འདྲི་རྩད་ཞུ་མཁན། ཏི་སེ།
༄༅།།ཨོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་སིདྡྷཱི་ཧཱུཾཿ
རྒྱལ་བའི་རྣམ་སྤྲུལ་པདྨ་འབྱུང་གནས་ཞེས།།
མངལ་གྱིས་མ་གོས་ཀོ་ཤི་མཚོ་ལས་འཁྲུངས།།
མ་ཆགས་ཐབས་ཀྱིས་ཨོ་རྒྱན་རྒྱལ་སྲིད་བསྐྱངས།།
བརྟུལ་ཞུགས་སྤྱོད་པས་དུར་ཁྲོད་ཀུན་ཏུ་ཐུལ།།
རབ་ཏུ་བྱུང་ནས་བསྟན་པའི་རྒྱལ་མཚན་འཛིན།།
མ་ར་ཏི་ཀ་འཆི་མེད་དངོས་གྲུབ་བརྙེས།།
ཟ་ཧོར་རྒྱལ་པོ་དད་པས་ཆོས་ལ་ཚུད།།
ཨོ་རྒྱན་རྒྱལ་འབངས་རིག་འཛིན་ས་ལ་བཀོད།།
རྡོ་རྗེ་གདན་དུ་མུ་སྟེགས་རྒོལ་ངན་འཇོམས།།
ཟངས་གླིང་རྒྱལ་ཁམས་བཏུལ་ནས་མཁའ་ལ་གཤེགས།།
ཙི་དྲུག་བདུད་རྩིས་བསྒྱུར་ནས་ཉི་ཟེར་བཟུང་།།
ཡག་དག་མཆོག་གྲུབ་བར་ཆད་བགེགས་ཚོགས་བཏུལ།།
བོད་ལ་ཕེབས་ནས་རྒྱལ་བསྟན་ཉིན་མོར་བརྡལ།།
སྙིགས་མར་དགོངས་ནས་སྣང་སྲིད་གཏེེར་གྱིས་བཀང་།།
རྔ་ཡབ་གླེང་གཤེགས་སྲིན་པོ་ཆོས་ལ་བཀོད།།
རྨད་བྱུང་མཛད་པ་ནམ་མཁའི་མཐའ་དང་མཉམ།།
བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་རིན་པོ་ཆེ།།
གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས།།
དེང་ནས་བཟུང་སྟེ་ནམ་ཡང་མི་འབྲལ་ཞིང་།།
ནམ་མཁའ་མཉམ་པའི་འགྲོ་བ་ཀུན་སྒྲོལ་བའི།།
བདག་ནི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །
༼གསལ་བཤད། བཀའ་ཐང་བསྡུས་པ་འདི་༡༩༩༤ ལོར་འབྲུག་ནས་པར་གནང་བ་ཤོག་ལྷེ་གཅིག་ཅན་ཞིག་ང་ལ་སྔ་འགྱུར་རྡོར་གདན་སྨོན་ལམ་ནས་ཆོས་སྦྱིན་དུ་རེག་པས། དེ་ནས་ད་བར་ངས་ཁ་འདོན་བྱེད་བཞིན་པས་བློ་ངོར་ཡོད། མ་དཔེ་མེད། ངས་བསམ་ན་ཀློང་ཆེན་པའི་གསུང་ཡིན་ནམ་སྙམ་ལུས། ངེས་པར་དུ་སུའི་གསུང་ཡིན་མིན་ཁུངས་དག་ཅིག་རེག་ན་ཆོས་སྦྱིན་དུ་དབུལ་བསམ་པས་ཡིན།༽
བཀུར་འོས་ཁ་བརྡ་ཚང་ལགས། སྐུ་ཁམས་བཟང་། འདས་པའི་ཟླ་ཤས་རིང་ཁ་བརྡ་དང་ཁ་བྲལ་ཏེ་ཁ་བརྡ་ལྟ་ཀློག་གི་དུས་ཚོད་ཆུ་ཟོས་སུ་སོང་བས་འགྱོད་པའི་གནས་སུ་མཆིས། སོང་ཙང་ཁ་བརྡ་ཚང་སྔར་བཞིན་ངེད་ཀློག་མཁན་རྣམས་ཀྱི་མིག་གི་བདུད་རྩི་རུ་འགྱུར་མུས་ཡོད་པ་གཞིར་བྱས།
