒྱུ་ཡོད་རེད། ང་ལ་ཏོག་ཙམ་རྒྱུས་ཡོད། མཚན་ཉིད་་བསོད་བསྟན་བཙོན་ལ་བཅུག་པ་རེད། དེ་ནི་རྭ་སྒྲེང་དང་འབྲེལ་བ་ཡོད་པའི་སྐད་ཆ་དེ་རེད་འདུག དེ་ནི་དགེ་བཤེས་བྱམས་པ་མཐའ་ཡས་ཀྱིས་ཞུ་བ་བྱས་ནས་བཙོན་ལས་ཐར་བའི་ལོ་རྒྱུས་དགེ་བཤེས་བྱམས་པ་མཐའ་ཡས་ཀྱི་རྣམ་ཐར་ནང་ལ་འདུག
ཁོ་རང་གཉིས་གྲྭ་སའི་འགྲོ་སྟངས་ཀྱི་བླ་སློབ་འདྲ་བོ་རེད་འདུག དེ་ཡིན་དུས་དགེ་ཆོས་རྡོ་སྦིས་ཀྱིས་ནཱ་རོ་པ་དང་མི་ལ་རས་པ་ཚར་གཅོད་སྟངས་དེ་མཛད་ཡོད་གྱི་རེད། དགེ་ཆོས་སྒྲིབ་པ་ཡག་པོ་བྱང་ཡོད་གྱི་རེད།
ཕལ་ཆེར་དགེ་ཆོས་ཀྱིས་རྫོགས་ཆེན་གྱི་ལྟ་བ་རྟོགས་གྲོགས་བྱས་པ་དེ་ཁོང་རྣམ་པ་གཉིས་ཀྱི་བཀའ་དྲིན་ཡིན་ཤས་ཆེ། སྐུ་མཚམས་ལ་ལོ་ཁ་ཤས་བཞག་པ་དེ་ཁོང་གཉིས་ཀྱི་བཀའ་དྲིན་ཡིན་ན་ཡག་པོ་བྱས་འདུག ངས་བསམ་པ་ལ་དེ་དུས་དགེ་ཆོས་དམར་ཤོག་དང་འབྲེལ་བ་ཡོད་ས་རེད་དྲན་གི་འདུག བྷ་བུ་མཐར་ཕྱིན་དམར་ཤོག་རེད་འདུག དགེ་ཆོས་ཁོང་ཚོ་འབྲེལ་བ་དམ་ཟབ་ཡོད་པ་རེད། ཁོང་ལ་རྗེས་ནས་བསྲུང་མཁན་འདྲ་བོ་རྒྱ་གར་ནས་རྒྱུན་མ་ཆད་བྱུང་ཚུལ་གསུང་འདུག གང་ས་གང་ལ་བལྟས་ན་ཁོང་ལ་གསར་བརྗེའི་སྙིང་སྟོབས་དེ་ཡོད་པ་རེད། དེ་དུས་དམར་ཤོག་ལ་ལྟ་གྲུབ་ཡིད་འཕྲོག་ཡག་འདྲ་བོ་ཡོད་པ་རེད། དེ་འདྲའི་གནས་ཚུལ་ཞིག་གིས་རྐྱེན་མིན་འགྲོ་བསམ་པ་ཡོད། འདི་སྐོར་ཐག་ཆོད་རྒྱུ་ཡོད་མ་རེད། ཐག་ཆོད་རྒྱུ་ཡོད་པ་དེ་མཐུན་སྒྲིལ་གྱི་དོན་དུ་ག་རེ་ཡིན་ན་བློས་གཏོང་ཐུབ་པ་ཞིག་བྱེད་རྒྱུ་དེ་རང་ཐག་རང་གི་ཨི་ཆོད་ལྟ་ནས་གཅོད་དགོས་པ་རེད།
བརྒྱ་བཤད་ཚིག་གི་རྩ་བ་དེ་གང་ཡིན་ཟེར་ན། རྙིང་མ་བཀའ་རྒྱུད་པས་སྐྱབས་རྗེ་ཕ་བོང་ཁ་པ་བདུད་རེད་ཟེར་བ་དོན་དངོས་ཡོད་རེད། རྙིང་མ་བཀའ་བརྒྱུད་སོགས་ཀྱི་སྟེང་ལ་ཕར་རྒོལ་བྱེད་མཁན་དེ་སྐྱབས་རྗེ་ཕ་བོང་ཁ་པ་རེད། རྙིང་མ་བཀའ་བརྒྱུད་པས་རང་རང་དང་རང་རང་གི་ཆོས་ལུགས་རྩ་མེད་གཏོང་མཁན་དེ་ལ་བདུད་ཟེར་དང་ཟེར། དེ་ཟེར་མི་རུང་ལབ་ན་སུ་ཡིན་ཡང་ཡིད་རྟོན་ཐུབ་ཁག་པོ་རེད།
འཇམ་དབྱངས་མཁྱེན་བརྩེ་་ཆོས་ཀྱི་བློ་གྲོས་ཀྱིས་ཡོངས་འཛིན་ཨ་ལགས་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་ཕུལ་བའི་ཡིག་འཕྲིན་དུ་ཡང་། ཕ་བོང་ཁ་པ་དང་ཁོང་གི་རྗེས་འབྲངས་ཚོས་སློབ་དཔོན་པདྨའི་སྐུ་འདྲ་བཤིགས་པ་དང་། པདྨ་བཀའ་ཐང་སོགས་མེ་ཆུར་སྦྱངས་པ་སོགས་སྨྱོ་སྤྱོད་མང་པོ་བྱས་ཚུལ་གསལ་འདུག ཕ་བོང་ཁ་པས་ཀྲུའུ་ཨེར་ཧྥུང་ལ་བསྐུར་བའི་ཡིག་འཕྲིན་དེ་ནི་རྡ་ས་ནས་པར་བསྐྲུན་བྱས་པའི་དོལ་རྒྱལ་བཀག་འགོག་སྐོར་གྱི་དེབ་ནང་ལ་ཡང་བཏོན་འདུག
སྤོབས་པ་དང་dhoshul གཉིས་ལོ་རྒྱུས་དང་འབྲེལ་ནས་རྩོད་པ་འདི་ལ་དགའ་བསུ་ཡོད་་་་འོན་ཀྱང་ལོ་རྒྱུས་ཁུངས་བཙན་པོ་དེ་འདྲའི་རྒྱབ་བརྟེན་ཅང་ཡོད་ས་མ་རེད་་་དཔེ་ཁུངས་སོགས་གང་ཡང་མེད་པར་ཅིག་ཅིག་ཟེར་ནས་བཤད་ཀྱིན་འདུག གང་ལྟར་ནམ་རྒྱུན་རང་གི་ཆོས་རྒྱུད་ལ་ཅིག་ཤོད་དུས་་་ཁྱི་ཐོང་ཀླད་སྟོང་ཟུག་ཟུག་བྱེད་མཁན་དེ་རིགས་འཇམ་ཅགས་སེ་རིག་ས་མཐོང་སར་མི་འདུག་ག་་་ཁག་གང་ཡོད་རང་ལ་མེད་དུས།
སྤོབས་པ་ལགས། ༼རྙིང་མ་བཀའ་རྒྱུད་པས་སྐྱབས་རྗེ་ཕ་བོང་ཁ་པ་བདུད་རེད་ཟེར་བ་དོན་དངོས་ཡོད་རེད། རྙིང་མ་བཀའ་བརྒྱུད་སོགས་ཀྱི་སྟེང་ལ་ཕར་རྒོལ་བྱེད་མཁན་དེ་སྐྱབས་རྗེ་ཕ་བོང་ཁ་པ་རེད།༽ ཅེས་པར། རྗེ་ཕ་བོང་ཁ་པས་རྙིང་མ་བཀའ་རྒྱུད་ལ་ཕར་རྒོལ་བྱས་ཚུལ་དེ་དང་འདི་ཞིག་མ་བཤད་པར་ཕར་རྒོལ་ཞེས་པའི་ཚིག་སྡོམས་དེས་གོ་བརྡ་འཕྲོད་པ་མི་འདུག། ༼རྙིང་མ་བཀའ་བརྒྱུད་པས་རང་རང་དང་རང་རང་གི་ཆོས་ལུགས་རྩ་མེད་གཏོང་མཁན་དེ་ལ་བདུད་ཟེར་དང་ཟེར།༽ཅེས་པར། རྙིང་མ་བཀའ་རྒྱུད་པའི་ཆོས་ལུགས་རྩ་མེད་སུས་བཏང་བ་རེད། རྩ་མེད་གཏོང་རྒྱུ་མ་ཆོས་ལུགས་དེ་གང་རེད་དམ། རྩ་མེད་བཏང་ཚུལ་དེ་ཡུལ་དང་དུས་གནས་སྟངས་དང་བཅས་པ་གསལ་གསལ་དག་དག་ཞིག་མེད་པར་གཅིག་གཅིག་གིས་གསུང་གིན། གཉིས་གཉིས་ཀྱིས་བཤད་ཀྱིན། ཞེས་གྲོང་འདབ་ཀྱི་སྐད་ཆ་ལྟ་བུ་དེས་ས་གོ་ཆད་རྒྱུ་མ་རེད།
༼འཇམ་དབྱངས་མཁྱེན་བརྩེ་་ཆོས་ཀྱི་བློ་གྲོས་ཀྱིས་ཡོངས་འཛིན་ཨ་ལགས་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་ཕུལ་བའི་ཡིག་འཕྲིན་དུ་ཡང་། ཕ་བོང་ཁ་པ་དང་ཁོང་གི་རྗེས་འབྲངས་ཚོས་སློབ་དཔོན་པདྨའི་སྐུ་འདྲ་བཤིགས་པ་དང་། པདྨ་བཀའ་ཐང་སོགས་མེ་ཆུར་སྦྱངས་པ་སོགས་སྨྱོ་སྤྱོད་མང་པོ་བྱས་ཚུལ་གསལ་འདུག༽ ཞེས་པར། ཕ་བོང་ཁ་དང་ཁོང་གི་བུ་སློབ་སུ་ཡིས་སློབ་དཔོན་པདྨའི་སྐུ་བཤིགས་པ་དང་། པདྨ་བཀའ་ཐང་མེ་ཆུར་སྲེགས་གཡུགས་བྱས་པ་རེད། དེ་དག་ས་ཕྱོགས་གང་དང་དགོན་སྡེ་གང་གི་མཆོད་རྫས་རེད། གལ་སྲིད་གཞག་ཟེར་རྗེས་འབྲང་པ་ཞིག་མིན་ན། དངོས་ར་འཕྲོད་པའི་བཤད་རྒྱུ་དང་སྟོན་རྒྱུ་ཞིག་ཅང་མེད་པའི་ཡ་ཡར་དང་མ་མར་ཞེས་བཤད་པས་དེང་སྐབས་མིས་ཚད་འཛིན་བྱེད་ཀྱི་མ་རེད།།
གཞན་ཟེར་རྗེས་འབྲང་ལ་བཅོས།
གང་ལྟར་ཡར་ལང་ན་མགོ་རྡབ། མར་སྡད་ན་རྐུབ་རྡབ། བསམ་བློའི་རང་དབང་ཡོད་མ་མྱོང་བའི་རྨོང་དད་རིང་ལུགས་ཁ་བ་གངས་ཅན་པ་ཨ་ཁ། མི་ལོ་ལྔ་བཅུར་ཆོས་སྲིད་ཟུང་འབྲེལ་ཟེར་ནས་སྡད། ཆོལ་གསུམ་དང་ཆོས་ལུགས་བརྩད། རང་བཙན་དང་དབུ་མ་བརྩད། ལྷ་དང་འདྲེ་བརྩད། ཆོས་དང་གང་ཟག་བརྩད། བརྒྱུད་པ་བརྒྱུད་པ་ཟེར། བླ་མ་ལ་ནོར་འཕྲུལ་ཡོད་རབ་བཤད། དེའི་གསུངས་ལ་མངོན་པར་བསྟོད། ད་ང་ཚོ་ག་རེ་ལ་གཞི་འཛིན་འགན་ཁུར་གནང་རོག མི་དམངས་ཀྱི་སེམས་ཁམས་ལ་དོ་ཁུར་གནང་རོག བརྩེད་མོ་མ་བརྩེ་ལོ།
མི་ལོ་བརྒྱད་བརྒྱའི་རིང་གི་དུས་ཡུན་ནང་།
བསྟན་པ་གཅིག་གི་རྗེས་འཇུག་ཆོས་རྒྱུད་ཚོས།
རང་རང་སོ་སོའི་མངའ་ཐང་རྒྱས་ཕྱིར་དུ།
ཤི་གསོན་ཁྲག་གི་འཁོར་ལོ་སྐོར་བ་མང་།
བོན་པོ་རྙིང་མ་ས་སྐྱ་བཀའ་བརྒྱུད་དང་།
ཇོ་ནང་དགེ་ལུགས་ལ་སོགས་ཆོས་རྒྱུད་ལྔ།
གངས་ཅན་བོད་ལ་བྱུང་བའི་ལོ་རྒྱུས་འདིར།
བལྟས་ན་སྐྱུག་མེར་ལངས་བའི་ལོ་རྒྱུས་རེད།
ཆོས་རྒྱུད་སོ་སོའི་དབང་ཐང་རྒྱས་ཕྱིར་དུ།
གངས་ཅན་བོད་ཀྱི་ཡུལ་དུ་གྲྭ་ཁྲལ་བསྡུས།
བོད་ཀྱི་མི་འབོར་ཉུང་རེ་ཉུང་རེར་ཕྱིན།
གྲངས་ཉུང་མི་རིགས་ཆགས་པ་འདི་ཡི་སྐྱོན།
བླ་སྤྲུལ་སོ་སོའི་གོ་གནས་བརྟན་ཆེད་དུ།
ཕར་ཕྱོགས་སོག་པོའི་དཔོན་ལ་མགོ་འབུལ་ཞུས།
མར་ཕྱོགས་ནག་པོའི་རྒྱ་ལ་ལུས་འབུལ་ཞུས།
མགོ་ལུས་གཞན་ལ་ཤོར་དོན་དེ་ནས་བྱུང་།
གངས་རིའི་བླ་སྤྲུལ་སྐྱབས་གནས་དམ་པ་ཚོས།
རྒྱ་དམག་སོག་དམག་བོད་ལ་ཁྲིད་ནས་བསླེབས།
ཉམ་ཆུང་བོད་མི་ར་ལུག་གསོད་གསོད་བྱས།
རང་ཡུལ་དགྲ་ལ་ཤོར་དོན་དེ་ནས་བྱུང་།
གངས་ཅན་བོད་ལ་དར་བའི་ཆོས་རྒྱུད་ཚོས།
དམྱལ་བ་བཤད་ནས་སེམས་ལ་འཇིགས་སྐུལ་བྱས།
གོ་མཚོན་ཕྱར་ནས་ལུས་ལ་འཇིགས་སྐུལ་བྱས།
ལུས་སེམས་རང་དབང་ཤོར་དོན་དེ་ནས་བྱུང་།
མི་རྗེ་འདྲེ་རུ་སྒྱུར་བའི་ཆོས་པ་ཚོས།
རྒྱལ་པོའི་མགོ་ལ་གླང་རྭ་བཙུགས་པ་དང་།
བློན་པོའི་རྐུབ་ལ་འདྲེའི་རྔ་བཏགས་བྱས་ནས།
རྒྱལ་ཁབ་སིལ་བུ་ཐོར་དོན་དེ་ནས་བྱུང་།
ཁ་ནས་བཤད་དུས་བདག་འཛིན་སྤང་དགོས་གསུངས།
ལག་ལེན་ཐོག་ཏུ་བོད་ཀྱི་བདག་དབང་འཛིན།
ཁ་དང་ལག་གཉིས་འགལ་བའི་ཆོས་པ་ཚོས།
རྒྱུ་འབྲས་མགོ་གཏིང་བསློགས་དོན་དེ་ནས་བྱུང་།།
ཆོས་ལུགས་ཆོས་རྒྱུད་ཚོས་ཤ་ཁོན་རྩོད་རོགས་བྱོས།་་་བོད་མི་རིགས་རྩ་མེད་བཟོ་ཚར་ཚར་བར་དུ་རྩོད་རོགས།་་་སྔ་ནས་ད་ལྟའི་བར་དུ་ཁྱོད་ཚོས་འདི་འདྲ་རྐྱང་བྱས་ནས་བོད་མི་རིགས་ཕུང་ལ་སྦྱར་བ་རེད། ལྷ་རྩོད། འདྲེ་རྩོད། ལྟ་བ་རྩོད། གྲུབ་མཐའ་རྩོད། གྲྭ་རྒྱུན་རྩོད། ཡོན་བདག་རྩོད། མཆོད་གཞི་རྩོད། བཀོར་ཕོར་རྩོད།་་་་ཁྱོད་ཚོས་བོད་མི་རིགས་འདི་ལ་བདེ་སྐྱིད་ཡོང་བཅུག་གི་མ་རེད། ཕུང་རྒན་ཚོ། ངོ་མ་སྐྱུག་མེར་ལངས་ཀྱི་འདུག ཁྱོད་རང་ཚོའི་སེམས་ཁམས་ཀྱི་ང་རྒྱལ་ལ་ལྟོས་དང་། བྲིས་པའི་ཚིག་ལ་ལྟོས་དང་། དུས་རྟག་ཏུ་ཆོས་ལུགས་ཆོས་རྒྱུད་ཀྱི་དོན་དུ་སྨྱོ་དྲག་བྱས་བསྡད་མཁན་དང་་་་་་་་ཆོས་ལུགས་ཆོས་རྒྱུད་དང་ཐུག་དུས་མི་རིགས་ཀྱི་བརྩེ་སེམས་ཁྱིའི་སྐྱག་གཡུགས་གཡུགས་བྱས་མཁན་ཁྱོད་ཚོ་ལ་སྐྱུག་མེར་ལངས་གི་འདུག་་་་་་་་་་་་་
མདོ་ཅོ་སོགས་ཁྱི་རྒན་འདི་ཚོས། ༧གོང་ས་བཅུ་གསུམ་པའི་མཚན་ཙམ་ཡང་གླིང་མི་འདུག
གླེང་མི་འདུག
སྤོབས་པ་དང་ཀླུ་སྨྱོན་ལ་ལན་ཐུང་ངུ་ཞིག་འདེབས་པ་ལ།
ཤུགས་ལྡན་བསྟེན་ཚད་སངས་རྒྱས་བསྟན་པའི་དགྲ་ཡིན་ཟེར་ན། གོང་ས་མཆོག་ཡང་ཤུགས་ལྡན་བསྟེན་མྱོང་བས། ཁྱེད་ཚོས་དེ་ལ་གཡོལ་མ་བསྡད་པར་འགྲེལ་བཤད་ཤིག་རྒྱོབ་དང་། ཀླུ་སྨྱོན་གྱིས་ཕ་ཁྲི་གཉིས་ཤུགས་ལྡན་བསྟེན་པར་དཔའ་དར་དང་གངས་སྐལ་གཉིས་ཤུགས་ལྡན་བསྟེན་པར་སྡུག་རབས་མ་ཤོད་ཟེར། གོང་མཚུངས་བཞིན། གོང་ས་མཆོག་གིས་ཤུགས་ལྡན་བསྟེན་པ་འདི་ལ་ཁྱོད་གཉིས་ཁ་ལ་རྡོ་རྗེས་བཀག་པ་རེད་པས། ཕྱི་གསལ་ནང་གསལ་དང་འགལ་འདུ་མེད་པ་བྱེད་དགོས་ན། ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ནས་ཤོད་དང་།
སྤོབས་པ་དེ་སྔོན་མ་ཕྱི་ཚུལ་ལ་བོད་མི་རིགས་ལ་ཤ་ཚ་ཡོད་མཁན། རིགས་པ་སྨྲ་བ་ཡིན་མདོག ཁྱོན་ཆེ་བའི་མི་རིགས་ཀྱི་ལ་རྒྱ་ཡོད་པའི་རྣམ་པ་ཞིག་བསྟན་སོང་། རྗེས་མ་ངར་ནས་ཡོང་ནས་གསང་སྔགས་ནང་ཆོས་ཁུངས་བརྟན་མ་རེད་ཟེར་ནས་གསང་སྔགས་ལ་དམའ་འབེབ་ཆེན་པོ་བྱས་སོང་། དེ་ནས་ད་ལྟ་རྙིང་མ་དང་བཀའ་བརྒྱུད་ལ་ཤ་ཚ་ཡོད་མདོག་གིས་དགེ་ལྡན་པར་མ་གསོད་མཁན་གྱི་དགྲ་ལྟར་མཆོངས་སོང་།
ཉིན་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ་ཟེར་བ་བཞིན། ག་ལེར་མདོག་ངོ་མ་འཐོན་བཞིན་འདུག ད་ནས་བོད་མི་རིགས་ལ་ཤ་ཚ་ཡོད་པའི་ངོ་གདོང་རྫུན་མ་དེ་འཁུར་མ་ཡོང་རོགས་སྤོབས་པ་ལགས། ཁྱོད་ལ་ཡོད་པ་འདི་ཆོས་ལུགས་ཀྱི་དུག་ནད། ཆོལ་ཁའི་གཟའ་ནད ། བདག་འཛིན་གྱི་སྨྱོ་ནད་ལས་གཞན་ཅི་མིན་འདུག
རང་གི་ཆོས་ལུགས་ཆོས་ཀྱི་མཆོག་ཏུ་བརྩིས། །རང་གི་བླ་མ་བླ་མའི་མཆོག་ཏུ་བསྒོམས། །རང་གི་གྲུབ་མཐའ་གྲུབ་མཐའི་ཚད་མར་བཟུང་། །རང་གི་ཆོས་རྒྱུད་ཆོས་ཁུངས་བཙུན་པར་རློམ། །བླ་མའི་ཆེད་དུ་སློབ་མས་འགལ་བ་སློང་། །ཆོས་ཀྱི་ཆེད་དུ་མི་གྲུབ་མཐས་དབྱེན་དཀྲུགས་སློང་། །བླ་མ་ཆོས་ལུགས་རྩོད་པའི་སྐྱ་སེར་ཚོས། །ཆོས་དང་གྲུབ་མཐའ་འཐབ་པའི་མཚོན་ཆར་བསྒྱུར། །ཆོས་ལུགས་གྲུབ་མཐའི་འགལ་བ་སླར་གསོ་བྱས། །ཆོལ་གསུམ་ནང་ཁུལ་འཁྲུག་པའི་རྐྱེན་ངན་སློང་། །བོད་འདི་ཆོས་སྲིད་གཉིས་ཀས་ཕུང་དཀྲུགས་ཏེ། །ཞོ་བཞིན་འཐུང་རྐྱང་བྱས་ནས་རྒྱ་ལག་ཞོག །
ངས་གོང་དུ་ཞུས་པ་བཞིན། ང་རང་ནི་གསར་རྙིང་གཉིས་ཀའི་བྱིན་བརླབས་ཐོབ་པའི་བོད་མི་ཉམས་ཆུང་ཞིག་ཡིན། ཞོགས་ལྟར་གུ་རུའི་ཚིག་བདུན་གསོལ་འདེབས་ཀྱིས་ཁ་དྲོད་མ་ཡལ་ཞིང་། རྗེ་རིན་པོ་ཆེའི་དམིགས་བརྩེ་མའི་སྒྲས་རྣ་བ་སྟོང་མྱོང་མེད་པའི་བོད་པ་དཀྱུས་མ་ཞིག་ཡིན། ང་ལ་མཚོན་ན་རྫོགས་ཆེན་གྱི་སྣང་བ་སེམས། སེམས་སྒྱུ་མ། སྒྱུ་མ་སྟོང་པ་དང་། ཐལ་འགྱུར་བའི་སྣང་བས་ཡོད་མཐའ་སེལ་བ་དང་སྟོང་པས་མེད་མཐའ་སེལ་བའི་སྟོང་པ་ཉིད་ཟེར་བའི་ལྟ་བར་འགལ་འདུ་ལྟ་ཅི་ཕན་ཚུན་གྲོགས་བྱེད་པར་འགྱུར་བས། དེ་ལས་ལྷག་པའི་ལྟ་བའི་གྲོགས་མ་རྙེད་ན། གསར་རྙིང་ལ་འགལ་འདུ་མིན་འདུག
ལྷག་པར་དུ་རྫོགས་ཆེན་པའི་ལྟ་བ་ཟབ་མོར་ཞུགས་པའི་སྐྱེས་ཆེན་ཚོས། སྔོན་འགྲོ་ནི་ལྟ་བ་འདིའི་སྐས་འཛེགས་ལྟ་བུ་དང་། དེ་ཡང་སྔོན་འགྲོའི་མ་ཕྱི་ལྟ་བུ་ནི་སེམས་ཅན་ལ་གཅེས་པ་འདི་རེད། ཆོས་རྒྱུད་གཞན་པ་ཚོའི་བླ་མར་དམའ་འབེབ་བྱས་ནས་ཆོས་རྒྱུད་དེའི་གྲངས་ལས་འདས་པའི་སློབ་མ་ཚོའི་ཡིད་ལ་རྨ་འབྱིན་པ་ནི་རྫོགས་ཆེན་པ་ཞིག་གི་ལས་བྱ་མིན།
བཀྲ་ཤིས་ཀྱིས་སྤོབས་ཀླུ་ལ་དྲིས་པའི་དྲིས་ལན་ནི་དཔེ་ལས་སླ་པོ་རེད།
ཕ་ཁྲི་གཉིས་ཀས་དོལ་རྒྱལ་ལ་སྲོག་ལུས་དབང་ཐང་ཚང་མ་བཅོལ་ཏེ་མི་ཚེ་གང་བོར་བརྟེན་པ་མ་ཟད་དོལ་རྒྱལ་དང་མཉམ་དུ་ཤི་སོང་བ་དང་ད་ལྟ་དོལ་འཁོར་ལ་སྐྱེས་ནས་བསྡད་ཡོད་པ་དེ་རེད།
༧གོང་ས་མཆོག་གིས་དོལ་རྒྱལ་བརྟེན་ཙམ་ཞིག་གནང་མྱངས་ན་ཡང་སྲོག་ལུས་དབང་ཐང་བཅོལ་བ་བལྟ་ཅི། དོལ་རྒྱལ་སྨོན་ལམ་ལོག་པའི་གདོན་འདྲེ་ཞིག་ཡིན་པ་དང་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་ཅན་ཞིག་ཡིན་པར་ར་སྤྲོད་བྱུང་ནས་གཏོར་མ་ཟོ་དོར་དང་བཅས་ཕ་མཐར་སྤྲད་ཏེ་སྤངས་ཚར་བ་རེད། དེ་གཉིས་ཀྱི་ཁྱད་པར་དེ་གསལ་བོ་ཤེས་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད།
ཅོ་རིས་ཡག་པོ་བྲིས་འདུག
ད་ཁྱོས་ཉོག་བཤད་མ་རྒྱག རྒྱལ་གླུ་ཚད་ལྡན་ཞིག་ཡིན་ན་རྒྱལ་ཁབ་དེའི་མི་དམངས་ལུང་སྟོན་དགོས་སམ་གང་ཟག་བྱེ་བྲག་པ་ཞིག་ལུང་སྟོན་དགོས།
རྒྱལ་གླུ་འདི་མོ་ཞིག་དྲྭ་ཐོག་ན་གཏོང་གྱིན་འདུག
༄། ཡུལ་གྱལ་སྒྲིག་འཛུགས་ཚོགས་པའི་རྒྱལ་གླུ།།
ཚེ་འདིར་གང་འདོད་བདེ་སྐྱིད་འབྱུང་བའི་གཏེར།
དམར་ཤོག་སྒྲོམ་གནས་འབྱོར་བའི་འོད་སྣང་འབར།
གཉིས་མིན་དབུ་ལམ་རྒྱ་སྒོར་སྡུད་པའི་མགོན།
རྒྱ་དམར་གྱི་དར་དམར་འཕྱར།
ནག་པོའི་སེམས་སུ་གནས་པས་འཁོར་ཀུན་འབུར་འཇོམས་བྱེད།
བོད་གཞུང་དགའ་ལྡན་ཕོ་བྲང་ཤུལ་མེད་ས་ལ་བརྡབས།
གུང་ཁྲན་གཞུང་ལ་འགོ་འདོགས་ཞུས།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་རང་ལུས་མེར་བསྲེགས་དར་སྤེལ་བྱས།
ཆོས་སྲིད་ཀྱི་དཔལ་ཡོན་བསུབ།
གསར་བརྗེ་ལྐོག་ནས་སྤེལ་བས་འཛམ་གླིང་ཡིབ་པའི་བོད་འབངས་སྒེར་གཅོད་ཁྲིམས་ལ་སྦྱོར།
གངས་ལྗོངས་སྐྱེ་འགྲོའི་སྡུག་བསྔལ་འོ་དོད་ཀྱི།
ངུ་འབོད་སྒྲ་བརྒྱ་འབུམ་དུ་གཡོས་པའི་གཟིས།
དབུ་ལམ་རང་བཙན་གཡུལ་ལས་རྒྱལ་གྱུར་ཅིག། །
ཕྱི་གསལ་ནང་གསལ་ནས་བྲིས།།
གླག་རྒོད་ཀྱིས་སྤོབས་ཀླུའི་ཚབ་བྱས་ནས་ལན་བསྟེར་བ་འདི་ཐུགས་རྗེ་ཆེ། ང་རང་དོལ་རྒྱལ་བསྟེན་མ་མྱོང་ལ་དོལ་རྒྱལ་སྔོན་མ་ནས་གོང་ས་ལྔ་པའི་སྐབས་ནས་འཚར་བཅད་ཟིན་པས་དེའི་རྣམ་ཤེས་སྒྲོལ་ཟིན། ལྟ་བ་འདི་བདག་ཚོ་རྙིང་མའི་རྩོད་མེད་ཀྱི་བླ་མ་ཚོའི་དགོངས་པ་རེད། ཞིབ་པར་བྱ་བྲལ་རིན་པོ་ཆེའི་གསུང་ལ་གཟིགས།
འོན་ཀྱང་རིགས་པ་སྨྲ་བར་དགའ་བས། ་ཁྱེད་ལ་འདྲི་བ་ཞིག་ཡོད། ཁྱེད་ཀྱིས་གསུངས་པ་བཞིན་ཕ་ཁྲི་གཉིས་དོན་འཁོར་ལ་སྐྱེ་ཡོད་ཟེར་ན།
ཕ་བོང་ཁ་པའི་སྤྲུལ་སྐུ་དེ་ད་ལྟ་བལ་ཡུལ་ལ་འདུག། དེ་ངོས་འཛིན་མཁན་རྒྱལ་བ་རིན་པོ་ཆེ་རེད། དེ་བཞིན་ཁྲི་བྱང་སྤྲུལ་སྐུའི་ཡང་སྲིད་དེ་ཡང་ངོས་འཛིན་མཁན་རྒྱལ་བ་རིན་པོ་ཆེ་རེད། ཁོང་ད་ལྟ་ཨ་རིར་འདུག ཁྱོད་ཀྱིས་ཤོད་སྟངས་ལྟར་ན་རྒྱལ་བ་རིན་པོ་ཆེས་སྤྲུལ་སྐུ་དེ་གཉིས་མིན་བཞིན་དུ་ངོས་འཛིན་འདུག་པས་དེ་ལ་ཇི་ལྟར་དགོངས།
དེ་བཞིན། ཁྱོད་ཀྱི་གསུངས་ལྟར་ཕ་ཁྲི་གཉིས་དོལ་འཁོར་ལ་སྐྱེས་ནས་མི་ལུས་ཐོབ་མེད་ན། ད་ལྟའི་སྤྲུལ་སྐུ་དེ་གཉིས་ཕ་ཁྲིའི་ཡང་སྲིད་མིན་པ་ཐལ། ཅིའི་ཕྱིར་གོང་ས་མཆོག་གིས་ཁོང་གཉིས་ལ་ཕ་ཁྲིའི་སྤྲུལ་སྐུའི་མིང་བཏགས་སམ།
དོན་འཁོར་ཞེས་པ་དོལ་འཁོར་ལ་བཅོས་རོགས།
དྲ་གྲོགས་ཅོ་རི་ཕེབས་པ་བཟང་་་་ཚིག་བཅད་དེ་གནད་ལ་ཕོག་པ་ཞིག་བྲིས་འདུག་་ཐུགས་རྗེ་ཆེ་ཞུ་འདོད་བྱུང།
ངའི་ཕ་ཡུལ་དུ་བཤད་རྒྱུན་ཞིག་ཡོད། ཨ་ལགས་སྨན་ཤུལ་ཟེར་བའི་བླ་མ་ཞིག་གིས་སྐུ་ཚེ་གང་བོར་དམར་གསུར་ཕུད་པ་རེད། ཁོ་ཤི་རྗེས་གཉེར་བས་བླ་མ་རྩ་ཆེན་ཞིག་ལ་ཡང་སྲིད་ངོས་འཛིན་བྱེད་རོགས་ཞུས་འདུག བླ་མ་དེས་ད་དུང་ལོ་ཁ་ཤས་ལ་སྒུགས་གསུངས། ལོ་ཤས་རྗེས་གཉེར་བས་ཡང་སྐྱར་ཞུས། བླ་མས་ད་དུང་ལོ་ཤས་སྒུགས་གསུངས། གཉེར་བར་ཨར་མ་བརྟེན་པར་ད་ངའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ན་བྱེད་རོགས། མི་བྱེད་ན་ནང་ཆེན་གཏོར་གྱི་ཡིན་ཞུས། བླ་མ་དེས་དབུགས་རིང་ཞིག་བཏང་རྗེས། ཨ་ལགས་སྨན་ཤུལ་གྱིས་ཚེ་གང་བོར་དམར་གསུར་བཏང་བས་ཁོ་དམྱལ་བ་རུ་སྐྱེས་འདུག དགོན་པ་འདི་ནམ་གནས་བར་དུ་དམྱལ་བ་ནས་མི་ཐར་གི དགོན་འདབས་འདི་རུ་སྤྲང་པོ་བཟའ་མི་གཉིས་ལ་བུ་ཆུང་ཞིག་ཡོད་པ་དེ་ཨ་ལགས་སྨན་ཤུལ་གྱི་ཡང་སྲིད་ཀྱི་མིང་ཐོགས་ལ་ཁྲི་ཁར་ཞོགས་དང་དེས་ཁྱོད་ཀྱི་འདོད་པ་བསྐང་ཡོང་གསུངས། གཏམ་རྒྱུད་འདིས་བླ་མའི་སྤྲུལ་སྐུ་མང་པོ་ཞིག་སྔོན་མ་དེའི་རྣམ་ཤེས་དེ་མ་ཐག་པ་ཞིག་མ་ཡིན་པར་སྤྱི་འཐུས་འདེམ་པ་བཞིན་གཅིག་གི་ཚབ་ལ་གཞན་ཞིག་ཡོང་བསྡད་པ་ཞིག་ཡིན་པ་ཤེས་པར་གྱིས།
ཨ་ལགས་སྨན་ཤུལ་གྱིས་དམར་གསུར་འབུལ་ས་དེ་ལྷ་སྲུང་དྲེགས་པ་སྟོབས་ཆེན་ཞིག་ཡིན་པ་དང་། ལུང་སྟོན་མཁན་དེ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཡིན་བསམས་སོང་།
རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ།། མདོ་སྨད་གཡེར་མོ་ཐང་གི་ཡུལ་ལྗོངས་སུ།། སྟོན་པའི་ཐུགས་ཀྱི་བསྟན་པ་སྤེལ་བའི་སླད།། བྱིས་པའི་གཟུགས་སུ་ཁྱོད་ཉིད་བལྟམས་པའི་ཚེ།། འཇིག་རྟེན་ཁམས་འདིར་བཀྲིས་ཉི་མ་ཤར།། དགེ་ལེགས་བྱེ་བས་བརྒྱན་པའི་ཙོང་ཁ་པ།། དགེ་བསྙེན་སྒྲུབ་པའི་སློབ་དཔོན་ཀརྨ་པས།། གཙུག་ཕུད་བཅད་ནས་མཐའ་བྲལ་དབུ་མའི་དོན།། འཁྲུལ་མེད་རྟོགས་པའི་རྟེན་འབྲེལ་མགོ་ནས་འགྲིགས།། ཞིང་འདིར་ཐུབ་བསྟན་འཛིན་པའི་ཐུགས་བསྐྱེད་དང་།། ལས་སྨོན་འབྲེལ་བའི་དོན་གྲུབ་རིན་ཆེན་མདུན།། གསང་བ་སྔགས་ཀྱི་སྨིན་གྲོལ་ནོད་པ་ཡིས།། གསང་ཆེན་བསྟན་པའི་བདག་པོའི་རྟེན་འབྲེལ་འགྲིགས།། ལུས་སྲོག་ཡལ་བར་དོར་ནས་དབུས་སུ་བགྲོད།། དགེ་བའི་བཤེས་གཉེན་གཞོན་ནུ་བློ་གྲོས་སོགས།། ཚུལ་བཞིན་བསྟེན་ནས་ཟབ་མོ་དབུ་མའི་དོན།། ཉིན་མཚན་བར་མེད་ཐོས་བྱུང་ཤེས་རབ་བསྐྱེད།། དེ་ནས་ཐོས་པའི་དོན་རྣམས་བསམ་བྱུང་གིས།། ངེས་པ་རྙེད་པའི་ཐབས་མང་ལ་བརྟེན་ནས།། འཁྲུལ་མེད་ངེས་པ་རྙེད་པའི་རྗེས་དཔག་གི།། ཚད་མ་ཐུགས་ལ་འཁྲུངས་པས་སྒྲོ་འདོགས་ཆོད།། བསམ་བྱུང་དོན་ལ་མཉམ་པར་བཞག་པ་ཡི།། ཏིང་འཛིན་གཡོ་མེད་བརྙེས་པའི་ལྟ་བ་ལ།། ཡང་ཡང་གོམས་པའི་ཚོགས་བསགས་དང་འབྲེལ་བའི།། གནས་ལུགས་རྟོགས་པའི་ཤེས་རབ་ཕྱོགས་མེད་རྒྱས།། རྟག་ཆད་ལྟ་བ་སྟོན་པའི་ཕྱོགས་ལྷུང་ཅན།། རང་ལྟ་མཆོག་འཛིན་གྲུབ་མཐའི་ཆགས་སྡང་གི།། བོད་ཡུལ་ཉམས་ངའི་གཡང་ལས་སྐྱོབ་པ་ཡི།། མཛད་རྗེས་འགྲན་མེད་མངའ་བའི་ཙོང་ཁ་པ།། མགོན་པོ་ཁྱོད་ཀྱིས་མཐའ་བྲལ་དབུ་མའི་དོན།། གསལ་བར་སྟོན་པའི་བསྟན་བཅོས་ཆེན་པོ་ལྔས།། སྟོང་དང་རྟེན་རྟེན་འབྱུང་འབྲལ་མེད་ཟུང་འཇུག་གི།། གནས་ལུགས་གསལ་བའི་ཕྱག་རྗེས་གླིང་འདིར་བཞག། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་འདུས་པའི་དོན།། སྔོན་ཆད་སུས་ཀྱང་གསལ་བར་མ་ནུས་པའི།། མཐའ་དྲུག་ཚུལ་བཞིས་གསལ་བར་མཛད་པ་ཡི།། བཀྲིན་དྲན་ན་དད་པའི་སྤུ་ལོང་གཡོ།། མ་རྒྱུད་འཁོར་ལོ་བདེ་མཆོག་རྒྱུད་ཀྱི་དོན།། གླིང་འདིར་མིང་གི་ལྷག་མ་ཙམ་གྱུར་ཚེ།། སྦས་དོན་ཀུན་གསལ་བསྐྱེད་རྫོགས་རིམ་གཉིས་ཀྱི།། དགོངས་དོན་གསལ་བའི་བསྟན་བཅོས་འདི་དག་རྣམས།། མཇལ་ན་ཡིད་དབང་མི་འཕྲོག་དཔྱོད་ལྡན་སུ།། ལྷོ་བྲག་མར་པའི་དགོངས་པ་གསལ་བྱེད་པའི།། ནཱ་རོ་ཆོས་དྲུག་གནད་རྣམས་མ་ནོར་བར།། དཔྱད་གསུམ་དག་པའི་ཡིད་ཆེས་གསུམ་ལྡན་གྱི།། ཁྲིད་ཀྱི་སྐལ་ལྡན་ཐར་པའི་ལམ་ལ་འཁྲིད།། མགོན་པོ་ཁྱེད་ཀྱིས་བསྟན་པའི་གོ་རིམ་ལ།། ཐོས་བསམ་མཛད་པའི་རྣམ་ཐར་འདུན་ལེགས་མ།། མཇལ་ན་འདུན་མ་ལེགས་པའི་བསླབ་བྱ་ཡིས།། སྐལ་པ་ལྡན་པའི་ཡིད་རབ་དབང་མེད་འཕྲོག །དེ་ལྟར་དང་བའི་ཡིད་ཀྱིས་ཁྱེད་དྲན་ནས།། དད་པའི་གདུང་དབྱངས་ཡི་གེའི་རིས་སུ་སྤེལ།། དགེ་བས་མར་གྱུར་ཁམས་གསུམ་འགྲོ་བ་རྣམས།། མགོན་པོ་ཁྱེད་ཀྱི་རྗེས་སུ་སློབ་པར་ཤོག། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པའི།། ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།། རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།། སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།། ཅེས་ལྔ་མཆོད་ཉིན་རྗེ་བླ་དྲན་ནས་ཡིད་སྐྱོ་བ་ཚད་མེད་པ་ཞིག་སྐྱེས་པས་གང་དྲན་ཐོལ་བྱུང་དུ་ཤར་མར་བྲིས་ནས་ལེགས་བཤད་སྤེལ་བའི་རྩོད་གྲོགས་རྣམས་ལ་རྗེ་བླ་མ་དྲན་པའི་རྟེན་གྱི་ལེགས་སྐྱེས་སུ་ཕུལ་བའོ།།
ངས་ལྷ་འདྲེ་བརྟེན་མ་བརྟེན་རྩོད་གི་མེད། ངས་ཕ་བོང་ཁ་པ་དང་ཁྲི་བྱང་གིས་མི་ལ་ཡག་པོ་བྱས་མ་བྱས་གླེང་གི་ཡོད། ཆོས་བསྒྲུབས་མ་བསྒྲུབས་ལྩོད་གི་མེད། རྒྱལ་ཁབ་འདི་དང་མི་རིགས་འདིའི་མདུན་ལམ་ལ་ཕན་གནོད་གང་བྱས་གླེང་གི་ཡོད། དགེ་ལུགས་པ་ལ་སྐྱོན་རྗོད་གི་མེད། ཁྲི་བྱང་དང་ཕ་བོང་ཁ་པ་གཉིས་ཀྱི་སྐྱོན་འདོན་གི་ཡོད། དེ་ཚོའི་ཁྱད་པར་མཁྱེན་པར་མཛོད།
ཁྲི་བྱང་རྒྱལ་བ་རིན་པོ་ཆེའི་དབུ་བླ་ཡིན་པས་ཡག་པོ་ཞིག་ཡིན་དགོས་པར་རློམ་པ་དེ་ན ཁྲི་བྱང་ནི་སྟག་བྲག་ཚོགས་པའི་རྒྱུག་ཁྱི་ཞིག་ལ་སེང་གེའི་མིང་བཏགས་པ་ཙམ་ལས་རྒྱལ་བ་རིན་པོ་ཆེས་བདམས་པ་མིན་ལ་རྭ་སྒྲེངས་རིན་པོ་ཚེའི་ཕྱོགས་གཏོགས་ཀྱིས་བསྐོས་པ་ཡང་མིན། འདི་སྟོན་པ་སངས་རྒྱས་ཀྱིས་མུ་སྟེགས་སློབ་དཔོན་བསྟེན་པ་དང་ཡང་མི་འདྲ། བཙན་པོ་དབང་ཡོད་ཀྱིས་བཞག་པ་ཡིན་པས་ནང་པ་སངས་རྒྱས་པའི་བཤེས་གཉེན་འཚོལ་སྟངས་དང་རྦད་དེ་དང་པོ་འགལ་བསྡད་ཡོད།
ད་མང་པོ་བཤད་མ་བཤད་མི་འདུག རྩོད་པ་ངོ་མ་དེ་འདི་ན་འདུག ལས་དཀར་པོས་བཤད་ན་དཀར་པོ་བདེན། །ནག་པོས་བཤད་ན་ནག་པོ་བདེན། http://www.youtube.com/watch?v=Ym4poCjzuHg
སྤོབས་པ་མཐའ་ཡས་ལགས། ངས་བསམ་ན་ཁྲི་བྱང་རིན་པོ་ཆེའི་བསྟན་པ་དང་བོད་པའི་བདེ་སྐྱིད་ལ་མཛད་རྗེས་འགྲན་བྲལ་མང་པོ་བཞག་པ་རེད། དེ་ནང་ནས་གང་ཆེ་ཤོས་དེ་ཕྱོགས་གཏོགས་ག་བ་ནས་བཞག་ཡོད་མི་ཤེས་ཕལ་ཆེར་ཚོད་ཚོད་འདྲ་བོ་མ་གཏོགས་ངེས་རྙེད་ཀྱི་ལོ་རྒྱུས་ཁག་པོ་རེད། འོན་ཀྱང་སྐུ་ཡོན་མཁྱེན་རྒྱ་ཆེ་བ་ཞིག་ཡིན་དུས་༸སྐྱབས་མགོན་རིན་པོ་ཆེ་ལ་བསླབ་པ་སློབ་གཉེར་ཚད་ལྡན་ཞིག་ཕུལ་ཞིང་ཐ་ན་ཚོགས་ཆོས་ཀྱི་དབུ་འཛུགས་སྟངས་མི་དང་འབྲེལ་བ་གནང་སྟངས་སོགས་གང་ས་གང་ནས་ཤུགས་རྐྱེན་ཆེན་པོ་ཐེབས་པ་གསལ་པོ་རེད། དེའི་དབང་གི་ད་ལྟ་ང་ཚོ་ལ་མི་ཡི་སྔོན་དུ་ངོམ་ཆོག་པ་དང་། འཛམ་བུ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་མཛད་པ་ཅན་འདི་བྱུང་བ་གསལ་པོ་རེད། སྐྱེ་འགྲོའི་བསོད་ནམས་ཟད་སྟོབས་ཀྱི་དོལ་རྒྱལ་གྱི་གླེང་རྙོག་དེས་རྙིང་མ་བཀའ་བརྒྱུད་རྣམས་ཏོག་ཙམ་མགུ་དཀའ་བ་བྱུང་ཡོད་པ་རེད། ཁྲི་བྱང་རིན་པོ་ཆེ་དང་༸ཀརྨ་པ་སྐུ་གོང་མ་གྲོགས་པོ་ཡིན་ས་རེད། གང་ལྟར་ན་ཁོང་གི་མང་དུ་ཐོས་པ་དང་ཐུགས་རྒྱུད་ཞི་དུལ་གྱི་སྤྱོད་པ། མདོ་སྔགས་ཀྱི་ཟབ་གནད་འཆད་པའི་བློ་གྲོས་དེས་རོ་མྱོང་ཤེས་མཁན་ཡིན་ན་ཡིད་འཕྲོག་པ་ཞིག་ཡོད་པ་གསལ་པོ་རེད། གཙོ་བོ་ལུང་རིགས་སྨྲ་བ་ཞིག་ཡིན་ན་གསུང་ལ་བརྟེན་ནས་གང་ཟག་དེ་ལེགས་མིན་དཔྱོད་དགོས་དུས་ཁོང་གིས་བརྩམས་པའི་བསྟན་བཅོས་ལ་བརྟེན་ནས་དཔག་དགོས་པ་རེད། ང་འདྲ་བོ་ལ་ཆག་བཞག་ན་དོལ་རྒྱལ་ཟེར་ཡག་འདྲ་བོ་ལྷ་འདྲེ་བཤད་པ་འདི་ཚོ་ལ་ཡིད་ཆེས་ཆེན་པོ་མེད་མཁན་གྲས་རེད། དེ་ཡིན་དུས་གང་ཟག་དེས་རྒྱུད་ཀྱི་མཁྱེན་བརྩེ་ནུས་པ་གཙོ་བོ་ལ་བརྩི་མཁན་ཞིག་ཡིན་པས་ཁོང་རྣམ་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་དེས་ང་ཚོ་ལ་རྒྱུ་སྔོན་སོང་གི་དུས་ངན་དེ་འདྲ་ཤར་སྐབས་ཉིན་མཚན་བར་མེད་ཀྱིས་༸སྐྱབས་མགོན་རིན་པོ་ཆེ་དང་མཉམ་དུ་སྐུ་ལས་བསྐྱོན་པ་རེད། སྔོན་དུ་དགེ་ཆོས་ལ་དགག་ལན་བརྩམས་པ་དེ་གསང་བ་གྱིས་གསུང་བ་དེ་ངས་བསམ་པ་ལ་ཕྱོགས་ཞེན་གྱིས་ཡིན་གྱི་མ་རེད། སྔ་ཕྱི་ལྟ་བའི་བཞེད་མཚམས་ལ་རྩོད་པ་ཡོད་ན་ཡག་པོ་ཡིན་དུས་ངེས་དོན་གྱི་ལུང་རིགས་སྤེལ་བའི་ཆེད་དུ་བསྐུལ་མ་གནང་ཡོད་གྱི་རེད། དེ་ལྟར་རྩོད་པ་གནང་དེའི་གནད་མི་གོ་མཁན་ཚོས་ཆོས་ལུགས་བར་དུ་ཆགས་སྡང་བསླངས་པ་འདྲ་བོ་ལ་གོ་འགྲོ་བས་སྐབས་དེར་དགག་བྱ་དང་དགོས་པའི་དབང་གིས་མཛད་ཡོད་པ་རེད། དེ་གསང་བ་གྱིས་གསུངས་པ་དེས་ཁྲི་བྱང་རིན་པོ་ཆེའི་༸སྐྱབས་མགོན་རིན་པོ་ཆེ་དང་བོད་ཀྱི་ཆོས་བརྒྱུད་བར་དུ་གལ་ཆེན་པོ་བརྩི་གི་ཡོད་པ་གསལ་པོ་རེད། དེ་མ་གཏོགས་བོད་ཀྱི་རྒྱལ་པའི་དབུ་བླ་རེད་མི་འཇིགས་པ་སེངྒེའི་སྒྲ་བསྒྲགས་ནས་ངོམ་ངོམ་བཟོ་ནས་བསྐུལ་བ་དང་བརྩམས་པ་སོགས་བྱ་ཆོག་པ་རེད། ཐུགས་གཤིས་འཇམ་ཤིང་མཐོ་དམན་སུ་བྱུང་ན་ཁྱད་པར་མེད་པའི་བྱམས་གཟིགས་ཚད་ལས་འདས་པ་གནང་མཁན་ཞིག་ཡོད་པ་རྒྱུས་ཡོད་ཚང་མ་ཁ་གཅིག་གྲགས་མ་གཏོགས་སྨད་པ་གཏོང་མཁན་མཐོང་མྱོང་མེད། ཆབ་སྲིད་པས་ཆོས་ལུགས་དང་སྦྲགས་ནས་ཁོང་ལ་མཚན་ཤས་འདྲ་མིན་བཟོས་ཡོད་ས་རེད་བསམ་པ་འདྲ་བོ་འདུག
དེ་རིང་རྗེ་བླ་མ་དགའ་ལྡན་དུ་གཤེགས་པའི་ཉིན་མོ་དང་། བར་དོར་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ་བརྙེས་པའི་དུས་ཆེན་རེད། ངས་སྨོན་ལམ་རེ་བཏོན་ནས་བསྡད་ཡོད། སང་ཉིན་ཁྱོད་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་ཡ།
ཡག་པོ་འདུག་ང་ཚོའི་དེ་འདྲ་བྱེད་དགོས་པ་རེད།
ཁྱེད་ཀྱི་མཛད་པ་དེ་རྗེས་སུ་ཡི་རང་ཞུ།།
དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན། རྗེ་བླ་མའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་མཆོད་མེ་བརྒྱ་ཚར་གཅིག་ཕུལ་རྗེས། དགའ་ལྡན་ལྷ་བརྒྱ་མ་དང་བླ་མཆོད་བདེ་སྟོང་དབྱེར་མེད། དཔལ་ལྡན་ས་གསུམ། རྟེན་འབྲེལ་བསྟོད་པ། ལམ་གཙོ་རྣམ་གསུམ། ལམ་རིམ་བསྡུས་དོན། རྟོགས་…བརྗོད་འདུན་ལེགས། ཐོག་མཐའ་བར་དགེ བདེ་སྨོན། གསང་འདུས་སྨོན་ལམ། བཟང་སྤྱོད་སྨོན་ལམ་བཅས་ཚིག་དོན་ལ་བསམ་བཞིན་ཚར་རེ་བཏོན་པ་ཡིན། ས་མཐའ་ནས་རྗེ་བདག་ཉིད་ཆེན་པོར་རྗེས་དྲན་བྱེད་སྟངས་འདི་ཙམ་ཡིན། དོ་དགོང་ད་དུང་རྗེའི་གསུང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལ་མུ་མཐུད་དུ་མཇལ་དགོས།
རྗེས་སུ་ཡི་རང་སྐྱེ་འོས་པ་ཞིག་ཀླུ་སྻྱོན་གྱིས་གནང་འདུག ངོ་མ་དེ་རེད་ཕ་བཟང་བུ་མ་འཆུག་ཐལ། ང་ཚོ་བོད་པ་ཚོས་དགེ་ལུགས་པ་ཞིག་ཡིན་ན་སློབ་དཔོན་རིན་པོ་ཆེ་དང་གསུང་རབ་དེ་ཚོ་ཀློག་པ་དང་དེའི་སྔོན་འགྲོ་འདྲ་བོ་གསར་རྙིང་མཚམས་སྦྱོར་གྱི་གནད་སྟོན་པའི་རྡོ་གྲུབ་བསྟན་ཉི་དང་། སྙན་དགོན་གསུང་རབ་ཀྱི་གསུང་དེ་ཚོ་ཀློག བློ་འཛིན་གང་ཐུབ་རྒྱག་ནས་ག་ལེར་བག་ཆག་ཞིག་མ་བཞག་ན་མ་གཏོགས་རིགས་པ་འདྲ་བོ་གཏོང་ནས་ལམ་སེང་ར་འཕྲོད་པ་དང་ཡིད་ཆེས་པ་མི་ཡོང་གསལ་པོ་རེད། དེ་ནས་མི་ཕམ་རིན་པོ་ཆེའི་གསུང་དབུ་མ་རྒྱན་འགྲེལ་དང་། འཇུག་འགྲེལ། རྩ་ཤེས་འགྲེལ་བ། དབུ་མའི་དཀའ་གནད་ཀྱི་ཟིན་བྲིས་དང། ངེས་སྒྲོན་སོགས་ཀློག་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད། ལམ་སེང་རྡོག་འདྲ་བོ་ཁག་པོ་རེད་འོན་ཀྱང་དེ་ཚོའི་མིང་ཤེས་པ་ཙམ་གྱིས་གོ་རྒྱ་ཆེ་རུ་འགྲོ་བ་རེད། མི་ཕམ་རིན་པོ་ཆེའི་རྗེ་ཡི་དགོངས་པ་དེ་སྔ་རབས་པ་བསྟུན་ནས་འགྲེལ་བཤད་མཛད་པ་ལ་ཁྱད་ཆོས་ཡོད་པ་དེ་ཚོའི་རོ་མྱོང་ཐུབ་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་བསྟན་པ་མི་ཕམ་རིན་པོ་ཆེའི་ཁུངས་མེད་ལུང་མེད་མ་ཡིན་པར་རྗེ་ཡི་སྔ་རྩོམ་གྱི་དགོངས་པ་དེ་མཐར་ཐུག་གི་ལྟ་བའི་ཟབ་དོན་ལ་འགྲེལ་བཤད་གནང་བ་དང། བོད་སྔ་ཕྱིའི་མཁས་པ་རྣམས་དགོངས་པ་རྣམས་མཐར་ཐུག་འགལ་མེད་དུ་སྒྲུབ་པའི་རིགས་འཕྲུལ་གྱི་གསང་གནད་རྣམས་གོ་ཐུབ་པ་ལ་ཡུན་རིང་དཔེ་ཀློག་དང་གོམས་འདྲེས་ཡོད་པ་ཞིག་མ་བྱས་ན་ལམ་སེང་གོ་ཐུབ་པ་མི་ཡོང་བ་དེ་ང་ཚོའི་ཉམས་མྱོང་གི་ར་འཕྲོད་ཐུབ་པ་རེད། ད་བཞིན་རྙིང་མ་སོགས་ཆོས་བརྒྱུད་གཞན་ཞིག་ཡིན་ན་རྗེ་ཡི་དབུ་མའི་བསྟན་བཅོས་ཆེན་པོ་ལྔ་དང། ཁྱད་པར་དུ་སྒྱུ་ལུས་རྩལ་དུ་བཏོན་ནས་བསྟན་པ་གསང་བ་འདུས་ཀྱི་སྐོར་ཟབ་ཅིང་རྒྱ་ཆེ་བ་སྔོན་ཆད་གངས་རིའི་ལྗོངས་ལ་སུས་ཀྱང་མ་ཐོན་པའི་ཁྱད་ཆོས་རྣམས་མཇལ་ཞིང་ཡིད་འཕྲོག་ཐུབ་པ་ཞིག་བྱུང་ན་དགོས་མེད་ཀྱི་ལབ་གླེང་འདིའི་རིགས་མིང་ཡང་མེད་པ་ཞིག་གི་ལེགས་སྐྱེས་མི་རབས་ཕྱི་མ་རྣམས་ལ་འབུལ་ཐུབ་ངེས་རེད། དེའི་ཆོས་བརྒྱུད་དག་མ་དག་དང་བླ་བརྒྱུད་གང་ཡིན་རྩད་གཅོད་མི་དགོས་པར་ཕན་ཐོག་འབྱུང་པ་མིག་མཐོང་ལག་ཟིན་དེ་༸གོང་ས་མཆོག་དཔེར་མཚོན་ལ་བཞག་ན་དེས་ར་འཕྲོད་ཡོང་བ་རེད། ཕྱོགས་རིས་ཆགས་སྔང་དག་དག་བརྩད་ན་ཕན་ཐོག་མེད་པའི་དཔེར་མཚོན་མཐོང་བཞིན་པ་རེད། དེ་བཞིན་གཡུང་དྲུང་བོན་གྱི་དཔེ་ཆ་དེ་ཚོ་ཀློག་ནས་གོ་བ་ལེན་ཐུབ་པ་ཞིག་བྱུང་ན་གནད་གཅིག་ལ་འབབ་པ་མཐོང་ཡོང་བ་རེད། བྱུང་སུ་སྔ་དང་དཔེ་སུས་བཅད་སོགས་ལ་རྩོད་པ་སོགས་ཐག་ཆོད་རྒྱུ་མེད་ལ་དོན་མེད་པའི་ཆགས་སྡང་སློང་བ་འདིས་ཕན་པ་མེད་པ་ང་ཚོས་ཉམས་མྱོང་ནང་ལ་ར་འཕྲོད་ཚར་བ་རེད། དེ་བཞིན་ཆོས་བརྒྱུད་གཞན་ཕྱི་རོལ་པ་ཚོས་སྟོན་པ་དང་དེའི་རྗེས་འབྲང་རྣམས་ལ་གུས་ཞབས་དང་ཁོང་ཚོས་རྒྱུད་ལ་ཕན་ཐོགས་བྱུང་ཡོད་པ་དེ་གོ་བའི་ཐོག་ནས་མཉམ་གནས་མཐུན་གཤིབ་ཡོངས་བ་དེ་གལ་ཆེན་པོ་ཡིན་པ་གསལ་པོ་རེད། སྐབས་རེ་བརྒྱུད་པ་མང་པོ་བཤད་པ་འདི་བླ་མ་ཚོས་ཀུན་སློང་ག་རེ་ཁུར་ནས་བཤད་ཡོད་ན་བསམ་ནས་དོགས་པ་རང་བཞིན་གྱིས་ཡོང་བ་ཞིག་རེད། དགོས་མེད་འདིའི་རིགས་དེ་བཞག་ན་ཤིན་ཏུ་ལེགས། ཆོས་ལུགས་གང་གི་བརྩི་མཐོང་འཇོག་པའི་བླ་མ་དེ་ལ་མང་པོའི་ནང་ནས་ཁྱད་དུ་ཐོན་པའི་ཡོན་ཏན་ཞིག་རང་རང་གི་ངོས་ནས་མཐོང་ཡོད་པས་མི་ཡི་སེམས་ཁམས་ལ་དོ་ཕོག་ཡོང་བའི་དེ་ལ་རྨ་འབེབས་དང་ཁྱད་གསོད་དགོས་མེད་རྣམས་ང་ཚོ་ནང་པའི་མིང་ཁུར་མཁན་ཚོའི་བྱ་མི་རུང་བ་ཞིག་རེད། འཛམ་བུ་གླིང་སྤྱི་ཡོངས་ཁྲིམས་ཀྱི་འགྲོ་སྟངས་བྱས་ན་རྩ་འགལ་དུ་སོང་ཡོད་པ་རེད།
འདིའི་སྐོར་ལ་དགེ་ཆོས་ཀྱི་ཉམས་མྱོང་རྒན་པོའི་འབེལ་གཏམ་ཞིག་དྲངས་ན།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།།
དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ།།
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞིས།།
རང་གི་བདེན་ཁ་རང་ལ་སྦྱིན་པ་འདི།།
རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ།།
མི་མཐུན་ཚོགས་ཀྱིས་མཐོང་ན་ཞེ་རེ་ཁྲེལ།།
འདི་ལ་འགྲེལ་བཤད་རེ་ཆག་སྡང་མི་སློང་བའི་གཟུར་གནས་ཀྱི་ཐོག་ནས་བསྐྱོན་དང་ཡག་པོ་འདུག
ཀླུ་སྨྱོན།་ལགས་ཀྱིས་མཆན་བཏབ་པ།:
December 27th, 2013 at 5:51 PM
དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན། རྗེ་བླ་མའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་མཆོད་མེ་བརྒྱ་ཚར་གཅིག་ཕུལ་རྗེས། དགའ་ལྡན་ལྷ་བརྒྱ་མ་དང་བླ་མཆོད་བདེ་སྟོང་དབྱེར་མེད། དཔལ་ལྡན་ས་གསུམ། རྟེན་འབྲེལ་བསྟོད་པ། ལམ་གཙོ་རྣམ་གསུམ། ལམ་རིམ་བསྡུས་དོན། རྟོགས་…བརྗོད་འདུན་ལེགས། ཐོག་མཐའ་བར་དགེ བདེ་སྨོན། གསང་འདུས་སྨོན་ལམ། བཟང་སྤྱོད་སྨོན་ལམ་བཅས་ཚིག་དོན་ལ་བསམ་བཞིན་ཚར་རེ་བཏོན་པ་ཡིན། ས་མཐའ་ནས་རྗེ་བདག་ཉིད་ཆེན་པོར་རྗེས་དྲན་བྱེད་སྟངས་འདི་ཙམ་ཡིན། དོ་དགོང་ད་དུང་རྗེའི་གསུང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལ་མུ་མཐུད་དུ་མཇལ་དགོས།
# 127 dhoshul་ལགས་ཀྱིས་མཆན་བཏབ་པ།:
December 27th, 2013 at 11:48 PM
རྗེས་སུ་ཡི་རང་སྐྱེ་འོས་པ་ཞིག་ཀླུ་སྻྱོན་གྱིས་གནང་འདུག ངོ་མ་དེ་རེད་ཕ་བཟང་བུ་མ་འཆུག་ཐལ། ང་ཚོ་བོད་པ་ཚོས་དགེ་ལུགས་པ་ཞིག་ཡིན་ན་སློབ་དཔོན་རིན་པོ་ཆེ་དང་གསུང་རབ་དེ་ཚོ་ཀློག་པ་དང་དེའི་སྔོན་འགྲོ་འདྲ་བོ་གསར་རྙིང་མཚམས་སྦྱོར་གྱི་གནད་སྟོན་པའི་རྡོ་གྲུབ་བསྟན་ཉི་དང་། སྙན་དགོན་གསུང་རབ་ཀྱི་གསུང་དེ་ཚོ་ཀློག བློ་འཛིན་གང་ཐུབ་རྒྱག་ནས་ག་ལེར་བག་ཆག་ཞིག་མ་བཞག་ན་མ་གཏོགས་རིགས་པ་འདྲ་བོ་གཏོང་ནས་ལམ་སེང་ར་འཕྲོད་པ་དང་ཡིད་ཆེས་པ་མི་ཡོང་གསལ་པོ་རེད། དེ་ནས་མི་ཕམ་རིན་པོ་ཆེའི་གསུང་དབུ་མ་རྒྱན་འགྲེལ་དང་། འཇུག་འགྲེལ། རྩ་ཤེས་འགྲེལ་བ། དབུ་མའི་དཀའ་གནད་ཀྱི་ཟིན་བྲིས་དང། ངེས་སྒྲོན་སོགས་ཀློག་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད། ལམ་སེང་རྡོག་འདྲ་བོ་ཁག་པོ་རེད་འོན་ཀྱང་དེ་ཚོའི་མིང་ཤེས་པ་ཙམ་གྱིས་གོ་རྒྱ་ཆེ་རུ་འགྲོ་བ་རེད། མི་ཕམ་རིན་པོ་ཆེའི་རྗེ་ཡི་དགོངས་པ་དེ་སྔ་རབས་པ་བསྟུན་ནས་འགྲེལ་བཤད་མཛད་པ་ལ་ཁྱད་ཆོས་ཡོད་པ་དེ་ཚོའི་རོ་མྱོང་ཐུབ་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་བསྟན་པ་མི་ཕམ་རིན་པོ་ཆེའི་ཁུངས་མེད་ལུང་མེད་མ་ཡིན་པར་རྗེ་ཡི་སྔ་རྩོམ་གྱི་དགོངས་པ་དེ་མཐར་ཐུག་གི་ལྟ་བའི་ཟབ་དོན་ལ་འགྲེལ་བཤད་གནང་བ་དང། བོད་སྔ་ཕྱིའི་མཁས་པ་རྣམས་དགོངས་པ་རྣམས་མཐར་ཐུག་འགལ་མེད་དུ་སྒྲུབ་པའི་རིགས་འཕྲུལ་གྱི་གསང་གནད་རྣམས་གོ་ཐུབ་པ་ལ་ཡུན་རིང་དཔེ་ཀློག་དང་གོམས་འདྲེས་ཡོད་པ་ཞིག་མ་བྱས་ན་ལམ་སེང་གོ་ཐུབ་པ་མི་ཡོང་བ་དེ་ང་ཚོའི་ཉམས་མྱོང་གི་ར་འཕྲོད་ཐུབ་པ་རེད། ད་བཞིན་རྙིང་མ་སོགས་ཆོས་བརྒྱུད་གཞན་ཞིག་ཡིན་ན་རྗེ་ཡི་དབུ་མའི་བསྟན་བཅོས་ཆེན་པོ་ལྔ་དང། ཁྱད་པར་དུ་སྒྱུ་ལུས་རྩལ་དུ་བཏོན་ནས་བསྟན་པ་གསང་བ་འདུས་ཀྱི་སྐོར་ཟབ་ཅིང་རྒྱ་ཆེ་བ་སྔོན་ཆད་གངས་རིའི་ལྗོངས་ལ་སུས་ཀྱང་མ་ཐོན་པའི་ཁྱད་ཆོས་རྣམས་མཇལ་ཞིང་ཡིད་འཕྲོག་ཐུབ་པ་ཞིག་བྱུང་ན་དགོས་མེད་ཀྱི་ལབ་གླེང་འདིའི་རིགས་མིང་ཡང་མེད་པ་ཞིག་གི་ལེགས་སྐྱེས་མི་རབས་ཕྱི་མ་རྣམས་ལ་འབུལ་ཐུབ་ངེས་རེད། དེའི་ཆོས་བརྒྱུད་དག་མ་དག་དང་བླ་བརྒྱུད་གང་ཡིན་རྩད་གཅོད་མི་དགོས་པར་ཕན་ཐོག་འབྱུང་པ་མིག་མཐོང་ལག་ཟིན་དེ་༸གོང་ས་མཆོག་དཔེར་མཚོན་ལ་བཞག་ན་དེས་ར་འཕྲོད་ཡོང་བ་རེད། ཕྱོགས་རིས་ཆགས་སྔང་དག་དག་བརྩད་ན་ཕན་ཐོག་མེད་པའི་དཔེར་མཚོན་མཐོང་བཞིན་པ་རེད། དེ་བཞིན་གཡུང་དྲུང་བོན་གྱི་དཔེ་ཆ་དེ་ཚོ་ཀློག་ནས་གོ་བ་ལེན་ཐུབ་པ་ཞིག་བྱུང་ན་གནད་གཅིག་ལ་འབབ་པ་མཐོང་ཡོང་བ་རེད། བྱུང་སུ་སྔ་དང་དཔེ་སུས་བཅད་སོགས་ལ་རྩོད་པ་སོགས་ཐག་ཆོད་རྒྱུ་མེད་ལ་དོན་མེད་པའི་ཆགས་སྡང་སློང་བ་འདིས་ཕན་པ་མེད་པ་ང་ཚོས་ཉམས་མྱོང་ནང་ལ་ར་འཕྲོད་ཚར་བ་རེད། དེ་བཞིན་ཆོས་བརྒྱུད་གཞན་ཕྱི་རོལ་པ་ཚོས་སྟོན་པ་དང་དེའི་རྗེས་འབྲང་རྣམས་ལ་གུས་ཞབས་དང་ཁོང་ཚོས་རྒྱུད་ལ་ཕན་ཐོགས་བྱུང་ཡོད་པ་དེ་གོ་བའི་ཐོག་ནས་མཉམ་གནས་མཐུན་གཤིབ་ཡོངས་བ་དེ་གལ་ཆེན་པོ་ཡིན་པ་གསལ་པོ་རེད། སྐབས་རེ་བརྒྱུད་པ་མང་པོ་བཤད་པ་འདི་བླ་མ་ཚོས་ཀུན་སློང་ག་རེ་ཁུར་ནས་བཤད་ཡོད་ན་བསམ་ནས་དོགས་པ་རང་བཞིན་གྱིས་ཡོང་བ་ཞིག་རེད། དགོས་མེད་འདིའི་རིགས་དེ་བཞག་ན་ཤིན་ཏུ་ལེགས། ཆོས་ལུགས་གང་གི་བརྩི་མཐོང་འཇོག་པའི་བླ་མ་དེ་ལ་མང་པོའི་ནང་ནས་ཁྱད་དུ་ཐོན་པའི་ཡོན་ཏན་ཞིག་རང་རང་གི་ངོས་ནས་མཐོང་ཡོད་པས་མི་ཡི་སེམས་ཁམས་ལ་དོ་ཕོག་ཡོང་བའི་དེ་ལ་རྨ་འབེབས་དང་ཁྱད་གསོད་དགོས་མེད་རྣམས་ང་ཚོ་ནང་པའི་མིང་ཁུར་མཁན་ཚོའི་བྱ་མི་རུང་བ་ཞིག་རེད། འཛམ་བུ་གླིང་སྤྱི་ཡོངས་ཁྲིམས་ཀྱི་འགྲོ་སྟངས་བྱས་ན་རྩ་འགལ་དུ་སོང་ཡོད་པ་རེད།
ཀརྨ་པ་སྐུ་གོང་མ་སྐུ་བསོད་ཆེན་པོ་རེད། ཡིན་ན་ཡང་། ཁྲི་བྱང་དང་གྲོགས་པོ་མཛད་པ་དེས་གྱོང་མ་གཏོགས་ཁེ་བཟང་གང་ཡང་ཐོབ་མེད། ཐ་ན་འདས་སྟངས་ཚུན་དོག་པ་སྐྱེ་བ་ཞིག་བྱས་ནས་གྲོངསབ་རེད།
དོན་དངོས་ལྟར་བྱས་ན། ཕ་བོང་ཁ་བར་སྐུ་ཚེ་སྟོད་དུ་སྐུ་ཕྲེང་བཅུ་གསུམ་པས་མཐོང་སྤྲད་འདུག བར་སྐབས་ཤིག་ནས་བཀའ་འགྱུར་ཞུ་དག་སྐབས་ཀྱི་མཛད་སྤྱོད་ལ་སྐུ་ཕྲེང་བཅུ་གསུམ་པས་བཀའ་བཀྱོན་བྱུང་དུས། དབུས་སུ་སྡོད་མ་ཐུབ་པར་མདོ་ཁམས་སུ་ཕྱིན་ཏེ་དོལ་རྒྱལ་ཁྱབ་སྤེལ་བྱས། དོལ་རྒྱལ་ཁྱབ་སྤེལ་བྱེད་པ་ནི་སྐུ་ཕྲེང་བཅུ་གསུམ་འཁོན་ལན་སློག་ཆེད་ཡིན། དོལ་རྒྱལ་བསྟན་ན་དགེ་ལུགས་ལས་གྲུབ་མཐའ་གཞན་ལ་སྡང་བ་འདིས། སྐུ་ཕྲེང་བཅུ་གསུམ་པས་༸གོང་ས་ལྔ་བ་ཆེན་པོ་བཞིན་བོད་ཀྱི་བསྟན་པ་ཐམས་ཅད་ཀྱི་བདག་པོ་གྱུར་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་ཆེན་བསྒྲུབ་རྒྱུར་བར་ཆད་དུ་འགྲོ་བས་ཡིན། མདོར་ན་དོལ་རྒྱལ་ཁྱབ་སྤེལ་བྱེད་སྲོལ་དེ་བོད་ཀྱི་ཆོས་གཉིས་ཀྱི་བདག་པོས་མཛད་འཕྲིན་རྒྱས་རྒྱུར་འགོག་རྐྱེན་ཡོང་བས་ཡིན་སྐོར་དམ་པ་ཁག་ཅིག་གི་ཐུགས་ན་ཡོད། ལར་ནས་དོལ་རྒྱལ་གྱི་ལོ་རྒྱུས་གཞན་ཞིག་ནི་བླ་ཆེན་དགོངས་པ་རབ་གསལ་གྱིས་མ་སངས་སྤུན་དགུ་དམ་འདོགས་སྐབས་གཅིག་ཤོར་བ་དེ། རྗེས་སོར་གོང་ཁཱང་ཤིའི་སྐྱེས་བ་བླངས་ཤིང་། དེས་མདོ་སྨད་ཀྱི་བླ་མ་ག་ཚོད་ཀྱི་དབུ་དུས་གཅིག་ལ་བཅད་པ་དང་། དགོན་ཆེན་ཅི་ཙམ་ཞིག་མེ་སྲེག་བཏང་བ་ལོ་རྒྱུས་སུ་གསལ། དེའི་རྗེས་ཤུལ་ནོན་པའི་ཆེད་སྐྱང་རྐྱ་རྡོ་རྗེ་འཆང་གི་སྐུ་རབས་གཅིག་བསམ་བཞིན་རྒྱ་ནག་བཞུགས། ཁཱང་ཤི་དེ་ཉིད་དོལ་རྒྱལ་ཚུད་དུ་བྱུང་བ་ཡང་ཡིག་ཆ་མཐོང་ཡོད། དོལ་རྒྱལ་འབབ་དུས་རྒྱ་སྐད་བཤད་པའང་དོན་དེ་འདྲ་ཡིན་སྐད།
དོན་དངོས་ལྟར་བྱས་ན། ཕ་བོང་ཁ་བར་སྐུ་ཚེ་སྟོད་དུ་སྐུ་ཕྲེང་བཅུ་གསུམ་པས་མཐོང་སྤྲད་འདུག བར་སྐབས་ཤིག་ནས་བཀའ་འགྱུར་ཞུ་དག་སྐབས་ཀྱི་མཛད་སྤྱོད་ལ་སྐུ་ཕྲེང་བཅུ་གསུམ་པས་བཀའ་བཀྱོན་བྱུང་དུས། དབུས་སུ་སྡོད་མ་ཐུབ་པར་མདོ་ཁམས་སུ་ཕྱིན་ཏེ་དོལ་རྒྱལ་ཁྱབ་སྤེལ་བྱས། དོལ་རྒྱལ་ཁྱབ་སྤེལ་བྱེད་པ་ནི་སྐུ་ཕྲེང་བཅུ་གསུམ་པར་འཁོན་ལན་སློག་ཆེད་ཡིན། དོལ་རྒྱལ་བསྟེན་ན་དགེ་ལུགས་ལས་གྲུབ་མཐའ་གཞན་ལ་སྡང་བ་འདིས། སྐུ་ཕྲེང་བཅུ་གསུམ་པས་༸གོང་ས་ལྔ་བ་ཆེན་པོ་བཞིན་བོད་ཀྱི་བསྟན་པ་ཐམས་ཅད་ཀྱི་བདག་པོ་གྱུར་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་ཆེན་བསྒྲུབ་རྒྱུར་བར་ཆད་དུ་འགྲོ་བས་ཡིན། མདོར་ན་དོལ་རྒྱལ་ཁྱབ་སྤེལ་བྱེད་སྲོལ་དེ་བོད་ཀྱི་ཆོས་གཉིས་ཀྱི་བདག་པོས་མཛད་འཕྲིན་རྒྱས་རྒྱུར་འགོག་རྐྱེན་ཡོང་བས་ཡིན་སྐོར་དམ་པ་ཁག་ཅིག་གི་ཐུགས་ན་ཡོད། ལར་ནས་དོལ་རྒྱལ་གྱི་ལོ་རྒྱུས་གཞན་ཞིག་ནི་བླ་ཆེན་དགོངས་པ་རབ་གསལ་གྱིས་མ་སངས་སྤུན་དགུ་དམ་འདོགས་སྐབས་གཅིག་ཤོར་བ་དེ། རྗེས་སོར་གོང་མ་ཁཱང་ཤིའི་སྐྱེས་བ་བླངས་ཤིང་། དེས་མདོ་སྨད་ཀྱི་བླ་མ་ག་ཚོད་ཀྱི་དབུ་དུས་གཅིག་ལ་བཅད་པ་དང་། དགོན་ཆེན་ཅི་ཙམ་ཞིག་མེ་སྲེག་བཏང་བ་ལོ་རྒྱུས་སུ་གསལ། དེའི་རྗེས་ཤུལ་ནོན་པའི་ཆེད་ལྕང་སྐྱ་རྡོ་རྗེ་འཆང་གི་སྐུ་རབས་གཅིག་བསམ་བཞིན་རྒྱ་ནག་ཏུ་བཞུགས། ཁཱང་ཤི་དེ་ཉིད་དོལ་རྒྱལ་ཚུད་དུ་བྱུང་བ་ཡང་ཡིག་ཆ་མཐོང་རྒྱུ་ཡོད། དོལ་རྒྱལ་འབབ་དུས་རྒྱ་སྐད་བཤད་པའང་དོན་དེ་འདྲ་ཡིན་སྐད། ལྟོས་དང་། ཕ་བོང་ཁས་སྐུ་ཕྲེང་བཅུ་གསུམ་པར་རྒོལ་ལན་སློག་པའི་ཐབས་དེ་ལེགས་འགྲུབ་བྱུང་མི་འདུག་གམ། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་འདི་ལའང་སྔ་སོར་ཆོས་བརྒྱུད་གཞན་ཁག་ནས་རྡ་རམ་ས་ལའི་གདུགས་སེར་པོ་དེ་འཁྱོག་འདུག་ཅེས་ཤོད་ནི་དོལ་རྒྱལ་འདིས་གྲིབ་ནག་མིན་པ་གང་གིས་ཡིན་ནམ།
གནས་ཚུལ་མང་པོ་ཞིག་གསང་བ་རེད།་ཁ་སངས་ནས་ཤོད་ས་མེད། ཁ་སངས་ནས་བཤད་ན་གནོད་གཞི་ཆེ།
དོལ་རྒྱལ་ལ་དམ་སྲི་ཞེས་མིང་འདོགས་གཞིར་ཞིབ་ཏུ་སོམས་དང་ཤེས་རྒྱུ་ཞིག་དང་རྒྱབ་ལྗོངས་ཤིག་རིག་ཐུབ།
ཁྱད་པར་ལྟ་བ་སྙིགས་མའི་དུས་སྐབས་འདིར། གཞན་ཟེར་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡི། སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང་། རི་བོང་ཅལ་གྱི་རྗེས་སུ་མ་རྒྱུགས་ལོ།།
དོལ་ཤུལ་འདི་མི་གཤིས་ལྷ་འདྲ་ཞིག་ཡོད་ས་རེད། ཀླུ་སྨྱོན་གིས་དོགས་སླང་དེ་གནད་ལ་ཁེལ་བ་རེད། ངོ་མ་བཤད་ན་འདྲེ་སྐྱབས་སུ་འཛིན་མཁན་དང་སློབ་དཔོན་རིན་པོ་ཆེ་སྐུ་གཤིག་མཁན་ཞིག་ཡིན་ནས་བཟུང་བཀའ་བརྒྱུད་རྙིང་མ་ས་སྐྱ་ཇོ་ནང་དེང་དུས་ཀྱི་བོན་ལ་ཁྱད་པར་ཅི་མི་འདུག ཚང་མས་མ་དག་པར་ལྟ་ས་རེད། དོལ་ཚོགས་ད་རིས་ལམ་རིམ་བཅོ་བརྒྱད་བསྒྲིགས་པ་ཞེ་བྲག་རྩོད་རྩ་ཞིག་རྙེད་ཡོད་ས་རེད། གང་ཡིན་ན། བརྙན་ཐག་གསར་འགྱུར་ཁག་ནས་བཤད་ཀི་འདུག དེས་ན་ཀླུ་སྨྱོན་པས་མཁས་བརྟགས་སྟོན་ཟིན་པ་རེད། དོལ་ཤུལ་འདི་མི་གཤིས་ལྷ་དང་འདྲ་ན་ཡང་སེམས་པ་དོལ་འདྲེ་དང་གཤིན་བོན་གྱིས་སྒྲིབ་ཚར་འདུག དེས་ན་མཁྲིས་ནད་ཅན་ལ་དུང་དཀར་པོ་མཐོང་དགོས་པར་མཁྲིས་ནད་མ་སེལ་ན་ཐབས་ཤེས་ཡོད་མ་རེད། དེས་ན་ཕ་ཁ་དང་ཁྱི་སྤྱང་གིས་ནང་བསྟན་ཕུ་དཀྲུགས་མདའ་དཀྲུགས་བྱས་ཤི་ཁར་འདྲེ་རུ་ལོག་སོང་བ་དེ་ཤེས་དགོས།་དོལ་ལོ། ཁ་སང་ཁྱོད་ཀྱིས་རྫུན་བཤད་སོང་། རྡ་ས་ནས་ཁྱི་སྤྱང་རོ་ལོང་རྒྱབ་དུས་འཇུ་ཆེན་གྱིས་སྟྭ་རེས་བསད་པ་ཡོངས་གྲགས་རེད་འདུག རྨ་ཆེན་རྩོམ་སྤྱི་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བྲིས་འདུག ཡིད་མ་ཆེས་ན་ཞིབ་འཇུག་གིས་ཤེས། འབྲི་གུང་ཆེ་ཚང་ཡིན་ཟེར་བ་ད་དྭགས་ན་ཡོད་པ་དེ་ཡང་དོལ་འདྲེ་བསྟེན་ནས་ཁོ་རྒྱང་ཕུད་བཏངས་པ་རེད། མདོར་ན་རྒྱལ་བ་རིན་པོ་ཆེ་དོལ་འདྲེ་ངོ་མ་དགག་པ་ཡིན་ན་ཁྱི་སྤྱང་གི་ལམ་འཁྲིད་དེ་ཚོ་མཚམས་འཇོག་དགོས་ས་རེད། དེ་མིན་སྐྱག་པ་ཟ་མི་ཉན་བཤད་ནས་སྐྱག་པའི་སྐུ་འགྱེད་གཏོང་ན་ཡག་པོ་མ་རེད་དྲན།
ཨ་ཕྱི་ལགས་ཀྱི་བསམ་ཚུལ་དང་གོ་རིགས་བཤད་པ་ཡག་པོ་འདུག ཡིན་ནའང་བཀྲིས་ཚེ་རིང་ང་ཚོ་གྲོགས་པོ་ཡིན། ཁོང་གིས་ངས་བསམ་ན་གང་ཡང་མཐོང་ཡོད་གྱི་མ་རེད། མི་ཡི་བཤད་ཚུལ་ཙམ་ཡིག་ཐོག་ཏུ་སྤེལ་ཡོད་སྲིད། དེ་གང་ན་འདུག་ཡིག་གེ་རག་ན་ཡག་པོ་འདུག ང་ལ་རྙིང་མའི་བླ་མ་ཁྲི་བཟང་རིན་པོ་དགའ་གུས་མེད་མཁན་ཞིག་གིས་འདི་དྲ་བཤད་སོང་། ཁྲི་བྱང་རིན་པོ་གཤེགས་དུས་འབྲི་གུང་ཟེར་ན་འབྲུག་པ་ཟེར་གཅིག་གི་བླ་མ་ཞིག་དེ་ན་ཡོད་རེད་ཟེར། དེ་ཁོང་གཉིས་ངོ་ཤེས་ཡིན་དེའི་རིན་པོ་དགོང་མོ་འདྲ་བོ་ལ་གཤེགས་སོང་ཕྱི་ཉིན་པར་ནམ་མ་ལང་གོང་ནས་སྐུ་གདུང་གདན་འདྲེན་ཞུས་སོང་ཟེར་བཤད་སོང་ཟེར། འཇུ་ཆེན་དེ་དུས་དཀའ་ཁྲི་ཡིན་དུས་ཁོ་ཚོ་སོང་དུས་རྗེས་ཟིན་མི་འདུག དེ་ནས་ཁོ་ཚོ་སོང་བས་བུ་ཁྱིམ་གྱི་ཀླད་དེར་སྐུ་གདུང་མེ་ལ་བསྒྲོན་ཟིན་ནས་འབར་བཞིན་པའི་དུས་སླེབས་སོང་ཅེས་བཤད་སོང་ཟེར། གང་ལྟར་རོ་ལང་ཟེར་བ་དེ་གནའ་བོའི་བཤད་ཚུལ་འདྲ་བོ་རེད་ང་ནི་ཡིད་ཆེས་གང་ཡང་མེད། ངས་བསམ་པ་ལ་དེ་དུས་དོལ་ཚོགས་ལང་འགོ་ཚུག་པའི་ཁ་ཐུག་ཡིན་དུས་༸སྐྱབས་མགོན་རིན་པོ་ཆེས་ཐབས་མཁས་ཐུགགས་རྗེས་རྙོག་དྲ་མི་ཡོང་བའི་ཆེད་དུ་མགྱོགས་པ་གདུང་དེ་བཞུས་ཡོད་ས་རེད་བསམ། དེའི་རྗེས་ནས་ཁོ་ཚོས་གདུང་མཇལ་ཅིག་བྱེད་བཅུག་མ་སོང་ཟེར་སྐད་བརྒྱབ་པ་རེད་ཟེར་གོ་མྱོང། གལ་སྲིད་མཇལ་ཁ་སོགས་མང་པོ་བྱས་ན་དེ་ལ་ཁག་བཞག་ནས་བཤད་རྒྱུ་མང་པོ་བཟོ་བ་གཏན་ཁེལ་བ་རེད། སྐྱབས་རྗེ་ཁྲི་བཟང་རིན་པོ་ཆེ་བདུད་རྒན་ཞིག་ལ་བརྩི་བའི་ང་འདྲ་བོ་ལ་ཆ་བཞག་ན་དེ་ཞིབ་འཇུག་འདྲ་བོ་མང་པོ་བྱས་པ་ཡིན་གཏིང་ཕྱིན་པ་ཁག་པོ་རེད་འདུག སྐད་ཆ་བདེན་པ་བཤད་མཁན་འདྲ་ཚད་ལྡན་སུ་ལ་ཐུགས་མ་མྱོང། ངས་གང་གོ་བ་དེ་ནི་བདེན་གསུང་གི་སྐྱེས་བུ་ཚད་མ་༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་དང་། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་གོ་མྱོང། དེ་བཞིན་དུ་༸གོང་ས་མཆོག་གི་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། སྐུ་ཚེ་སྨད་ལ་དོལ་རྒྱལ་གྱིས་མཛད་པ་འཕྲིན་ལས་ལ་གནོད་སྐྱེལ་བ་རེད། ཅེས་དང། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བླ་མ་ཚད་ལྡན་རེད་ཁོང་གིས་དོལ་རྒྱལ་བསྟེན་གསོལ་གནང་གི་ཡོད་རེད། ངས་དོལ་རྒྱལ་བཀགས་དགོས་པའི་རྒྱུ་མཚན་ཆབ་ཚང་ཞུས་པ་ཡིན་དེ་འགྲིགས་འདུག ཁྱེད་ཀྱིས་དེ་སྔ་གང་གནང་བ་དེ་ལ་ནོར་བ་མ་བྱུང་འགྲིགས་ཀྱི་རེད་གསུང་ནས་ཞལ་བཞེས་གཙང་མ་གནང་ཚུལ་ཡང་ཡང་གསུང་པ་ཐོས་ ༸གོང་ས་མཆོག་གིས་ཁྲི་བྱང་རིན་པོ་ཆེ་ལ་གདིང་འཇོག་ཇི་ལྟར་མཛད་མིན་ངས་འདི་ལས་ལྷག་པ་ཞིག་དཔྱད་གཞི་མ་རྙེད་ལ་རྙེད་དགོས་བསམ་པའི་དོགས་པ་མི་འདུག ད་ལྟ་ང་ཁྲི་བྱང་རིན་པོ་ཆེ་ལྟ་སྟངས་ཏོག་ཙམ་ཡག་པོ་ཆག་པ་འདི་གསུང་འདིའི་ཚོས་བཀྲིན་ཡིན། ༸གོང་ས་མཆོག་གི་གསུང་ལ་རྒྱུ་མཚན་མེད་པ་ཞིག་རང་གི་ཁ་ཐུག་གོ་ཤེས་མིན་རེད་མ་གཏོགས་མཐོང་མ་སོང།
དོལ་ལོ། ད་སྐད་ཆ་བདེན་པ་བཤད་ན་འཁྱོག་བཤད་རྒྱག་གི་འདུག་ག རྙིང་མའི་བླ་རྒན་སུ་མིང་དངོས་སྨྲོས། ངོ་མ་བླ་མ་ཚད་ལྡན་ཞིག་ཡིན་ན། མ་ཤི་གོང་ནས་སྟྭ་རེས་གསེས་དགོས་པ་ཡོད་དམ། གལ་ཏེ་རོ་ལོང་མི་འདོད་ན་ཡང་ཕྱི་དབྱུགས་ཆད་རུང་མ་དབུགས་མ་ཆད་གོང་ནས་གསོན་བསྲེག་བྱས་ན་རྒྱལ་བ་རིན་པོ་ཆེས་རྩ་ཆེན་པོ་རྩིས་ཡོད་པ་ཡིན་ནམ། དྲང་མོ་ཤོད་དང་་་་ང་དེ་དུས་མེད། ཡིན་ན་ཡང་རྡ་སར་རླུང་ལྟར་གྲགས་པ་ཞིག་རེད་འདུག ཞིབ་འཇུག་ཅི་བྱེད་མྱོང་མེད། དགོས་དོན་མི་འདུག བཤམས་བཞག་འདུག་ག ལྷ་ཐོད་དཀར་རྒྱུད་ན་འདྲེ་ཐོད་ནག་ཅེས་པ་ཅི་མ་བདེན་སྙམ། ད་དུང་ཁྱོད་ངོ་ཚ་མ་ཤེས་ནས་གོང་ས་མཆོག་གི་འགྲོ་དོན་རྒྱས་པ་ཡང་ཁྱི་སྤྱང་གི་བཀའ་དྲིན་ཡིན་རབས་བཤད་ན་མའོ་བོད་ལ་བཀའ་དྲིན་ཆེ་ཟེར་བ་དང་གཅིག་པ་མ་ཡིན་ནམ། གླིང་རིན་པོ་ཆེ་དེ་དངོས་ནས་ཡག་པོ་འདུག དད་པ་ཡོད། མདོར་ན་ཁྱི་སྤྱང་དང་པོ་ན་ཚུལ། བར་དུ་འཆི། མཐར་བསྲེག་ཚུལ་ལ་བལྟས་ན་དགེ་ལུགས་བསྟན་ཕྱི་ཞབས་འདྲེན་རེད་དྲན་ནོ།།
འོ་ན་ཁྱོད་ཀྱི་འདོད་པ་བཞིན་ན་འབྲི་གུང་ངམ་འབྲུག་པ་བླ་མ་དེས་ཁྱི་སྤྱང་བསད་པ་མིན་ནམ། ཧ ཧ ད་ཕྱིན་ལུང་རིགས་པ་དེ་ཙམ་ལས་མེད་ན་བགྲོ་གླེང་མི་སྤྲོའོ། གཏམ་རྣམས་ཐམས་ཅད་འདོད་པས་རྗེས་སུ་བརྗོད། །མི་རྣམ་ཕལ་ཆེར་ཕྱུག་པོས་མི་ལ་དགའ། ཨ་མེས་དམ་པའི་གནའ་གཏམ་དེ་ཅི་མ་བདེན་ཡ། བདེ་མོ་གྱིས། དོལ་ལོ།
བླ་མ་ར་སྟག་གཉིས་ཀྱིས་སྲིད་དབང་བརྩད། །དགེ་སློང་ཕ་ཁྲི་གཉིས་སོགས་ཀྱིས་ལྷ་འདྲེ་བརྩད། །ཡུལ་གྱར་ཚོགས་པ་འདི་ཡིས་དབུ་ལམ་བརྩད། །གླེན་པ་རེ་འགས་བླ་སློབ་འགལ་བ་རྩོད། །ཏང་ལ་དགོས་པའི་ནང་འཁྲུག་རྟག་ཏུ་སློང་། །རྒྱ་ལ་དགའ་བའི་རྒྱག་གཏམ་ནང་ལ་བཤད། །ཆོས་སྲིད་གཉིས་ཀྱི་ཐད་ནས་ནང་འཁྲུག་རྩོད། །ཆོས་སྲིད་འགལ་ཟླའི་ཁྲོད་ནས་བོད་འདི་ཕོངས། །
རྙིང་མའི་བླ་མ་མིང་བཤད་རྒྱུ་དེ་ལས་སླ་བོ་རེད། དང་པོ་བཀྲིས་ཚེ་རིང་གི་དཔེ་ཆ་དེ་གྱིས། གཉིས་པ་བདེན་གསུང་༸སྐྱབས་མགོན་རིན་པོ་ཆེའི་བཀའ་ཚད་མ་གྱིས། བཞི་པ་ལྷ་འདྲེ་གལ་ཆེ་བར་མི་འཛིན་པར་ཐུགས་རྒྱུད་ཀྱི་འཕགས་པ་ཉེ་བར་འཁོར་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཤེས་ལྡན་ཡིད་འཕྲོག་ནུས་པའི་ཡོན་ཏན་དེ་གྱིས། ལྔ་པ་གང་ཟག་དེ་ཚད་ལྡན་ཡིན་མིན་གསུང་གི་རྗེས་སུ་དཔག་པའི་ཆོས་གྲགས་ཀྱི་རིགས་པ་དེ་གྱིས། བདུན་པ་ཁྲི་བྱང་རིན་པོ་ཆེའི་རྙིང་མ་རྩ་མེད་ཏུ་བཏང་བ་དེ་གྱིས། དེ་འདྲ་བོ་མང་པོ་ལ་ཁུངས་ཚད་ལྡན་དགོས་ཀྱི་འདུག འགའ་ཤས་ཁག་པོ་ཡིན་གྱི་རེད། ག་བ་ནས་ཁུར་ཡོང། ཟེར་རབས་ཡོངས་གྲགས་ཀྱི་གར་ཡང་མི་ཕྱིན་པ་དེ་ལྔའི་གནས་སྟངས་དེ་ཚོ་བཟོས་པ་རེད། དེ་ལས་༸གོང་ས་མཆོག་གིས་ཉིན་མཚན་བར་མེད་དུ་སྐུ་ལས་བསྐྱོན་ནས་ད་ལྟ་བོད་ཕྱི་ནང་གང་ས་ནས་སྔར་བྱུང་མ་མྱོང་བའི་ཆིག་བསྒྲིལ་གཅིག་བྱུང་བ་འདི་ལ་ཕན་པའི་༸སྐྱབས་རྗེ་ཕ་བོང་ཁའི་སློབ་མ་གླིང་རིན་པོ་ཆེ་ལ་བརྩི་བ་བཞིན་ཁྲི་བྱང་རིན་པོ་ཆེ་ལ་བརྩིས་ན་སྐྱོན་མེད་པའི་ཁར་ང་ཚོའི་ཁ་ལ་འཁྱེར་འདུག་པའི་མཐུན་སྒྲིལ་དང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ལ་ཕན་པ་མངོན་སུམ་ཚད་མས་འགྲུབ་པས་གལ་ཆུང་མཛད་མི་རུང།། དོལ་རྒྱལ་འདིར་ཁུར་དགོས་པའི་རྒྱུ་མཚན་ཟེར་མཐོང་གི་མེད། ཁོ་ཡོད་པའི་དབང་དུ་བཏང་ན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ལ་ཚད་མའི་སྐྱེས་བུ་རྒྱལ་མཆོག་ལྔ་པ་ཆེན་པོའི་ངོས་འཛིན་གནང་ཚར་བ་རེད།། དེ་ག་རང་གི་ངོ་བོ་ལ་བསྡད་ཡོད་གྱི་རེད། ཁྲི་བྱང་རིན་པོ་ཆེ་འདྲ་བོ་གི་བསྟེན་ན་འགྲིགས་པ་རེད། ཧེ་རུ་ཀའི་རྣལ་འབྱོར་པ་ཆེན་པོ་ཆེན་དུས་འཇིག་རྟེན་གྱི་དྲེགས་པ་ཅན་ཚང་མ་ཁོང་གི་བཀའ་འོག་དམ་འོག་ཏུ་འདུག་དགོས་གྱི་རེད། ༸གོང་ས་མཆོག་གིས་དགག་གི་ཡིན་ཞུས་དུས་འགྲིགས་རེད་གསུང་པ་དེ་ག་རང་གི་གལ་ཆེན་པོ་ག་ཚད་ལ་བརྩི་མིན་གསལ་ཟིན་པ་རེད། ཁོང་ང་ཚོ་འདྲ་བོ་མཁྲེགས་འཛིན་གྱི་ཀླད་གོག་རྡོ་རྗེ་བྲག་རི་ལས་སྲ་ཞིང། རང་ལྟ་མཆོག་འཛིན་གྱི་རི་ཡི་རྩེ་མོ་ཉི་ཤུ་དང་སུམ་ཅུ་གོང་ནས་གོང་དུ་བརྩེགས་པའི་རྔམས་སྟུག་ལྷུན་ཆག་ཞིང། ངག་ནས་གང་སྨྲ་བ་ངན་སྨྲས་དང་ཚིག་མཚོན་གྱི་ཆུ་ཀླུང་དྲག་པོས་ལུས་ཅན་གྱི་ས་གཞི་གཅོད་པའི་མི་ཡི་ཤ་ཚུག་ཅན་ལྟ་བུ་མ་ཡིན་པ་གསལ་པོ་བསྟན་པ་རེད་འདུག
བླ་མ་འདས་ཚུལ་འདྲ་བོ་བཤད་འདུག་རྒྱུ་འདི་ཚོ་ལ་ཞེ་དྲག་ལྟ་རྒྱུ་མེད་པ་རེད། མི་ལ་རས་པ་འདྲ་བོ་ལ་བསམ་བློ་བཏང་ན་མི་ཚེ་ལ་དཀའ་ལས་འདྲ་བོ་མྱོང་མྱོང་ནས་ཐ་མ་དུག་གིས་འདས་པའི་ལོ་རྒྱུས་ཡོད་པ་རེད། དེ་བཞིན་ཕག་གྲུ་འདས་ཚུལ་དེ་ལ་ཁེ་མཚར་པོ་བཤད་རྒྱུ་ཡོད་པ་རེད། བདག་ཅག་གི་སྟོན་པ་ཡང་སེང་ལྡེང་གི་ཚལ་པ་ཟུག་ནས་འདས་པའི་ལོ་རྒྱུས་ཡོད་པ་རེད། དེ་བཞིན་འཕགས་པ་འཆར་ཀ་ཡང་སྨད་འཚོང་མའི་གྲོང་དུ་འདས་སོང་བ་རེད། མཽ་གལ་བུ་བརྡུངས་ནས་འདས་སོང་བ་རེད། དེ་བཞིན་དུ་སྐྱེས་རབས་འདྲ་བོ་ལོ་རྒྱུས་ལ་ལྟོས་དང་འདྲ་མི་འདྲ་ཡོད་པ་རེད། དོན་ལ་ནི་རེད་དེ་འདྲ་ཞིག་ཡོང་བ་རེད། འཆི་རྐྱེན་ངེས་མེད་ཟེར་རྒྱུ་དེ་འདྲ་རེད། ཚུལ་བསྟན་གྱི་སྐད་ཆ་ལ་ཆོ་ཟེར་ཞེ་དྲག་ཡོད་མ་རེད། དེ་གི་བླ་མ་མ་ཡིན་པ་གང་ཡང་སྟོན་གི་མ་རེད་སྙམ།།
གདོལ་སྤྱོད་ཁྱིམ་པའི་རྗེས་སུ་འཇུག་མཁན་གྱིས་གཡོལ་དང་ཁྲམ་པ་ལ་ཤིན་ཏུ་དགའ་བས་སྐྱོན་ཡོན་བླང་དོར་རང་གིས་མི་བྱེད་པར། གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ནས་གཞན་གྱི་ཉེས་སྐྱོན་འཚོལ་བ་དག་ལ་ཟུར་གནས་དཔྱད་ལྡན་རྣམས་ཀྱིས་མ་རིག་པ་མུན་པ་སེལ་བའི་གཞུང་བརྒྱ་ཡི་སྒྲོན་མེ་སྤར་ཡང་། ང་རྒྱལ་ཁྲག་དོག་དུ་བའི་ནག་པོས་ཕྱི་ཕྱིར་སྐྱོན་དང་ཡོན་ཏན་མཐོང་བར་སྒྲིག་པའི་སྐྱེ་བོ་དག་གིས་ཆོས་ཀྱི་གནད་རྣམས་གོ་བའི་དུས་ཤིག་མེད་དོ། རྗེ་ཕ་བོང་ཁ་པ་དང་ཡོང་འཛིན་ཁྲི་བྱང་རྣམ་གཉིས་ལ་དགྲ་རུ་འཛིན་མཁན་ཞིག་ཡིན་ན་༧གོང་ས་མཆོག་གི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ལ་སོགས་པའི་ལམ་རིམ་གྱི་བློ་སྦྱངས་དང་འབྲེལ་བའི་ཉམས་རྟོགས་ཡོད་ཚོད་ལོག་ཆོས་སུ་ལྟ་དགོས་རྒྱུ་དེ་ལས་ལྷག་མེད།
མཁྱེན་བརྩེ་ནུས་པ་ཟེར་ན་ཁོང་ལ་སྟོང་པ་ཉིད་མིན་འགྲོ་བསམ་བསམ་འདྲ་འདུག དོལ་རྒྱལ་ལག་ཏུ་མགོ་བོ་ཤོར་ནས་མི་ཚེ་ཟད་པ་རེད། མགོ་འཁྲེགས་ཟེར་ན་གླེན་པའི་གྲངས་ཡིན་ས་རེད་མ་གཏོགས་མི་ལ་༧གོང་ས་མཆོག་གི་བཀའ་བརྩི་དགོས་ཡོད་ལབ། རང་གིས་དོལ་རྒྱལ་གསོས་ནས་མཚམས་བཅད་མ་ཐུབ་པ་དེ་ཡག་རྟགས་མ་རེད། བོད་མི་ལ་བརྩེ་བ་ཟེར་ན་ཁག་པོ་རེད། སྐྱེས་བུ་དམ་པ་ཡིན་ས་མ་རེད། སྐྱེས་བུ་ལོས་ཡིན་ལོས་ཡིན།
བོད་པ་ཤེས་མེད་འདི་ཚོས་མི་ལ་བསྟོད་ན་བསྟོད་ཚོད་ཟིན་མཚམས་མི་འདུག མི་ལ་སྨད་ན་ཡང་དམོད་ཚོད་ཟིན་མཚམས་མི་འདུག
# 142 dhoshul་ལགས་ཀྱིས་མཆན་བཏབ་པའི་ལོ་རྒྱུས་ལ་ཁུངས་བཙན་པོ་ཡོད་དམ། ལགས།
རྗེ་བཙུན་དེ་ལྟར་འདས་པ་རུས་པའི་རྒྱན་ཅན་གྱིས་བརྩམས་པའི་རྣམ་ཐཪ་ནང་ན་གསལ་ཡོད་པ་རེད། ཕག་གྲུ་འདས་ཚུལ་དེ་ངག་རྒྱུན་འདྲ་བོ་མ་གཏོགས་ཡི་གེ་མཐོང་མྱོང་མེད། འཕགས་པ་མཽ་གལ་བུ་སོགས་མདོ་ནང་ལ་ཡོད་པ་རེད། ཕལ་ཆེར་ལས་བརྒྱ་པ་མིན་འགྲོ་གཅིག་གི་ནང་ལ་ཡོད་པ་རེད། གཞན་ཁུངས་འདྲ་བོ་བཙལ་ཚུལ་མི་འདྲ་བ་ཡིན་ན་ངས་དེ་ཚོ་དངོས་སུ་མཐོང་མེད་དུས་ཤིན་ལྐོག་རེད་ལགས།། ཡིན་ནའང་དེ་ལྟར་མ་བྱས་པ་སུ་གཅིག་གིས་ཐག་མི་ཆོད་པ་རེད། དེང་སང་དཔྱད་ཚུལ་འདྲ་བོ་གཉིས་འདུག འགའ་ཤས་ནི་ཡིག་ཐོག་ཏུ་ཡོད་པ་ཞིག་མཐོང་ན་ཧ་ལས་པ་འདྲ་བོ་དང་ངག་ནས་བཤད་ན་དེ་ཙམ་མི་བརྩི་བ་འདྲ་བོ་ཡོད་པ་རེད། ངས་ཁྱེད་ཀྱིས་དྲིས་པ་དེས་ལན་རེད་ཡོད་ན་མེད་ན་ཤེས་མ་སོང་མི་འདུག་ན་དགོངས་དག་ཞུ་བ་ལས་མེད།
ལམ་རིམ་གྱི་བླ་བརྒྱུད་ཚད་ལྡན་ཡིན་སྟངས།
ཀླུ་སྨྱོན་ལགས་ཀྱི་ལམ་རིམ་བླ་བརྒྱུད་དྭོགས་གནད་དག་འདི་ལྟར་བསལ་དགོས་ཏེ། ༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པའི་ལམ་རིམ་སློབ་མ་༸སྐྱབས་རྗེ་ཕ་བོང་ཁ་པ་ཡིན་ན་ཡང་།
༸སྐྱབས་རྗེ་ཕ་བོང་ཁ་པ་ཁོང་གི་ལམ་རིམ་སློབ་མ་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ཡིན་པ་དང་། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གི་ལམ་རིམ་གྱི་སློབ་མ། ༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག ༸ཡོངས་འཛིན་ཁྲི་བྱང་ཁོང་གི་ལམ་རིམ་གྱི་བླ་སློབ་དམ་གཙང་ཡིན་པ་ལ་དྭོགས་པ་སྤུ་ཙམ་ཡང་མེད་པས་དགའ་བར་གྱིས་ཤིག
ལྡོག་ཕྱོགས་ནས་བཤད་ན། གལ་སྲིད་དོལ་རྒྱལ་སྲོག་གཏད་སོགས་ཆོས་སྐོར་ཚད་ལྡན་ཅིག་ཡོད་ན། དམ་སེལ་ཤོར་བ་བརྩིས་ཆོག་ཀྱང་། དོལ་རྒྱལ་ཤུགས་ལྡན་གདོན་འདྲེ་འབྱུང་པོའི་ཆོ་ག་རྣམ་དག་ཅིག ནམ་ཡང་མི་སྲིད་པས་དགའ་བ་ཆེན་པོར་སོམས་ཤིག་གུ
# 147 dhoshul་ལགས་ཀྱིས་མཆན་བཏབ་པ་ལ་ཐུགས་རྗེ་ཆེ།
རྗེ་བཙུན་མི་ལ་དུག་དང་། འཕགས་པ་འཆར་ཀ་སྨད་འཚོང་མའི་གྲོང་དུ་འདས་སོང་བ་དེ་བདེན་སྙམ་ཡང་། བདག་ཅག་གི་སྟོན་པས་ལས་ཚུལ་བསམ་གྱིས་མི་ཁྱབ་པ་སྟོན་ཕྱིར། སེང་ལྡེང་གི་ཚལ་པ་ཟུག་པའི་ཚུལ་བསྟན་པ་བདེན་ཡང་། མྱ་ངན་ལས་འདས་པའི་རྐྱེན་མགར་བའི་བུའི་ཕག་ཤ་ཕུལ་བས་རྐྱེན་བྱས་པའི་ཚུལ་བསྟན་གསུངས་ཡོད་སྙམ། ཕྱི་རོལ་པས་མཽ་གལ་བུ་བརྡུངས་དུས་ལས་ཀྱི་དབང་གིས་རྫུ་འཕྲུལ་བསྟན་མ་ཐུབ་གསུངས་ཀྱང་། དེས་རྐྱེན་བྱས་ནས་འདས་པར་གསུངས་པ་ཅིག་མི་དྲན། གང་ལྟར་ཡང་། ང་ཚོས་སྟོན་པའི་ཐུན་མོང་གི་རྣམ་ཐར་ངེས་པར་ཤེས་དགོས་པ་དག་ལ་དྭོགས་སློང་བྱུང་བར་བཀའ་དྲིན་ཆེ།
བཀའ་རྡོས་གསུངས་པ་འཐད། ཁྱི་རྒན་འདི་ཚོ་ཤིན་ལྐོག་ལ་ཐོགས་པ་མེད། བཅོམ་ལྡན་འདས་སྐུ་མྱ་ངན་ལས་རྐྱེན་བཤད་སེང་ལྡེང་གི་ཚལ་བ་ཟུག་པ་རེད་ཞབས་འདྲེན་རང་རེད། མི་ཤེས་ན་མི་ཤེས་བརྫོས་ན་དེ་རེད་རྡོ་ཤུལ་འདི་རྩ་མེད་ཅིག་རེད་གདའ།
བཀའ་རྡོས་གསུངས་པ་འཐད། ཁྱི་རྒན་འདི་ཚོ་ཤིན་ལྐོག་ལ་ཐོགས་པ་མེད། བཅོམ་ལྡན་འདས་སྐུ་མྱ་ངན་ལས་རྐྱེན་བཤད་སེང་ལྡེང་གི་ཚལ་བ་ཟུག་པ་རེད་རྫོ་སྟངས་ལ་བལྟོས་དང་ཞབས་འདྲེན་རང་རེད། མི་ཤེས་ན་མི་ཤེས་བརྫོས་ན་དེ་རེད་རྡོ་ཤུལ་འདི་རྩ་མེད་ཅིག་རེད་གདའ།
ཕྱི་ལོ་༢༠༠༨ ཟླ་ ༡ ཚེས་༩ ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་དོལ་རྒྱལ་སྐོར་བཀའ་སློབ་ནང་འདི་འདྲ་གསུང་འདུག།
སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡབ་སྲས་དང་བཅས་པའི་སྐུ་ཚེའི་མཛད་འཕྲིན་ལ་གནོད་ཡོད་པ་རེད་མ་གཏོགས་ཕན་ཡོད་པ་མ་རེད། ཤེས་སོང་ངམ། སྐྱབས་རྗེ་ཕ་བོང་ཁ་ལ་ཡབ་སྲས་ལ་ཐོག་མར་ཕན། ཕྱིས་སུ་གནོད་པ་རེད་ཟེར་བ་དེ་འདྲ་མ་རེད། རླུང་ལངས་པའི་ཟོ་འདྲ་པོ་དེ་འདྲ་མ་རེད། དང་པོ་ནས་སྨོན་ལམ་ལོག་པའི་དབང་གིས་ངོ་བོ་དམ་སྲི་དང་འབྱུང་པོར་སྐྱེས་པ་རེད། བྱ་བ་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་ཆགས་པ་རེད། དེ་ནི་དང་པོ་ྋརྒྱལ་དབང་ལྔ་པའི་སྐབས་ནས་བཟུང་ངོ་བོ་འགྱུར་ཡོད་པ་མ་རེད། དེ་རང་གིས་ཤེས་པ་བྱས་ན་ཡག་པོ་རེད། ཤེས་སོང་ངམ། ནོར་འཁྲུལ་ཚང་མ་ངས་བྱས་པ་རེད་ངས་དེ་མ་ཤེས་པ་དང་དོ་སྣང་མ་བྱུང་བ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལ་ཐུགས་ཁག་ཡོད་པ་མ་རེད་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཞབས་ཕྱི་གནང་བ་ཡིན་ཙང་བླ་མའི་རྗེས་སུ་ཞུགས་གནང་བ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་རྐྱེན་མང་པོ་ཞིག་གི་ཐོག་ནས་བྱུང་བ་རེད། ལྷག་པར་དུ་སྐུ་གོང་མའི་སྐུ་ཚེའི་སྨད་ལ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ལ་གཟིགས་ཕྱོགས་བྱུང་སྟེ་བཀའ་ནན་ཕེབས་པ་དང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཞེད་སྣང་གནང་ནས་བཞུགས་དགོས་པ་ཞིག་ཆགས་པ་ཡིན་དུས་སྐུ་གོང་མ་གཤེགས་པའི་སྐབས་དོལ་ རྒྱལ་དགའ་ཏེ་གཏམ་བཟང་འདྲ་པོ་ཞིག་ལ་བརྩིས་ཏེ་སྐད་བསངས་ཐོན་པོས་བསྒྲགས་པ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་ཐོུང་གདུལ་བྱའི་སྣང་ངོར་སྐུ་གོང་མས་དམ་བསྒྲགས་གནང་བཞག་པ་དེ་སྐུ་གོང་མ་གཤེགས་པ་ཡིན་ཙང་ཉེན་ཁ་ལས་གྲོལ་བ་འདྲ་པོ་ཞིག་བྱས་ཏེ་ཕྲན་བུའི་བཀྱག་བཀྱག་གནང་བ་འདྲ་པོ་འདུག སྐུ་གོང་མ་མ་གཤེགས་སྔོན་དམ་བསྒྲགས་འོག་ལ་བཞུགས་པ་དེ་སྐུ་གོང་མ་གཤེགས་མ་ཐག་གོ་སྐབས་བཟུང་ནས་ཁྱབ་སྤེལ་ཤུགས་ཆེ་གནང་འདུག དེ་རྒྱུ་མཚན་དུ་བྱས་ཏེ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་ག་རེ་ཟེར་དགོས་རེད། ཕྱག་ལས་དེ་མ་འགྲིག་པ་རེད་དེ་བླ་མ་བསམ་གྱི་མི་ཁྱབ་པ་རེད་དངོས་གནས་དྲང་གནས་ལམ་རིམ་བློ་སྦྱོང་བསྟན་པའི་བདག་པོ་བསམ་གྱི་མི་ཁྱབ་པ་རེད། ང་རང་ལ་ཆ་བཞག་ནའི་རྒྱུད་པའི་བླ་མ་རེད་ལ་རྩེ་གཅིག་པའི་དད་པ་ཡོད། ཡིན་ནའི་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་གནང་ཚད་ཡག་པོ་རེད་ཟེར་དགོས་ཡག་གང་ཡང་མི་འདུག དབྱེ་འབྱེད་ཤེས་པ་དགོས།
དཔེར་ན་ང་རང་དང་འབྲེལ་བའི་ལོ་རྒྱུས་ཤིག་ཞུ་གི་ཡིན། ཁྱེད་རང་ཚོ་སེ་ར་བྱེས་པ་ཚོ་སྤམ་མ་ཤོར་ཨ། རཱ་སྒྲེང་རིན་པོ་ཆེ་རྡོ་རྗེ་འཆང་ནི་ངའི་བླ་མ་རེད་ཁོང་ལ་དད་པ་རྩེ་གཅིག་ཡོད་མཚམས་མཚམས་ལ་རཱ་སྒྲེང་རིན་པོ་ཆེའི་རྨི་ལམ་ཡང་གཏོང་གི་འདུག དད་པ་རྩེ་གཅིག་ཏུ་ཡོད། རཱ་སྒྲེང་རིན་པོ་ཆེས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་གསན་ཡོད་པ་རེད། རྗེས་སུ་ཆབ་སྲིད་ཀྱི་དབང་ཆའི་གནས་ཚུལ་གྱི་དཀའ་ངལ་འཕྲད་ཡོང་དུས་སྨྱུང་གནས་བླ་མ་དང༌། ཁར་དོ་ཁོང་ཚོའི་གྲས་འགའ་ཤས་ཤིག་མཐའ་མར་འུ་ཐུག་སྟེ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་ལས་ཀ་དེ་འདྲ་འགོ་བརྩམས་པ་རེད། མགོ་སྟོད་རཱ་སྒྲེང་རིན་པོ་ཆེས་རཱ་སྒྲེང་ནས་ལྷ་ས་ཞི་བདེར་ཕྱག་བྲིས་གནང་སྟེ་མ་བྱེད་མ་བྱེད་ཞེས་བཀའ་སློབ་གནང་འདུག གང་མཚམས་སོང་ནས་རཱ་སྒྲེང་རིན་པོ་ཆེ་རང་གི་ཕྱག་སྟར་མའི་ཕྱག་བྲིས་གནང་ཞིག་ངས་མཐོང་བྱུང་། དེ་དུས་བཀའ་ཤག་ནས་ང་ལ་བསྟན་བྱུང༌། རཱ་སྒྲེང་རིན་པོ་ཆེ་རང་ཉིད་ཀྱི་ཕྱག་བྲིས་ནང་ལ། བླ་རྒན་མ་ཤོར་བ་གཟབ་གཟབ་ཞེས་བྲིས་གནང་འདུག བླ་རྒན་སྟག་བྲག་རིན་པོ་ཆེ་རེད། སྟག་བྲག་རིན་པོ་ཆེའི་སྐུ་ལ་ཐོ་འཚམས་པའི་འཆར་གཞི་གཏིང་སྟེ་འབར་རྫས་སྦས་པ་རེད། བྱས་ཙང་བླ་རྒན་མ་ཤོར་བ་གཟབ་གཟབ་ཞེས་རཱ་སྒྲེང་རིན་པོ་ཆེའི་ཕྱག་སྟར་མའི་ཕྱག་བྲིས་དེ་ང་རང་གིས་དངོས་སུ་མཐོང་བྱུང༌། རཱ་སྒྲེང་རིན་པོ་ཆེ་བླ་མ་ཚད་ལྡན་ཡིན་པ་དང་སྐུ་མདུན་སྐུ་གོང་མས་ཡང་སྲིད་ངོས་འཛིན་འཁྲུལ་མེད་གནང་བ་ཞིག་རེད། ཡང་རཱ་སྒྲེང་རིན་པོ་ཆེ་ལ་བསྟོད་བསྔགས་ཏོག་ཙམ་བཏང་ན་མ་གཏོགས་ང་བདག་པོ་བརྒྱབ་མཁན་རཱ་སྒྲེང་རིན་པོ་ཆེ་རེད། གང་ལྟར་གང་ཡིན་རུང་མིན་རུང་ངས་ཆོས་ཞུ་སའི་བླ་མ་རེད་ལ་ངའི་ཐོག་མའི་ཀློག་སློབ་མཁན་གྱི་བླ་མ་ཡང་རེད། ང་ཁོང་ལ་དད་པ་རྩེ་གཅིག་ཏུ་ཡོད་འགྱུར་བ་ཁྱོན་ནས་མེད། ཕྱག་བྲིས་དེ་ཚོ་མཐོངསྐབས་ཨ་ཙི་ཆག་སྒོ་ཐོུང་འདུལ་བྱའི་སྣང་ངོར་དེ་འདྲ་བྱུང་འདུག་བསམ་པ་དྲན་ནས་སྡོད་རྒྱུ་ལས་དད་ལོག་སྤུ་ཙམ་སྐྱེས་མྱོང༌མེད། རཱ་སྒྲེང་རིན་པོ་ཆེ་ལ་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་རཱ་སྒྲེང་རིན་པོ་ཆེས་རང་གི་བླ་མ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་བྱ་བ་བརྩམས་ཏེ་བླ་རྒན་མ་ཤོར་བ་གཟབ་གཟབ་གསུངས་པ་དེ་ཡང་དག་པ་རེད་ཞེས་ངས་བརྗོད་ཐུབ་ཀྱི་མེད། དེ་ནོར་འཁྲུལ་རེད། དཔེ་དེ་བཞིན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་བླ་མ་བསམ་གྱི་མི་ཁྱབ་པ་རེད། དངོས་གནས་དྲང་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་ཧེ་རུ་ཀ་དངོས་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཆ་བཞག་ན་ང་ལ་རྨི་ལམ་བཏང་བ་མང་པོ་ཞིག་གིས་ཐོག་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་འམ་མར་མེ་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པ་ཕལ་ཆེར་གསལ་པོ་རེད། བསམ་གྱི་མི་ཁྱབ་པ་རེད། ཡིན་ནའང་དོལ་རྒྱལ་བསྟེན་པ་དེ་ནོར་བ་རེད་མ་གཏོགས་ཡང་དག་པ་རེད་ ཅེས་སྒྲུབ་ཐུབ་ཡག་རྩ་བ་ཉིད་ནས་ཡོད་པ་མ་རེད། ཤེས་སོང་ངམ།
དེ་རེད། རྭ་སྟག་ནང་འཁྲུགས་ལས་སྟག་བྲག་ཚོགས་པ་ལ་རྒྱལ་ཁ་ཐོབ། རྐྱེན་དེའི་ད་ལྟའི་རྒྱལ་བ་རིན་པོ་ཆེ་སྟག་བྲག་གི་
འོག་ནས་མགོ་བཀྱག་མི་འཇུག་པའི་ཆེད་དུ་ཁོ་ཚོའི་རྒྱུག་ཁྱི་ཁྲི་བྱང་ལ་སེང་གེའི་མིང་བཏགས་་རེདཅེས་ངས་གོང་དུ་བཤད་ཡོད། ད་ཁྱེད་རང་གིས་བཀོད་པའི་རྒྱལ་བ་རིན་པོ་ཆེའི་གཏམ་བཤད་འདིས་ཁ་ཇེགསལ་དུ་བཏང་ཡོང་གི།
ངས་དགེ་ལུགས་པ་དང་ལམ་རིམ་ལ་སྐྱོན་རྗོད་གི་མེད། ཡིན་ན་ཡང་། ཕབོང་ཁ་པ་དང་ཁྲི་བྱང་གཉིས་ནི་ཆོས་སྲིད་གཉིས་ཆར་གྱི་སྟེང་ནས་ལོ་རྒྱུས་ཀྱི་ཉེས་ཅན་པ་ཡིན་པར་མཁས་པ་བརྒྱ་ཡི་ཁྲོད་དུ་བླུན་པོ་ང་ལྟ་བུས་ཀྱང་དཀའ་ཚེགས་མེད་པར་བསྒྲུབ་ནུས་པ་ཞིག་རེད།
དཔེར་ན་ང་རང་དང་འབྲེལ་བའི་ལོ་རྒྱུས་ཤིག་ཞུ་གི་ཡིན། ཁྱེད་རང་ཚོ་སེ་ར་བྱེས་པ་ཚོ་སྤམ་མ་ཤོར་ཨ། རཱ་སྒྲེང་རིན་པོ་ཆེ་རྡོ་རྗེ་འཆང་ནི་ངའི་བླ་མ་རེད་ཁོང་ལ་དད་པ་རྩེ་གཅིག་ཡོད་མཚམས་མཚམས་ལ་རཱ་སྒྲེང་རིན་པོ་ཆེའི་རྨི་ལམ་ཡང་གཏོང་གི་འདུག དད་པ་རྩེ་གཅིག་ཏུ་ཡོད། རཱ་སྒྲེང་རིན་པོ་ཆེས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་གསན་ཡོད་པ་རེད། རྗེས་སུ་ཆབ་སྲིད་ཀྱི་དབང་ཆའི་གནས་ཚུལ་གྱི་དཀའ་ངལ་འཕྲད་ཡོང་དུས་སྨྱུང་གནས་བླ་མ་དང༌། ཁར་དོ་ཁོང་ཚོའི་གྲས་འགའ་ཤས་ཤིག་མཐའ་མར་འུ་ཐུག་སྟེ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་ལས་ཀ་དེ་འདྲ་འགོ་བརྩམས་པ་རེད། མགོ་སྟོད་རཱ་སྒྲེང་རིན་པོ་ཆེས་རཱ་སྒྲེང་ནས་ལྷ་ས་ཞི་བདེར་ཕྱག་བྲིས་གནང་སྟེ་མ་བྱེད་མ་བྱེད་ཞེས་བཀའ་སློབ་གནང་འདུག གང་མཚམས་སོང་ནས་རཱ་སྒྲེང་རིན་པོ་ཆེ་རང་གི་ཕྱག་སྟར་མའི་ཕྱག་བྲིས་གནང་བ་ཞིག་ངས་མཐོང་བྱུང་། དེ་དུས་བཀའ་ཤག་ནས་ང་ལ་བསྟན་བྱུང༌། རཱ་སྒྲེང་རིན་པོ་ཆེ་རང་ཉིད་ཀྱི་ཕྱག་བྲིས་ནང་ལ། བླ་རྒན་མ་ཤོར་བ་གཟབ་གཟབ་ཞེས་བྲིས་གནང་འདུག བླ་རྒན་སྟག་བྲག་རིན་པོ་ཆེ་རེད། སྟག་བྲག་རིན་པོ་ཆེའི་སྐུ་ལ་ཐོ་འཚམས་པའི་འཆར་གཞི་གཏིང་སྟེ་འབར་རྫས་སྦས་པ་རེད། བྱས་ཙང་བླ་རྒན་མ་ཤོར་བ་གཟབ་གཟབ་ཞེས་རཱ་སྒྲེང་རིན་པོ་ཆེའི་ཕྱག་སྟར་མའི་ཕྱག་བྲིས་དེ་ང་རང་གིས་དངོས་སུ་མཐོང་བྱུང༌། རཱ་སྒྲེང་རིན་པོ་ཆེ་བླ་མ་ཚད་ལྡན་ཡིན་པ་དང་སྐུ་མདུན་སྐུ་གོང་མས་ཡང་སྲིད་ངོས་འཛིན་འཁྲུལ་མེད་གནང་བ་ཞིག་རེད། ཡང་རཱ་སྒྲེང་རིན་པོ་ཆེ་ལ་བསྟོད་བསྔགས་ཏོག་ཙམ་བཏང་ན་མ་གཏོགས་ང་བདག་པོ་བརྒྱབ་མཁན་རཱ་སྒྲེང་རིན་པོ་ཆེ་རེད། གང་ལྟར་གང་ཡིན་རུང་མིན་རུང་ངས་ཆོས་ཞུ་སའི་བླ་མ་རེད་ལ་ངའི་ཐོག་མའི་ཀློག་སློབ་མཁན་གྱི་བླ་མ་ཡང་རེད། ང་ཁོང་ལ་དད་པ་རྩེ་གཅིག་ཏུ་ཡོད་འགྱུར་བ་ཁྱོན་ནས་མེད། ཕྱག་བྲིས་དེ་ཚོ་མཐོངསྐབས་ཨ་ཙི་ཆག་སྒོ་ཐོུང་འདུལ་བྱའི་སྣང་ངོར་དེ་འདྲ་བྱུང་འདུག་བསམ་པ་དྲན་ནས་སྡོད་རྒྱུ་ལས་དད་ལོག་སྤུ་ཙམ་སྐྱེས་མྱོང༌མེད། རཱ་སྒྲེང་རིན་པོ་ཆེ་ལ་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་རཱ་སྒྲེང་རིན་པོ་ཆེས་རང་གི་བླ་མ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་བྱ་བ་བརྩམས་ཏེ་བླ་རྒན་མ་ཤོར་བ་གཟབ་གཟབ་གསུངས་པ་དེ་ཡང་དག་པ་རེད་ཞེས་ངས་བརྗོད་ཐུབ་ཀྱི་མེད། དེ་ནོར་འཁྲུལ་རེད། དཔེ་དེ་བཞིན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་བླ་མ་བསམ་གྱི་མི་ཁྱབ་པ་རེད། དངོས་གནས་དྲང་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་ཧེ་རུ་ཀ་དངོས་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཆ་བཞག་ན་ང་ལ་རྨི་ལམ་བཏང་བ་མང་པོ་ཞིག་གིས་ཐོག་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་འམ་མར་མེ་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པ་ཕལ་ཆེར་གསལ་པོ་རེད། བསམ་གྱི་མི་ཁྱབ་པ་རེད།
ཚེ་འདིར་དོལ་འདྲེ་བསྟེན་ཀྱང་མཁས་བཙུན་ཟེར། །
འཆི་ཁ་རོ་ལོང་གྱུར་ཀྱང་གྲུབ་ཐོབ་ལོ། །
ཕྱི་མར་གཤིན་འདྲེ་སོང་ཡང་དགའ་ལྡན་གྲགས། །
དེ་འདྲ་དེ་འབྲས་ལམ་རིམ་དངོས་ཡིན་ནམ། །
དོལ་ཤུལ་རྒན་པོས་དཔྱོད་དང་གོ་བར་རྙེད། །
རྭ་སྒྲེང་སྐོར་སྙོག་དྲྭ་ཆེ་བ་ཞིག་རེད། ༧གོང་ས་མཆོག་གིས། (བླ་རྒན་མ་ཤོར་བ་གཟབ་གཟབ་)ཅེས་པ་དེ་རྭ་སྒྲེང་ཕྱོགས་ནས་ཁས་ལེན་གནང་གི་མ་རེད། འོན་ཀྱང་།གཅིག་༧གོང་ས་མཆོག་ཐམས་ཅད་མཁྱེན་པ་རེད། གཉིས། ཕྱག་བྲིས་ངོས་ཟིན་རྒྱུ་རེད། ང་རྭ་སྒྲེང་ཕྱོགས་ཀྱི་རྒན་པ་སྐབས་དེའི་གནད་ཡོད་མི་བཞི་ཙམ་ལ་མཇལ་མྱོང་ཐམས་ཅད་ཀྱིས་རྭ་སྒྲེང་སྟག་བྲག་བླ་མ་གཉིས་བར་པ་རྩོད་པ་མེད་པར་མ་ཟད་ཐུགས་མཐུན། འོན་ཀྱང་སྟག་བྲག་དགུང་ལོ་སྨིན་པས་ཐུགས་དྲན་མེད་པས་རྐྱེན་དབང་ཆ་ཡང་མེད། དེའི་ཕྱག་མཛོད་སོགས་བླ་བྲང་ཕྱོགས་གཏོགས་མང་པོ་ཞིག་གི་རྭ་སྒྲེང་རིན་པོ་ཆེར་ཡིག་རྫུན་ཞིག་གིས་གླེང་ལོག་བཀལ་ཏེ་རྐྱེན་ངན་་བྱུང་བ་རེད་ཟེར། འདི་སྐོར་འབྲི་མཁན་མང་པོ་ཡོད་པས་གསལ་བཤད་ཞུ་མི་དགོས།
ངས་བསམ་པ་དང་ཁྱེད་ཀྱི་གསུངས་པ་གཉིས་འདྲ་བོ་འདུག ༸སྐྱབས་མགོན་རིན་པོ་ཆེས་ཕྱག་བྲིས་དེ་ངོས་ཟིན་ཡོད་གྱི་རེད། དེ་མ་གཏོགས་ཕལ་ཆེ་ཡིག་རྫུན་བཟོས་མེད་འགྲོ་བསམ་པ་དེ་འདྲ་འདུག ད་དེ་ཚོ་རྩད་ཆོད་རྒྱུ་མེད་པ་རེད་གཡུགས་ན་དགའ་གི་རེད། དེའི་སྐབས་ཀྱི་གནས་ཚུལ་རྫུན་མི་གསུང་མཁན་༸སྐྱབས་མགོན་རིན་པོ་ཆེ་ལས་ལྷག་གཅིག་ཡོད་མ་རེད། དེ་མ་གཏོགས་རྭ་སྒྲེང་རིན་པོ་ཆེ་ལ་ཉེས་པ་ཞིག་བཙུག་དགོས་དུས་དེ་དུས་ཡབ་གཞིས་ཀྱི་རྭ་སྒྲེང་རིན་པོ་ཆེ་རྩར་ཆེན་པོ་བྱེད་ཀྱི་ཡོད་ས་རེད། དེ་ལ་བརྟེན་ནས་ཁོ་ཚོས་བཟོས་མེད་འགྲོ་བསམ་པ་ཞིག་འདུག གང་ལྟར་ང་འདྲ་བོ་གི་ལྟ་ཚུལ་བྱས་ན་རྭ་སྒྲེང་རིན་པོ་ཆེ་མི་དྲང་པོ་དང་ཐག་ཆོད་པོ་འདྲ་བོ་ལ་མཐོང་སོང། སྟག་བྲག་གནག་མདོག་ཁག་པོ་འདྲ་བོ་མཐོང་གི་ཡོད། གཞན་རྒྱུ་མཚན་རྒྱ་ཆེན་པོ་མེད། ཁོང་གཉིས་པར་དང་ཪྭ་སྒྲེང་གི་རྒྱལ་སྲིད་ཕུལ་ཚུལ་དང་། ༸བཅུ་གསུམ་པའི་ཡང་སྲིད་ངོས་འཛིན་གནང་ཚུལ་ག་བ་བལྟས་ན་ཕྱས་རྗེས་ཆེན་པོ་ཡོད་པ་ཞིག་རེད་འདུག སྟག་བྲག་ལ་དམིགས་བསལ་བྱས་རྗེས་གངཡང་མཐོང་མ་སོང། ཡག་པོ་ཡིན་གྱི་རེད།
ར་སྒྲེང་འདི་མི་ཡག་པོ་ཞིག་ཅི་གང་ཡང་མ་རེད། ཤེས་ཡོན་གྱི་ཆ་ནས་སྟག་བྲག་དང་བསྡུར་ཐབས་མེད་པའི་སྐྱོ་བོ་རེད། ཡིན་ན་ཡང་ཏཱ་ལའི་བླ་མ་སྐུ་་ཕྲེངམཅུ་གསུམ་པའི་ལངས་ཕྱོགས་ལ་བ་རྒྱབ་སྐྱོར་བྱེད་མཁན་རེད། སྟག་བྲག་སྐབས་དེར་ལོ་ན་རྒས་ན་ཡང་དྲན་རིག་གསལ་ཐག་ཆོད་ཡིན་ཚུལ་འདུག
འོ་ད་ནི་གང་ལྟར་ཁ་སང་སྐྱབས་མགོན་རིན་པོ་ཆེས་ཞལ་ནས་ཁོང་སྐྱབས་རྗེ་ཕ་བོང་ཁ་བའི་ཆོས་རྒྱུད་འཛིན་མཁན་ཞིག་ཡིན། སྐྱབས་རྗེ་ཕ་བོང་ཁ་པ་དང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་མངའ་བདག་རེད། དགེ་ལུགས་པའི་བསྟན་པའི་བདག་པོ་རེད་གསུང་སོང་། སུ་གང་ལ་གཡོར་ས་དང་སྒུར་ས་མི་འདུག
བོད་པས་ཤིན་ཏུ་ནས་གལ་ཆེར་བརྕི་བའི་དབང་ལུང་གི་བརྒྱུད་པ་ཟེར་བ་འདི་ག་དུས་བྱུང་བ་ཡིན་ནམ། དང་པོ་ང་ཚོ་ནང་པའི་ཆོས་ཀྱི་བརྒྱུད་པ་དེ་རྒྱ་གར་ལ་ཐུག་པ་རེད། རྒྱ་གར་གྱི་ལུགས་སྲོལ་ནང་ནས་ཆོས་ལུགས་སྔ་ཤོས་དེ་གྲངས་ཅན་པ་ཡིན་པའི་སྐད་ཆ་ཡོད་པ་རེད། དེའི་སོ་སོའི་བརྒྱུད་པ་དེ་རང་གཞུང་ཚད་ལྡན་ནས་གལ་ཆེན་པོ་ལ་བརྩི་མིན་གསལ་པོ་མ་ཤེས་ཀྱང་ཕྱིས་ནས་ལག་ཏུ་ལེན་མཁན་བྲམ་ཟེ་རྣམས་ཀྱིས་རིགས་དེས་དབང་བསྒྱུར་གྱི་ཆེད་དུ་ཆོས་དེའི་བརྒྱུད་པ་ཞིག་དང་ཁུངས་གཏུགས་ས་བླ་མ་ཞིག་དགོས་པར་བཤད་མེད་དམ་སྙམ་པ་ཞིག་ཡོད། དེ་ཡང་གང་བྱུང་གི་མི་ཆོག་པ་བྲམ་ཟེ་རང་གི་རིགས་ཡིན་དགོས་པ་ལས་གདོལ་པའི་རིགས་འདྲ་བོ་ག་ཚད་གྲུབ་པ་ཐོབ་ན་གདོལ་པའི་རིགས་ཡིན་པ་ཤེས་ན་ཁོ་ཚོས་ཁས་ལེན་ཀྱི་མེད་པ་རེད། དེ་འདྲ་བོའི་གཏམ་རྒྱུད་སོགས་མདོ་ནང་ལ་ཤིན་ཏུ་མང་པོ་ཡོད་པ་དང། ཚད་མ་རྣམ་འགྲེལ་ནང་ནས་བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་བསྟན་པའི་སྐབས་རིགས་ལ་ཧ་ཅང་གལ་ཆེན་བརྩི་བ་དེ་བཤད་ཡོད། དབང་ཕྱུག་ནག་པོའི་རྒྱུད་དྲུག་ཅུ་རྩ་བཞི་ཟེར་བ་དེ་འདྲའི་ནང་ལ་གང་འདྲ་བཤད་ཡོད་མི་ཤེས། ནང་པའི་དབང་དུ་བཏང་ན་སྟོན་བཅོམ་ལྡན་འདས་ཀྱིས་ནང་ཆོས་ཉམས་སུ་བླངས་པ་དེ་མི་ཡི་དབང་དུ་བཤད་ན་ཁོ་རང་གིས་དཔྱད་པ་མཛད་ནས་བདག་མེད་པའི་དོན་མཐོང་ནས་བསྟན་པ་ལས་དེའི་གོང་གི་བརྒྱུད་པ་གཏུགས་ས་སྐུ་ཚེའི་འདིའི་ནང་ལ་གང་ཡང་མེད། རིང་འཕུར་ལྷག་སྤྱོད་ལས་འཇིག་རྟེན་པའི་ཏིང་ངེ་འཛིན་ཞུས་ནས་སྒོམ་ཡོད་པ་རེད། དེ་ནས་སྟོན་པ་འདས་ཁར་བསྟན་པ་དེ་འོད་སྲུང་ལ་འཛིན་དགོས་ཞེས་དམིགས་བསལ་གསུང་ཡོད་ན་མེད་ན། ཕལ་ཆེར་གསུང་མེད་པ་འདྲ་བོ་འདུག གང་ཡིན་ཞེ་ན་ཀུན་དགའ་བོ་སྟོན་པའི་དྲུང་དུ་བཞུགས་ཡུན་རིང་ཤོས་དེ་ཡིན་དུས་མང་དུ་ཐོས་པས་དེ་བསྐོས་དགོས་པ་ལ་དེས་བདག་མེད་རྟོགས་མེད་དུས་འོད་སྲུང་བསྐོས་ཚུལ་ལ་བལྟས་ན་རྟོགས་པའི་ཡོན་ཏན་ལ་བལྟས་ནས་བཀོད་བཞག་རྗེས་འཇུག་ཚོས་མཛད་ཡོད་པ་འདྲ་བོ་ཡོད། སྡོམ་རྒྱུན་འདྲ་བོ་ལ་བསམ་བློ་བཏང་ན་སྟོན་པ་ཡན་ནས་གང་ཟག་ཁུངས་གཏུགས་ས་མེད་པ་རེད། དེ་དུས་བསྟན་པ་ལ་དག་ཐེར་རམ་བརྒྱུད་པ་གཏད་པ་གང་ཡིན་མི་ཤེས་སྡེ་སྣོད་གསུམ་ཀུན་དགའ་བོས་བཏོན་པའི་ལོ་རྒྱུས་འདྲ་བོ་ཡོད་པ་རེད། དེ་འདྲ་བྱས་ནས་གཏད་རབ་བདུན་ཟེར་གྲགས་པ་རེད། ཐེག་པ་ཆེན་པོ་འདྲ་བོ་ལ་བསམ་བློ་བཏང་ན་སྟོན་པ་ནས་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་བར་དུ་མི་ནས་མི་ལ་བརྒྱུད་པའི་ལོ་རྒྱུས་ཟེར་གང་ཡང་མེད་པ་རེད། མགོན་པོ་འཇམ་དཔལ་དབྱངས་ནས་བརྒྱུད་པ་བཤད་པ་རེད། དེ་ཚོ་དོན་ངོ་མ་ལ་བསམ་བློ་བཏང་ན་སྟོན་པ་སངས་རྒྱས་ནས་ཀླུ་སྒྲུབ་བར་དུ་མི་ནས་མི་ལ་བརྒྱུད་པའི་ཐེག་ཆེན་ཞིག་ཡོད་ན་མེད་ན་རྩད་གཅོད་རྒྱུ་རེད། ཧ་ཅང་རྩད་ཆོད་ཁག་པོ་རེད། རྒྱ་གར་ནས་ང་ཚོ་བོད་ནང་བཞིན་ཁྲིད་རྒྱུན་ལུང་རྒྱུན་དེ་རྒྱུན་མ་ཆད་པ་དགོས་པ་དེ་འདྲ་བཤད་ཀྱི་ཡོད་ན་མེད་ན་འགའ་ཤས་ཀྱིས་རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ་ནས་ཞུས་པ་དེ་འདྲ་བསྟན་ཡོད་པ་རེད། བཀའ་དེ་ཚོ་ཚང་མའི་ལུང་རྒྱུན་ཡོད་ན། དེ་བཞིན་བསྟན་བཅོས་དེེེ་ཚོ་ཚང་མའི་ལུང་རྒྱུན་ཡོད་ན་མེད་ན་དེ་ཚོ་རྙོག་དྲ་ཚ་བོ་རེད། སྡོམ་རྒྱུན་འདྲ་བོ་ལ་བསམ་བློ་བཏང་ན་རྒྱ་གར་དུ་ལོ་གཅིག་སྟོང་ལྷག་ས་ལ་བླ་མ་ཉུང་ཉུང་མ་གཏོགས་མེད་པ་རེད། བོད་ལ་དར་བ་ནས་བཟུང་བླ་བརྒྱུད་དེ་མར་མར་ཡོང་ནས་མང་རུ་མང་རུ་དུས་ཚོད་ཉུང་རུ་ཉུང་རུ་སོང་བ་རེད། དེ་བཞིན་ཏཻ་ལོ་པ་ལ་མི་ཡི་བླ་མ་མེད་པ་བཤད་ཡོད་པ་རེད། དེ་འདྲ་བོ་ལ་བསམ་བློ་བཏང་ན་རྒྱ་གར་དུ་མཐའ་གཅིག་ཏུ་བརྒྱུད་པ་ཟེར་བ་དེ་གལ་ཆེན་པོ་ལ་བརྩིས་ཡོད་ན་མེད་ན་དོགས་པ་རེད། ཡང་ན་ཡུལ་ཆོས་དང་བསྟུན་ནས་བཤད་པ་རེད་མ་གཏོགས་གལ་ཆེན་པོ་མི་བརྩི་པ་ཨི་ཡིན་ན་དཔྱད་པ་བྱ་བ་འདི་ཆོས་བརྒྱུད་འདིར་མེད་མི་རུང་བ་ཞིག་རེད་སྙམ། བོད་ནས་རྒྱ་གར་ལ་འགྲོ་ནས་ཆོས་ཉན་མཁན་ཐོག་མ་དེ་སམ་བྷོ་ཊ་ཡིན་དུས་ཁོང་གི་སློབ་དཔོན་དེ་དག་གི་བཀའ་དྲིན་བཤད་ཡོད་པ་རེད། དེ་དག་ཕྱི་ནང་ག་རེ་ཡིན་བཤད་མེད་པ་རེད། བསྟན་བཅོས་མཆོད་བརྗོད་ནང་དུ་བཞག་མེད་ཅིང་ཁོང་གིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར་བའི་ལོ་རྒྱུས་ཙམ་ལས་དབང་ལུང་ཁྲིད་སོགས་ཞུས་ནས་རྒྱལ་པོ་ལ་གནང་པའི་ལོ་རྒྱུས་མེད། རྒྱལ་པོ་དེ་དག་ལ་བརྟེན་ནས་གྲུབ་པ་ཐོབ་པ་འདྲ་བོ་བཤད་ཡོད། སམ་བྷོ་ཊས་བླ་མ་འདི་ལ་བསྟེན་ནས་དབང་དང་གདམས་པ་འདི་ཞུས་ཡི་གེ་ན་གཅིག་མེད་པ་རེད། སམ་བྷོ་ཊས་དབང་སྐུར་བ་དང་དམ་ཚིག་བསྒྲགས་པའི་ལོ་རྒྱུས་མེད། དེ་ནས་པད་འབྱུང་བོད་དུ་ཕེབ་ནས་ལྷ་འདྲེ་རྣམས་དམ་ལ་བཏགས་པའི་ལོ་རྒྱུས་དེ་ཡོངས་གྲགས་འདྲ་བོ་བོད་དུ་ཆགས་པ་རེད། འོན་ཀྱང་དེང་དུས་ཀྱི་ཉམས་ཞིབ་པས་ཞིབ་འཇུག་བྱེད་སྟངས་ལྟར་ཞིབ་འཇུག་བྱས་ན་ལྷ་སྒྲུང་འདྲ་བོ་མ་ཡིན་པའི་ཐོག་ནས་དཔྱད་ན་དཔྱད་རིན་ག་ཚད་ཡོད་ལྟ་རྒྱུ་རེད། འདི་ཡི་སྐོར་འདི་གསང་བ་བསམ་མི་ཁྱབ་པའི་ལོ་རྒྱུས་ཡིན་དུས་མི་དང་བསྟུན་ནས་བཤད་ན་འབྲེལ་བ་ཞེ་དྲག་མེད། གུ་རུ་རིན་པོ་ཆེའི་ཆོས་རྣམས་ཞུས་ཚུལ་དེ་དག་བོད་ཀྱི་རིག་གཞུང་འདི་གཞིར་གཞག་ནས་བཤད་པ་འདྲ་བོ་ཡོད། དབང་ལུང་གི་བརྒྱུད་པ་ཁུངས་གཏུགས་དགོས་པ་དེ་གཞིར་བཞག་ནས་བཤད་ཡོད། འདི་ཡང་ཞིབ་ཏུ་དཔྱད་ན་གཏེར་སྟོན་རྣམས་བྱོན་པ་ནས་གུ་རུའི་ལོ་རྒྱུས་འདྲ་མི་འདྲ་སྤང་ལ་ཤྭ་མང་བརྡོལ་བ་ལྟར་བྱུང་ཡོད། གུ་རུ་རིན་པོ་གནས་ག་ལ་བ་དེར་ལོ་དང་ཟླ་བ་སོགས་སྒྲུབ་པ་བསྐྱོན་ནས་བཞུགས་པ་དང་ལས་ཅན་གྱི་གང་ཟག་དུ་མ་ལ་དབང་བསྐུར་གདམས་ངག་བསྟན་པ་སོགས་ས་དར་རྡོ་དར་བྱུང་པ་རེད། ངོ་མཚར་བ་ཞིག་ལ་གཏེར་སྟོན་རྣམས་ཀྱིས་པོད་བཅོ་ལྔ་བྲིས་ཡོད་ན་དེ་སྐྱེ་བ་སྔ་མ་དབང་ལུང་ཐོབ་ཟིན་པའམ་གུ་རུ་རིན་པོ་ཆེ་ལ་ཞུ་བ་ལས་དེའི་སྐབས་སུ་གསར་པ་གང་ཡང་ཞུ་ས་གཞན་པ་མི་ཡི་བླ་མ་ཞིག་མི་དགོས་པ་རེད། གཏེར་ཟེར་བ་འདི་ཆོས་བརྒྱུད་གྲུབ་མཐའ་ཕལ་ཆེ་བའི་ནང་དུ་བྱུང་བ་རེད། བོད་ལ་འགྱུར་གསར་མ་འགོ་བཙུགས་པ་ནས་བཟུང་རྒྱ་གར་སོགས་ལ་འགྲོ་བའི་སྲོལ་རྒྱ་ཆེན་པོ་དར་ནས་ཕན་ཚུན་གྱི་བར་དུ་འགྲན་པ་བཞིན་ངའི་བླ་མ་དང་ཁོའི་བརྒྱུད་པ་སོགས་ཡ་མཚན་ཅན་ཅེས་བཤད་དགོས་སམ་དྲང་མོ་བཤད་ན་མི་ཡི་ལྷན་སྐྱེས་ཀྱི་གཤིས་ཀ་ངོ་མ་དེ་བསྟན་པའི་ལོ་རྒྱུས་ཀྱི་ཟུར་ནས་གསལ་བ་བཞིན་འགྲན་རྩོད་དང་འཁོར་སློབ་སོགས་མངའ་ཐང་འགྲན་པའི་ལོ་རྒྱུས་གསལ་ཡོད་པ་རེད། དང་པོ་ལམ་སྟོན་རྒྱག་མཁན་ཞིག་མེད་ན་མི་ཡི་བློ་གྲོས་དེ་གོང་འཕེལ་ལ་འགྲོ་རྒྱུ་ཁག་པོ་རེད། ལམ་སྟོན་དེའི་འོག་ནས་སོ་སོ་རང་རང་གི་རྣམ་དཔྱོད་ཀྱི་ག་ཚད་རྒྱང་སྤྱོད་ཐུབ་ན་དེ་ལ་བརྒྱུད་པ་འདྲ་བོ་གང་ཡང་དེད་དགོས་པའི་དགོས་པ་གང་ཡང་མེད་པར་སེམས། དེ་འདྲ་ཕྱི་མིག་ཞིག་བལྟས་པའི་ཐོག་ནས་བརྒྱུད་པ་དེ་གལ་ཆེ་མིན་ལུང་གི་སྒྲུབ་བྱེད་མི་བཀོད་པའི་ཐོག་ནས་དང་པོ་ག་དུས་དར་བ་དང། བར་དུ་འཕེལ་རྒྱས་དང་འགྱུར་བ་ག་འདྲ་བྱུང་མིན་སོགས་དཔྱད་ནས་གལ་ཆེན་ཆུང་ལྟ་བ་ནི་ཤིན་ཏུ་ནས་མཁོ་གལ་ཆེ་བར་སེམས།
