ལོག་སྨྲ་ཚར་གཅོད།
ཡེ་ཤུ་ཆོས་དད་པ་ཚོས་འདི་ཟླའི་ཚེས་ཉེར་བཞིའི་དགོང་མོར་ཕྲུ་གུ་རྣམས་ལ་མགོ་སྐོར་གྱིས་ཚུལ་དུ་བཤད་རྒྱུར། སང་ཉིན་ང་ཚོའི་དཀོན་མཆོག་གི་ཕོ་ཉ་སྟོན་པ་མ་ཤི་ཀའི་འཁྲུངས་སྐར་ཡིན་པས་དེ་རིང་དགོང་མོར་ཁྱོད་ཕྲུ་གུ་རྣམས་གཉིད་ཁུག་སོང་བའི་རྗེས་སུ་དཀོན་མཆོག་གིས་ཤྭ་བ་མང་པོས་འཐེན་པའི་ཤིང་རྟ་འཁོར་ལོ་དང་བཅས་སྤོ་བོ་སན་ཊ་ལགས་སུ་སྤྲུལ་ནས་ཕྲུ་གུ་རྣམས་ལ་རྔན་པ་གང་མང་ཁྱེར་ཡོང་ངེས་རེད་ཅེས་བཤད་ཀྱི་ཡོད། ཕྲུ་གུ་རྣམས་ཀྱིས་ཀྱང་ཡིན་ཤག་གིས་སང་ཉིན་ང་ལ་སྤོ་བོ་སན་ཊ་ལགས་ཀྱིས་རྔན་པ་ཅི་ཞིག་སྟེར་ཡོང་སྙམ་སྟེ་གཉིད་ལོག་པའི་རྗེས་སུ་ཕ་མ་རྣམས་ཀྱིས་ག་ལེར་ཕྲུ་གུས་མི་ཚོར་བར་བྱས་ནས་ནམ་རྒྱུན་དུ་ཕྲུ་གུས་གང་ལ་དགའ་ཤོས་བྱེད་སའི་རྔན་པ་མང་དག་ཅིག་ཕྲུ་གུའི་མལ་གཟན་འོག་ཏུ་འཇོག་གི་ཡོད་པ་རེད།
ཚེས་ཉེར་ལྔ་ཉིན་གྱི་ཞོགས་པའི་སྔ་མོར་ཕྲུ་གུ་རྣམས་གཉིད་ལས་སད་པ་དང་དུས་མཚུངས་སུ་རྔན་པ་རྣམས་མཐོང་མ་ཐག་དགའ་ཚོར་ཆེན་པོས་སྤོ་བོ་སན་ཊ་ལ་དགའ་ཞེན་དང་དཀོན་མཆོག་ལ་ལྡོག་ཏུ་མེད་པའི་དད་པ་དང་བག་ཆགས་ཞིག་ཡོང་གི་ཡོད་པ་རེད། དེ་བཞིན་དུ་ཧིན་དྷིའི་ཆོས་དད་པ་ཚོས་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཤར་གྱི་དགོང་མོ་ཞིག་ལ་ཕྲུ་གུ་རྣམས་ལ་མགོ་བསྐོར་གྱིས་ཚུལ་དུ་བཤད་རྒྱུར། དེ་རིང་དགོང་མོར་ང་ཚོའི་དཀོན་མཆོག་ལ་ཤི་མི་སྟེ་བོད་སྐད་དུ་ལྷ་མོ་ནོར་རྒྱུན་མ་ཞེས་པ་དེ་ཕེབས་ཡོང་གི་རེད་ཅེས་བཤད་ཀྱི་ཡོད་པ་རེད། ཕྲུ་གུ་རྣམས་ཀྱིས་ཀྱང་ཡིན་ཤག་གིས་སང་ཉིན་ནི་དྷི་ཝ་ལིའི་དུས་ཆེན་ཡིན་པས་དེ་རིང་དགོང་མོར་དཀོན་མཆོག་ཕེབས་ངེས་རེད་བསམ་གྱི་ཡོད།
གཉིད་ལོག་པའི་རྗེས་སུ་ཕ་མ་རྣམས་ཀྱིས་ག་ལེར་ཕྲུ་གུས་མི་ཚོར་བར་བྱས་ནས་ཁང་པའི་ཕྱིའི་ལམ་ཆེན་ནས་ཤར་རེ་ནང་སྦུག་གི་མཆོད་ཁང་བར་ས་དཀར་དང་ས་དམར་གཉིས་སྟེང་འོག་ཏུ་བྱས་ནས་ལམ་བུ་སྐྱ་ཐིགས་ཤིག་བྲིས་ཀྱི་ཡོད། དེའི་གཡས་གཡོན་དུ་མཆོད་མེ་དང་མཚོན་བྲིས་སྣ་ཚོགས་སུ་བཀོད་དེ་ས་དཀར་དམར་གྱི་མཚོན་ལམ་དེའི་སྟེང་དུ་ལྷ་མོ་ལ་ཤི་མི་དང་ཀི་ཤྲི་ཎ་སོགས་ཕེབས་ཡོད་ཁུལ་གྱིས་ཞབས་རྗེས་རྫུན་མ་ཤར་རེ་ལམ་ཆེན་ནས་མཆོད་ཁང་གི་བར་འཇོག་གིན་ཡོད་པ་རེད། ཉིན་མ་དེའི་ཕྱི་ཉིན་ཞོགས་པའི་སྔ་མོར་ཕྲུ་གུ་རྣམས་གཉིད་ལས་སད་པ་དང་དུས་མཚུངས་སུ་མདང་དགོང་དངོས་གནས་དཀོན་མཆོག་རང་གི་ནང་ཁྱིམ་དུ་ཕེབས་བཞག་བསམ་བསམ་གྱིས་ཧིན་དྷིའི་ཆོས་ལ་ལྡོག་ཏུ་མེད་པའི་དད་པ་དང་བག་ཆགས་བརྟན་པོ་ཞིག་ཡོང་གི་ཡོད་པ་རེད།