ངས་འདི་ནས་གྲོགས་ཏི་སེ་ལགས་སུ་རང་གི་མ་ཤེས་པའི་གནད་དོན་གཉིས་འདྲི་གི་ཡིན། བཀའ་ལན་གསལ་བོ་ཡོད་པ་ཞུ།
གཅིག སློབ་དཔོན་པདྨའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོ་ཞིག་ཤེས་འདོད་ན་ལོ་རྒྱུས་གང་ལ་ལྟ་དགོས་སམ།
གཉིས། བཀའ་ཐང་སྡེ་ལྔ་ལས་་་་མཐའ་མར་བོད་འདི་རྒྱ་ཡི་འོག་ཏུ་འཇུག་་་་་ཞེས་པ་འདི་བོད་མི་ཚོས་ཞལ་འདོན་དང་བསྐྱར་ཟློས་གནང་ན་ལེགས་སམ་མི་ལེགས།
གོང་བཀོད་དྲི་བ་གཉིས་འདི་གལ་གནད་ཤིན་ཏུ་ཆེ་སྟབས་རང་རིགས་དྲ་གྲོགས་སུ་ཡིན་ཡང་བསམ་ཚུལ་དང་དྲི་ལན་སྐྱོན་ན་དགའ་བསུ་ཞུ་གི་ཡིན།
ངོ་མ་ཤེས་ན་བཀའ་བསྡུས་འདི་ནི་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་ཞེས་པའི་གཏེར་སྟོན་དེས་གསུངས་པ་རེད་འདུག་གོ།
རྒྱ་གར་པན་ཆེཎ་བོད་ལ་བཀྲིན་ཆེ།། པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད།། ད་ལྟ་གང་ན་བཞུགས་པ་མ་ཤེས་ཀྱང་།། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།།
དད་པ་ཅན་ལ་པད་འབྱུར་སྒོ་ཉལ་ཡོད། །འདི་ཙམ་ལས་གཞན་གང་ཡང་མི་ཤེས་ལགས། དད་པ་བྱེད་བཞིན་པ་ཞིག་ཡིན།
བློ་གྲོས་ཅན་དྲ་གྲོགས་རྣམ་པ་ལ་གུས་པ་དང་བཅས། ཞུ་གསོལ། འདི་བཀའ་ཐང་བསྡུས་པ་འདི་སུ་ལ་ཐུགས་རྒྱུས་ཅན། མཛད་པ་པོ་སུ་ཡིན་མིན་ཁ་གསལ་དགོངས་ན་གང་མགྱོགས་བཀའ་ལན་ཞིག་གནང་རོག ངས་དྲིན་ཅན་མ་རྒན་མོ་སྐུ་ཚེ་ཞབས་པད་བརྟན་ཆེད་པར་བསྐྲུན་ཆོས་སྦྱིན་ཞུས་ཡག་ཡིན། བཀའ་ཐང་རྒྱས་པ་ཆོས་སྦྱིན་ཞུ་ཡག་ལ་འབྱོར་ཚོགས་མང་རྐྱེན། དེ་དོན་འདི་སྟབས་བདེ་ཞིག་ཡོད་ན་དགོངས་སུ་གསོལ།
ཐུ་པ་ལགས། ལོ་ཚིགས་སོགས་པདྨ་བཀའ་ཐང་སོགས་གསལ་བོ་རེད། ཡང་ན་བསྟན་རྩིས་ཀུན་བཏུས་དང་། བུ་སྟོན་དང་གུ་བཀྲའི་ཆོས་འབྱུང་དང་། བདུད་འཇོམས་ཆོས་འབྱུང་ལས་གསལ་བོ་རེད། བཀའ་ཐང་སྡེ་ལྔ་ལས། མཐའ་མར་བོད་འདི་རྒྱ་ཡི་འོག་ཏུ་འཇུག།ཅེས་པ་ཡོད་མ་རེད། ཨོ་རྒྱན་གླིང་པའི་བཀའ་བསྡུས་ལས། མཐའ་མར་བོད་འདི་རྒྱ་ཡི་དབང་དུ་འགྲོ།།ཞེས་གསུངས་འདུག དེ་དངོས་ཡོད་ཀྱི་ལུང་བསྟན་ཡིན་སརེད། ད་ང་ཚོས་ཐ་མ་བོད་འདི་རྒྱ་ཡི་དབང་དུ་མི་འགྲོ་ཞེས་རྩོད་ཀི་ཡོད་པ་རེད།