ཨོ་རེད། མཁྱེན་ལྡན་མདོ་ཤུལ་བ་ལགས། སྤྱིར་ན་འདུལ་བ་ལ་ཡང་ཆོ་་ག་དང་སྡོམ་པའི་བརྒྱུད་པ་དགོས སྔགས་ལ་དེ་ལས་ཀྱང་གལ་ཆེན་ཡིན་པར་རྒྱུད་ལུང་བརྒྱ་ཕྲག་སྟོང་ཕྲག་གིས་བསྟན་ཡོད་པ་འདི་རེད། ད་ཁྱེད་ཚང་གི་ཧེ་རུ་ཀས་བོད་ཀྱི་ནང་བསྟན་པའི་སྤྱི་ཚོགས་ནང་དཀྲུག་བསླངས་བསྡད་པའི་རྐུབ་འགེབས་པའི་ཆེད་དུ་ཁྱོད་ཚོས་རྒྱུད་དུམ་པ་བཞི་བཅུ་པོ་རྫུན་དུ་དུ་བསྒྲུབས་པའི་འཆར་གཞི་ཐོངས་དང་དེ་ནས་ཧེ་རུ་ཀའི་ཧེ་ཕྲུག་ཚོའི་ཆེ་མཐོང་འཕེལ་ཡོང་བར་ཐེ་ཚོམ་མེད།
ཡ་སྤོབས་པ་དྲང་མོ་བཤད་ན་༸སྐྱབས་མགོན་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་ཨེ་མྱོང། ལན་དྲངས་མོ་གནང། ཉོག་བཤད་མ་མཛད། ཧེ་ཕྲུག་ཆག་ཚར་བ་རེད་གངས་ཅན་པ་ཚང་མ་ངས་བསམ་ན་རང་ཉིད་བྱ་རོག་དཀར་པོ་ཆག་ཐུབ་ཀྱི་མ་རེད་བསམ་གི་འདུག ང་འདྲ་བོ་ལ་ཆག་བཞག་ན་དབང་ལུང་མི་ལ་སྤེལ་ཐུབ་མཁན་དང་སྤེལ་མཁན་མ་ཡིན་དུས་བརྒྱུད་པ་ལ་ཁྱད་པར་མི་འདུག མ་འོངས་པར་འཆམས་མཐུན་ངང་ང་ཚོའི་བོད་བརྒྱུད་ནང་བསྟན་འདི་གནས་ཐུབ་པའི་རེ་བ་ཆེན་པོ་ཡོད་། དེའི་ལར་ཞེན་གྱིས་དངོས་ཡོད་གནས་ཚུལ་བཤད་པ་ཡིན། ཐུགས་ལ་ཕོག་ཡོད་ན་བཟོད་པར་གསོལ།།
མདོ་ཤུལ་བ་ལགས། ང་ནི་དབང་ལུང་ཁྲིད་གསུམ་གཙིགས་སུ་འཛིན་མཁན་ཞིག་ཡིན་པ་ཕར་ཞོག སྐྱེ་བ་སྔ་ཕྱི་ཡོད་མེད་ཟེར་བ་དེ་ཡང་དྲི་བའི་རང་བཞིན་དུ་ལུས་བསྡད་ཡོད་མཁན་ཞིག་ཡིན། ཡིནན་ཡང་གསང་སྔགས་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབནི་རང་རང་གི་སྙིང་ཉེ་ས་དང་གློ་བ་དཀར་ས་ཚོའི་ཆེད་དུ་འདོར་ལེར་བྱེད་ཆོག་པ་ཞིག་མིན་པར་གཞུང་ལུུུུུུུུུུུུུུུུུུུུགས་དེའི་ལྟ་གྲུབ་བཞིནདུམབཀྲལ་ན་རིག་གཞུང་གཏོར་བཤིག་གི་ནག་ཉེས་བསག་པ་རེད དེའི་ལྟས་དེའི་ལས་དེའི་ས་དེའིས་དེའས་དེས་དས་སསུ་ཞིག་ཧེ་ཕྲུག་ཡིན་དང་མིན་ཞེས་པ་དེ་ནི་ཕ་བོང་ཁ་པ་དང་ཁྲི་བྱང་གི་ནག་ཉེས་ཅན་གྱི་བྱ་བཞག་དེ་ཚོ་སུས་རྒྱུན་འཛིན་བྱས་མ་བྱས་ལ་འཛོག་གིན་ཡོད།
ཡ་སྤོབས་པ་དྲང་མོ་བཤད་ན་༸སྐྱབས་མགོན་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་ཨེ་མྱོང། ལན་དྲངས་མོ་གནང།
དོལ་ཤུལ་འདི་མྱི་དྲང་མོ་མདའ་འདྲ་བ་ཟིག་རེད།
མ་མྱོང་ཡ།
མདོ་སྟོད་རི་བོང་གླག་གིས་འཁུར་ན།
མདོ་སྨད་བོང་བུས་རྩ་མི་ཟ། ཞེས་པའི་གཏམ་དཔེ་ལྟར་བཤད་རྒྱུ་ན། དང་པོ་དོལ་རྒྱལ་བོད་ཡིན་པའི་ཆ་ནས་མཐུན་སྒྲིལ་ཅི་ནུས་བྱེད་དགོས། དགྲ་གཉིས་བྱུང་ན་དགྲ་གཅིག་གྲོགས་སུ་ལོངས་ཟེར་བ་ལྟར་དོལ་རྒྱལ་ལ་རྒྱ་ནག་གུང་ཁྲན་ལས་ངམ་གནག་གི་གདུག་སྤྱོད་མེད། ཡོད་མེད་མི་ཤེས་པའི་ལྷའམ་ལྷ་མ་ཡིན་ལ་བསྟེན་ནས་ས་དགེ་བཀའ་རྙིང་ལ་མཚང་དྲིས་པ་ཙམ་གྱིས་ང་ཚོ་མི་རིགས་ཡོངས་ཀྱིས་དགྲར་སྣང་ན་ང་ཚོའི་གྱོང་གུལ་ཡིན་པ་མ་གཏོགས་དགྲ་དངོས་གུང་ཁྲན་གྱི་ཁེ་བཟང་དུ་གྱུར་དང་འགྱུར་ངེས། མེར་བསྲེགས་དཔའ་བོ་༡༢༤་ཚང་མས་རྒྱ་ནག་ཁོ་ནར་དམིགས་ནས་རང་བསྲེགས་བྱས་པ་མ་གཏོགས་དོལ་ཚོགས་ལ་དམིགས་ནས་རང་བསྲེགས་མཛད་པ་གཅིག་ཀྱང་མེད། འདིར་སྨྲས་པ།
ས་དགེ་བཀའ་རྙིང་བོད་ཀྱི་ཆོས་རྒྱུན་འདིར།
དོལ་རྒྱལ་ཚོགས་པས་མཚང་དྲིས་སྨད་ན་སྨད།
དེ་ཡིས་གདོང་དམར་བོད་རྒྱལ་སླར་གསོ་ལ།
གནོད་ནས་ཉམས་ན་འོ་སྐོལ་རྣམས་ཀྱ་འཚང་།
སྤོབས་པ་ལགས་ཁྱེད་ཀྱི་གནས་སྟངས་དེས་ང་ཡིད་འཕྲོག་སོང། དམར་ཤོག་ཚོགས་པའི་ལྟ་གྲུབ་ཡོད་མཁན་ཞིག་དང་དེ་ཡང་ཚད་ལྡན་ཞིག་ཡོད་པའི་རེ་བ་ཡོད། འོན་ཀྱང་དྲི་བ་གཞན་པ་ཞིག་མ་དྲིས་ཐབས་མེད་བྱུང་བས་དགོངས་འགལ་མེད་པ་ཞུ། སྤྱིར་དབང་ལུང་འདྲ་བོ་གང་ཡང་ཞུ་མྱོང་མེད་པའི་བོད་པ་ཞིག་ཡིན་ནམ། ཡང་ན་བརྒྱུད་པ་གཙང་མ་ལ་མ་གཏོགས་མི་ཞུ་མཁན་ཡིན་ཟེར་མཁན་ཞིག་ཡིན། དེ་ཡིན་ན་བརྒྱུད་པ་གཙང་བའི་ཚད་འདྲ་བོ་ལ་ག་རེ་འཇོག་གི་ཡོད་ན། དེ་གསལ་པོ་གསུང་ན་དཔེ་ཡག་པོ་འདུག དཔེར་ན་བོད་པ་དམར་ཤོག་པ་ངས་ངོ་ཤེས་དེ་འདྲ་ཡོད་དཔེ་ཡག་པོ་ཡོད་རེད། དེ་བཞིན་ཡོངས་གྲགས་བཀྲིས་དབང་འདུས་དང། ཕུན་དབང་། ཡང་གླིང་རྡོ་རྗེ་སོགས་སོགས་དར་དཀར་པོ་ནང་བཞིན་གཙང་མ་ཞི་ཏུ་མཐོང་གི་འདུག ཆོས་འབག་གྱོན་མཁན་མགོ་ཚོས་ལ་མ་ཚོས་ལ་བྱེད་ནས་གསར་བརྗེ་པ་ཡིན་མདོག་སྟོན་ནས་ང་དང་ང་འདྲ་བོ་དེ་འདྲ་ལ་གང་ལྟར་ཞན་ཆ་ཆེན་པོ་ཡོད་པ་ང་རང་རང་གི་མྱོང་ཐོག་ནས་ར་འཕྲོད་ཟིན་པས་སུན་པ་སྐྱེ་གི་འདུག གསར་བརྗེ་དགོས་གནད་དང་ལྡན་པ་ཕྲལ་དང་ཕུག་ལ་ཕན་པའི་ཆོས་བརྒྱུད་དང་བླ་མ་སོགས་སྔར་ཁས་ལེན་མི་ཐུབ་པ་ཞིག་གསར་དུ་ཁས་ལེན་ཐུབ་པ་ཞིག་བྱུང་ན་རང་ལ་དཔེ་བའི་ག་འདྲའི་བྱས་རྗེས་ཞིག་མ་རེད་གཅིག་གསུང་དང། བསམ་བློ་ཞིབ་ཏུ་བཏང་ན་ང་ཚོའི་གནས་སྟངས་འདི་ཡ་ང་བ་དང་སྐྱི་གཡའ་བའི་གནས་ཚུལ་གྱི་སྒང་སྡུག་གི་ཁུར་པོ་མི་ཁྱོག་ནས་གོམས་འགྲོས་འཁྱོར་དགོས་པའི་ཚོད་དུ་ཡོད། བོད་ཀྱི་མི་རིགས་གྲངས་ཉུངས་འདིའི་ནང་ནས་མཐུན་སྒྲིལ་དང་མི་རིགས་ཀྱི་དོན་དུ་རང་མ་གཏོགས་བསམ་རྒྱུ་མེད་པའི་གཅེས་འཛིན་ཅན་གྱི་ང་འདྲ་བོའི་བློ་ངོ་ལ་ཤོང་ཐབས་བྲལ་བའི་བློས་གཏོང་གིས་ག་འདྲ་གནང་གི་འདུག་འདི་ཚོ་ལ་ཤ་ཚ་ནས་མིག་ཆུ་ཞིག་མི་ལྷུང་བའི་བོད་པ་ཞིག་ཕལ་ཆེར་ཡོད་གྱི་མ་རེད་སྙམ། དེ་དེ་འདྲའི་གནས་ཚུལ་ལ་ཐུགས་བསམ་བཞེས་མཁན་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱིས་ཕ་ཁྲི་གཉིས་ལ་ཁ་མ་བཏང་ན་ལེགས་པར་སེམས་སོ།། ཕ་ཁྲི་གཉིས་ལས་སྡུག་པའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་ལག་རྗེས་འཇོག་སྲིད།
མདོ་ཤུལ་འདི་དྲང་པོ་ཡིན་ས་རེད། ཡིན་ན་ཡང་ཤེས་འཆལ་འདྲ་ཞིག་ཚོར་སོང་། སྦྱོང་པོ་སྦྱང་མཐར་མ་འཆོལ་ན། །སྦྱང་པོ་ངན་པ་ཁྲམས་པའི་རྒྱུ། དོན་མེད་ཀུན་ལ་མགོ་བདེ་གྱུར། །དེ་འདྲ་དེ་ཡང་བག་མེད་ཡིན།།ཞེས་ཚང་མ་འདྲ་བོ་དང་རྒྱུད་པ་གཙང་མ་གཙང་ལ་ཁྱད་པར་མེད། ཆིག་སྒྲིལ་ཟེར་བའི་གཏམ་ཁ་གཡར་བ་འདི་ཐབས་ཟད་རེད། འཁོར་འདས་ལ་ཁྱད་པར་མེད་ཟེར་སྲིད། རྒྱུད་པ་ཡོད་མེད་ལ་ཁྱད་པར་མེད་ཟེར་སྲིད། བན་བོན་ལ་ཁྱད་པར་མེད་ཟེར་སྲིད། ཕྱི་ནང་ལ་ཁྱད་པར་མེད་ཟེར་སྲིད། དེས་ན་ཧ་ཅང་ལ་ཐལ། སློབ་མ་དམ་ལྡན་དང་དམ་རལ་གཉིས་པོ་བཟང་ངན་མེད་ཟེར་བ་ཡིན་ནམ། མདོར་ན་ཕ་བོང་ཁ་དང་སྐྱབས་རྗེ་ཁྲི་བྱང་འདི་གཉིས་ལས་བརྒྱུད་པ་བཟུང་ན་བོད་བསྟན་སྲིད་ལ་གནོད་པ་རྒྱལ་བ་རིན་པོ་ཆེས་ཁས་ལེན་ཀི་འདུག་ག དེས་ན་ཨུ་ཚུགས་ཀྱིས་དག་སྣང་ཙམ་མིན་པར་ལམ་རིམ་དེ་བརྒྱུད་པ་གཙང་མ་བཟོ་རྒྱུ་གལ་ཆེན་པོ་རེད། ད་ཁྱེད་རྣམ་པ་ལ་རྒྱལ་བ་རིན་པོ་ཆེ་མ་གཏོགས་རྗེ་ཙོང་ཁ་པའི་ལམ་རིམ་གྱི་བརྒྱུད་པ་གཙང་མ་འཛིན་མཁན་གྱི་བླ་མ་མཚན་ཉིད་ལྡན་པ་ཞིག་མཚན་གཞི་ཡོད་དམ། དེ་མིན་ནང་ཆོས་ཟོག་རྫུ་ལ་འགྱུར་སྲིད་པས་ཚང་མས་གཟབ་རོགས།
བརྒྱུད་པ་འདི་མ་གཏོགས་མི་ཤེས་ལ་གཞན་ཡོད་པའི་རེ་དགོས་དོན་གང་ཡང་མེད། འདི་གས་འགྲིགས་པ་དེ་མི་ཚེའི་ནང་ལ་ར་འཕྲོད་ཚར་བ་རེད། ད་གཞན་ཡོད་ན་རུང་མེད་ན་རུང་གལ་ཆེན་པོ་གང་ཡང་མིན་པས་ཁྱད་མི་འདུག ལེགས་བཤད་ཀྱི་གདམས་པ་སྩོལ་མཁན་འདི་ལས་ལྷག་པ་ཞིག་མཐོང་མྱོང་མེད། མདོ་དབུས་གཙང་གསུམ་གྱི་བླ་མ་མང་པོ་མཇལ་མྱོང་ཡོད་ཀྱང་འདིའི་སྒང་ལ་ཡོད་པ་སུ་གཅིག་མཇལ་མྱོང་མེད། གཞན་པ་ལ་བསམ་བློ་ཡག་པོ་བཏང་ན་གོ་ཡོང་གྱི་རེད་སྙམ།
བྱང་ཨ་རི་ཁུལ་གྱི་གསར་འགོད་པ་རིན་པོ་ཆེ་ཟེར་བ་ཞིག་དང་ལམ་རིམ་པ་དགེ་བཤེས་དང་མཁན་པོ་ཞིག་གིས་ལམ་རིམ་རྗེས་འབྲང་པ་སྐོར་ཞིག་གིས་དེང་སྐབས་དམངས་ཁྲོད་ཁ་བརྡ་ཟེར་བ་ཞིག་ཆེད་གཉེར་གྱིས་པན་ཆེན་རིན་པོ་ཆེ་བཀའ་དྲིན་ཆེ་བ་དང་ལམ་རིམ་བརྒྱུད་ཚུལ་འདི་ལ་དོལ་ལོས་ཁས་ལེན་ཡོད་དམ། ལྟ་ཚུལ་ཅི་འདྲ་ཡོད་དམ།
http://www.youtube.com/watch?v=Ym4poCjzuHg
༸གོང་ས་མཆོག་གིས།
་་་་་་་་་་ ངོས་ལ་ཆ་བཞག་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་དངོས་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་བསམ་གྱིས་མ་ཁྱབ་པ་ཡིན། དེ་ལྟ་བུའི་ཤུགས་རྐྱེན་བསླེབས་ཏེ་ངོས་ནས་ཀྱང་དོལ་རྒྱལ་བསྟན་པ་ཡིན། ་་་་་་་་་་་
ཀརྡོ་ལགས། ཨོ་ན་འདི་འདྲི་ཡ། རྗེས་སུ་མ་བསྟེན་པ་དེ་གང་ཡིན་ནམ། དེ་ཚོས་མ་ཤེས་པ་ཡིན་ནམ། དེས་ཚོས་ལྷག་གཅིག་ཡིན་བཤད་ཀི་ཡོད་པ་རེད་དམ། ནང་འཁྲུགས་བྱེད་དགོས་དོན་གང་ཡིན་ནམ། བསམ་གྱི་མི་ཁྱབ་པའི་ཞོ་བཞིན་དུ་གནས་པ་ལ་ཁྲག་བཞིན་དཀྲུགས་དགོས་དོན་ཡོད་དམ།
བཤད་འོས་པ་ཞིག་ལ་རྩོད་པ་འདི་རིགས་སོ་སོ་ལ་འགན་ཁུར་ཁ་ཚ་དགོས་གཏུག་གི་གདོང་ལེན་མི་དགོས་པའི་རིགས་འདི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཤད་བཞག་པ་ལས་དེ་འདྲ་བོའི་སྤྱི་ཚོགས་ནང་ལ་ཞན་འདྲ་བོ་ཞིག་ཐེབས་ནས་གླེང་རྙོག་ཡོངས་འདུག་པ་ཆོས་ཉིད་འདྲ་བོ་རེད། འདི་འདྲ་ལ་བསམ་ན་སྔ་མོ་རྒྱ་གར་ལ་རྩོད་པ་དེ་བསྟན་པ་རྒྱན་དུ་བཙུགས་ནས་བརྒྱབ་པ་རེད་ཟེར་བ་དེ་འདྲ་ཡོད། དེ་བཞིན་བོད་ལ་དར་ཡོད་ས་རེད་དེ་ཚོ་ག་འདྲའི་སོ་སོའི་འགན་ཁུར་པའི་ཐོག་ནས་ཐ་ན་སྲོག་ཀྱང་འདོར་དགོས་པའི་རིགས་དེ་ལམ་སེང་ཐག་ཆོད་འགྲོ་བ་རེད་འདུག དེང་སང་དེ་འདྲ་གཏུགས་མཁན་དང་འགན་ཁུར་མེད་པ་འདིའི་རིགས་དེ་ཕལ་ཆེར་རྩོད་ནས་ཐག་ཆོད་པ་ཁག་པོ་རེད། དེ་ལས་མ་འོངས་པར་མི་རབས་གསར་པ་རྣམས་ལ་ལེགས་སྐྱེས་རེ་འབུལ་ཐུབ་པའི་དངོས་ཐོག་བདེན་ཚོལ་ཞིག་མེད་དུ་མི་རུང་སེམས། དངོས་གཙོ་སྨྲ་བའི་གཙོ་འཛིན་རླབས་ཆེན་མའོས་ཡང་སུ་ལེན་བཟོ་བཅོས་རིང་ལུགས་སོགས་ཀྱི་དཀའ་ངལ་དེས་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་ནང་ཁུལ་ལ་རྩོད་སྒྲུབ་ཀྱི་དགོངས་པ་འགྲེལ་སྟངས་ཀྱི་ཐོག་ནས་ལུང་འདྲེན་རིང་ལུགས་དགག་པ་རེད། དཔེར་ན་འདི་འདྲ་གསུང་ཡོད། (མ་ཁེ་སི་རིང་ལུགས་ཀྱི་དཔེ་དེབ་ནི་སློབ་སྦྱོང་བྱེད་དགོས་ངེས་ཡིན། འོན་ཏེ་རང་རྒྱལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་དགོས། ང་ཚོར་དཔེ་དེབ་དགོས་མོད། འོན་ཀྱང་དོན་དངོས་དང་ཁ་བྲལ་བའི་དཔེ་དེབ་རིང་ལུགས་ཡོ་བསྲང་བྱེད་དགོས་ཅེས།) ལག་ལེན་ལ་འཁྱོལ་མིན་ལ་མ་ལྟོས་པའི་འབོད་ཚིག་བསྒྲགས་ཡོད་ག་འདྲ་ཡག་པོ་མི་འདུག ང་ཚོ་བསྲེགས་བཅད་བརྡར་བའི་དཔེ་དང་གཅིག་མཚུངས་སུ་ཡོད་པས་དཔྱད་དགོས། དཔྱད་ནས་ཤེས་རབ་འཆལ་ན་གོ་ཆོད་པ་རེད། མ་དཔྱད་པར་ཐོམ་ཐོམ་ཞིག་བྱས་ནས་ཇོ་བཟང་གི་མི་ཚེ་སྐྱེལ་བ་ལ་སྙིང་པོ་མེད་པར་སེམས། དེང་ང་ཚོའི་ཟིན་གྲོགས་ཚོས་བཟང་ངན་གྱི་སྐད་ཆ་དང་ཐ་ན་ཚིག་གྱོང་གཅིག་བཤད་ཤེས་པ་ཚུན་ཆོད་བེད་སྤྱོད་ནས་གཏོང་བ་འདི་ཡར་རྒྱས་ཀྱི་གཞི་དང་ཤེས་འཆལ་ལམ་ཤེས་རབ་འཕེལ་བའི་གྲོགས་སུ་འགྲོ་བ་་རེད་ངས་ག་དུས་ཡིན་ན་རྗེས་སུ་ཡི་རང་ཞུ་གི་ཡོད།།
# 174 ཨ་ཕྱི་ཆོས་སྒྲོན་ལགས།
འོ་ད་ག་རང་རེད།
༡༽ ༸གོང་ས་མཆོག་གིས་ཀྱང་། དང་པོ་ངས་ཀྱང་མ་ཤེས་ནས་བསྟེན་པ་ཡིན་། ཞེས་ལན་མང་གསུངས་ཡོད་པ་དང་། ཕྱིས་སུ་ཉམས་མྱོང་མང་པོ་བསགས་ནས་། བསྟེན་ན་ཕན་ལས་གནོད་ཆེ་བ་ཡོད་པར་མཁྱེན་ནས་བསྟེན་མཚམས་བཞག་གནང་བ་རེད།
༢༽༸སྐྱབས་རྗེ་ཕ་བོང་ཁ་པ་མཆོག་དང་། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གིས་ཀྱང་། འཇིག་རྟེན་པའི་ལྷ་དྲེགས་པ་ཅན་རང་གི་རང་ས་ལ་བཞག་ནས་བསྟེན་བཀོལ་གནང་ཡོད་རེད།
༣༽དོལ་རྒྱལ་འདི་༸རྒྱལ་དབང་ལྔ་པའི་སྐབས་ལ་དམ་ཚིག་ཉམས་ནས་དྲེགས་པར་སྐྱེས་ཙང་། ༸གོང་ས་མཆོག་དང་། བོད་སྤྱི་པའི་དོན་ལ་གནོད་ཐུབ་པའི་སྨོན་ལམ་ལོག་པ་ཐེབས་ཡོད་པར་འདྲ།
༤༽འཇམ་མགོན་བླ་མ་རི་བོ་དགེ་ལུགས་པའི་བསྟན་པ་ལ་གནོད་སྟངས་ནི། དགེ་ལྡན་པའི་སྐྱེས་བུ་གསུམ་གྱི་སྲུང་མ། སྔར་ནས་ཡོད་བཞིན་པ་ལ་གསར་པ་ཅིག་གསར་དུ་བསྣན་དུས། མ་འགྲིག་པ་དང་།
༥༽ དེ་ལས་ཀྱང་གལ་ཆེ་བ་ནི། དེང་སང་དོལ་ཚོགས་གསར་པས། དོལ་རྒྱལ་ནི། ༸རྗེ་བླ་མ་ཙོང་ཁ་པ་རང་གི་རྣམ་སྤྲུལ་རེད་ཅེས་ཧམ་བཤད་འདིས། དགེ་ལུགས་པ་དང་། དད་ལྡན་སྤྱི་ཡི་དད་དམ་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་ཡོད་རེད་སྙམ་ལགས།
བློ་གཟུ་བོར་གནས་ནས་དྭོགས་དྲི་གནང་བར་བཀའ་དྲིན་ཆེ།
ལམ་རིམ་བླ་མའི་སེམས་བཅུད།
འདྲེ་གསོལ་སེམས་ཀྱི་ནག་ཐིག
རུས་དང་རུས་རྐང་ནོར་བའི།
དོལ་བཤུལ་དེ་དང་འདྲ་བྱུང་།
ཚེ་སྟོད་ཕ་བོང་ཁར་ནས།
ཆོས་ལུགས་ཀུན་ལ་བྱམས་པ།
ཚེ་སྨད་འདྲེ་ཡི་བྲན་ལ།
མི་ཡི་ཤ་ཚུགས་ཡལ་ལོ།
གཞན་དོན་ལྷ་ཆོས་ཉིང་ཁུ།
རང་དོན་འདྲེ་ཆོས་ཉིང་ཁུ།
གཅིག་རྗེ་གཅིག་ནི་འཐུངས་པས།
ཕ་བོང་ཁ་པར་ཆ་གཉིས།
འདིར་ཕེབས་པའི་ནང་པའི་མཁྱེན་ལྡན་ཚོར་འདྲི་བ་ཞིག་ཡོད་པས། ལན་ཞིག་སྟེར་རོགས།
༡༽ལོ་རྒྱུས་ལྟར་ན། དོལ་རྒྱལ་གྱི་སྲོག་གཏད་གསར་གཏོད་མཁན་དེ་རྙིང་མ་རེད་འདུག རྒྱུ་མཚན་འདིར་ཡོད། ཕ་བོང་ཁ་པའི་རྩ་བའི་བླ་མ་སྟག་ཕུ་རྡོ་རྗེ་འཆང་ཞུ་བ་རྙིང་མའི་བླ་མ་ཞིག་གིས། དག་སྣང་ལ་དོལ་རྒྱལ་དེ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན་པ་དང་། ཁོང་ནས་སྲོག་གཏད་ཀྱི་ཆོ་ག་བརྩམས་ནས་དགེ་ལྡན་པའི་བླ་མ་ཆེ་གྲགས་དཔེར་ན་ཕ་བོང་ཁ་སོགས་ལ་གནང་འདུག འདི་ཕ་བོང་ཁ་པ་དང་སྟག་ཕུའི་རང་རྣམ་ལ་འདུག
དོལ་རྒྱལ་གྱི་སྲོག་གཏད་དེ་སྟག་ཕུའི་སྔོན་ལ་མིན་འདུག སྟག་ཕུ་རིན་པོ་ཆེར་རྗེ་འབངས་ཉེར་ལྔ་སོགས་ཞལ་གཟིགས་བྱུང་། དེའི་སྐོར་ཞིག་ནས་དག་སྣང་ལ་ཕེབས་འདུག རྗེས་མ་གོང་ས་མཆོག་ནས་གནས་ཆུང་ལ། ཤུགས་ལྡན་སྟག་ཕུའི་དག་སྣང་ལ་ཕེབས་པ་རེད་གསུངས་དུས། གནས་ཆུང་གིས། དེ་དག་སྣང་མ་རེད། བར་ཆད་རེད་ཟེར།
དཔྱད་གཞིའི་ཡིག་ཆ། ཕ་བོང་ཁ་པའི་རང་རྣམ། གོང་ས་མཆོག་གི་ཤུགས་ལྡན་སྐོར་གྱི་བཀའ་སློབ།
# 180 བསམ་ཤེས།་ལགས།
་་་་་་་ རྗེས་མ་གོང་ས་མཆོག་ནས་གནས་ཆུང་ལ། ཤུགས་ལྡན་སྟག་ཕུའི་དག་སྣང་ལ་ཕེབས་པ་རེད་གསུངས་དུས། གནས་ཆུང་གིས། དེ་དག་སྣང་མ་རེད། བར་ཆད་རེད་ཟེར། ་་་་་བ་ལྟར།
དག་སྣང་མ་རེད། བར་ཆད་རེད། ཅེས་པས། ཁོང་ལ་དག་སྣང་ལྟར་སྣང་ཡང་། དོན་ལ་དག་སྣང་མ་ཡིན་པར། སྟག་ཕུ་རང་གི་བར་ཆད་ཡིན་པར་གནས་ཆུང་རང་གིས་གསལ་བར་གསུངས་པ་རེད། ངས་ནི་༸སྟག་ཕུ་རྡོ་རྗེ་འཆང་དང་། ༸སྐྱབས་རྗེ་ཕ་བོང་ཁ་པའི་རང་རྣམ་མཇལ་མ་མྱོང་བས་དེ་ལྷག་ཞུ་མི་ཐུབ།
ངས་ཆོས་གྲོགས་རྣམས་ལ་དོ་རྒྱལ་ངོ་སྤྲོད་སྐོར་ལ་འདི་གཉིས་ཙམ་ཞུ་འདོད་བྱུང་།
གཟིགས་དང་། ༸སྐྱབས་རྗེ་ཕ་བོང་ཁ་པའི་ཡང་སྲིད་དེ་བསྟན་པའི་མཛད་པ་རྒྱས་མ་ཐུབ་པ་ཀུན་མཐོང་ཡིན་པ་དང་གཅིག ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཡང་སྲིད་འདི་ཡང་ཆོས་སྒོ་མ་ཐོན་པ་མཐོང་ཆོས་དང་། བསྟན་པའི་མཛད་འཕྲིན་རྒྱས་ཐུབ་པའི་རེ་བ་ཧ་ཆང་ཆུང་བ་འདིས། ང་ཚོ་ལ་ངེས་ཤེས་ཅིག་དྲན་ཐུབ་པ་མི་འདུག་གམ། ལགས།
ད་དེ་རེད་བསམ་གྱིས་མི་ཁྱབ་པ་རེད་མི་འདུག ད་ང་ཚོས་ཤེས་སོང་ང། དཔེ་མི་སྲིད་པའི་བོད་བསྟན་སྲིད་ལ་གནོད་ཆེན་པོ་བསྐྱལ་རེད་འདུག་ག ད་ཡིན་ན་གནོད་སྐྱལ་ལ་བཟང་རབས་བཤད་ན་རྒྱལ་བ་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པ་དོན་གྱིས་བསྟན་པ་རེད། དེས་ན་ཁོ་ཚོ་ནོར་འདུག་ག ད་ང་ཚོའི་རྒྱལ་བ་རིན་པོ་ཆེས་བཀའ་ལ་ཉན་དགོས་པ་དེ་རེད། ༡༽ ༸གོང་ས་མཆོག་གིས་ཀྱང་། དང་པོ་ངས་ཀྱང་མ་ཤེས་ནས་བསྟེན་པ་ཡིན་། ཞེས་ལན་མང་གསུངས་ཡོད་པ་རེད། རྗེས་སུ་མི་བརྟེན་པ་མཚམས་བཞག་པ་རེད། དོལ་འདྲེ་དོར་བ་རེད། སྤོངས་པ་རེད། གཡུགས་པ་རེད། ཡང་ན་དོལ་འདྲེ་དང་ཡང་ན་རྒྱལ་བ་གཅིག་སྡོམ་གསུངས་པ་ཚང་མས་ཤེས་དགོས་རེད།
༢༽ཕ་བོང་ཁ་པ་དང་ཁྲི་བྱང་གིས་དྲེགས་པ་རང་བསྟེན་པ་གཏན་ནས་མ་རེད། བླ་མ་ཙོང་ཁ་པ་དང་ཡི་དམ་གཤིན་རྗེ་གཤེད། གསང་འདུས་ལྷ་ཚོགས་འཁོར་དུ་བཞག་ནས་སྒྲུབ་འདུག་ག ལས་ཆོལ་ལྟོས་དང་ཤིན་ཏུ་གསལ་བོ་རེད། ཁྱི་བྱང་གིས་བྲིས་པ་གངས་རྒྱ་བོ་སོགས་ཀྱིས་བསྒྲིགས་པའི་ཐང་ཁ་བལྟས་ན་ཤིན་ཏུ་གསལ། སྲོག་གཏད་སྐབས་སུ་རྩ་གསུམ་ཀུན་འདུས་སུ་བཤད་འདུག རྩོམ་པ་པོ་དེ་ཕ་བོང་བ་རེད། ༧གོང་ས་མཆོག་གིས་ཀྱང་འདྲེ་སྒྲུབ་སྣང་ལ་མ་ངེས་པ་སོང་བ་རེད། མ་ཚད་སངས་སྟོང་གི་བཀའ་སྲུང་རྡོ་རྗེ་འཆང་ཞེས་བཤད་འདུག་ག
༣༽དོལ་རྒྱལ་འདི་༸རྒྱལ་དབང་ལྔ་པའི་སྐབས་ལ་དམ་ཚིག་ཉམས་ནས་དྲེགས་པར་སྐྱེས་ཙང་། ༸གོང་ས་མཆོག་དང་། བོད་སྤྱི་པའི་དོན་ལ་གནོད་ཐུབ་པའི་སྨོན་ལམ་ལོག་པ་ཐེབས་ཡོད་པར་འདྲ། དགེ་ལུགས་མ་གཏོགས་གཞན་བཀའ་རྙིང་ས་སྐྱ་བོན་དང་བཅས་པར་ཡོངས་གྲགས་རེད།
༤༽འཇམ་མགོན་བླ་མ་རི་བོ་དགེ་ལུགས་པའི་བསྟན་པ་ལ་གནོད་སྟངས་ནི། དགེ་ལྡན་པའི་སྐྱེས་བུ་གསུམ་གྱི་སྲུང་མ། སྔར་ནས་ཡོད་བཞིན་པ་ལ་གསར་པ་ཅིག་གསར་དུ་བསྣན་དུས། མ་འགྲིག་པ་དང་། ཞེས་པ་བདེན་པ་རེད། དེས་ལྷག་གིས་བདེན་དཔུང་ཞིག་སུས་བྱེད་ཡ།
