སྐྱོ་བྲག་དགའ་དབང་།
ཁོ་བོའི་ཆོས་མཆེད་དམ་པ་མདོ་སྔགས་རིག་པའི་གནས་ཀུན་ལ་སྦྱངས་རྟོགས་རླབས་སུ་ཆེ་ཞིང་། དབེན་པའི་རི་སུལ་དག་ཏུ་རི་དྭགས་བཞིན་རྒྱུས་ཏེ་ཐབས་གྲོལ་གྱི་གདམས་པ་ཉམས་སུ་ལེན་པའི་སྒྲུབ་བརྩོན་བླ་མ་མཁས་པ་བསོད་ནམས་ཆོས་དབྱིངས་ཀྱིས། སེམས་ཉིད་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་སྤྲོས་མེད་ཀྱི་གང་ཟག་དག་ལ་བཀའ་བརྒྱུད་བླ་མའི་བྱིན་རློབ་འཇུག་པའི་དམིགས་རིམ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཐུན་བཞིའི་བླ་མའི་རྣལ་འབྱོར་ལས། ལམ་གྱི་སྙིང་པོ་མོས་གུས་ཕྱག་རྒྱ་ཆེ། །ཞེན་ལོག་ངོ་བོ་དཔལ་ལྡན་བླ་མའི་སྐུ། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཉིད། །ཅེས་པ་ལྟར་གྱི་མོས་གུས་བླ་མའི་རྣལ་འབྱོར་དུ་གྱུར་པ། འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་ལ། ཁ་སྐོང་ཚོགས་ཤིག་དགོས་པའི་སྐུལ་མ་གནང་རྟེན། བཀྲ་ཤིས་པའི་ཆོས་དུང་དཀར་པོ་སོགས་ཀྱི་སྐྱེས་རྣམས། ཁོ་བོའི་ཕ་རྒན་དྲིན་མོ་ཆེའི་ལག་ཏུ་གནངས་འདུག
ངས་ཀྱང་འགྲོ་མགོན་ཏི་ཤྲི་རས་པའི་ཚོགས་ཀྱི་འཁོར་ལོའི་རིམ་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མར་ལུགས་རྒྱུད་སྡེའི་ཚོགས་མཆོད་ཡོངས་འདུའི་སྙེ་མའི་ཚིག་དང་དོན་གྱི་སྙིང་པོ་དག་གྲོལ་ལམ་ཉམས་སུ་ལེན་པའི་སྤྲོས་མེད་ཀྱི་རྣལ་འབྱོར་པ་དང་འཚམ་པ། ཚོགས་འཁོར་གྲུབ་པའི་དགའ་སྟོན་ཞེས་བྱ་བ་ཞིག །རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་བསྡེབས་ཏེ་ཁོང་གི་ཐུགས་བཞེད་ཡོངས་སུ་སྐོང་བར་བྱས་པ་ཡིན་ནོ། །
རྟེན་འབྲེལ་བཟང་། རྟེན་འབྲེལ་བཟང་།
གངས་ལྗོངས་ཤར་གྱི་ཕྱོགས་ནས་ཆོས་དུང་དཀར་མོའི་སྒྲ་དབྱངས་གྲགས།། མཁན་པོ་དགའ་དབང་ཐུགས་ལ་རྟེན་འབྲེལ་དཔལ་གྱིས་བརྒྱན་པར་བྱས། གནས་མཆོག་རྡོ་རྗེ་གདན་ནས་ཚོགས་ཀྱི་འཁོར་ལོའི་རང་སྒྲ་སྒྲོག བླ་མ་བསོད་ནམས་ཆོས་དབྱིངས་ཐུགས་ཀྱི་བཞེད་དགོངས་གྲུབ་པར་བྱས།
རྟེན་འབྲེལ་བཟང་།
ག་རེ་གསུང་གནང་གི་ཡོད། སྐྱོ་བྲག་དག་དབང་ཟེར་བའི་ལྷ་འདྲེ་གདོན་གེགས་ཁྱོད་ལ་གཞི་འཛིན་ས་ཡོད་པ་གེ་མཐོང་མ་སོང་།
མི་རིགས་ས་ཡ་མང་པོའི་བསམ་ཚུལ་གཅིག་པ།
རང་སྣང་ཅན་གྱི་རང་རེ་ཟུང་འཁྲུལ་སྣང་མ་སྑྱེ།
ཆོས་དང་མི་མཐུན་གང་དྲན་དུད་འགྲོའི་སྤྱོད་སྟེང།
མི་དང་དུད་འགྲོའི་དབྱེ་འབྱེད་ཁྱོད་འདྲེས་མི་ནུས།
ཧ་ཧ་ཧོ་ཧོའི་བྱས་པའི་རྩེད་མོ་རོལ་ཅིག།