དེ་ནས་ནང་པའི་ཆོས་ལུགས་ཀྱི་ངོས་ནས་ཀྱང་དེ་ཚོ་དང་གཉིས་སུ་མེད་པ་ལྟ་བུ་ཞིག་ཡིན་ཏེ། བློ་གཏོད་ཡིད་ཆེས་ཡོད་ཚད་དཀོན་མཆོག་ལ་འགེལ་གཏོང་ན་དེ་ནས་ཚང་མ་འགྲུབ་རབས་བཤད་པ་དང་། སྐྱབས་འགྲོ་ནི་ནང་ཆོས་ཀྱི་སྒོ་མོ་ཡིན་ཟེར་བ་དང་དད་པ་ནི་དཀར་ཆོས་ཐམས་ཅད་ཀྱི་རྨང་གཞིན་ཡིན་ཟེར་བ་སོགས་གསུངས་ཡོད། ཧ་ཅང་གི་ཆོས་ལུགས་གཞན་དང་གཅིག་མཚུངས་ཤིག་ལ་རི་མགོ་མགོ་དང་རྡོ་འབུར་འབུར་ཡོད་ཚད་ལ་ལྷ་ཀླུ་ཡུལ་ལྷ་གཞི་བདག་སོགས་གནས་ཡོད་རབས་དང་མི་མངོན་པའི་དབྱིངས་སུ་ལྷ་ཆོས་སྐྱོང་སྲུང་མ་ཟེར་བ་མང་པོ་ཞིག་ཀྱང་ཡོད་རབས་ཀྱིས་དེ་ཚོར་ལྷ་གསོལ་ཀླུ་གསོལ་ལམ་སྐང་གསོ་འཕྲིན་བཅོལ་འདྲ་བྱས་ན་རང་ལ་གང་དགོས་ཀྱི་གདོང་གྲོགས་འཕྲིན་ལས་སོགས་སྟེར་གྱི་ཡོད་པ་བཤད་པ་རྣམས་ཆོས་ལུགས་གཞན་དང་གཉིས་སུ་མེད་པ་ཞིག་རེད།
མདོར་ན་ཆོས་ལུགས་དེ་དག་ནས་དོན་དངོས་སུ་མི་བདེན་གཡོ་སྒྱུ་རྫུན་སྒྲིགས་ཀྱིས་རྨོང་དད་ཆེ་བའི་དམངས་ཁྲོད་དུ་མི་དམངས་རྣམས་ལ་དེ་འདྲ་མགོ་སྐོར་ཆེན་པོ་ཞིག་བཏང་དགོས་དོན་ནི། རང་རང་གི་ཆོས་དབང་གིས་མི་མང་རྣམས་གང་ཐུབ་ཀྱིས་བདག་བཟུང་བྱེད་རྒྱུར་ཁོ་ནར་དམིགས་ནས་བཟོས་པ་ཞིག་རེད་ཟེར་ན་མི་ཆོག་པ་མེད།
འོ་ན་དེ་འདྲའི་མི་བདེན་རྫུན་བསྒྲིགས་ཀྱིས་རང་རང་གི་དགོས་མཁོའི་འདོད་པ་ཚང་མ་སྐོང་མཁན་གྱི་ལྷ་དང་དཀོན་མཆོག་ཟེར་བ་ཞིག་མེད་བཞིན་དུ་དེ་འདྲ་ཡོད་རབས་སྐྱག་རྫུན་བཤད་པ་དེ་ཚོ་མི་རྣམས་ཀྱིས་མ་ཤེས་པ་ཅི་ཡིན་སྙམ་ན། དེ་ནི་ཆོས་ལུགས་སོ་སོའི་ཆོས་དཔོན་རྣམས་དང་དེ་དག་གི་ལྟ་གྲུབ་འཛིན་པ་རྣམས་ཀྱིས་ཐབས་མཁས་པོས་མི་རྣམས་ནར་མ་སོན་པའི་ཕྲུ་གུའི་སྐབས་དང་ནར་སོན་ཡང་བློ་ཁ་དམའ་བའི་སྐབས་སུ་གོ་སྐབས་དམ་འཛིན་གྱིས་ཀླད་པ་གསར་དུ་ཚར་ལོང་བྱེད་པའི་དུས་དང་སྟབས་བསྟུན་ཏེ་རང་རང་གི་ཆོས་ལུགས་ཀྱི་དཀོན་མཆོག་དང་ལྷ་བླ་སོགས་ལ་དད་འདུན་བག་ཆགས་སོགས་སྟུག་པོ་ཞིག་གོང་དུ་སྨྲས་པའི་ཐབས་ལམ་དེ་དག་བོད་སྤྱོད་ནས་ཕྲུ་གུའི་ཀླད་གསར་ནང་བཅུག་གང་ཐུབ་བྱེད་ཀྱི་ཡོད་ལ་དེ་ནི་གོང་ཞུས་ལྟར་ལས་སླ་པོས་ཐོག་ནས་བཅུག་ཀྱང་ཐུབ་ཀྱི་ཡོད།