༥༽ དེ་ལས་ཀྱང་གལ་ཆེ་བ་ནི། དེང་སང་དོལ་ཚོགས་གསར་པས། དོལ་རྒྱལ་ནི། ༸རྗེ་བླ་མ་ཙོང་ཁ་པ་རང་གི་རྣམ་སྤྲུལ་རེད་ཅེས་ཧམ་བཤད་འདིས། དགེ་ལུགས་པ་དང་། དད་ལྡན་སྤྱི་ཡི་དད་དམ་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་ཡོད་རེད་སྙམ་ལགས། ཞེས་པ་དེ་ཡང་དེང་སང་ཅི་རེད་མི་འདུག ཁྱི་བྱང་གིས་ཤེས་བཞིན་ཁྱད་གསོད་བྱས་ནས་གངས་ཅན་ཡོངས་དང་༧གོང་ས་མཆོག་ལ་དུག་དང་འདྲ་བ་དེ་བླུག་པ་རེད།
བློ་གཟུ་བོར་གནས་ནས་ཀརྡོ་ལ་ཕུལ།
༸སྐྱབས་མགོན་རིན་པོ་ཆེས་བྱང་ཆུབ་སེམས་དཔའ་ཡིན་པའི་དབང་དུ་བཏང་ན་ལྷག་པར་དུ་ཕ་ཁྲི་རྩ་བ་ནས་འགྲིགས་མེད་ན་རྩ་བ་ནས་ནོར་བ་རེད་བདུད་རེད་གསུང་མི་ཐུབ་པའི་ཇོ་བཟང་གནང་དགོས་དོན་མེད་ལ་གནང་ཡང་མི་སྲིད། དེ་ལྟར་གནང་བའི་ཐུགས་གཤིས་མེད་པ་ཤེས་གསལ་པོ་རེད། དཔེར་མཚོན་ཞིག་དྲངས་ན། རྭ་སྟག་གི་སྐོར་གྱི་བཀའ་སློབ་ནང་དུ། ང་རཱ་སྒྲེང་རིན་པོ་ཆེ་ལ་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་རཱ་སྒྲེང་རིན་པོ་ཆེས་རང་གི་བླ་མ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་བྱ་བ་བརྩམས་ཏེ་བླ་རྒན་མ་ཤོར་བ་གཟབ་གཟབ་གསུངས་པ་དེ་ཡང་དག་པ་རེད་ཞེས་ངས་བརྗོད་ཐུབ་ཀྱི་མེད། དེ་ནོར་འཁྲུལ་རེད། དཔེ་དེ་བཞིན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་བླ་མ་བསམ་གྱི་མི་ཁྱབ་པ་རེད། དངོས་གནས་དྲང་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་ཧེ་རུ་ཀ་དངོས་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཆ་བཞག་ན་ང་ལ་རྨི་ལམ་བཏང་བ་མང་པོ་ཞིག་གིས་ཐོག་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་འམ་མར་མེ་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པ་ཕལ་ཆེར་གསལ་པོ་རེད། བསམ་གྱི་མི་ཁྱབ་པ་རེད། ཡིན་ནའང་དོལ་རྒྱལ་བསྟེན་པ་དེ་ནོར་བ་རེད་མ་གཏོགས་ཡང་དག་པ་རེད་ ཅེས་སྒྲུབ་ཐུབ་ཡག་རྩ་བ་ཉིད་ནས་ཡོད་པ་མ་རེད། ཤེས་སོང་ངམ། ཞེས་བློ་གླིང་གི་འདུ་ཁང་ཆེན་མོ་སྒོ་འབྱེད་ཁར་བཀའ་སྩལ་པ་རང་གི་དངོས་སུ་ཐོས་སོང།དེ་བཞིན་ག་དུས་ཡིན་ན༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། འདི་འགྲེལ་བཤད་འདྲ་བོ་འདྲ་མི་འདྲ་ག་རེ་བྱེད་ནས་རྒྱག་དགོས་པ་རེད། ཕ་ཁྲི་རྣམ་གཉིས་ལ་རྒྱུས་ང་ཚོ་ལས་༸སྐྱབས་མགོན་རིན་པོ་ཆེ་བརྒྱ་འགྱུར་སྟོང་འགྱུར་ཆེ་བ་རེད། ཡིན་གཅིག་མིན་གཅིག་ཁོང་རྣམ་པ་གཉིས་བདུད་ཀྱི་གྲས་སུ་འཇོག་པ་འདི་ལ་རྒྱབ་ལྗོངས་འདྲ་བོ་གཞན་པ་མེད་ན་བཤད་པ་བརྒྱ་ལས་མ་བཤད་པ་སྟོང་ཡག་ག་མཐོང་གི་ཡོད། ༸སྐྱབས་མགོན་རིན་པོ་ཆེ་ཚད་ལྡན་ཞིག་བརྩི་མཁན་ཡིན་ན་ལྷག་པར་དུ་གསུང་འདི་ཚོ་ཡིད་ལ་བཟུང་ནས་གང་གསུང་བ་ལ་བསླུ་བ་མེད་ང་རང་གིས་གོ་མ་ཤེས་པ་མ་གཏོགས་དོན་ལ་དེ་ག་རང་ཡིན་གྱི་རེད་བསམ་ནས་དད་པ་དང་དག་སྣང་སྦྱང་ན་དགེ་ཕན་ཆེ་བར་སེམས། བླ་མ་བཟང་ངན་དེ་ནང་དོན་རིག་པའི་སྐད་ཆ་གཙོ་བོ་རེད། དེ་ཤེས་པ་ལ་རང་ཉིད་ལ་ནང་ཆོས་ཀྱི་གོ་རྟོགས་མཐོན་པོ་ཞིག་མེད་ན་བཤད་ཁག་པོ་རེད། ལྷག་པར་དུ་གང་ཟག་གིས་གང་ཟག་ཚོད་བཟུང་པ་དེ་ལས་སླ་བོ་མིན་པ་གསལ་པོ་རེད། འདི་ཚོ་ལ་༸དྲང་མོ་བཤད་ན་༸སྐྱབས་མགོན་རིན་པོ་ལས་ལྷག་པ་ཞིག་ང་ཚོས་ཤེས་ཁག་པོ་རེད།
ཕ་བོང་ཁ་པ་དང་ཁྲི་བྱང་གིས་དྲེགས་པ་རང་ལ་བསྟེན་པ་གཏན་ནས་མ་རེད་གསུང་ནས་ཐག་ཆོད་མདོག་ཁ་པོ་ དེ་ཡང་ཡིན་གྱི་མ་རེད། འདི་ཚོ་༸གོང་ས་མཆོག་གིས་ང་ཚོ་ལས་བརྒྱ་འགྱུར་གྱིས་ལྷག་པའི་རྣམ་དཔྱོད་བེད་སྤྱད་ནས་ཞིབ་འཇུག་གནང་པ་རེད་དེ་ག་རང་ཡིན་གྱི་རེད། བླ་མ་ཙོང་ཁ་པ་དང་ཡི་དམ་གཤིན་རྗེ་གཤེད། གསང་འདུས་ལྷ་ཚོགས་འཁོར་དུ་བཞག་ཡོད་གྱི་མ་རེད་སྙམ། བླ་མ་མཆོད་པའི་ཚོགས་ཞིང་ནང་དུ་སྲུང་མའི་གྲལ་དུ་བྲིས་པ་རེད་ཟེར་གོ་མྱོང་ཡོད། དེ་ཕ་ཁྲི་རྣམ་གཉིས་ཀྱིས་བཅུག་མིན་ཤེས་མ་སོང དགེ་ལུགས་ལ་ཡི་དམ་གཤིན་རྗེ་དེ་ལ་དགྲ་ནག་དང་། གདོང་དྲུག འཇིགས་བྱེད་གསུམ་མ་གཏོགས་ཕལ་ཆེར་མེད། དེ་ཡང་རྒྱུན་པར་ཉམས་བཞེས་གནང་པ་དེ་འཇིགས་བྱེད་བཅུ་གསུམ་མ་དང་དཔའ་གཅིག་གཉིས་མ་གཏོགས་མེད། དེའི་འཁོར་དུ་བཀོད་ས་ཟེར་གང་ཡང་མེད། དེ་བཞིན་གསང་བ་འདུས་པ་ལ་ལྷ་བཅུ་གསུམ་ཡོད་དེའི་འཁོར་དུ་འཇོག་ས་ཟེར་གང་ཡང་མེད། དེ་དག་གི་ཞལ་ཐང་འོག་ཏུ་སྤྱི་བཏང་སྲུང་མ་བྲི་སྲོལ་ལྟར་བྲིས་ཡོད་སྲིད། ཁྱི་བྱང་གིས་བྲིས་པ་གསལ་པོ་བཤད་རྒྱུ་ཡོད་ན། གངས་རྒྱ་བོ་སོགས་ཀྱིས་བསྒྲིགས་པའི་ཐང་ཁ་ཡོད་གྱི་རེད། ཁོ་ཚོ་དྲང་པོ་བཤད་ན་དགེ་ལུགས་པ་མ་རེད་ལ་ནང་པ་མ་རེད། སྲོག་གཏད་སྐབས་སུ་རྩ་གསུམ་ཀུན་འདུས་སུ་བཤད་ཡོད་གྱི་རེད་དེ་ཤེས་མ་བྱུང། དོན་ལ་སྲོག་གཏད་ཟེར་དུས་དྲེགས་པ་མ་ཡིན་པ་ལ་ཡོད་ན་དེ་ཡག་པོ་ཤེས་མ་སོང། ༧གོང་ས་མཆོག་གིས་ཀྱང་འདྲེ་སྒྲུབ་སྣང་ལ་མ་ངེས་པ་སོང་ཡོད་གྱི་མ་རེད། གང་ཡིན་ཞེ་ན་ངས་གོང་དུ་བཤད་ཟིན་པ་ལྟར་རེད།སངས་སྟོང་གི་བཀའ་སྲུང་རྡོ་རྗེ་འཆང་ཟེར་ཕལ་ཆེར་བཤད་ཡོད་གྱི་མ་རེད་བསམ། སངས་སྟོང་གི་བསྟན་སྲུང་ཅེས་བཤད་ཡོད་གྱི་རེད།
དེང་སང་དོལ་ཚོགས་གསར་པས། དོལ་རྒྱལ་ནི། ༸རྗེ་བླ་མ་ཙོང་ཁ་པ་རང་གི་རྣམ་སྤྲུལ་རེད་ཅེས་པ་འདི་གསལ་ཁ་བསྟོད་ནས་ཧམ་བཤད་བཟོ་མཁན་ཁོང་ཚོ་རེད། དེའི་སྔོན་ནས་རྗེ་རིན་པོ་ཆེའི་སྤྲུལ་པའི་སྐད་ཆ་གང་ཡང་བཤད་མཁན་བྱུང་མེད་པ།
མགོན་པོ་གླིང་གེ་སར་དུ་སྤྲུལ། ལྷ་མོ་མགར་བཟའ་ཆོས་སྒྲོན་དུ་སྤྲུལ། ཆོས་རྒྱལ་མཆོང་ལྷ་སྨུག་པོར་སྤྲུལ། ཁོ་ཚོ་གསུམ་མཉམ་རུབ་ཀྱིས་དོལ་རྒྱལ་ཧོར་གུར་དཀར་རྒྱལ་པོར་སྤྲུལ་པ་དེར་གཉའ་སྒ་བསྟོད་དགོས། དེ་ལྟར་བྱས་ན་དོལ་དགེ་གཡུལ་འགྱེད་མཇུག་རྫོགས་སོང་བ་མ་རེད་དམ། དོལ་དགེ་གཡུལ་འགྱེད་འདི་སྤྱིར་ན་སྲུང་མ་ཁོ་རང་ཚོའི་དམག་འཁྲུག་ཅིག་རེད་མ་གཏོགས་མིའི་གཡུལ་འགྱེད་ཅིག་མ་རེད།
ལྷ་འདྲེའི་དམག་འཁྲུག་མི་ཡིས་བརྒྱབ། །
དོལ་དགེ་གཡུལ་འགྱེད་དེ་ནས་བརྩམས། །
ལྷ་འདྲེའི་དམག་འཁྲུག་ལྷ་འདྲེས་རྒྱོབས། །
དོལ་དགེ་གཡུལ་འགྱེད་མགྱོགས་པོར་རྫོགས། །
གསེར་ལས་གྲུབ་པའི་ཀ་ཁ་སུམ་ཅུ་འདི། །
དོལ་འདྲེའི་སྐྱག་དོང་མ་གཡུགས་དགེ་ལྡན་པ། །
བོད་མིའི་ངོ་ཚ་དོལ་དགེ་གཡུལ་འགྱེད་འདི། །
མགྱོགས་པོར་མཇུག་རྫོགས་གྱིས་ཤིག་དགེ་ལྡན་པ། །
་་་་་་་་་་ གངས་རྒྱ་བོ་སོགས་ཀྱིས་བསྒྲིགས་པའི་ཐང་ཁ་ཡོད་གྱི་རེད། ་་་་་་་་་་་
དགོངས་དག་གསང་བ་འདུས་ལ་སུ་ཅུ་རྩ་གཉིས་ཡོད་ང་ནོར་འདུག
སྔ་མོ་ཆོས་བརྒྱུད་གཞན་པ་ཚོས་རྗེ་ཡི་གསུང་དེ་ལོག་བཤད་ལས་ལེགས་བཤད་ལ་བརྩིས་མེད། དེས་དབང་གིས་དམངས་ཁྲོད་དུ་ལྟ་སྟངས་ཡག་པོ་མེད་པ་རེད། ང་འདྲ་བོ་ལ་ཆ་བཞག་ནས་ལམ་རིམ་ཆེན་མོ་སོགས་ལོག་བཤད་ལ་བརྩི་མཁན་གྲས་ཡིན། ཡིན་ནའང་ཞིབ་འཇུག་རྒྱག་འདོད་ཡོད། དེའི་དབང་གིས་རང་ལ་དཔེ་བའི་སློབ་གཉེར་འདྲ་བོ་བཟོ་སྐབས་མི་ཕམ་རིན་པོ་ཆེའི་གསུང་དང། ༸ལྷག་པར་དུ་སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་ལ་བརྟེན་ནས་རྗེ་ཡི་དབུ་མའི་བསྟན་བཅོས་ཆེན་པོ་རྣམས་མཇལ་བའི་སྐལ་པ་བྱུང་ཞིང་རང་ནུས་གང་ཡོད་ཀྱིས་སྦྱང་པའི་ཁུལ་ཙམ་བྱས་པས་དེའི་ལོག་རྟོགས་དེ་བརླགས་སོང། དེ་ནས་ལོག་རྟོགས་ཅན་རྣམས་ལ་ག་དུས་ཡིན་ན་ར་འདྲ་བོ་མི་འཕྲོད་ནས་འགྲེལ་བཤད་མང་པོ་རྒྱག་དགོས་ཐུག་གི་ཡོད། ད་ལྟའི་ང་ཚོ་བགྲོ་གླེང་འདིའི་ནང་ལ་དེ་འདྲ་གླེང་མཁན་མེད་པ་མ་ཟད་ལམ་རིམ་ཆེན་མོ་སོགས་ལ་གདེང་འཇོག་ཧ་ཅང་ཆེན་པོ་གནང་མཁན་ཤ་སྟག་མཐོང་སོང། དེ་ནི་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀྲིན་ཁོ་ན་རེད་ཅེས་བཤད་ན་མི་འགྲིགས་པ་མེད་པ་རེད། འདི་ནི་རྒྱལ་བསྟན་སྤྱི་དང་ལྷག་པར་དུ་བོད་པ། དེ་ལས་བྱེ་བྲག་ཏུ་དགེ་ལུགས་པ་རང་གི་ཆོས་བརྒྱུད་དང་བླ་མ་ལ་དགའ་ཞེན་ཚད་ལྡན་ཡོད་མཁན་ཞིག་ཡིན་ན་རླབས་ཆེན་གྱི་མཛད་རྗེས་འདི་དག་གི་བཀྲིན་ཕུང་པོ་ནི་ཤིན་ཏུ་ནས་གཞལ་དཀའ་བའི་ཚོད་དུ་ཡོད་པ་ཤེས་ན་ཡག་པོ་འདུག
ད་ཡང་དོལ་ཤུལ་མི་དྲང་གི སུས་ལམ་རིམ་ཆེན་མོར་དགག་པ་རྒྱག་གིན་འདུག ལམ་རིམ་ཆེན་མོར་དགག་པ་རྒྱག་པ་རྒྱག་མཁན་ཞིག་ཡིན་ན་མི་དེ་སྨྱོན་པ་ཞིག་ཡིན་སྲིད། ལམ་རིམ་ཆེན་མོར་དགག་གི་མེད་ན་རྣམ་གྲོལ་ལག་བཅང་ལ་ཡང་དགག་གི་མེད། རྣམ་གྲོལ་ལག་བཅང་རྩོམ་པ་པོ་དང་ཕ་བོང་ཁ་གཉིས་ཀྱིས་དོལ་དགེ་གཡུལ་འགྱེད་ཀྱི་ས་བོན་བཏབ་འདུག ཁོ་གཉིས་ཀྱི་དོལ་གསོལ་བྱ་ངན་སྤྱོད་ངན་དེ་ཚོ་མིན་རྒྱུ་ན་དོལ་དགེ་གཡུལ་འགྱེད་འདི་འབྱུང་གི་མ་རེད་ཟེར་གི་ཡོད། ང་ལོ་ཆུང་དུས་ཧོར་གླིང་གཡུལ་འགྱེད་ཀྱི་སྒྲུང་དཔེ་ལ་ལྟ་རྒྱུ་ཧ་ཅང་དགའ་བོ་ཡོད་ཅིང་། དེས་ངའི་བོད་ཡིག་གི་ཆུ་ཚོད་མཐོ་རུ་འགྲོ་བར་ཕན་རླབས་ཆེན་པོ་བྱུང་། ཡིན་ཡང་དོལ་དགེ་གཡུལ་འགྱེད་འདིས་ང་ལ་ཕན་པ་སྣེ་གཅིག་སྤྲོད་མ་མྱོང་།
ལམ་རིན་ཆེན་མོ་སོགས་དང་པོ་གོ་ཤཱཀ་སྟག་གསུམ་སོགས་ཀྱིས་དགག་པ་རེད། དེ་ནས་རྒྱུ་མཚན་ཤེས་མི་ཤེས་མང་པོས་བཤད་འདུག་པ་མ་མཐོང་པ་ག་རེ་ཡིན་ན ང་ཚོའི་ཕ་ཡུལ་ནས་ཆོས་ལུགས་ལམ་རིམ་པ་རེད་ལབ་དུས་རྣམ་རྟོག་ལང་གི་རེད། ངས་གང་མཐོང་བ་དེ་བཤད་པ་ཡིན། གོང་གི་བླ་མ་དེ་ཚོ་དང་དེའི་རྗེས་འབྲང་ཕལ་ཆེ་པས་ད་དུང་ཡང་ཁས་ལེན་ཀྱི་མེད་པ་གསལ་པོ་རེད། དེ་ཚོ་སྨྱོན་པ་རེད་ལབ་ཐུབ་མི་ཡོང། དོལ་དགེ་གཡུལ་འགྱེད་འདིས་གླེང་གཞི་འདྲ་བོ་བྱས་ནས་དགེ་ལྡན་པའི་བསྟན་པ་ས་དར་རྡོ་དར་ཆགས་མ་སོང་བས། གང་ལྟར་སྔ་མོ་ང་ཚོའི་ལྟ་སྟངས་སོགས་ལྟ་སྟངས་འགའ་རེ་ཆོ་མེད་རེད།
མདོ་ཤུལ་ལགས། ང་དམར་ཤོག་སོགས་ཤོག་ཁག་གང་ལ་ཡང་མི་གཏོགས། ང་རང་ངོས་ནས་བླ་བརྒྱུད་ཀྱིད་དད་ཞེན་ཕར་ཞོག ཚེ་སྔ་ཕྱི་ཡོད་མེད་དེ་ཡང་དྲི་བའི་ངོར་ལུས་ཡོད། བོད་ལ་ཡོད་དུས་དད་ཞེན་གྱིས་བསླངས་ཏེ་ཆོས་ཞུ་མྱོང་། ཡིན་ན་ཡང་། རྒྱ་གར་དུ་སླེབས་ནས་སུ་གཅིག་ལ་ཡང་དད་པས་བསླངས་ཏེ་ཆོས་ཞུ་མ་མྱོང་། ལྟད་མོའི་ཆེད་དང་། ཚོགས་པ་སྒྲིག་འཛུགས་ཀྱི་འགྲོ་སྟངས་ལ་བརྩི་བཀུར་ཆེད་དུ་གསུང་ཆོས་ལ་བཅར་དགོས་ཐུག་པ་ཡང་བྱུང་སོང་།
ངས་གོང་དུ་བཤད་པ་བཞིན་ཁྲི་བྱང་ནི་རྒྱལ་བ་རིན་པོ་ཆེའི་བླ་མ་ཞིག་མ་རེད། བཙན་དབང་གིས་བཞག་པ་རེད། བུ་མོ་ཞིག་ཡིན་ན་དེ་ལ་བཙན་གཡེམ་གཏོང་མཁན་མ་གཏོགས་ཁོོོོོོོོོ་ ད་དུང་ཡང་དེ་མཁྱེན་གི་མི་འདུག་གམ། ལམ་རིམ་ལ་ནོར་འཁྲུལ་ཡོད་མེད་བཤད་ན་རིག་པའི་གཞུང་ལུགས་དང་རིག་པའི་གཞུང་ལུགས་བསྡུར་ནས་བཤད་ན་ནོར་འཁྲུལ་ཡོད་ཆོག་པ་རེད།
རྒྱལ་བ་རིན་པོ་ཆེ་དང་དེ་ལས་བརྒྱུད་པའི་ལམ་རིམ་བླ་བརྒྱུད་དེ་གཟི་བརྗིད་ཆེ་དྲགས་ནས་ཁོང་ནོ་སྦེལ་ཞི་བའི་རྟགས་མ་གནང་བ་མིན་པའི་ཆ་ནས་ཁོང་ལ་ལམ་རིམ་བླ་བརྒྱུད་མ་ཡིན་པའི་ཆེ་བསྟོད་བྱེད་སྟངས་ཡོད་པས་ཁོང་བཀྱགས་བསམ་ན་བཀྱགས་སྟངས་གཞན་གྱིས་བཀྱག་ན་ཡག་ས་རེད
དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛིན་རིང་ལ་ཐོག་མར་བཀའ་བརྒྱུད་དེ་ནས་རྙིང་མ་ལ་སྡུག་པོ་མང་པོ་བྱས་འདུག ཕ་བོང་ཁ་པ་དང་ཁྲི་བྱང་གི་བྱ་སྤྱོད་སྐོར་དེའི་ཆ་ཤས་ཤིག་རེད། འདི་སྦས་ནས་གསང་ནས་ང་ཚོའི་མཐུན་སྒྲིལ་ཕན་གི་མ་རེད། ཁོ་ཚོས་བདུད་རེད་ཟེར་བར་རྒྱུ་མཚན་འདུག་བསམ་གི། དེ་ཟེར་མི་རུང་ཟེར་ན་ཐུགས་མཉམ་མ་བཞག་པའི་སྐད་ཆ་རེད། འདི་ལ་སྐྱོན་རྗོད་ན་ལམ་རིམ་སྐྱོན་ཅན་ཆགས་པའི་ཞེད་སྣང་ག་ལ་དགོས། དགེ་ལུགས་པའི་ནོར་འཁྲུལ་ཡང་མ་རེད།
དཔེར་ན། དགའ་ལྡང་ཕོ་བྲང་གིས་ཕྱི་ལ་མངའ་ཐང་རྒྱ་སྐྱེད་དང་། བཙན་འཛུལ་འགོག་རྒོལ་གྱི་དམག་འཁྲུག་ཧ་ཅང་ཉུང་ཉུང་ཡིན། ནང་ཁུལ་བདེ་འཇགས་ཀྱི་མིང་ཐོག་ནས་དམག་འཁྲུག་མང་པོ་བྱས་ཡོད། དེ་ཚོ་ཕལ་ཆེ་བ་བཀའ་བརྒྱུད་དང་། རྙིང་མ། བོན་སོགས་ཤུགས་ཆེར་དར་ས་ཚོར་དྲག་གནོན་བྱས་འདུག དེ་འདྲ་དེས་དགའ་ཕོའི་རྒྱབ་ཤེད་དུ་ཁུར་བའི་དང་འབྲེལ་བ་ཟབ་པའི་དགེ་ལུགས་ལ་དོག་པ་ཟ་བ་བྱུང་བ་ཧ་གོ་ནུས་པ་ཞིག་རེད། གནད་དོན་འདི་འདྲའི་སྟེང་ནས་བལྟ་དུས་རྙིང་མ་བཀའ་བརྒྱུད་ལཁག་མི་འདུག
མཁྱེན་ལྡན་རྣམ་པ་ཚོ། གུས་པའི་དོགས་འདྲི་གཉིས་པ་ནི། བོད་ཀྱི་རྩོད་མེད་ལོ་རྒྱུས་སྨྲ་བ་ཆེན་པོ། འཛམ་གླིང་བོད་ཀྱི་ལོ་རྒྱུས་མཁས་པའི་གཙུག་རྒྱན། ཨ་མྱེས་རྨ་ཆེན་གྱི་གཙོ་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་བཤད་ཅིག་ལ། དོལ་རྒྱལ་དེ་བཀའ་བརྒྱུད་པས་དགེ་ལྡན་པའི་དབུ་ཁྲིད་གོང་ས་ལྔ་པ་མཆོག་གི་སྐུ་ཚེར་བར་གཅོད་བྱེད་པར་བཏང་བ་དང་དེ་རྗེས་མ་རྙིང་མའི་ཨུ་རྒྱན་གཏེར་བདག་གླིང་པས་གསལ་ཁ་བསྟན་ཡོད་གསུངས། དེ་ལྟར་ཡིན་ན། དོལ་རྒྱལ་དེ་བཀའ་བརྒྱུད་པའི་ལྷ་ཞིག་ཨེ་རེད། འདིའི་སྐོར་ལ་མཁྱེན་མཁན་ཨེ་ཡོད།
ཀླུ་སྨྱོན་འདི་ཡང་མི་རང་ཚུགས་མི་ཟིན་མཁན་ཞིག་ཡིན་པར་སྣང་། དོལ་ཤུལ་འདི་མི་དྲང་མོ་ཞིག་ཡིན་ན་དང་པོ་ཀླུ་སྨྱོན་རང་གིས་ཁྲི་བྱང་གི་ལམ་རིམ་དེ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ནང་ལ་སུས་བཞག་དང་། རྒྱལ་བ་རིན་པོ་ཆེའི་ལམ་རིམ་བརྒྱུད་པ་ཕ་ཁྲི་གཉིས་ནས་ཡིན་མིན་ཙམ་གྱི་དོགས་སློང་ཞིག་བཤད་ས་ལ། ཁོས་ཧང་སང་འདོག་འདོག་བྱས་ནས་འུར་ཟིང་དང་རྙོག་དྲ་ཆེན་པོ་འདི་བསླངས་པ་རེད། དོན་གྱིས་དོལ་ཤུལ་འདི་བོད་མི་ནང་ཁུལ་ལ་འཆམ་མཐུན་དང་ཆིག་སྒྲིལ་དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་དད་གུས་གཙང་མ་ཡོད་མཁན་ཞིག་མ་ཡིན་པར། བསམ་གཟིས་ནས་གནས་ཚུལ་འདི་ཆེན་པོ་བཟོས་ཏེ་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་མ་བཱིན་བཟོ་ཨེ་ཐུབ་བལྟ་བཞིན་འདུག །ཁོས་ཕ་ཁྲི་གཉིས་རྒྱལ་བ་རིན་པོ་ཆེ་དང་ཁ་འབྲལ་མི་རུང་བའི་གནད་དོན་ཡོད་འདོག་དང་། ཕ་ཁྲི་གཉིས་ནི་དགེ་ལུགས་པ་སྤྱི་དང་དགོས་སུ་ལམ་རིམ་བསྟན་པའི་མངའ་བདག་དང་མ་རྒྱུད་བསྟན་པའི་སྲོག་ཤིང་ཡིན་ཟེར་ནས ཁྱི་རྒན་གྱིས་རང་གི་ཁ་ནང་གི་རུས་གོག་དེ་མི་ལ་སྦྱིན་མི་ཐུབ་པར་ཁ་སྣ་གཉེར་ནས་མཆེ་བ་སྟོན་པ་ལ་རྒྱུ་མཚན་ཆེན་པོ་ཞིག་མེད་པ་གཏན་ནས་མིན།
དོལ་ལོ་ལ་དྲི་གཅིག་ཡོད། ང་ཚོ་སོ་སོའི་རང་གི་ཕ་མ་རྒན་པ་འཆི་རུང་རབ་ན་དགུང་ཞག་ཚང་མ་དང། མིན་ན་བདུན་ཕྲག་འགའ་དང་། ཐ་ན་ཡང་ཞག་གསུམ་ཚང་ནས་རོ་གཙང་མ་བཟོ་བ་བོད་ལུགས་སྤྱིའི་སྲོལ་རེད། ཁྱི་བྱང་ཞག་གཅིག་ཀྱང་མ་སོང་གོང་ནས་གསོན་བསྲེག་དགོས་དོན་གང་ཡིན་ནམ།
ངས་གནས་ཚུལ་ཚང་མ་གོང་དུ་དྲང་ཟིན་པ་ཡིན། ཁྱེད་རྣམ་པ་རིགས་པ་སྨྲ་བ་རེད་ཞིབ་འཇུག་གནང་དུས་དེ་འདྲ་བོ་མཐོང་སྲིད་པ་རེད། ངས་རྒྱུ་མཚན་ང་རང་གི་གང་ཤེས་པ་དང་གང་གོ་བ་དེ་བཤད་པ་རེད། ཁྱེད་རྣམ་པས་དགོངས་ཚུལ་གང་ཡོད་པ་གསུངས་པ་ཡག་པོ་འདུག དོན་མེད་ཀྱི་དཀྱོགས་བཤད་ཧ་ཅང་མང་ན་མི་མཛེས། དོན་ལ་བསམ་བློ་གཏོ་རྒྱུ་གལ་ཆེན་པོ་རེད་དྲན་གྱིན་ཡོད། བཀྲིས་ཚེ་རིང་གི་དེ་འདྲ་བཤད་ཡོད་རེད་དྲན་གི་མི་འདུག གཏེར་བདག་གླིང་པས་ད་ལྟའི་དོལ་རྒྱལ་དུ་གྲགས་པ་འདི་གཟིམ་ཁང་གོང་གི་སྤྲུལ་སྐུ་རང་མིན་པ་འདྲ། ཡར་སྟོད་དུ་སྐྱེས་པའི་ཀརྨ་པའི་གྲྭ་པ་དམ་ལོག་གཞུང་རང་ལ་ངན་སེམས་སྐྱེས་ཏེ་སྨོན་ལམ་ལོག་པ་བཏབས་པ་ཞིག་ཡིན་པ་འདྲ། ཞེས་གསུངས་པའི་ལོ་རྒྱས་གོ་མྱོང་ཡོད་རྣམ་ཐར་མཇལ་མ་མྱོང། དེ་བཤད་ཡོད་གྱི་རེད། དོན་ལ་འདྲ་བོ་ཡིན་ན་མི་ཤེས། གཏེར་བདག་གླིང་པ་དོལ་རྒྱལ་སྦྱིན་སྲེག་བླུག་མཁན་གྲས་ལ་ཡོད་པརེད། ལུགས་སྲོལ་འགའ་ཤས་ཡག་པོ་ཡོད་རེད། འགའ་ཤས་ཡག་མི་ཡག་ཐག་ཆོད་ཁག་པོ་དེ་འདྲ་ཡོད་པ་རེད། འགའ་ཤས་སྡུག་པོ་ཡོད་རེད། འདི་འདྲ་བྱེད་ནས་ཕུང་པོ་ལམ་སེང་མེད་པ་བཟོ་དགོས་པ་དེ་འདྲ་མང་པོ་ཡོད་པ་རེད། དེ་ཚོ་ང་འདྲ་བོ་གི་ལན་མཐའ་གཅིག་ཏུ་ཐག་ཆོད་པ་ཁག་པོ་རེད། དེ་འདྲ་བཟོས་ཡོད་ན་མེད་ན་མི་ཤེས། ངས་གོ་ཚུལ་ཙམ་བཤད་པ་རེད། ཕ་ཁྲི་གཉིས་༸སྐྱབས་མགོན་རིན་པོ་ཆེ་དང་ཁ་བྲལ་ནས་ཞིང་ལ་ཕེབ་ཟིན་པ་རེད། དེ་བྲལ་མི་ཐུབ་པ་ང་དང་མི་དགོས་སུ་གང་གིས་ཐུབ་ལེ་མ་རེད། ཁ་ཤེད་འདྲ་བོ་བཤད་ན་འགྲིགས་པ་རེད། རང་རང་གི་བསམ་ཚུལ་འདྲ་མི་འདྲ་ཡོང་བ་རེད་དེ་འདིར་བཤད་ན་གལ་མེད་པ་རེད།། བཤད་ཚུལ་འགའ་ཤས་ཐུགས་ལ་ཕོག་ཡོད་ན་བཟོད་པར་གསོལ།
༸གོང་ས་མཆོག་ནས་དོལ་རྒྱལ་དང་འབྲེལ་བའི་སྐོར་འདི་གཟབ་གཟབ་ནན་ནན་མཛད་ནས་གསུངས་པ་དེ་དཔེ་གསལ་པོ་རེད། ང་ཚོའི་བསམ་བློ་བཏང་ན་ཁྲི་བཟང་རིན་པོ་ཆེ་སོགས་ཀྱིས་མདོ་སྔགས་ཀྱི་གཞུང་ལ་གོ་བ་དང་རིགས་པ་སྐུ་ཚེ་གཅིག་ལ་ཉམས་ལེན་གནང་སྟངས་སོགས་གང་ལ་བལྟས་ན་ཡིད་འཕྲོག་པ་ཞིག་ཡོད་ས་རེད། སྤྱིར་འདི་རིགས་ལ་ངས་བསམ་ཚུལ་བྱས་ན་དགོངས་པ་དགོངས་གཞི་འདྲ་བོ་ལ་མ་ཁྲིད་ན་ཡག་ག་འདྲ་བོ་མཐོང་གི་ཡོད། དེང་སང་བར་དུ་དོལ་ཚོགས་ཀྱིས་དགོངས་པ་དགོངས་གཞི་མང་པོ་བཤད་ནས་ལམ་ལོག་འདིར་སོང་བ་རེད། ང་ཚོའི་ངོས་ནས་འདིའི་སྐོར་ལ་ག་ཚད་བརྩི་མཐོང་འདྲ་བོ་འཇོག་ཐུབ་ན་མ་འོངས་པར་བོད་ཀྱི་བསྟན་རྒྱུན་ལ་ཕན་དུ་རེ་བ་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོ་བོད་པས་ཁྲིད་ལུང་གི་བརྒྱུད་པ་འདྲ་བོ་བཤད་བསྡད་པ་འདི་ནང་པའི་ལུང་པ་གཞན་པས་ཞེ་དྲག་བཤད་མི་དགོས་པ་འདྲ། དེ་ཡང་ཡག་པོ་འདྲ་བོ་མཐོང་སོང།གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ཉམས་ལེན་གྱི་བློ་སྦྱོང་དང་གཞན་གྱི་དོན་དུ་ག་རེ་ཡིན་ན་བློས་གཏོང་ཐུབ་པའི་གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སྐྱེས་བུ་ཞིག་ཡིན་ན་ངས་བསམ་པ་ལ་འགྲིགས་འདུག་དྲན་གི་ཡོད། ཡང་སྐབས་རེ་འདི་འདྲ་བོ་དེ་བརྩད་བརྩད་ན་གསལ་རུ་འགྲོ་ནས་དགོས་མེད་འདྲ་བོ་ལ་མཐོང་ཐུབ་ན་ཡག་པོ་རེད་འདུག དད་པ་དག་སྣང་གཅིག་པུའི་ཁུངས་མི་ཆོད་པ་གསལ་པོ་རེད། དགོངས་ཚུལ་གསུངས་པ་དང་དགག་པ་རྒྱག་པ་ལ་ང་རང་དགའ་བོ་ཡོད། འོན་ཀྱང་ལ་ལ་ཞིག་གིས་ཐུགས་ལ་ཕོག་སྲིད་ཀྱང་དགོངས་འགལ་མེད་པ་ཞུ།། ང་གི་བསམ་ཚུལ་བཤད་པ་རེད་ཕ་ཁྲི་རྣམ་པ་གཉིས་བླ་བརྒྱུད་ཀྱི་གྲལ་དུ་འཇོག་ཐུབ་ན་བསམ་པའི་རྒྱབ་ལྗོངས་འདྲ་བོ་གཞན་པ་གང་ཡང་མེད། ༸ངས་ནི་དེ་སྔ་བདུད་དུ་བརྩིས་པའི་ཕན་ཐོག་མྱུང་མིན་གྱི་བསླབ་བྱ་དང། མ་འོངས་པར་ཁ་ཕྱོགས་གང་དུ་བསྐྱོད་མིན་སོགས་ལ་༸གོང་ས་མཆོག་གི་བསླབ་བྱ་འདི་གལ་ཆེར་བརྩིས་ནས་རང་གི་མཐོང་མྱོང་གང་ཡོད་པ་དེ་འགྲེལ་བཤད་བརྒྱབས་པ་རེད། ང་དོལ་རྒྱལ་རེད་ལབ་ནའང་ཁྱད་པར་གང་ཡང་མེད། ༸སྐྱབས་མགོན་རིན་པོ་ཆེ་ལ་ཞི་བདེ་གཟེངས་རྟགས་ཕུལ་བ་སོགས་ངས་བསྟོད་མི་དགོས་པ་རེད། ཕ་ཁྲི་རྣམ་པ་གཉིས་ནས་བརྒྱུད་པའི་གནས་བརྟན་རྟ་ཐུལ་ལྟ་བུའི་སྤྱོད་པ་དང། ཐུགས་རྒྱུད་ཀྱི་བྱང་ཆུབ་ལམ་རིམ་གྱི་བློ་སྦྱོང་དེའི་ཡོན་ཏན་མཐོང་ནས་རྣམ་དཔྱོད་ཅན་རྣམས་ཀྱིས་གཟུར་གནས་ཐོག་ཕུལ་བ་གསལ་པོ་རེད། འགྲེལ་བཤད་འདྲ་བོ་གཞན་པ་གང་ཡང་དགོས་ཀྱི་མ་རེད།