དེ་འདྲའི་དད་འདུན་གྱི་བག་ཆགས་ཐུག་པོ་ཞིག་མི་སུའི་ཀླད་པ་གསར་དུ་ཚར་ལོང་གི་དུས་སྐབས་སུ་ཀླད་པའི་བརྡ་འཕྲིན་མ་ལག་ནང་བཅུགས་ཐུབ་ཡོད་ན་དེ་ནས་དེ་འདྲའི་མི་ཕལ་མོ་ཆེ་བའང་ཧ་ལམ་ཡོད་དོ་ཅོག་ནི་རྗེས་སུ་ལྷ་སྒྲུང་དང་འབྲེལ་བའི་གཏམ་བརྗོད་རྣམས་མི་བདེན་རྫུན་སྒྲིག་ཡིན་ལུགས་རྒྱུ་མཚན་གྱི་ཐོག་ནས་དང་ལྷག་པར་དུ་མངོན་སུམ་དུ་ཇི་ཙམ་བསྟན་ནའང་དེ་སྔོན་གྱི་བག་ཆགས་ཐུག་པོ་དེ་ནམ་ཡང་དོར་མི་ཐུབ་པས་དེ་མུར་ལུས་པ་ལས་ཁས་ལེན་གསར་པ་གང་ཡང་མི་བྱེད་པ་ཡིན། དེར་བརྟེན་རང་གི་ཀླད་པ་ནི་ནམ་ཡང་ཆོས་ལུགས་ཀྱིས་དབང་སྒྱུར་འོག་མི་འགྲོ་བ་རང་དབང་གིས་གཙང་མ་ཞིག་ཉར་ཐུབ་ཡོད་ན་དོན་དངོས་མཐོང་བར་དཀའ་ཚིགས་མི་ཆེ་བས་ངེས་འཇོག་ཡོད་པ་མཁྱེན་མཛོད།
གོ་རྒྱུ་དང་ཚོར་རྒྱུ་གང་ཡང་མི་འདུག
ཡུ་ཤུ་དང་ཧིན་དྷུའི་ཆོས་ལུགས་ནས་གང་བཤད་མིན་ངོས་ལ་རྒྱུད་ཆ་དེ་ཙམ་མེད། ང་རང་ནང་པ་ཡིན་པས་ངེས་པར་ཤེས་རྟོགས་གང་ཙམ་ཡོད། སྐྱབས་འགྲོའི་སྐོར་ལ་ང་ཚོ་མང་པོ་རྩོད་ཚར་བ་རེད། སྐྱར་ལྡབ་མང་པོ་མི་བྱེད། གོ་རྒྱུ་ཡོད་པ་ཁ་ཤས་ཞུ་ན། ནང་པས་དཀོན་མཆོག་གསུམ་ལས་སྐྱབས་དངོས་ཆོས་དཀོན་མཆོག་ཡིན་པ་དང་། བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་གྱིས། །ཐར་པ་རང་ལ་ལག་ལས་ཤེས་པར་བགྱིས། ཞེས་དང་། ཐུབ་རྣམས་སྡིག་པ་ཆུས་མི་ཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གི་མི་བསེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མི་ནུས། །ཆོས་ཉིད་བདེན་པ་བསྟེན་པས་གྲོལ་བར་འགྱུར། ཞེས་གསུང་པ་ལ་བསམ་བློ་གཏོང་། ཤེས་ཀྱི་མི་འདུག་ན་མ་ཤེས་ཤེས་མདོག་མ་བྱེད།
ཕ་མས་རང་གི་བུ་ཕྲུག་རྣམས་ལས་རྒྱུ་འབྲས་དང་། དཀོན་མཆོག་རྩི་མཁན་གྱི་ལམ་དུ་འཁྲིད་པ་ལ་སྐྱོན་བརྗོད་བྱེད་པ་ལ་དགོས་པ་ཡང་དག་པ་ཞིག་མ་མཐོང་། ལ་དྭགས་ཀྱི་མི་རྒན་རྣམས་ཀྱིས་ལྷ་འདྲེའི་སྒྲུང་བཤད་པས། འདྲེ་ཡོད་སྙམ་པའི་བག་ཆགས་པ་ངན་པ་དེ་སེམས་ལ་ཞུགས་ནས། ཆེར་ན་ཚོད་ལོན་པ་མང་པོ་མཚན་མོ་རང་གཅིག་པུ། ལུང་པ་ཨ་རི་དང་ཡོ་རུབ་ཀྱི་བུ་ཕྲུག་ལྟར་ཉལ་མི་ཐུབ། ང་བྱིས་པ་ལོ་ངོ་བཅུ་གཉིས་བཅུ་གསུམ་ལོན་ཡོད་ཀྱང་། རྒྱ་གར་པ་དང་། ནུབ་ཕྱོགས་པའི་སྐྱེ་བོ་དག་མཐོང་བ་ན། འཇིགས་སྣང་ཆེན་པོ་སྐྱེས་མྱོང་བ་ཡིན། རྒྱུ་མཚན་ནི་དེ་དག་གིས་རྣ་ལྕོག་བཅོད་པར་བྱེད། རྒན་པ་དག་གི་ངག་ཐོས་པས་བྱུང་། ལོག་སྨྲ་ཚར་གཅོད། ཅེས་པ་དོན་དངམཐུན་པ་ཞིག་བྱེད་འདོད་ན། དང་པོ། དགོངས་མོ། ཞེསྤ་དེ་བོད་ཀྱི་རིག་གཞུང་གི་དཔེ་ཆ་དག་དང་། དེ་དག་གི་ཡི་གེའི་དག་ཆ་རྣམས་་ཕྱོགས་གཅིག་ཏུ་བསྡུས་པ་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་མཐུན་པར་བྱས་ཏེ། དགོང་མོ་ཞེས་པ་བསམ་བཞིན་དུ་འབྲི་བ་དེ་ཚར་གཅོད་དགོས་པར་མཐོང་ངོ་།
རྨོངས་དད་དང་ཆོས་ལུགས རྟོག་སད་དང་དད་ལོག་ཚང་མས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་ན་ཡག་པོ་འདུག
ལ་ཤི་མི་འབྲི་སྟངས་ནོར་་་་་ལཀྴི་མི་ཞེས་འབྲི་དགོས། ནོར་རྒྱུན་མ་་་ལས་ཐད་སྒྱུར་བྱས་ན་་་་གཡང་མ་་་་་ཡིན།
ལོག་སྨྲ་ཚར་གཅོད་འདིས་ཆོས་ལུགས་ཚང་མ་རྫུན་མ་ཡིན་པའི་ཟོལ་འདྲ་བཤད་ཀྱིན་འདུག དེར་ངོས་ལེན་བྱེད་ཐུབ་མ་སོང་། གང་ཟག་སུ་ཞིག་ལ་དད་པ་དང་ཡིད་ཆེས་ཡོད་ན་དེར་དཀོན་མཆོག་ཡོད་པ་རེད། གང་ཟག་སུ་ཞིག་ལོག་ལྟས་ཁེངས་ཡོད་ན་དེར་དཀོན་མཆོག་ཀྱང་ཡོད་པ་མ་རེད།།
རྒན་ལ་དྭགས་ཚང་འདི་ཐང་ཆད་ཀྱིན་མེད་པ་འདྲ། དུས་ཀྱི་དགོང་ལ་ཡང་འཇུག་བཞག་ན་དགོས་པ་རྒྱུ་མཚན་ཅི་ཞིག་འདུག ཕྱིའི་དངོས་པོ་ཡར་རྒྱས་སུ་སོང་ན་མིའི་སྐད་རིགས་ཀྱང་ཡར་རྒྱས་སུ་འགྲོ་ཆོག་གི་རེད། དུས་ཀྱི་དགོང་ལ་ཡང་འཇུག་མེད་ན་ཤིག་ཏུ་ལེགས། ཡིག་རྙིང་དག་ན་འདུག་ཅེས་པའི་འུ་ཚུགས་ལ་དེ་ལ་རྒྱུ་མཚན་གང་ཡང་མི་འདུག །
དངོས་དོན་དང་མཐུན་པའི་ཐོག་ནས་ཟིན་བྲིས་ལེགས་པོ་ཞིག་བྲིས་གནང་འདུག་པར་དགའ་བསུ་ཞུ།
རྒན་ལ་དྭགས་འདི་བ་ལྷག་བསམ་ཙམ་ལས། ཁོང་གི་རྩོམ་ཡིག་ལ་བོད་སྐད་བྱང་ཆ་མི་འདུག་་་ཧཧཧ
རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་མཆན་བཏབ་པར་ལེགས་སོ། དངོས་གནས་ཡོད་པ་ཞིག་མེད་པར་གཏོང་བ་ལ་ངས་ཡར་རྒྱས་མི་ཟེར། བོད་ཀྱི་རིག་གཞུང་ན་ཡོད་པ་བཞིན་དུ། བོད་ཀྱི་ལུང་པ་མང་པོ་ན། དགོངས་ཞེས་སའི་ཡང་འཇུག་འཐོན་པར་འབོད་པ་མང་དུ་མཆིས། དོན་འདི་ལྟ་བུ་ལ་དགོངས་ནས། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས། ཁྱེད་ལྟར་ན། ངོ་མ། ཞེས་འབྲི་དགོས་པ་ལས། དེ་ལྟར་མ་ཡིན་པར་དངོས་མ་ཞེས་པ། ལན་དུ་མར་བྲིས་ཡོད། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གཉིས་པ། ཤོག་གྲངས་༧པ་སོགས་ན་ཡོད། མདོ་སྨད་ཀྱི་ཁ་སྐད་ངོ་མ་ཞེས་པ་དེ། མཁས་དབང་དེའི་ཞལ་རྒྱུན་དུ་མེད་པ་ག་ལ་ཡིན། འོན་ཀྱང་དམ་པ་དེ་ལ་བོད་ཀྱི་རིག་གཞུང་གི་དག་ཆ་སྲུང་དགོས་པ་དང་། བོད་རིག་གཞུང་གི་སྐད་ལ་བརྟེན་ནས། བོད་ཡོངས་རྫོགས་སྐད་ཐོག་ནས་གཅིག་ཏུ་སྒྲིལ་བའི་ལྷག་བསམ་རྣམ་དག་ཡོད་པ་ཁོང་གི་རྗེས་སུ་འབྲངས་ཏེ། བདག་གིས་བོད་རིག་་གཞུང་སྐད་ལ་ཞབས་འདེགས་འབུལ་དགོས་པ་དེ་འགངས་ཆེན་པོར་མཐོང་། འདིའི་སྔོན་དུ། འཛིན་གྲྭར་ཆུ་ཚོད་གསུམ་རིང་བོད་རིག་གཞུང་གི་ངོ་སྤྲོད་བྱས་ནས། ད་ལྟ་ཡང་སྟོབས་སམ་སེམས་ཤུགས་མ་ཉམས་པར་མཆན་བུ་འདི་འབྲི་བ་ལ་དགའ་བ་སྐྱེས་་སོ།
ཆོས་ལུགས་ཚང་མ་ཡག་པོ་རེད། བདེན་མིན་ཇི་ལྟར་ཡང་འགྲོ་བ་མི་ལ་སྡུག་སྔལ་བྱུང་སྐབས་ཕན་ཐོག་ཡོད། ཕན་པ་སེམས་ཀྱི་ཀུན་སློང་ཐོག་ནས་རེད། དོན་དངོས་ལ་ཕན་མི་ཕན་དེ་སེམས་ཀྱི་ཐོག་རེད། ནང་ཆོས་ནང་ལ་བརྟེན་འབྲེལ་ཕྲ་རག་དང་སྟོང་ཉིད་སོགས་ལ་རིགས་པས་གནོད་དུ་མེད་པ་་ཞིག་དང་ཇི་ཙམ་བསམ་པའི་ཚོད་ཀྱི་ཟབ་རུ་དང་ཟབ་རུ་འགྲོ་བཞིན་པ་རེད། དེ་མིན་སྔགས་ལམ་དུ་ཆག་པ་ལམ་འཁྱེར་དང་ཡས་བབས་མར་བབས་ཀྱི་དགའ་བཞིས་སྟོང་བཞི་འདྲེན་ནས་བཙན་ཐབས་འཚང་རྒྱ་གསུངས་པ་སོགས་ནི་ཇི་ཙམ་བསམ་ཀྱང་སེམས་ནག་འཐོམ་རུ་མ་ཏོག་གུས་པ་ལ་ནི་མི་འདུག། ཕྱག་རྒྱ་མའི་ལོ་བཅུ་གཉིས་ཀྱི་གཞོན་ནུ་མ་མ་སྨིན་ཟེར་བ་སོགས་ནི་བཙོན་ཁང་ནང་འགྲོ་ལ་ཁད་པ་རེད།
ལྟ་བའི་རྣམ་གཞག་ཡོད་པའི་ཆོས་ལུགས་དེ་ཚོ་ཁ་ནས་བཤད་ན་རྫིག་རྫིག་འདྲ་ཞིག་ཡོད་རེད་དེ་དོན་དངོས་སུ་སུས་ཀྱང་ཁོག་ཏུ་ཡོང་མི་ཐུབ་པ་ཞིག་རེད། མདོར་བསྡུས་ན་ཤེལ་སྒོའི་ནང་གི་མོག་མོག་རེད། ཧ་ཧ་ཧ„
ཆོས་ལུགས་ཚང་མ་་མི་བདེན་ན་རྫོགས་ཆེན་རྣལ་འབྱོར་པ་འགའ་ཞིག་འདས་རྗེས་འཇའ་ལུས་སུ་འགྲོ་རྒྱུ་ཡོད་པ་འདི་ཚོ་ག་འདྲ་བྱས་ནས་བྱུང་བ་རེད། འདི་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན་པས་སྐུར་པ་ནམ་ཡང་འདེབས་མི་ཐུབ་བོ།། །།