བོན་པོ་ཚོས་ཤྰཀྱ་ཐུབ་པད་འབྱུང་བདུད་རེད་བཤད་པ་དང་གཏན་ནས་འདྲ་ས་མ་རེད། སོ་སོའི་ལྟ་གྲུབ་རེད་མོད། བོན་པོ་ལ་ད་ལྟ་ས་དགེ་རྙིང་གི་ལམ་རིམ་ལམ་འབྲས་ཀྱི་ས་ལམ་ལམ་ཆ་ཚང་མ་ཡོད་པ་མ་ཟད། ཉམས་ལེན་གནང་འཁན་གང་ལ་གང་འཚམས་འདུག དགའ་འོས་པ་རེད། ཧ ཧ དོལ་ལོས་གནས་བརྟན་རྟ་ཐུལ་དང་ལམ་རིམ་ཉམས་ལེན་མཛད་མཁན་དེ་ཚོ་ཕག་སྤྱང་འདྲ་བོ་ཡིན་ན་ཁ་ཆེའི་གྲལ་ཏུ་ཞུགས་པར་དགའ་ས་རེད། ཁ་ཆེ་ཚོ་ཕྱོགས་འགའ་རེ་ལ་ཡག་པོ་འདུག ཆོས་འབག་གྱོན་ནས་ཆོམ་རྐུན་ཕག་སྤྱང་ལྟ་བུ་ཅི་མ་རེད་དོ།
ཨོ་ཨ་ཕྱི་ལགས་བོནཔོའི་ཤཱཀ་ཐུབ་པད་འབྱུང་བདུད་རེད་ཅེས་པ་དེ་བོན་གྱི་ལོ་རྒྱདས་ཚད་ལྡན་ནང་ལ་ཡོད་གྱི་མ་རེད། ངས་ནི་མི་ཤེས།
# 109 བཀྲིས།་ལགས་ཀྱིས་མཆན་བཏབ་པ།:
December 27th, 2013 at 12:02 PM
ངས་གོང་དུ་ཞུས་པ་བཞིན། ང་རང་ནི་གསར་རྙིང་གཉིས་ཀའི་བྱིན་བརླབས་ཐོབ་པའི་བོད་མི་ཉམས་ཆུང་ཞིག་ཡིན། ཞོགས་ལྟར་གུ་རུའི་ཚིག་བདུན་གསོལ་འདེབས་ཀྱིས་ཁ་དྲོད་མ་ཡལ་ཞིང་། རྗེ་རིན་པོ་ཆེའི་དམིགས་བརྩེ་མའི་སྒྲས་རྣ་བ་སྟོང་མྱོང་མེད་པའི་བོད་པ་དཀྱུས་མ་ཞིག་ཡིན། ང་ལ་མཚོན་ན་རྫོགས་ཆེན་གྱི་སྣང་བ་སེམས། སེམས་སྒྱུ་མ། སྒྱུ་མ་སྟོང་པ་དང་། ཐལ་འགྱུར་བའི་སྣང་བས་ཡོད་མཐའ་སེལ་བ་དང་སྟོང་པས་མེད་མཐའ་སེལ་བའི་སྟོང་པ་ཉིད་ཟེར་བའི་ལྟ་བར་འགལ་འདུ་ལྟ་ཅི་ཕན་ཚུན་གྲོགས་བྱེད་པར་འགྱུར་བས། དེ་ལས་ལྷག་པའི་ལྟ་བའི་གྲོགས་མ་རྙེད་ན། གསར་རྙིང་ལ་འགལ་འདུ་མིན་འདུག
ལྷག་པར་དུ་རྫོགས་ཆེན་པའི་ལྟ་བ་ཟབ་མོར་ཞུགས་པའི་སྐྱེས་ཆེན་ཚོས། སྔོན་འགྲོ་ནི་ལྟ་བ་འདིའི་སྐས་འཛེགས་ལྟ་བུ་དང་། དེ་ཡང་སྔོན་འགྲོའི་མ་ཕྱི་ལྟ་བུ་ནི་སེམས་ཅན་ལ་གཅེས་པ་འདི་རེད། ཆོས་རྒྱུད་གཞན་པ་ཚོའི་བླ་མར་དམའ་འབེབ་བྱས་ནས་ཆོས་རྒྱུད་དེའི་གྲངས་ལས་འདས་པའི་སློབ་མ་ཚོའི་ཡིད་ལ་རྨ་འབྱིན་པ་ནི་རྫོགས་ཆེན་པ་ཞིག་གི་ལས་མ་ཡིན། ཞེས་ག་འདྲ་ཡག་པོ་གསུང་མི་འདུག
་་་་་་་་་་་ གོང་ས་མཆོག་གི་ལམ་རིམ་བླ་བརྒྱུད་སྐོར་ནས་དྲི་ལན་ང་ལ་དགོས་པ་དེ་ཕལ་ཆེར་རེག་བྱུང་། ད་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ནང་པའི་སློབ་དཔོན་སུ་ཡིན་ཞིབ་འཇུག་ཅིག་བྱེད།
ཁོང་གིས་ཕོ་བྲང་ཕྱི་རོལ་ཏུ་ལྗོངས་རྒྱུའི་སྐབས་སུ་གཟིགས་པའི་དགེ་སློང་དེ་གནས་གཙང་མའི་ལྷ་དགེ་སློང་གི་ཆ་བྱད་ཅན་ཞིག་ཡིན་ནམ། སངས་རྒྱས་འོད་སྲུང་གི་བསྟན་པའི་ལྷག་འཕྲོས་སྐྱོང་བའི་དགེ་སློང་དེ་འདྲ་ཡིན། སངས་རྒྱས་ཤྰཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་དུས་སངས་རྒྱས་འོད་སྲུང་གི་དགོན་སྡེ་ད་དུང་རྒྱ་གར་དུ་ཡོད་དམ་མེད།
འོད་སྲུང་གི་ཁྲོན་པ་ནི་དེ་དུས་སུ་རྒྱ་གར་དུ་ཡོད་འདུག་པས། དེ་སྐབས་སངས་རྒྱས་འོད་སྲུང་གི་སྐབས་ཀྱི་གནའ་རྫས་དེ་འདྲ་མི་དམངས་ཡོངས་གྲགས་ཀྱིས་ངོས་ལེན་ཡོད་པ་ཁག་ཅིག་རྒྱ་གར་དམངས་ཁྲོད་དུ་ཡོད་པ་ཧ་ཅང་གསལ་བོ་རེད། ད་དུང་ཁོང་གི་ཧིན་དུའི་བླ་མ་ལྷག་སྤྱོད་དང་རིང་འཕུར་གཉིས་ཀྱི་ལོ་རྒྱུས་ཁ་གསལ་དེ་འདྲ་ཡོད་དམ། ་་་་་་་་་་་་་
དྲང་༼སྲོང་ལྷུང་བ་༽རི་དྭགས་ཀྱི་ནགས་ཚལ་ཞེས་པ་ལྟར། རང་སངས་རྒྱས་བཞུགས་ཡོད་པས། དེ་དག་གི་ནང་ལ་སངས་རྒྱས་འོད་སྲུང་གི་དགེ་སློང་ཡོད་ཆོག་སྙམ་ཡང། དམངས་ལ་སྡོམ་རྒྱུན་གནང་མཁན་གྱི་དགེ་སློང་ཅིག་མེད་དགོས་སྙམ།
གཞོན་ནུ་དོན་གྲུབ་ཕོ་བྲང་ཕྱི་རོལ་ཏུ་ལྗོངས་རྒྱུའི་སྐབས་སུ་གཟིགས་པའི་དགེ་སློང་དེ། ཆོས་ལུགས་གང་རུང་བ་ཞིག་གི་རབ་ཏུ་འབྱུང་བ་ཅིག་ཡིན་ན་ཡང་། ནང་པའི་དགེ་སློང་ཅིག་ཨ་ཡིན་ནམ་སྙམ་སྟེ། སྟོན་པ་རང་འབྱུང་གིས་རབ་ཏུ་བྱུང་བ་ལ་དགོས་པ་ཡོད་པའི་ཕྱིར། ཁུངས་གང་དུ་ཡང་མ་མཐོང་ཡང་། དེང་སང་གོའུ་ཏམ་བུ་དྷའི་རྣམ་ཐར་གློག་བརྙན་བཟོ་མཁན་དར་བའི་དུས་ལ་སེམས་ཀྱིས་མ་བཟོད་ནས་ཤོད་ཐལ་ཤོར་སོང་ལགས།
་་་ གནས་གཙང་མའི་ལྷ་དགེ་སློང་གི་ཆ་བྱད་ཅན་ཞིག་ཡིན་ནམ། ་་་ཞེས་པ་ལྟར།
ངས་མཇལ་མྱོང་བའི་ཐང་ག་ཅིག་ལ་དོན་གྲུབ་ཆིབས་རྟར་ཆིབས། རྟ་པས་རྟའི་རྔ་མ་ལ་འཇུས་ན་འཕུར་འགྲོ་བ་དང་། ཡང་རི་མོ་གཞན་ཅིག་ཏུ། ཆིབས་རྟ་ནམ་མཁར་ཕུར་འགྲོ་དུས། ཆིབས་རྟའི་ཞབས་བཞི་འོག་ནས་བརྒྱ་བྱིན་རིགས་བཞིས། ཞབས་རེ་རེ་ལ་སྟེགས་ནས་འཕུར་འགྲོ་བ་ཡང་མཇལ་མྱོང་།
མདོར་ན། གཞོན་ནུ་ཕོ་བྲང་ནས་བྲོས་ཐུབ་པ་ལ། མིའི་ནུས་པ་ལས་བརྒལ་བའི་ལྷའི་གྲོགས་ཡོད་པ་ལ་རྩོད་པ་མེད་ཀྱང་། རི་མོ་གང་བྲིས་ལྟར་མི་འདོད་པར། ནང་པའི་ཞི་ཞིང་འདུལ་བཙུན་པ་ཙམ་ཡིན་པ་ལས། ནང་པའི་དགེ་སློང་ཡིན་མི་དགོས་པ་དང་། དེ་འདྲའི་རབ་འབྱུང་དེ། གཞོན་ནུ་དོན་གྲུབ་མིག་ལམ་དུ་དུས་ཐོག་ཏུ་འོངས་བ་ལ། གནས་གཙང་མའི་ལྷས་ལམ་སྟོན་ནམ། གྲོགས་བྱས་པར་འདོད་ན། གཞུང་ལུགས་དང་མཐུན། མི་མངས་ཀྱིས་ཀྱང་ལས་སླ་མོར་ཁས་བླངས་ཐུབ་དགོས་པ་མཐོང་ནས་ཡང་བསྐྱར་འདི་ཡང། རྨོངས་འཆར་ཙམ་མོ།།
ནང་པའི་ཞི་ཞིང་འདུལ་བཙུན་པ་ཙམ་ཡིན་པ་ལས།
འདི།
ནང་ཞི་ཞིང་འདུལ་བཙུན་པ་ཙམ་ཡིན་པ་ལས། ལ་བཅོས།
༼པའི་༽འདི་མོ་དགོས་སར། ཏག་ཏག་ཐོལ་འདུག དགོངས་དག་གོ ངའི་བསམ་ཚུལ་དེ་ཚོར་ནོར་བཅོས་གནང་ན་དགའ་བསུ་ཡོད་པས་་་་་་་
དེ་ཚོ་མདོ་ནང་ནས་ཁུངས་གཅིག་མ་ཐུག་ན་དེ་ནས་རྙེད་རྒྱུ་ཁག་པོ་ཡོད་གྱི་རེད། ངས་ནི་མདོ་དེ་འདྲ་མཐོང་མྱོང་མེད། ཚུར་དྲང་བཞག་པ་དེ་འདྲ་རེད་མ་གཏོགས་མི་ཤེས། ཕལ་ཆེར་དེ་ངས་བསམ་པ་ལ་ཕྱི་རོལ་པའི་རང་བྱུང་དེ་འདྲ་ཡིན་གྱི་རེད་དྲན་གི་འདུག སངས་རྒྱས་འོད་སྲུང་གི་བསྟན་པ་ལྷག་ཡོད་ས་རེད། གང་ཡིན་ཞེ་ན་དེ་དུས་ཝ་ཎཱར་རང་སངས་རྒྱས་མང་པོ་ཡོད་པའི་སྐད་ཆ་དེ་མདོ་ནང་ལ་ཡོད་ན་མེད་ན་མི་ཤེས། དེ་མདོ་ནང་ལ་ཡོད་པའི་་དབང་དུ་བཏང་ན་རྟོགས་པའི་བསྟན་པ་ཡོད་ས་རེད། ལུང་གི་བསྟན་པ་མེད་པ་འདྲ། དེ་མེད་པ་ལ་རྒྱུ་མཚན་ཏོག་ཙམ་ཡོད་པ་འདྲ་བོ་འདུག གནའ་རྫས་དེ་ཤོད་བསྡད་པ་ཙམ་ལས་དཔང་རྟགས་ངེས་རྙེད་ཅིག་ཁག་པོ་རེད་སྙམ། འོད་སྲུང་གི་ཁྲོན་པ་དང་ཕུག་པ་སོགས་ག་འདྲ་ཡིན་ན་ཡིད་ཟེར་གང་ཡང་ཆེས་གི་མི་འདུག མ་རེད་ལབ་ཁག་པོ་རེད། ཤིན་ལྐོག་གཏམ་རྒྱུད་ཙམ་རེད། དགོན་པ་ཕལ་ཆེར་ཡོད་ས་མ་རེད་སྙམ། ཁུངས་ཆོད་ཁག་པོ་རེད། དཔྱད་པ་བྱས་ན་བློ་གྲོས་གོང་འཕེལ་དང་ལྟ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་བ་ཡིན་དུས་འགྲིགས་འདུག་པས་མདོ་རྒྱུད་གཟིགས་རྒྱ་ཆེ་བ་རྣམས་ཀྱིས་བསམ་ཚུལ་ཙམ་མ་ཡིན་པའི་ཁུངས་འདྲེན་རྒྱུ་གསལ་པོ་ཡོད་ན་ཡག་པོ་འདུག
ང་ཚོའི་བྱ་གོ་བོ་གི་ང་སངས་རྒྱས་འོད་སྲུང་དུས་ཡོད་ཟེར་བའི་གཏམ་རྒྱུད་འདྲ་བོ་གོ་བོ་ཚེ་རིང་པའི་དམངས་ཁྲོད་དུ་སྐད་ཆ་ཡོད་པ་རེད། དེ་ཚོ་རྩེད་མོ་ཡིན། དོན་ལ་སངས་རྒྱས་འོད་སྲུང་ཚེ་ལོག་དུས་བྱོན་པ་སྔ་མོ་གཅིག་བློ་ལ་ཡོད་ད་དྲན་པ་བརྗེད་འདུག རྫོགས་ཆེན་ཆོས་སྤྱོད་ནང་ལ་ཡོད་པ་རེད། དེ་བཞིན་ཆོས་འབྱུང་དེ་འདྲ་ནང་ལ་ཡོད་པ་་རེད།
༨༠༠༠༠ འཁོར་བ་འཇིག
༤༠༠༠༠ གསེར་ཐུབ།
༢༠༠༠༠ འོད་སྲུང་།
༡༠༠ ཤཱཀྱ་ཐུབ་པ།
༨༠༠༠༠ འཁོར་བ་འཇིག
༤༠༠༠༠ གསེར་ཐུབ།
༢༠༠༠༠ འོད་སྲུང་།
༡༠༠ ཤཱཀྱ་ཐུབ་པ།
དུས་ཚིགས་འདི་དག མི་ལོ་ཚེ་ཚད་དཔག་མེད་ཡོད་པའི་དབང་དུ་བྱས་ནས་བརྩིས་པ་རེད། འདི་སྒྲ་བཞིན་པ་ཁས་བླངས་དཀའ་ཙམ་འདུག
དེབ་སྔོན་གྱི་སྟོད་ཆར།
༡༽ མིའ་རྒྱལ་པོ་མང་པོ་བཀུར་བ་ནས། ཟས་གཙང་ཡན་ཆད་དུ། རྒྱལ་པོ་༼༡༡༢༡༥༡༤༽ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་བྱུང་བ།
༢༽ཡང་མང་བཀུར་ནས་ཟས་གཙང་བར། རྒྱལ་པོ་༼༡༥༥༡༤༩༽འབུམ་ཁྲག་གཅིག ཁྲི་ལྔ་སྟོང་གཅིག་བརྒྱ་ཞེ་དགུའོ།
༣༽ཡང་། མང་བཀུར་ནས་ཟས་གཙང་བར། རྒྱལ་པོ། ༼༨༣༤༥༣༤༽འབུམ་ཁྲག་བརྒྱད། སུམ་ཁྲི་བཞི་སྟོང་ལྔ་བརྒྱ་སུམ་ཅུ་རྩ་བཞི་ཡོད་དོ།། ཞེས་པ་དང།
དེའི་ནང་ལ་སངས་རྒྱས་གསུམ་པ་འོད་སྲུང་དུས་ཀྱི། རྒྱལ་པོ་ཀྲྀ་ཀྲི་ཡང་ཡོད་པས། དཔྱད་གཞི་རོབ་ཙམ་གྱི་མར་རྩ་ཡོད་རེད་སྙམ་ལགས།
སངས་རྒྱས་གསུམ་པ་འོད་སྲུང་།
རྒྱལ་པོ་ཀྲྀ་ཀྲྀས་རྨི་ལྟས་བཅུ་གསུམ་དེ་མདོ་ནང་ལ་ཡོད་ན་མེད་མི་ཤེས། སྡེ་པ་བཅོ་བརྒྱད་པོ་ནང་པའི་སྟན་པ་་ཡིན་མིན་ལ་ནང་མ་འདོམ་པའི་སྐབས་འདིའི་རྨི་ལམ་ལ་བརྟེན་ནས་བསྟན་པ་རྣམ་དག་ཡིན་པ་བསྒྲུབས་པའི་ལོ་རྒྱས་འདྲ་བོ་ག་ས་ག་བ་ལ་བ་བོད་པས་བཤད་ཡོད། དེ་མདོ་སྡེགང་དུ་ཡོད་མེད་ཤེས་ན་ཡག་པོ་འདུག ཡང་ན་ནི་ཕལ་ཆེར་རྒྱ་གར་གྱི་མཁས་པའི་བཤད་རྒྱུན་འདྲ་བོ་བོད་པས་དྲངས་བསྡད་པ་ཡིན་གྱི་རེད། བོད་ལ་སྡེ་བ་ཐ་དད་དེ་འདྲ་སླེབས་དུས་ཡང་འདྲ་མི་འདྲ་བཤད་རྒྱུ་འདྲ་བོ་མི་ཡོང་ན་བསམ་ནས་རྒྱ་ཡི་མཁས་པས་བཤད་བཞག་པ་ཡིན་སྲིད། ང་ཚོ་བོད་ལ་ཆོས་རྒྱལ་གྱིས་བཀའ་བཅད་དེ་ལ་ལྟ་བ་ཀླུ་སྒྲུབ་དང་སྤྱོད་པ་ཞི་འཚོ་ལས་བརྒྱུད་པའི་ཡོད་སྨྲ་དེ་མ་གཏོགས་མི་ཆོག་པའི་ལོ་རྒྱུས་ཡོད་པ་རེད། གག་ཡིན་མི་ཤེས།
མང་བཀུར་གྱི་རྒྱལ་བརྒྱུད་དེ་མདོ་ནང་ལ་ཡོད་གྱི་རེད། གཞན་ལོ་གྲངས་མང་པོའི་སྐོར་འདིའི་ང་མགོ་ན་གི་ཡོད། ཀརྡོ་ཁྱེད་ཀྱིས་ཚེ་ལོ་དཔག་མེད་ནས་བརྩིས་པ་རེད་གསུང་ནས་དེབ་སྔོན་ནང་གི་ལོ་ཚིགས་མང་བཀུར་རྒྱལ་པོའི་དེ་གཉིས་གུང་འདྲ་བོ་བསྒྲིགས་པའི་བསམ་ཚུལ་བཏོན་པ་མིན་འགྲོ་བསམ་པ་འདུག དེ་ངས་གོ་མ་བྱུང་འགྲེལ་བཤད་ཞིག་གནང་རོགས། དེ་གཉིས་ག་འདྲ་བྱས་ནས་ཡོང་རེད། སངས་རྒྱས་རབ་བདུན་ཡོད་པ་རེད། སྤྱིར་བཏང་ཡ་ཐོག་རིང་མོ་ནས་བརྩིས་པའི་མི་ལོ་བརྒྱད་ཁྲིའི་དུས་དུས་འཁོར་བ་འཇིགས་བྱོན་པ་དེ་བཤད་པ་ཨི་རེད་གསལ་པོ་མི་དྲན།
བོད་ཀྱི་ཚིག་མཛོད་ཆེན་མོའི་ནང་ལ། རྒྱལ་པོའི་ཀྲི་ཀྲིའི་རྨི་བལྟས་བཅུ། ཤོག་གྲངས་༤༤༥འི་ནང་ལ་གསལ་འདུག
ཚེ་ལོ་བཅུ་པ་དང་། ཚེ་ལོ་དམག་མེད་སྐོར་ལ་རྒན་ལ་དྭགས་པ་སོགས་ལ་གསལ་བཤད་གང་ཡོད་དམ། ལགས།
རྒྱལ་པོའི་ཀྲི་ཀྲིའི་རྨི་བལྟས་བཅུ་པ།
༡༽་ ་ ་ ་ ་ ་ ་ ་ ་
་
༡༠༽རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པས་ཐམས་ཅད་རས་ཡུག་མ་ཉམས་པ་རེ་ཐོབ་ཅིང་རྩ་བའི་རས་ཡུག་མ་ཉམས་པ། དེ་ནི་སྟོན་པ་ཤྰཀྱ་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་བྱུང་ཞིང་། དེ་ཐམས་ཅད་རང་རང་གི་ལྟ་སྤྱོད་དང་མཐུན་པར་ཉམས་སུ་བླངས་པས་བྱང་ཆུབ་སྒྲུབ་ནུས་ཤིང་། རྩ་བའི་སྒྲུབ་པའི་ལམ་མ་ཉམས་པར་ཡོད་པའི་སྔ་ལྟས་ཡིན་ནོ་ཞེས་སངས་རྒྱས་འོད་སྲུང་གིས་ལུང་དུ་བསྟན་ཏོ།།
་་་སངས་རྒྱས་འོད་སྲུང་གིས་ལུང་དུ་བསྟན་ཏོ།།
# 211 dhoshul་ལགས།
ཤྰཀྱ་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་པོ་དེ་དག་ནི། ཐེག་དམན་འདུལ་བའི་སྡོམ་རྒྱུན་ཁོ་ནས་དབང་དུ་བྱས་པ་དང་། དེ་ཡང་ཀླུ་སྒྲུབ་དང་ཞི་འཚོ་མ་འཁྲུངས་སྔོན་ལ་བྱུང་ཟིན་པ་རེད།
རང་ལུགས་ཟབ་མོ་ལྟ་བརྒྱུད་དང་། ཉམས་ལེན་བྱིན་བརྒྱུད་པའི་དད་པ་ལ་གནོད་དོན་གང་ཡང་མེད། འོནད་ཀྱང་ཀླུ་སྒྲུབ་རང་གི་དགེ་སློང་གི་སྡོམ་རྒྱུན་དེ་སྡེ་པ་བཅོ་བརྒྱད་པོ་གང་གི་བརྒྱུད་པ་རེད་ཅེས་དྭོགས་ནས་དཔྱད་ཐུབ་ན་ཕན་ཐོགས་ཆེའོ།།
༡༽སངས་རྒྱས་ཤཀྱཱ་ཐུབ་པའི་སྔོན་གྱི་ལོ་རྒྱུས་ཤེས་འདོད་ན་འདུལ་བ་ལུང་དང་། མངོན་པར་འབྱུང་བའི་མདོ། རྒྱ་ཆེར་རོལ་བའི་མདོ་སོགས་ལ་གཟིགས་དགོས། ༢༽སངས་རྒྱས་འོད་སྲུང་སྐབས་ཀྱི་རི་དང་། ནགས་ཚལ། བཞུགས་ཁྲི། ཕུག་པ། སྐུ་གདུང་སོགས་ཅི་རིགས་པ་མདོ་སྡེ་དཀོན་བརྩེགས་སོགས་ལས་ཡོད་པར་བཤད་མོད་ཕྱོགས་གཅིག་ཏུ་འདི་ཞེས་སྨྲ་མ་ནུས། ༣༽ཀླུ་སྒྲུབ་ཀྱི་སྡོམ་རྒྱུན་ནི་བསམ་མི་ཁྱབ་པའི་ཡུལ་ལས་ལོ་རྒྱུས་འཐད་ལྡན་ཞིག་སྒྲིགས་ཐུབ་ན་ངས་རྟ་ཞིག་འབུལ་ཆོག ནམ་རྒྱུན་ཤཱ་རའི་བུ་དང་། རྒྱལ་རིགས་དགྲ་གཅན་འཛིན། བྲམ་ཟེ་བཙུན་པ་རཱ་ཧུ་ལ་གུཔྟ། འཕགས་མཆོག་ཀླུ་སྒྲུབ་ཅེས་འདྲེན་པ་དེ་ལས་བཤད་སྲོལ་མང་པོ་རང་སྡེ་ལ་མ་གྲགས་སོ། །དགྲ་གཅན་འཛིན་གཉིས་ཀྱི་དང་པོ་སྟོན་པའི་སྐུ་སྲས་དང་། ཕྱི་མ་གྲུབ་ཐོབ་ས་ར་ཧ་ཡིན་ཚུལ་ཡང་བཤད། ཀླུ་སྒྲུབ་གོང་དུ་མཁན་པོ་བཅུ་ཙམ་བཞུགས་ན་ལོ་རྒྱུས་ཆག་སྦྱོར་ཅིག་བྱེད་ཐུབ། དེ་མིན་ན་དགྲ་གཅན་འཛིན་གཉིས་སྐུ་ཚེ་པལ་བའི་སྤྱོད་ཡུལ་ལས་འདས་པ་ཞིག་བཞུགས་ཟེར་དགོས་སོ།།ཐེག་ཆེན་ལྟར་ན་བསམ་མི་ཁྱབ་པའི་ཡུལ་ཏེ་འགལ་བ་ཅི་ཡང་མེད། །
ཏྰ་ར་ནྰ་ཐའི་ཆོས་འབྱུང་ལས།
་་་ རྒྱལ་པོ་༼ཨིནྡྲ་དྷ་བ་༽དེ་རྒྱལ་སྲིད་དུ་འཁོད་པའི་དུས་ཙམ་ན། སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་ཅན་༼ས་ར་ཧ༽འཛིན་བཟང་པོ་ནྰ་ལེནྡྲར་བྱོན་ཏེ། དེ་ཡང་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན། ཁ་ཅིག་ཏུ་བཙུན་པ་སྒྲ་འཛིན་འོད་བྱ་བ་ལས་བསྙེན་པར་རྫོགས། དེའི་མཁན་པོ་ནག་པོ་ཡིན་ཡང་ཟེར་ཏེ། དེའི་ནག་པོ་ནི་གཏད་རབས་ཀྱི་དེ་མིན་ནོ། ་་་་་ཞེས་དང་
་་་ འདི་ཆན་ཆད་དུ་བྱ་སྤྱོད་རྣལ་འབྱོར་རྒྱད་གསུམ་གྱི་རྒྱུད་སྡེ་ཐམས་ཅད་དང་། གསང་བ་འདུས་པ་དང་། སངས་རྒྱས་མཉམ་སྦྱོར་དང་། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་བླ་མེད་་ཅི་རིགས་པའང་ཡོད་དོ། ་་་་་་་་་་
་་་་་ དཔལ་ས་ར་ཧའམ་བྲེམ་ཟེ་ཆེན་པོ་སྒྲ་ཅན་འཛིན་བྲམ་ཟེའི་སྤྱོད་པ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེ་རིང་ལ་༼ཤེར་ཕྱིན་༽འབུམ་པ་མ་གཏོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་སོ། །བྲམ་ཟེ་སྒྲ་གཅན་འཛིན་གྱི་དུས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །།
དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟན་པ་བསྟན་པ་བསྐྱངས་ཏེ། ་་་་་་་་་་་་་་་་
ལམ་རིམ་བརྒྱུད་པ་འདྲེ་རུ་བརྟེན་སྐྱོན་འདི་འདྲ་ཡོད་པར་
༸གོང་ས་མཆོག་གིས།
་་་་་་་་ རྒྱ་གར་སྲུང་སྐྱོབ་སྡེ་ཚན་ནས་དོལ་རྒྱལ་ཚོགས་པས་ཏཱ་ལའི་བླ་མར་ཉེན་ཁ་འདུག་བརྗོད་ནས་ངྷ་རམ་ས་ལར་ལྕགས་རི་གསར་པ་བསྐོར་དགོས་པ་ཆགས་པ་རེད། ཨ་རིའི་སྲུང་སྐྱོབ་སྡེ་ཚན་ནས་ཀྱང་ཏཱ་ལའི་བླ་མར་ཉེན་ཁ་ཡོང་ས་གཅིག་དོལ་རྒྱལ་ཚོགས་པ་ནས་ཡོང་གི་འདུག་ཅེས་ཤོད་ཀྱི་འདུག དྲེགས་པ་གདུག་རྩུབ་ཅན་ཞིག་བསྟེན་སྐབས་མིའི་གཤིས་ཀ་དེ་ཡང་ཧ་ཅང་རྩུབ་པོ་ཆགས་བཞིན་འདུག དང་པོ་མཚན་ཉིད་སློབ་དཔོན་བསད་པ་རེད། ཁོང་ངའི་སྡོད་ས་དང་ཐག་ཉེ་པོ་རེད། གཙུག་ལག་ཁང་གི་རྒྱབ་ལ་རེད། མཚན་ཉིད་སློབ་དཔོན་གཟུགས་པོ་གྲི་བཅུ་དྲུག་བཙུགས་རྗེས་སྐེ་བྲེགས་ནས་བསད་པ་རེད། མཉམ་དུ་ཡུ་ནན་ནས་ཡིན་པའི་རྒྱ་སྐད་ཧ་ཅང་བདེ་པོ་ཡོད་པའི་སྐད་སྒྱུར་གནང་མཁན་དགེ་སློང་ན་གཞོན་ཞིག་ཡོད་པ་དེ་ཡང་བསད་པ་རེད།
སྐབས་དེར་ཁོང་གིས་རྟེན་འབྲེལ་བསྟོད་པ་རྒྱ་སྐད་ནང་སྒྱུར་བཞིན་ཡོད། ཁོང་དང་ལྷན་རོགས་པ་གཞན་ཞིག་གཅིག་ཡོད་པ་དེ་ཡང་བསད་པ་རེད། གང་ལྟར་མི་གསུམ་དུས་གཅིག་ལ་བསད་པ་རེད། དེ་ནས་ལྡི་ལིའི་དོལ་རྒྱལ་ཚོགས་པའི་གྲས་ཀྱིས་མི་ཡར་འགྲོ་མར་འགྲོ་བྱེད་མཁན་གྲྭ་སའི་ནང་ནས་འགའ་ཤས་ལ་ཉེས་རྡུང་བཏང་ནས་སྲོག་ལ་ཉེན་ཁ་བཟོས་པ་བྱུང་ཡོད། གཞིས་ཆགས་ནང་དུའང་ཞེད་སྣང་སྐུལ་མཁན་འགའ་ཤས་བྱུང་ཡོད། མ་གཞི་ངོས་རང་ཕར་ཚུར་འགྲོ་སྐབས་གྲྭ་ས་གྲྭ་ཚང་སོ་སོའི་ཁུངས་ནས་དོ་སྣང་བྱེད་ ཀྱི་འདུག བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཉེན་ཁ་མེད་པ་མ་རེད། ཉེན་ཁ་འདུག་ཅེས་རྒྱ་གར་དང་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རྗོད་ཀྱི་འདུག དོན་མེད་ཉེས་རྡུང་ཟེད་ནའང་འདྲ། མེ་མདའ་སོགས་བརྒྱབ་པ་ཡིན་ན་རྡོག་གྱོང་རེད། དེར་བརྟེན་གཟབ་གཟབ་བྱེད་དགོས་པ་འདུག གཞན་ཁོང་ཚོས་གང་བྱས་ཀྱང་ངོས་ལ་ཁྱད་པར་གང་ཡང་མི་འདུག ་་་་་་་་་་་་
# 220 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:
January 2nd, 2014 at 12:54 PM
ལམ་རིམ་བརྒྱུད་པ་འདྲེ་རུ་བརྟེན་སྐྱོན་འདི་འདྲ་ཡོད་པར་
༸གོང་ས་མཆོག་གིས།
་་་་་་་་ རྒྱ་གར་སྲུང་སྐྱོབ་སྡེ་ཚན་ནས་དོལ་རྒྱལ་ཚོགས་པས་ཏཱ་ལའི་བླ་མར་ཉེན་ཁ་འདུག་བརྗོད་ནས་ངྷ་རམ་ས་ལར་ལྕགས་རི་གསར་པ་བསྐོར་དགོས་པ་ཆགས་པ་རེད། ་་་་་་་
ཞེས་པ་ལ།
ལམ་རིམ་བརྒྱུད་པའི་བླ་མས་ལྷ་འདྲེ་བསྟེན་པ་ཡོད་ཆོག་ཀྱང་། ལམ་རིམ་བླ་མའི་བརྒྱུད་པའི་ནང་ལ་འདྲེ་ཡོད་པ་མི་སྲིད་པ་གཉིས་སོ་སོར་འབྱེད་དགོས་པ་ཤིན་ཏུ་གལ་ཆེ།
ཆོས་ལུགས་པ་འདི་ཚོ་ངའི་སྐྱག་པ་ལས་དྲི་མ་ངན་པ་འདུག།
ཆོས་ལུགས་པས། དགག་བཞག་སྤོང་གསུམ་བྱ་སར། ཆོས་མིན་ཡོང་ནས་ཅི་ཕན།
སློབ་དཔོན་ཀླུ་སྒྲུབ་ཀྱི་སྡོམ་རྒྱུན་དེ་ཕལ་ཆེར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་པ་རེད། གང་ཡིན་ཞེ་ན་མཁན་ཆེན་ཞི་འཚོའི་སྡོམ་རྒྱུན་དེ་སློབ་དཔོན་ཀླུ་སྒྲུབ་ལ་གཏུག་ཡོད་པ་རེད། འདི་ཡང་ང་ཚོ་བོད་པས་འདྲེན་ཚུལ་རེད། དེ་ག་འདྲ་རེད་ཡོད་ན་མི་ཤེས། འདི་ཚོ་ལུགས་སྲོལ་འདྲ་བོ་ཡོད་པ་དེ་དེད་ན་མ་གཏོགས་ཕལ་ཆེར་ཕུང་རྙེད་ཁག་པོ་རེད་བསམ་གི་འདུག ད་འདི་ཚོའི་རིགས་དེ་བཞག་ནས་རིགས་པས་དཔྱད་དུ་ཡོད་པ་རྣམས་དཔྱད་ན་ཡག་པོ་རེད། འདི་ཚོོ་བརྟགས་ཤིང་དཔྱད་ན་ལོ་རྒྱུས་ཁུངས་དག་རྙེད་ཁག་པོ་རེད་དྲན་གྱིན་འདུག མགོ་ཇེ་ཉོག་ལ་འགྲོ་བ་རེད། སློབ་དཔོན་ཀླུ་སྒྲུབ་དགུང་ལོ་བཞི་བརྒྱ་ལ་བཞུགས་པ་གཞིར་བཞག་ན་བཟང། དེ་མིན་ཏོག་ཙམ་ཁག་པོ་ཡིན་གྱི་རེད།
ད་ལམ་རིམ་གསུང་ཆོས་བཀྲིས་བདེ་ལེགས་ཐོག་གྲུབ་སོང་། ང་ཚོའི་མཆན་ཉོག་འདི་ཡང་བཀྲིས་བདེ་ལེགས་ཐོག་མཇུག་བསྒྲིལ་བ་ཤོག ལོ་རྗེས་མ་ཞྭ་དམར་ལམ་རིམ་དང་རྣམ་འགྲོལ་ལག་བཅངས་གསུང་རྒྱུ་རེད། དེ་གོང་ས་མཆོག་གི་བཀའ་རེད། བྱས་ཙང་དེ་ལ་བསམ་འཆར་ཡོད་མཁན་རྣམས་རེ་ཞིག་ཆོས་རྣ་བས་མ་ཐོས་སའི་ཞིང་ཁམས་ཅིག་ལ་གཡོལ་ནས་བསྡད་ན་བཟང་།
ལམ་རིམ་རྣམ་འགྲོལ་ལག་བཅངས་དེ་རྙིང་མའི་བླ་མ་འཁྲུལ་ཞིག་རིན་པོ་ཆེས་ཀྱང་ཞུས་འདུག ཁོང་ནས་དེའི་བརྒྱུད་པ་སྤེལ་ཡོད་མེད་མི་ཤེས།
རྒྱ་གར་གྱིས་དོལ་རྒྱལ་ཚོགས་པས་ཏཱ་ལའི་བླ་མར་ཉེན་ཁ་འདུག་ཟེར།
འདོན་སྤེལ། ༢༠༡༤/༠༡/༠༢