ལོག་སྨྲའི་རྩོམ་བྱང་དང་རྩོམ་ཡིག་གི་ནང་དོན་གཉིས་ཅུང་མི་འབྱོར་བ་མ་གཏོགས་བདེེན་པའི་ཆ་མེད་པ་མ་རེད། ཆོས་ལུགས་གང་ཡིན་རུང་ཆོས་དེས་དབང་བསྒྱུར་བྱའི་མང་ཚོགས་ལ་ཐོག་མར་ལྷ་སྒྲུང་རང་བཞིན་གྱི་སློབ་གསོ་གཏོང་སྟངས་དེ་གནའ་བོའི་མི་རིགས་ཀྱི་སེམས་ཁམས་དང་བསྟུན་ནས་སློབ་གསོ་སྤེལ་ཐབས་ཤིག་དང་ཆོས་ལུགས་ཀྱིས་དབང་བསྒྱུར་ཐབས་ཤིག་ཡིན་པ་སྨྲོས་མ་དགོས་པ་རེད། ཕྱོགས་གཅིག་ནས་ནར་མ་སོན་པའི་བྱིས་པའི་སེམས་ཁམས་དང་བསལ་བློ་མ་སྨིན་པའི་མིའི་རིགས་ལ་འདི་འདྲའི་སློབ་གསོའི་བརྒྱུད་རིམ་ཞིག་མི་འགྲོ་རང་འགྲོ་ཆགས་ཡོད་པར་འདོད་ལ། ཐོག་མ་ནས་སྦྱང་བའི་ཡོན་ཏན་ངོ་མ་མི་ཡོང་བའི་མིའི་རིགས་ལ་བཅོས་མ་དང་རྫུན་མའི་རིམ་པ་ཞིག་བརྒྱུད་དེ་ག་ལེར་ངོ་མ་བོ་ཡོང་བའི་ཆོས་ཉིད་ཀྱི་རིམ་པ་ཞིག་ཀྱང་ཡིན་པར་སྣང་། འདི་ལ་ལེགས་པའི་ཆའང་ཡོད་ལ་སྐྱོན་གྱི་ཆའང་ཡོད་པ་རིག་པའི་བརྟག་ན་ཤེས་སླའོ།
ལྷ་དེ་ཚོ་ཤི་བ་ན་རོ་ཡས་འགྲོ་བར་གསུངས་ཡོད། ལྷ་ལ་རོ་ཟ་རྒྱུ་མེད་ཕྱིར་ཞེས་པ་ཞིག་ཡོད་། ཤི་དུས་རོ་ཆུང་རུ་དང་ཡང་ཡས་པ་ཙམ་ལ་རྫོགས་ཆེན་ལྟ་བས་འཇའ་ལུས་གལ་ལ་ཡིན། ཡང་ཤི་་བ་ན་རོ་ཙོག་ཙོ་སྡད་པ་ཡང་སྣ་ཐོད་ལ་ལར་དགུན་ཁ་བང་བུ་ཡང་ཡོད། ཡང་པད་ནོར་རིན་པོ་ཆེའི་ཁྱི་ཐུགས་དམ་བཞུགས་པ་ཡང་བཤད་། སྨོང་དད་ཆེ་དྲག་ནས་བོད་ཡུལ་རྒྱ་ཡུལ་སྤྲད་པ་ཡང་ཡོད། ༡༩༥༩ ལོར་རྒྱ་མིས་ས་དང་གནམ་གཉིས་ནས་མེ་རྒྱོག་རྒྱབ་སྐབས་གནམ་གྲ་གཙོས་བོད་ཀྱི་དགོན་སྡེ་ཁག་ནས་གཏོར་རྒྱབ་རྒྱབ་ནས་སྡད་། དངོས་ཡོད་ལ་བསམ་དགོས་གལ་ཆེ།
བདེན་པ་རེད། ཆོས་ལུགས་ནི་ནར་མ་སོན་པའི་མི་དང་མི་རིགས་ལ་མགོ་སྐོར་བཏང་བྱེད་རེད། བོད་པ་གླན་རྒན་ཚོ་མགོ་སྐོར་འོག་ཏུ་ཚུད་ཅིང་། ཚུད་ཡ་མང་དྲགས་པས་ལུང་པ་བརླགས་པ་རེད། ད་དུངཡང་མུ་མཐུད་དུ་ཚུད་ན་མི་རིགས་ཀྱང་བརླགས་ངེས་རེད། བོད་རྒན་ཚོས་མི་འབོར་བསམ་བློ་མི་བཏང་བ་གྲྭ་བ་བཟོ་སྟངས་ལ་ལྟོས་དང་། རེ་བ་ཆད་ཡོང་གི་འདུག
ཡེ་ཤུ་པས་སྤོ་བོ་སན་ཊ་ལགས་སུ་སྤྲུལ་ནས་ཕྲུ་གུ་རྣམས་ལ་རྔན་པ་གང་མང་ཁྱེར་བ་དང་གཅིག ཧིན་ཆོས་ལྷ་མོ་ལ་ཤི་མི་དང་ཀི་ཤྲི་ཎ་སོགས་ཕེབས་ཡོད་ཁུལ་སོགས་ནི་ཨིན་ཆོས་ཀྱི་ལུགས་སྲོལ་ཙམ་ལས། ཅིན་ཆོས་དངོས་མ་ཡིན་ལ། ནང་ཆོས་ནང་ལ་རི་མགོ་མགོ་དང་རྡོ་འབུར་འབུར་ཡོད་ཚད་ལ་ལྷ་ཀླུ་ཡུལ་ལྷ་གཞི་བདག་སོགས་གནས་ཡོད་རབས་དང་མི་མངོན་པའི་དབྱིངས་སུ་ལྷ་ཆོས་སྐྱོང་སྲུང་མ་ཟེར་བ་ཡང་། ནང་ཆོས་སྡེ་སྣོད་གསུམ་དང་། སངས་རྒྱས་ཤཀྱྰ་ཐུབ་པས་བཀའ་འཁོར་ལོ་དང་བར་མཐའ་གསུམ་ལ་གང་ཡང་གསལ་མེད་པས། ཆོས་ལུགས་ནི་དམངས་ཁྲོད་དུ་མཁོ་བ་བདེན་པ་ལྟར་ཐམས་ཅད་དོན་དངོས་སུ་མི་བདེན་ཞེས་པ་ཡང་མི་འཐད་དོ།།
ཅིན་ཆོས་དངོས་མ་ཡིན་ལ།
འདི།
ཧིན་ཆོས་དངོས་མ་ཡིན་ལ།
ཤར་པ་ལགས། ཁྱེད་ཀྱིས་ལྷ་ཤི་དུས་རོ་མེད་པ་གང་ནས་མཐོང་སོང་།
མི་རིགས་དེའི་ལུགས་སྲོལ་ལ། རང་གཞན་གཉིས་དང་། མི་རབས་གསར་རྙིང་གཉིས་ཀྱིས་སྐྱོན་ཡོན་སོ་སོར་མཐོང་སླ། མི་རིགས་དེའི་ལུགས་སྲོལ་ལ་སྐྱོན་མཐོང་བ་ཙམ་གྱིས་དེའི་ཆོས་ལ་སྐྱོན་བརྗོད་བྱས་ན་ནོར་བ་རེད།
དེའི་གོང་ལ་མི་རིགས་དེའི་རིག་གཞུང་ངམ་ལེགས་བྱང་དེ་རེད། དེ་ལ་གཞན་གྱིས་ལྟད་མོ་ཙམ་མཐོང་ཡང་། རང་གི་རིགས་ལ་ཕན་ཐོགས་ཤིན་ཏུ་ཆེ།
དེའི་གོང་ལ་དེ་དག་གི་ཆོས་དད་ནི། རང་གི་ཆོས་ལ་རང་གིས་དད་ཐུབ་ཀྱང་གཞན་གྱིས་གུས་བཏུད་ཙམ་ལས་མི་འོང་བས། གཞན་དད་ལ་ཐ་གཅིག་ཏུ་ངན་པར་བརྩིས་མི་རུང་།
དེས་ན། མི་རིགས་དེ་དང་དེའི་ལུགས་སྲོལ་གཅིག རིག་གཞུང་གཉིས། ཆོས་ལུགས་དང་གསུམ་སོ་སོར་འབྱེད་ཤེས་པ་གནང་གལ་ཆེའོ།།
དཔེར་ན།
བུ་མོ་མནའ་མ་བརྫངས་དུས་ནོར་སྐལ་ངེས་པར་སྤྲོད་དགོས་དང་་མི་དགོས། བུ་མེད་གཅིགལ་ཁྱོག་ག་གཉིས་སོགས་འོས་དང་། མི་འོས་སོགས་ལུག་སྲོལ་ཙམ་ལས་རིག་གཞུང་དང་ཆོས་མ་རེད།
ཞེ་ས་གུས་དུད་དང་གྱོན་གོས་འདི་འདྲ་གྱོན་ཆོག་དང་། མི་ཆོག་དག་རིགས་གཞུང་ཙམ་ལས་ཆོས་མ་རེད། ཆོས་ནི་རང་གི་དད་པ་བྱས་པའི་ཐོག་ནས་ཀུན་སློང་བཟང་པོ་འཁྱེར་ནས་མི་ཚེ་བསྐྱལ་རྒྱུ་དེ་རེད།
མདོར་ན་ཆོས་དད་ཀུན་ནས་བསླངས་ནས་རང་གི་རིག་གཞུང་ཉར་ཚགས་ཀྱིས་སྲོལ་བཟང་རྒྱུན་འཁྱོངས་བྱས་པ་ཆོས་ཡིན་ན་ཡང་། འདི་ཡི་ནང་ལ་ཆོས་དང་རིག་གཞུང་། སྲོལ་རྒྱུན་སོ་སོར་ཡོད་པ་ཡང་མཁྱེན་གལ་ཆེ་ལགས།
ཨ་རོ་རིག་པའི་བུ། རིགས་པས་བརྟག་དཔྱད་བྱས་མྱོང་ངམ། ངས་རྒྱུན་དུ་ནས་བཤད་རྒྱུ་ལ། དེང་སང་མི་སྐྱའི་ནང་ཕྲུ་གུ་བཟོ་མཁན་ག་ཚོད་འདུག མ་བཟོ་མཁན་ག་ཚོད་འདུག བཟོ་མཁན་ནང་ནས་གཅིག་ལས་ལྷག་བཟོ་མཁན་ག་ཚོད་འདུག ཞིབ་འཇུག་བྱོས། ཁ་སྟོང་པ་བཤད་མ་སྡོད། དཔེར་ན་ཁྱེད་རང་བོད་སྤྱི་ལ་བསམ་ནས་ཕྲུ་གུ་ག་ཚོད་བཟོ་དང་བཟོ་རྩིས་ཡོད། བོད་ལ་བསམ་ནས་ཕྲུ་གུར་སློབ་གསོ་ག་ཚོད་བཏང་ཡོད། སྔོན་ལ་མི་སྐྱའི་ནང་མིག་གིས་བལྟ། གཞི་ནས་གྲྭ་བཙུན་ལ་ཞིབ་འཇུག་བྱོས།