ཟླ་སྔོན་མའི་ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་སེ་བྱེས་ཆོས་རྭ་ཆེན་མོར། བླ་མ་ཆོས་འཕེལ་བཟོད་པ་མཆོག་དང་ཤར་རྩེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས། དགེ་ལྡན་བསྟན་བདག་ལྷན་ཚོགས་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་བཅས་ནས་གསར་དུ་རྩོམ་སྒྲིག་གནང་བའི་དོན་རྒྱལ་སྐོར་གྱི་ཕྱག་དེབ་༼ ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག ༽ཅེས་པ་རྩོམ་སྒྲིག་ཞུ་ཕྱོགས་སྐོར་ངོ་སྤྲོད་གནང་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་གནང་བའི་དུམ་ཚན་ཞིག་འདིར་བཀོད་ཡོད།
༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་བསྩལ་བའི་བཀའ་སློབ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་བཀོད་དོན། ཁ་སང་ངོས་ལ་དེབ་འདི་ཞལ་དབྱེ་བྱེད་རོགས་བརྗོད་བྱུང་། སྐབས་དེར་ངོས་ཀྱིས་བཀའ་ཆོས་སར་བྱས་ན་ཞེས་བརྗོད་པ་ཡིན། གང་ཡིན་ཞེ་ན། ངོས་ཀྱིས་འདི་ཤོད་དགོས་རྒྱུ་འདི་ད་ལྟ་ཤར་རྩེའི་མཁན་པོས་ཐོ་ འདིའི་ནང་བརྗོད་སོང་། མགོ་སྟོད་བོད་ནང་དུ་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་བཞིན་ཡོད། འོན་ཀྱང་དོལ་རྒྱལ་བཀག་འགོག་བྱ་རྒྱུ་དེ་རྙིང་མར་ངོ་བསྟུན་བྱས་པ་རེད་མ་གཏོགས་ནང་དོན་དོལ་རྒྱལ་བསྟེན་གྱི་ཡོད་པ་བརྗོད་བཞིན་འདུག ཉེ་ཆར་ངོས་ཀྱིས་པར་ཞིག་མཐོང་བྱུང་། ངོས་ཀྱི་པར་མདུན་དང་དེའི་རྒྱབ་ཏུ་དོལ་རྒྱལ་གྱི་གོས་ཐང་གཅིག་འདུག པར་འདི་བསྟན་ནས་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་གྱི་ཡོད་པ་རེད། ཅེས་བརྗོད་དེ་མགོ་སྐོར་གཏོང་གི་འདུག ངོས་རང་འདིར་མ་འཆི་བར་སྡོད་ཡོད་སྟབས། མ་འཆི་གསོན་པོ་སྡོད་རིང་ཁ་མ་གྲག་ན་མི་དེ་ཚོས་ཧམ་པ་དང་སྐྱག་རྫུན་ཧ་ཅང་འཁྲབ་ བཞིན་འདུག དེར་བརྟེན་དེ་རིང་འདིར་མང་ཚོགས་ཁྲོད་ངོས་ཀྱིས་བརྗོད་ན་བསམ་པ་དྲན་བྱུང་།
དེ་བཞིན་བར་སྐབས་བོད་ནང་དུ་དོལ་རྒྱལ་བསྟེན་མཁན་རིགས་འགའ་ཤས་ཀྱིས་དོལ་རྒྱལ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་རྣམ་སྤྲུལ་ལས་ལྷག་པ་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་དང་། རྗེ་རིན་པོ་ཆེ་དྲག་པོའི་སྐུར་བཞེངས་པ་རེད། ཅེས་ཤོད་ཀྱི་འདུག ཁ་སེང་ཞུས་པ་ལྟར་འཆི་བ་འོད་གསལ་མ་བུ་སྲེས་ནས་སྒྱུ་ལུས་དྭངས་པའི་མཚམས་ལ་ སྒྱུ་མའི་ལུས་ལ་དྭངས་ནས་མཆོག་གི་དངོས་གྲུབ་རྙེད་མཁན་གྱི་བླ་མ་ཞིག་དྲེགས་པར་སྐྱེས་ཟེར་རྒྱུ་འདི་བསྟོད་ར་རེད་སྨད་ར་རེད། བསྟོད་མི་ཤེས་པ་ཞིག་གིས་བསྟོད་ན་སྨད་རར་འགྲོ་རྒྱུ་རེད། དེར་བརྟེན་ཁུངས་བཙན་གྱི་ལོ་རྒྱུས་ཡིག་ཆ་འདི་ཚོ་གལ་ཆེན་པོ་འདུག དེ་རིང་འདིར་དེབ་འདི་ཞལ་དབྱེ་བྱས་པ་རེད། ཁྱེད་ཚོས་ཀྱང་ཡང་དོལ་རྒྱལ་སྐོར་དེབ་གཅིག་འདུག་ཟེར་ནས་གཡུག་མ་བཞག་པར་སོ་སོས་ཀློག མི་ལ་སྤྲད་ནས་འདི་ལྟ་རུ་བཅུག སོ་སོས་འགྲེལ་བཤད་རྒྱག་དགོས། དེབ་འདི་ངོས་ཀྱིས་ཆ་ཚང་བ་ཞིག་ཀློག་རྒྱུ་མ་བྱུང་ཡང་དངོས་ཡོད་གནས་ཚུལ་གང་ཡིན་པ་བཀོད་ཡོད། དེར་བརྟེན་འདི་ཤེས་པ་བྱེད་དགོས། འོན་ཀྱང་ཤེས་བཞིན་ཁྱད་དུ་གསོད་བྱས་ན་སོ་སོའི་རང་དབང་རེད། སངས་རྒྱས་ཀྱི་བསྟན་པ་ལ་སྐུར་བ་བཏབ་ནའང་སོ་སོའི་འདོད་པ་རེད། དགེ་ལུགས་པའི་ཆོས་འདི་དམ་སྲི་བསྟེན་རྒྱུ་ཞིག་སྒང་ལ་ཕྱིན་པ་ཡིན་ནའང་སོ་སོའི་རང་དབང་རེད་མ་གཏོགས་ཁྱད་པར་གང་ཡང་མི་འདུག མ་ཤེས་པར་འུར་སྒྲོག་ཀྱི་རྗེས་ལ་རི་བོང་ཅལ་འདྲོག་བྱས་ནས་ཕྱིན་པ་ཡིན་ན་གྱོང་རག་གི་རེད། འདི་བསམ་བློ་ཐོངས། སྔ་མོ་ངོས་ནས་ཀྱང་རི་བོང་ཅལ་འདྲོག་སྒང་ལ་ཕྱིན་པ་རེད། ངོས་ཀྱི་ཉམས་མྱོང་ཐོག་ནས་ཧོལ་རྒྱུག་བྱས་ཏེ་འགྲོ་རྒྱུ་མི་འདུག་ཅེས་ཞུ་རྒྱུ་ཡིན། དེ་ཁྱེད་རང་ཚོས་དགོངས་པ་བཞེས་ཏེ་གཟབ་གཟབ་གནང་། ཤེས་བཞིན་ཁྱད་དུ་གསད་མཁན་དེ་རིང་ཁ་སང་ཨ་རི་དང་ཡུ་རོབ། དེ་བཞིན་རྒྱ་གར་ནང་དུའང་ཡོད། གནས་ཚུལ་དེ་ཁ་ཁ་རེད།
བར་སྐབས་ངོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་སྐབས་ལོ་འགའ་ཤས་གོང་ལ་རྒྱ་མི་ངོ་ རྒོལ་བྱེད་མཁན་དང་ཤུགས་ལྡན་ཚོགས་པ་ངོ་རྒོལ་བྱེད་མཁན་མཉམ་དུ་ཡོང་གི་རེད། བར་སྐབས་ལོ་གཅིག་གཉིས་ནང་རྒྱ་མི་ངོ་རྒོལ་བྱེད་མཁན་ཉུང་དུ་ཕྱིན་ནས་ད་ཆ་མི་འདུག འོན་ཀྱང་ཤུགས་ལྡན་ཚོགས་པ་ངོ་རྒོལ་བྱེད་མཁན་མང་པོ་དེ་ཙམ་མེད་ཀྱང་མ་ཆད་པ་བྱས་ནས་ཡོང་གི་འདུག ཁ་སང་ཨ་རི་དང་ཨོ་སི་ཊོ་ལི་ཡ་ལའང་འགའ་ཤས་འདུག དེ་འགྲིག་པ་རེད། གཏམ་བརྗོད་རང་དབང་རེད། གང་བྱས་ཀྱང་ཁྱད་པར་གང་ཡང་མི་འདུག རྒྱ་མིའི་དཔོན་པོ་གཅིག་གིས་ངོས་རང་བདུད་རེད་ཅེས་བརྗོད་པ་རེད། གསར་འགྱུར་འདི་ཐོག་མར་ངོས་ཀྱིས་ཐོས་སྐབས་ངོས་རང་ཨི་ཊ་ལིར་ཡོད། ཁུལ་དེའི་གྲོང་ཁྱེར་ཁག་མང་པོ་ཞིག་གི་གྲོང་ཁྱེར་སྤྱི་ཁྱབ་པ་དང་ང་ཚོ་མཉམ་དུ་ཚོགས་ནས་བསྡ་ཡོད། སྐབས་དེར་ང་ཚོ་མཉམ་དུ་གསར་འགོད་པ་དང་ཐུག་པ་རེད། གསར་འགོད་པ་ཞིག་གིས་ཉེ་ལམ་རྒྱ་མིའི་དཔོན་པོ་གཅིག་གིས་ཏཱ་ལའི་བླ་མ་བདུད་རེད་ཅེས་བརྗོད་འདུག དེར་བསམ་ཚུལ་གང་ཡོད་བརྗོད་ཀྱི་འདུག སྐབས་དེར་ངོས་རང་བདུད་ཡིན། བདུད་རྭ་ཅོ་ཡོད་པ་འདི་ཡིན་ཞེས་བརྗོད་པ་ཡིན། ངོས་རང་གད་མོ་ཤོར་རྒྱུ་མ་གཏོགས་ཁྱད་པར་གང་ཡང་མི་འདུག བར་སྐབས་རྒྱ་མི་དེ་འདྲར་ད་ཆ་བདུད་ཀྱི་རྭ་ཅོ་རིང་དུ་རིང་དུ་འགྲོ་གི་འདུག་ཅེས་བརྗོད་པ་ཡིན།
སྤྱིར་སངས་རྒྱས་ཀྱི་བསྟན་པའི་དགྲ་བོ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པའི་དགྲ་བོ་རེད། ཅེས་ཟེར་གྱི་འདུག ངོས་ལ་ཁྱད་པར་གང་ཡང་མི་འདུག ངོས་ལ་སྐྱོན་བརྗོད་བྱས་པར་ཁྱད་པར་གང་ཡང་མི་འདུག ཁྱེད་རང་ཚོ་མགོ་སྐོར་ཐེབས་ན་ཡག་པོ་མེད། ཤེས་བཞིན་དུ་ཁྱད་གསོད་བྱེད་མཁན་ཞིག་ཡིན་ན་སོ་སོའི་རང་དབང་རེད། སྔ་མོ་ནས་ངོས་ཀྱིས་བརྗོད་པ་ཡིན། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། ཉན་དང་མ་ཉན་སོ་སོའི་བསམ་བློ་རེད། ཅེས་བཤད་ཡོད། ཉན་དང་མ་ཉན་སོ་སོའི་རང་དབང་རེད། ཁྱེད་རང་ཚོས་ཡིད་གཟབ་བྱེད་དགོས་པ་ཞིག་ལ་ངོས་རང་ནམ་རྒྱུན་ཨ་རིར་བསླེབས་སྐབས་སྲུང་སྐྱོབ་དེ་ཨ་རིའི་སྲུང་སྐྱོབ་སྡེ་ཚན་གྱིས་འགན་འཁྱེར་གྱི་ཡོད། དེ་བཞིན་རྒྱ་གར་གཞུང་ནས་ཀྱང་སྲུང་བྱ་བཙུགས་ནས་འགན་ཁྱེར་གྱི་ཡོད། རྒྱ་གར་སྲུང་སྐྱོབ་སྡེ་ཚན་ནས་དོལ་རྒྱལ་ཚོགས་པས་ཏཱ་ལའི་བླ་མར་ཉེན་ཁ་འདུག་བརྗོད་ནས་ངྷ་རམ་ས་ལར་ལྕགས་རི་གསར་པ་བསྐོར་དགོས་པ་ཆགས་པ་རེད། ཨ་རིའི་སྲུང་སྐྱོབ་སྡེ་ཚན་ནས་ཀྱང་ཏཱ་ལའི་བླ་མར་ཉེན་ཁ་ཡོང་ས་གཅིག་དོལ་རྒྱལ་ཚོགས་པ་ནས་ཡོང་གི་འདུག་ཅེས་ཤོད་ཀྱི་འདུག དྲེགས་པ་གདུག་རྩུབ་ཅན་ཞིག་བསྟེན་སྐབས་མིའི་གཤིས་ཀ་དེ་ཡང་ཧ་ཅང་རྩུབ་པོ་ཆགས་བཞིན་འདུག དང་པོ་མཚན་ཉིད་སློབ་དཔོན་བསད་པ་རེད། ཁོང་ངའི་སྡོད་ས་དང་ཐག་ཉེ་པོ་རེད། གཙུག་ལག་ཁང་གི་རྒྱབ་ལ་རེད། མཚན་ཉིད་སློབ་དཔོན་གཟུགས་པོ་གྲི་བཅུ་དྲུག་བཙུགས་རྗེས་སྐེ་བྲེགས་ནས་བསད་པ་རེད། མཉམ་དུ་ཡུ་ནན་ནས་ཡིན་པའི་རྒྱ་སྐད་ཧ་ཅང་བདེ་པོ་ཡོད་པའི་སྐད་སྒྱུར་གནང་མཁན་དགེ་སློང་ན་གཞོན་ཞིག་ཡོད་པ་དེ་ཡང་བསད་པ་རེད།
སྐབས་དེར་ཁོང་གིས་རྟེན་འབྲེལ་བསྟོད་པ་རྒྱ་སྐད་ནང་སྒྱུར་བཞིན་ཡོད། ཁོང་དང་ལྷན་རོགས་པ་གཞན་ཞིག་གཅིག་ཡོད་པ་དེ་ཡང་བསད་པ་རེད། གང་ལྟར་མི་གསུམ་དུས་གཅིག་ལ་བསད་པ་རེད། དེ་ནས་ལྡི་ལིའི་དོལ་རྒྱལ་ཚོགས་པའི་གྲས་ཀྱིས་མི་ཡར་འགྲོ་མར་འགྲོ་བྱེད་མཁན་གྲྭ་སའི་ནང་ནས་འགའ་ཤས་ལ་ཉེས་རྡུང་བཏང་ནས་སྲོག་ལ་ཉེན་ཁ་བཟོས་པ་བྱུང་ཡོད། གཞིས་ཆགས་ནང་དུའང་ཞེད་སྣང་སྐུལ་མཁན་འགའ་ཤས་བྱུང་ཡོད། མ་གཞི་ངོས་རང་ཕར་ཚུར་འགྲོ་སྐབས་གྲྭ་ས་གྲྭ་ཚང་སོ་སོའི་ཁུངས་ནས་དོ་སྣང་བྱེད་ ཀྱི་འདུག བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཉེན་ཁ་མེད་པ་མ་རེད། ཉེན་ཁ་འདུག་ཅེས་རྒྱ་གར་དང་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རྗོད་ཀྱི་འདུག དོན་མེད་ཉེས་རྡུང་ཟེད་ནའང་འདྲ། མེ་མདའ་སོགས་བརྒྱབ་པ་ཡིན་ན་རྡོག་གྱོང་རེད། དེར་བརྟེན་གཟབ་གཟབ་བྱེད་དགོས་པ་འདུག གཞན་ཁོང་ཚོས་གང་བྱས་ཀྱང་ངོས་ལ་ཁྱད་པར་གང་ཡང་མི་འདུག ༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ཡོད་ཀྱང་དེ་དག་ཅང་མི་མངོན་པ་བྱས་ཏེ་བཞུགས་ཡོད། སྔ་མོ་ངོས་ཀྱིས་དོལ་རྒྱལ་བསྟན་སྐབས་སྦག་སར་རྒན་པདྨ་རྒྱལ་མཚན་གྱིས་ཁུར་བླངས་ ཏེ་བཞུགས་པ་རེད། ངོས་རང་དང་སྐྱབས་རྗེ་རིན་པོ་ཆེ། དེ་བཞིན་སྐྱབས་རྗེ་ཟོང་རིན་པོ་ཆེས་ཧ་ཅང་བསྟེན་གྱི་ཡོད། གླིང་རིན་པོ་ཆེ་གནང་གི་མེད་ཀྱང་བཟོ་པོ་བྱས་ནས་བཞུགས་ཀྱི་ཡོད། དེ་ལྟ་བུའི་གནས་སྟངས་འོག་རྒན་པདྨ་རྒྱལ་མཚན་གྱིས་གནས་ཚུལ་དེའི་ཐོག་གདོང་ལེན་གནང་སྟེ་བཞུགས་པ་རེད་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། རྒན་པདྨ་རྒྱལ་མཚན་དང་རྒན་ཉི་མ་རྒྱལ་མཚན་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཀྱང་བཀའ་ཆོས་མང་དག་ཅིག་ཞུས་ཡོད། རིན་པོ་ཆེའི་ཐུགས་གཏིང་ནས་དོལ་རྒྱལ་མ་འགྲིག་པ་ཞིག་ཡོད་པ་དེ་གསལ་པོ་རེད། ཧ་ཅང་དར་ཁྱབ་ཡོད་པའི་ནང་རྙོག་མ་གཏིང་སློང་བྱེད་མཁན་ངོས་རང་རེད།
ངོས་ཀྱིས་རྩིས་སྤྲོད་བྱེད་དགོས་བྱུང་ན་དཔལ་ལྡན་ལྷ་མོ་རེད། དཔལ་ལྡན་ལྷ་མོ་ནི་གཟུགས་མེད་ཡིན་སྟབས་ཁྱེད་ཚོར་གསུང་བྱོན་རྒྱུ་གང་ཡང་མེད། དེར་བརྟེན་དཔལ་ལྡན་ལྷ་མོའི་ཚབ་ངོས་ཀྱིས་བྱས་ཏེ་རྙོག་མ་གཏིང་སློང་བྱེད་དགོས་རྒྱུ་དེ་འབྱུང་སྟངས་དང་རྒྱུ་མཚན་ཤོད་རྒྱུ་ངོས་ཀྱི་ལས་འགན་ཆགས་ཀྱི་ཡོད། ངོས་ཀྱིས་རྙོག་མ་གཏིང་སློང་བྱས་ཟིན་རྗེས་ཁྱེད་རང་ཚོས་ལས་ཀ་ཧུར་ཐག་འབད་ཐག་ བྱས་འདུག གོང་དུ་ཁྱེད་རང་ཚོའི་འགྲེལ་བཤད་ཧ་ཅང་ཡག་པོ་བྱུང་སོང་། རྙོག་མ་གཏིང་སློང་བྱེད་མཁན་དང་པོ་ངོས་རང་ཡིན་སྟབས་ངོས་ཀྱིས་འགྲེལ་བཤད་མ་བརྒྱབ་ན་མ་འགྲིགས་པ་ལྟ་བུ་རེད། ཁྱེད་རང་ཚོ་ཚང་མས་གོ་སོང་ངམ། དགེ་འདུན་པ་ཚོས་གསན་སོང་ངམ། ཕྱི་རྒྱལ་གྱི་མི་མང་དག་ཅིག་འདུག་པ་ཁྱེད་རང་ཚོས་གོ་སོང་ངམ། གནས་ཚུལ་དེ་དག་ཤེས་སོང་ངམ། མགོ་སྐོར་མ་ཐེབས་པར་བྱས་ཏེ་གཟབ་གཟབ་བྱེད་དགོས། སོ་སོས་ཤེས་བཞིན་ཁྱད་དུ་གསད་ནས་བསྟེན་ན་འགྲོ་གི་ཡིན་ན་རང་དབང་རེད། ཅེས་སོགས་གསུངས་འདུག
ཆབ་སྲིད་པ་རྒད་པོ་མ་རབ་ཁ་ཤས་ཤིག་གིས་རང་རང་གི་ལྟོ་གོས་གཏམ་གསུམ་འཚོལ་སྒྲུབ་ཀྱི་ལས་འགུལ་འདྲ་ཞིག་མ་གཏོགས་འདི་ཚོ་ལ་དབང་ལུང་ཁྲིད་གསུམ་གྱི་མཚན་ཉིད་ཅིག་མི་ཚང་བའི་ཆ་ནས་དེ་ཚོ་ལ་སྐྱོན་རྫོད་ན་དམ་ཚིག་ཙིག་ཉམསཡོང་རྒྱུ་གང་ཡང་མེད་པ་ཤེས་དགོས། དོན་མེད་དུ་དད་ལྡན་མང་ཚོགས་ལ་དམྱྱྱྱྱལ་བའི་ཞེད་སྣང་མ་སྐུལ་རོགས།
ལགས་སོ་ལགས་སོ་མ་གཏོགས་གཞན་ཅི་ཞུ་མི་འདུག དེ་རེད་སོ་སོའི་མཐོང་ཚུལ་དང་ལྟ་ཚུལ་མི་འདྲ་དུས་ངོ་མ་བདེན་པ་རེད།།
སྤོབས་པ་ངེད་གཉིས་ངོ་ཤེས་རེད། ད་མང་པོ་མི་བཤད་དེ་ཙམ་ཡིན།
ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ།། སྒོམ་པ་རྣམ་དག་བྱིང་རྨུག་མུན་པ་སེལ།། སྤྱོད་པ་རྣམ་ག་རྒྱལ་པའི་བཀའ་དང་མཐུན།། བྱང་ཆུབ་ལམ་རིམ་བསྟན་པ་རྒྱས་པར་གྱུར།།
དོལ་བཤུལ་རང་གི་ཅི་རྫོ་ལེ། བྱང་ཆུབ་ལམ་རིམ་གྱིས་བསྟན་པ་མི་རྒྱས་པར་གྱུར་ཅིག་རྫོ་མཁན་མི་འདུག ལམ་རིམ་གྱིས་མིང་ཐོག་ནས་ཆོས་བརྒྱུད་གཞན་ལ་ཁ་དགྲ་བསག་གི་མ་འདུག་ཅེས་བརྫོད་ཀྱིན་འདུག ལམ་རིམ་རྗེ་རིན་པོ་ཆེའི་ཉམས་སུ་བླངས་པ་རེད་ལ་གཞན་ལ་ཡང་བསྟན་པ་རེད་ ལམ་རིམ་ཟེར་ཡ་འདི་དོལ་རྒྱལ་མ་བྱུང་གོང་ནས་བྱུང་པ་རེད། དེ་ངེས་པ་བྱོས་ཨ།
dhoshul་ལགས།
ཞྭ་དམར་ལམ་རིམ་་་་ཟེར་བ་དེའི་བྱུང་རིམ་སྐོར་ལ་གསལ་བཤད་ཅིག་གནང་ཐུབ་བམ། ཤེས་འདོད་ནས་དྲིས་པ་ཡིན། བཀའ་དྲིན་ཆེ།
དགོངས་དག་དགོངས་འགལ་མེད་པ་ཞུ།། འདི་ལ་བཀའ་བཀྱོན་མ་གསུང་། ང་འདྲ་བོ་ལ་ཆག་བཞག་ན་རྗེ་རིན་པོ་ཆེའི་གསུང་ལ་ཚད་མར་བརྩི་བ་ཕར་བཞག་ལོག་བཤད་དང་བསྟན་པ་ལ་དྲི་མ་བགོ་བྱེད་ཞིག་རེད་བསམ་པས་སྐུར་པ་མང་པོ་བཏབ་མྱོང་ཡོད། དཔེར་ན་སྐབས་གསུམ་པའི་ནང་། ཡང་དག་དོན་ལ་ལྟ་བའི་བློ་མིག་ཉམས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་འབྱོར་པས་དབུལ། ཟེར་དུས་ངོ་མ་རྗེ་རིན་པོ་ཆེ་དེ་འདྲ་ཞིག་ཡིན་གྱི་རེད་བསམ་པ་ལས་ཡང་དག་པའི་ལྟ་བ་སྟོན་མཁན་ཞིག་ཡིན་པ་ཡིད་ངོ་ལ་ཤར་མྱོང་མེད། ཡིན་ནའང་རྩོད་པའི་ཆེད་དུ་དགེ་ལུགས་ནང་ལ་སོང་ནས་བསྡུས་གྲྭ་སྦྱངས་པ་རེད། དེ་དུས་བསྡུས་གྲྭ་ཟེར་དུས་ཤག་འགྱེད་བྱེད་འདྲ་བོ་མ་གཏོགས་ཕྱི་མ་ཕན་པའི་ཆོས་ཞིག་རེད་སྙམ་པ་བློ་ཡུལ་དུ་མེད་པ་རེད། དེ་ནས་རིམ་པས་ཕར་ཕྱིན་དང་དབུ་མ་སོགས་བལྟས་ནའང་ལྟ་བ་དེ་ནོར་ཡོད་ཀྱི་རེད་བསམ་པ་ལས་ངེས་ཤེས་ཞིག་སྐྱེ་མ་ཐུབ། དབུ་མ་དགོངས་པ་རབ་གསལ་ལོ་གསུམ་ལ་བལྟས་པ་རེད། ངའི་གྲོགས་པོ་རྣམ་ལ་རྩེ་མོ་རྩེ་ནས་ད་དགོངས་པ་རབ་གསལ་གྱིས་ངའི་གོ་ཡུལ་གྱི་ལྟ་བ་འདྲ་བོ་དེ་མེད་པ་བྱས་སོང་ཅེས་བཤད་འདུག་དགོས་པ་ཞིག་བྱུང། དེ་ནས་རིམ་པས་སྔགས་རིམ་སོགས་རྗེ་ཡི་སྔགས་ཀྱི་ལེགས་བཤད་སོགས་ལྟ་རྒྱུ་བྱུང་བས་ཨུ་ཚུག་མཐའ་སྐྱེལ་གྱིས་བལྟས་པ་དང་། དེ་དང་མཉམ་དུ་༸གོང་ས་མཆོག་གི་གང་གསུང་པ་དེ་ཉན་ནས་བག་ཆགས་རིམ་བརྩེགས་ཀྱིས་སོང་བས། དེ་གཉིས་ཀྱི་བྱིན་རླབས་འདྲ་བོ་ཞིག་ཞུགས་ནས་རིམ་པས་རྗེ་རིམ་པོ་ཆེའི་བསྟན་པ་ལ་བསླབ་ཚུལ་དེའི་ཡིད་འདྲ་བོ་འཕྲོག་ནས་ངའི་ངག་ནས་དེ་འདྲ་ཞིག་ཤོར་སོང། ང་རང་ལ་ལྟོས་ན་ཧ་ལས་པ་འདྲ་བོ་མཐོང་གི་ཡོད་དེས་ལབ་པ་རེད། གང་ཡིན་ཞེ་ན་ཚེ་རབས་ལྔ་བརྒྱའི་བར་དུ་མི་དགོས་ཁྱོན་ནས་ལབ་མྱོང་མེད་པའི་སྤྲང་པོ་ཞིག་ལ་མི་དགོས་ལན་གཅིག་ལབ་བཅུག་དུས་ཁོས་ངག་ནས་མ་ཐོན་པའི་གཏམ་རྒྱུད་མདོ་ནང་ལ་ཡོད་པ་རེད། ངས་དེ་དྲན་གི་ཡོད་སྔ་མོ་ང་དེ་དེ་དང་འདྲ་བོ་རེད། དེང་སང་དངོས་གནས་ངས་སེམས་པ་རྣམ་དག་གིས་སྨོན་ལམ་དེ་ལྟར་རྒྱག་ཐུབ་པ་དེ་ཡག་པོ་མི་འདུག་པས། ༸སྐྱབས་མགོན་རིན་པོ་ཆེས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གསུང་དུས། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང། གསུང་དུས་ངོ་མ་རེད་དྲང་ངེས་ལེགས་བཤད་སྙིང་པོ་ལ་ལྟོས་དང། དེ་བཞིན་རྩ་་ཤེས་ཊིག་ཆེན། དགོངས་པ་རབ་གསལ་སོགས་ལ་ལྟོས་དང་ཧ་ལས་པ་རེད། རྗེ་འདྲ་བོ་ངོ་མ་དཀོན་པོ་རེད། ག་དུས་ཡིན་ན་གསུང་གསུང་པ་ཡིན་དུས་ངོ་མ་སེམས་འགུལ་དང་དད་ཞེན་ང་འདྲ་བོ་ལྟ་མ་མཁྲེགས་པོ་ལ་ཡང་བྱུང་བ་འདི་ལ་ང་རང་ང་རང་ལ་ཧ་ལས་པ་རེད། དེ་ཡིན་དུས་ངས་འདི་འདྲ་ཞིག་ལབ་ཤོར་བ་རེད་དགོངས་འགལ་བྱུང་ན་དགོངས་དག་ཞུ་སེམས་གཏིང་ནས།
གསལ་པོ་རང་དྲན་མ་བྱུང་ཞྭ་དམར་དགེ་འདུན་བསྟན་འཛིན་ཡིན་པ་ཡོད། དགེ་ཆོས་སློབ་གཉེར་གནང་ས་རྡིས་ཚ་དགོན་པ་ཕྱག་འདེབས་མཁན་དེ་ཕལ་ཆེར་ཡིན་པ་ཡོད། དགེ་ལུགས་པའི་བླ་མ་རེད།
ངེས་སོང་ངམ།
རྗེ་འདི་མདོ་སྨད་དུ་ཡབ་པད་མིག་དང་། ཡུམ་མ་གཅིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱི(༡༨༥༢)ལོར་འཁྲུངས། དགུང་ལོ་བཞི་ལ་ལ་མོ་བདེ་ཆིན་དགོན་དུ་དགེ་བཤེས་རོང་པོ་ཨ་ལགས་བསྟེན་ནས་ཀློག་བསླབས། ཆོས་སྤྱོད་སོགས་བློར་འཛིན་མཛད། དགུང་ལོ་བརྒྱད་ལ་རྗེ་ཐར་ཤུལ་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་། བདེ་ཆེན་དགོན་དུ་བཞུགས་ནས་མདོ་སྔགས་ལ་གསན་བསམ་ཡང་དག་པར་མཛད། དགུང་ལོ་ཉེར་བདུན་ལ་ཁུ་ལུགས་དགེ་བཤེས་ཉི་མ་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་བསྒྲུབ། དགུང་ལོ་སོ་བཞི་ལ་ར་རྒྱ་དགོན་དུ་དམ་བཅའ་འཇོག་པར་མཛད། དགུང་ལོ་ཉེར་དགུ་ནས་ལྔ་བཅུ་བར་སྐུ་མཚམས་ལ་བཞུགས། དགུང་ལོ་ང་གཅིག་ལ་ཐར་ཤུལ་རིན་པོ་ཆེའི་གསུང་འབུམ་དཀར་ཆག་གསར་རྩོམ་གནང་། དགུང་ལོ་ང་གཉིས་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས(༡༩༠༣)ལོར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་གསར་དུ་བསྐྲུན་ནས་མཚན་ཉིད་བཙུགས། དགུང་ལོ་ང་བདུན་ལོར་ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་དགོན་པར་རྒྱུན་ཇའི་ཐེབས་བཙུགས། བཀའ་རྩོམ་ལ་མཚོན་ན། 《སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར》དང་། 《བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་གི་དོགས་གཅོད་འཕྲོ་ཅན》དེ་བཞིན《འགྲོ་མགོན་ཤིང་བཟའ་རིན་པོ་ཆེའི་རྣམ་ཐར》དང《ཞྭ་དམར་ལམ་རིམ》སོགས་ཀྱི་བཀའ་རྩོམ་པོད་འབྲིང་དགུ་ཙམ་བཞུགས་པ་དང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ལ་གསུང་ཆོས་ཀྱང་གནང་། དགུང་གྲངས་རེ་གཅིག་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི(༡༩༡༢)ལོར་དགོངས་པ་གཞན་དུ་གཤེགས།
dhoshul་ལགས།
སྙིང་ནས་བཀའ་དྲིན་ཆེ། ཁོང་གི་མཚན་ཆ་ཚང་ལ་གང་ཞུ་བ་ཡིན་ནམ། །
ཕལ་ཆེར་དགེ་འདུན་བསྟན་འཛིན་མིན་འགྲོ། འགོ་ལ་བློ་བཟང་ཡོད་མེད་མི་ཤེས།
# 233 dhoshul་ལགས་ཀྱི། རང་རྣམ་འདི་བཟང་ངོ་། །
རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཞུ་བ་ཁོང་ནི་ཨ་མདོ་ཁུལ་ལ་དགེ་ལྡན་པའི་སྲོག་ཤིང་ལྟ་བུར་གྱུར་ཅིང་། ཁོང་གི་སློབ་མར་སྐབས་དེ་དུས་ཀྱི་དགེ་ལྡན་པའི་བླ་ཆེན་མི་ཆེན་མང་པོ་ཡོད་པའི་ཁོངས་ནས།
རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
བློ་བཟང་བཤད་སྒྲུབ་རྒྱ་མཚོ།
དགེ་འདུན་ཆོས་འཕེལ།
ཨ་ལགས་འཇིགས་མེད་དམ་ཆོས་རྒྱ་མཚོ།
དགེ་འདུན་ལུང་རྟོགས་རབ་རྒྱས།
བློ་བཟང་དཔལ་ལྡན།
འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ།
བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།
བློ་བཟང་ཚུལ་ཁྲིམས་འཇིགས་མེད་རྒྱ་མཚོ།
གསུང་རབ་རྒྱ་མཚོ།
འཇམ་དཔལ་རོལ་པའི་བློ་གྲོས།
དགེ་འདུན་དམ་ཆོས་རྒྱལ་མཚན།
དགེ་འདུན་བསྟན་པ་ཡར་འཕེལ།
དཀོན་མཆོག་འཇིགས་མེད་རབ་རྒྱས།
འཕྲིན་ལས་རྒྱ་མཚོ།
འཇམ་དབྱངས་གྲགས་པ།
གསུང་རྒྱུན་ལ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་མདོ་སྨད་ལ་འཁྲུངས་པའི་དགོངས་པ་བླ་མ་འདི་མཇལ་ནས་བྱུང་བར་གསུངས།