རིག་འཛིན་མཆོག།
“རྒན་ལ་དྭགས་འདི་བ་ལྷག་བསམ་ཙམ་ལས། ཁོང་གི་རྩོམ་ཡིག་ལ་བོད་སྐད་བྱང་ཆ་མི་འདུག་་་ཧཧཧ”
ཁྱོད་ཤིན་ཏུ་བདེན། བདག་ནི། ལྷག་བསམ་དང་། བོད་ཡིག་ལ་བྱང་ཆ་གཉིས་ཀས་དབེན་པ་ཞིག་ཡིན། ཁྱོད་ཀྱིས། འདི་བ།
ཞེས་ཁ་སྐད་གཙོ་བོར་བྱས་པ་དང་། བདག་གིས་རིག་གཞུང་སྐད་གཙོ་བོར་བྱས་ཏེ། འདི་པ། ཞེས་པ་གཉིས་ཀྱང་མི་མཐུན། ལྷག་པར་དུ། ཁྱོད་ཀྱིས། ཧཧཧ། ཞེས་ཁྱོད་ལ་ང་རྒྱལ་ཡོད་པར་མངོན་ཏེ། དེའི་འབྲས་བུ་ཇི་ལྟར་ཡིན་པ་ཁྱོད་ཀྱིས་ཤེས་པ་ཐག་ཆོད། གལ་ཏེ་དེའི་འབྲས་བུ་ལས་འཛུར་བར་འདོད་ན། བོད་ཀྱི་རིག་གཞུང་སྐད་ལ་ཡུན་རིང་སྦྱངས་ན། ང་རྒྱལ་གྱི་འབྲས་བུ་མྱོང་མི་དགོས་པར་འགྱུར་རོ།
རྒན་ལ་དག་པས་རིག་གཞུང་རྙིང་པར་གཅེས་འཛིན་གནང་བར་བཀའ་དྲིན་ཆེ་ཞུ། ཡིན་ནའང་ང་ཚོའི་བརྡ་སྤྲོད་ལ་དུས་དང་བསྟུན་ནས་ལེགས་བཅོས་ཀྱང་དགོས་པ་གལ་ཆེན་མཐོང་ངོ་།།
རྒན་ལ་དྭགས་པ་ཞེས་བཅོས
ལོག་སྨྲ་ཚར་གཅོད་ལགས་ཀྱི་གསུང། །
འདིར་བཤད་བདེན་པ་འདུག་མོད་ཀྱང་། །
དེས་ཙམ་ཆོས་ལུགས་དམངས་ཁྲོད་དུ། །
མཁོ་ཡང་དོན་དངོས་མི་བདེན་ཞེས། །
འགོ་བརྗོད་འདི་ལ་བདག་མི་འདོད། །
གྲྭ་བ་འདི་ཚོ་བོད་མི་རིགས་རྩ་མེད་བཟོ་མཁན་གྱི་གཏེ་བོ་རེད། ཡིན་ཡང་། ད་དུང་བོད་མི་མང་པོ་ཞིག་གིས་ཧ་མ་གོ་བའམ་མ་གོ་ཁུལ་བྱེད་པ་ནི་མི་རིགས་འདིའི་གྱོང་གུད་ཚབས་ཆེན་རེད། མི་སྐྱའི་བག་ནས་ཕྲུ་གུ་མི་སྐྱེས་མཁན་ནི་ཡུལ་ཕྱོགས་གང་སར་རྒྱུན་ལྡན་ཡིན་ཡང་ཡོང་དུ་འོས་ཤིང་། འོས་ཏེ། མི་ཀུན་ལ་ཕྲུ་གུ་སྐྱེས་བའི་མཐུན་རྐྱེན་དང་འདུག་རོགས་སོགས་རེག་དཀའ་བས་རེད། དེའི་སྟེང་ལ་གྲྭ་བ་བཟོ་བ་ནི་འགྱེད་བའི་སྒང་དུ་རྡིག་རྫིས་མ་ཡིན་ནམ། བོད་པ་མ་གཏོགས་ཚོད་མེད་ཀྱི་གྲྭ་བ་བཟོ་མཁན་སུ་ཞིག་འདུག
རང་རང་གི་མི་ཚེ་རང་རང་གི་བསམ་བློ་བཏང།
་བསམ་བློ་ཅན་གྱི་ས་སྟེང་གང་ཧ་ཧ་ཧ་ཧ།
མི་མང་གི་འདོད་པ་བདེ་སྐྱིད་ཡིན་སྡུག་བསྔལ་མིན།
དེས་ན་རང་རང་གི་བདེ་སྐྱིད་འཚོལ་ཧ་ཧ་ཧ་ཧ
་གཞན་གྱི་བདེ་སྐྱིད་འཕྲོག་མཁན་རྣམས་ཀྱི་སེམས་ལ་ན་ཟུག་ལང།
་ཧོ་ཧོ་ད་ཡིན་ན་རེད་ཡ་དུ་མོ་ཟིག་རེད་ལོ་