གཡས་བཤད་གཡོན་བཤད་མི་བྱེད་པར་ཏི་སེ་ལགས་ཀྱི་དགོས་འདུན་ཆེན་པོ་དེ་ལྟར། གོང་གི་བརྗོད་གཞི་བཀའ་བསྡུས་དེ་སུ་ཞིག་གིས་གསུང་རྩོམ་གནང་ཐད་ལ་ལན་གསལ་ཞིག་བརྗོད་མཁན་བྱུང་ན་ཅི་མ་རུང་སྙམ།
པད་མ་བཀའ་ཐང་ནང་དུ་མགྱོགས་པར་བཟོ་བཅོས་ཤིག་རྒྱག་རན་འདུག ༸གོང་ས་མཆོག་གཙོ་བྱས་ནས་བོད་མི་འབུམ་ཕྲག་ཁ་ཤས་ཤིག་རྒྱ་གར་རུ་འབྱོར་ནས་ནང་པའི་བསྟན་པ་སྤེལ་བ་དང་འཛམ་གླིང་དབང་དུ་བསྒྱུར་བ་འདི་མ་འོང་ལུང་བསྟན་ནང་དུ་འཇོག་རྒྱུ་བརྗེད་འདུག གང་མགྱོགས་མགྱོགས་ལུང་བསྟན་ནང་ལ་འཇོག་དགོས་འདུག
ཐ་མ་བོད་འདི་རྒྱ་ཡིས་འོག་ཏུ་ཚུད་ཅེས་པ་དེ་མ་འོང་ལུང་བསྟན་ནང་དུ་བཞག་ཚར་འདུག མ་ཅིག་ལབ་སྒྲོན་གྱིས་མ་འོང་ལུང་བསྟན་ནང་དུའང་དགོས་རྒྱུ་གཅིག་ཀྱང་མེད་པར་མི་དགོས་རྒྱུ་བླ་བྲང་གི་སྐོར་མང་བོ་ཡོད་པ་རེད། དེ་ནི་མེད་ཀྱང་ཚང་མས་ཤེས་ཐུབ་རྒྱུ་ཅིག་རེད། རྩོམ་པ་པོ་བླ་བྲང་ནས་ཡིན་སྟབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྐོར་རྒྱས་པ་ཡོད་པ་རེད། ང་འོང་ལུང་བསྟན་ཟེར་ན་དེ་འདྲ་རེད། ཆ་འཇོག་ས་གང་ཡང་ཡོད་པ་མ་རེད།།
མཚོ་པདྨའི་མཚེའུ་དེ་ནང་ནས་ཁྲུང་རབ་ཞིག་གོ། གཞན་ཡང་ཨོ་རྒྱན་ཡུལ་ནས་ཡིན་ཟེར་ལུགས་ཞིག་འདུག ཨོ་རྒྱན་ཡུལ་ཟེར་བ་དེ་ཕལ་ཆེར་ད་ལྟའི་Hunza Valleyཞེས་པ་ཀེ སི་ཐན་དང་ཨབ་གྷན་ནང་ཡོད་པའི་ལུང་བ་དེ་ཡིན་ཚོད་འདུག Hunza མཁར་ཤུལ་ནི་པོ་ཊ་ལ་དང་ཡང་ན་ལ་དག་གི་ལི་གྲོང་ན་ཡོད་པའི་བཟོ་བཀོད་འདྲ་བོ་འདུག
ཏི་སེ་དྲིས་བའི་ལན་ངས་ནི་མྱི་ཤེས། རོགས་བྱེད་ཐུབ་མ་སོང་།
བཀའ་ཐང་བསྡུས་པ་དེ་རྩོམ་པ་པོ་ངོས་འཛིན་མེད་ན་་་གནས་སྐབས་རིང་གནམ་ཡིག་ཏུ་བབས་པར་ངོས་འཛིན་གནང་ན་འཐུས།
བུམ་ཐང་ཕྱོགས་ཕྱོགས་ནས་ཁྲི་ཡི་ཟུར་ཆ་བརྣན། །བོད་ལ་སྐྱིད་པའི་ཉི་མ་ཅུང་ཞིག་འཆར། །གསུང་ཡོད་ནི་རེད་ཀོ དེ་བཙན་བྱོལ་དང་རྒྱལ་བ་རིན་པོ་ཆེ་མིན་ན་གང་ལ་འགྲེལ། འགའ་རེས་འབྲུག་ལ་འགྲེལ་བ་ནོར་བ་རེད་དྲན། མ་ཚད་བོད་མི་གསོན་བསྲེག་དེ་ཚོ་ཡང་དངོས་སུ་ལུང་གིས་ཟིན་མི་འདུག་གམ། གང་ཡིན་ན།། སྤྱོད་ངན་རང་གིས་བྱས་ནས་དུས་ཚེས། །དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། དེ་དུས་མི་ལ་བསོད་ནམས་རླུང་རྟ་ཚིག། གསུང་པ་རེད། ད་ཁྱེད་རྣམ་པས་དགོངས་སོ།
གོང་གི་བཀའ་ཐང་བསྡུས་པ་དེ་རྩོམ་མཁན་སུ་ཡིན་མི་ཤེས་པར་རེ་ཞིག་བཞག་ན་བློ་གཟུ་བོར་གནས་པའི་བྱ་བར་མཐོང་། བསྡུས་པ་དགོས་ན་མངའ་བདག་ཉང་གི་གསུང་དང་། བསམ་པར་མྱུར་འགྲུབ་མ་གྲགས་པའི་མཚོ་དབུས་གེ་སར་མ། ཚིག་བདུན་གསོལ་འདེབས་སོགས་ཆོས་སྦྱིན་གནང་ཀྱང་དོན་འགྲུབ་པར་སེམས། དེ་ལས་རྒྱས་དགོས་ན།ལེའུ་བདུན་མའི་ནང་གི་སིནྡྷུ་རྒྱ་མཚོ་མ། འཇིགས་གླིང་གི་སྐུ་གསུམ་ཞིང་སྨོན། ཚེས་བཅུའི་གསོལ་འདེབས། མཆོག་གླིང་ཟབ་བདུན་བཀའ་བསྡུས་མཇུག་གི་གསོལ་འདེབས་ཀྱི་ནང་དུའང་བཀའ་བསྡུས་ཀྱི་དོན་འདུ་བས་ཕན་ཡོན་གཅིག་ཏུ་འགྱུར་སྙམ།
ལུང་བསྟན་འགྲེལ་ཤེས་ན་ཐིག་པོ་ཡོད་པར་སྣང་སྟེ། དཔེརན་གོང་གི་ཨོ་རྒྱན་གླིང་པའི་བཀའ་བསྡུས། བཀའ་ཐང་རྒྱས་པའི་ལུང་བསྟན་གནང་ནས་ལོ་ལྔ་བརྒྱ་ཙམ་ནས་བདེན་པ་མངོན་དུ་གྱུར་བ་དང་། དེ་བཞིན་རྒོད་ལྡེམ་པའི་སྦས་ཡུལ་ལུང་བསྟན་དུ་བོད་ཤོར་དུས་བོད་ཀྱི་འདབས་ཡོལ་མོ་དང་། མཁན་པ་ལྗོངས། འབྲས་ལྗོངས་སོགས་མི་ཤོར་བའི་ཐག་ཉེ་་ས་དེར་འབྲོ་དགོས་པར་བསྟན། ལུང་བསྟན་ཕལ་མོ་ཆེར་བོད་ལ་བདེ་སྐྱིད་ཅུང་ཟད་འཆར་བ་དང་། བསྟན་མཐའ་ནས་དབུས་སུ་དར་ཚུལ་སོགས་ཀྱང་བསྟན་འདུག དེ་བཞིན་བདུད་འཇོམས་གླིང་པའི་པདྨ་བཀོད་ཀྱི་ལམ་ཡིག་ཏུ་རྒྱ་དམག་བོད་དུ་ཡོང་ནས་བོད་ཡོངས་རྫོགས་དབང་བསྒྱུར་བར་ཀྱི་ལོ་རེ་ནས་ལུང་བསྟན་པ་ཤིན་ཏུ་ཐིག་པོར་སྣང་། ཞིག་པོ་གླིང་པས་བོད་ལ་ཆུ་ལོག ས་ཡོམ་སོགས་ཡོང་བ། མཐའ་དམག་འབྱུང་ཚུལ།ཀརྨ་པ་ལ་སྤྲུལ་སྐུ་གཉིས་འབྱུང་ཚུལ་སོགས་ཀྱང་གསལ་བོ་འདུག རྒྱལ་དབང་ལྔ་བའི་རྒྱ་ཅན་ཉེར་ལྔའི་བོད་སོག་དུས་འགྱུར་མ་་འོངས་སྔོན་གཟིགས་ཀྱི་ལུང་བསྟན། མཁྱེན་བརྩེའི་རྩ་གསུམ་འོད་གསལ་སྙིང་ཐིག་ཏུ་དོལ་རྒྱལ་གྱི་སྐོར་ལུང་བསྟན་པའང་གསལ་བོ་འདུག ལྷག་པར་རྡོ་གྲུབ་ཆེན་གྱི་བསྟན་པ་སྤྱི་ལུང་དུ་སོག་པོ། མདོ་སྟོད་སྨད་ཀྱི་ས་གནས་སོ་སོར་ལུང་བསྟན་མང་པོ་འཁོད་པ་མ་ཐིག་པ་སྣ་གཅིག་མི་འདུག དེ་བཞིན་ཅོག་སྟངས་གཏེར་སྟོན་གྱི་རྒྱ་དམག་གསེར་རྟ་ལ་སླེབས་ཚུལ།མི་བཞི་ཤོག་གི་ལོ་རྒྱུས། རིག་གནས་གསར་བརྗེ། བསྟན་པ་སླར་དར་སོགས་ཀྱང་གསལ་བོ་འདུག དེ་བཞིན་ལུང་བསྟན་དངོས་ཡིན་ན་་ཡིད་ཆེས་པའི་གནས་མང་ཡང་། ཕལ་ཆེར་དཔྱད་གཞིར་བཟུང་ན་ལེགས་པར་སེམས།
མཁྱེན་བརྩེའི་རྩ་གསུམ་འོད་གསལ་སྙིང་ཐིག་ཏུ་དོལ་རྒྱལ་གྱི་སྐོར་ལུང་བསྟན་གང་བསྟན་ཡོད་དམ། ལགས།
ཀ་རྡོ་ལགས་ལ། མཁྱེན་བརྩེའི་རྩ་གསུམ་འོད་གསལ་སྙིང་ཐིག་གི་གུ་རུ་དྲག་པོའི་སྐོར་ན་བཞུགས། ཞིབ་པར་དྲན་མ་སོང་། རྩ་གསུམ་འོད་གསལ་སྙིང་ཐིག་གི་ལུང་བསྟན་རྣམས་དགག་བྱ་ཆེ་བས་སྔོན་ཆད་རིན་ཆེན་གཏེར་མཛོད་དུ་ཡང་བཞུགས་སུ་གསོལ་མེད་མོད། ཉེ་དུས་ཀྱི་མཁྱེན་བརྩེའི་བཀའ་བབ་ཏུ་བཀོད་ཡོད་པ་ཐོས་པས་དེར་གཟིགས་འཚལ། །
ད་གང་ལྟར་ཀྱང་མ་འོང་ལུང་བསྟན་གསལ་བོ་མེད་ན། འགྲེལ་བཤད་རྒྱག་སྟངས་ལ་རག་ལས་ན་ལུང་བསྟན་ཁ་གསལ་མ་རེད་ཅེས་མི་ཞུ་ཐབས་མེད་ཡིན། སོ་སོའི་དག་སྣང་གིས་འགྲེལ་བཤད་རྒྱབ་ན་བླ་མའི་ཅི་གསུང་ཐམས་ཅད་ལུང་བསྟན་དུ་ཆགས་སྲིད་པ་རེད་ལགས། །
ཁ་གསལ་ཡོད་ཀྱང་འགྲེལ་བཤད་རྒྱགས་ཚུལ་ལ་རག་ལས་ཡོད། དཔེར་ན། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག །ཅེས་པའི་རྒྱ་དེ། རྒྱལ་དབང་བདུན་པའི་སྐབས་ལ་དྭགས་ནས་དམག་ཡོང་དེའི་རྒྱབ་རྩར་ཀསྨྲི་དང་རྒྱ་གར་ཡོང་རྒྱུར་འགྲེལ་མཁན་བྱུང་། རྒྱལ་དབང་བཅུ་གསུམ་པའི་སྐབས་དབྱིན་དམག་ཡོང་དུས་རྒྱ་སེར་རེད་ཅེས་གླེང་། གུང་ཁྲན་ཡོང་དུས་རྒྱ་ནག་ཡིན་པར་ཐག་བཅད་འདུག ལུང་བསྟན་ལ་ཞིབ་འཇུག་ནན་མོ་དང་དེའི་ནང་དུ་ཡོད་པ་སྒྲུབ་མཁན་རྒྱལ་དབང་ལྔ་བ་ཆེན་པོ་དང་སྡེ་སྲིད་སངས་རྒྱ་མཚོ་ཙམ་རེད། ཞིབ་མོར་ལུང་བསྟན་རྣམས་གུང་བསྒྲིགས་ནས་བལྟས་དུས་དམག་གང་ནས་ཡོང་། དུས་ནམ་ཡོང་། དམག་དཔོན་གྱི་མིང་ངམ་ཤ་རྟགས། སྐབས་དེར་འབྱུང་བའི་ཁམས་ལ་འགྱུར་བ་ཅི་བྱུང་། དེ་བཅོས་ཐབས། དུས་ཚོད་ཡོལ་ན་གང་ནས་འབྲོ་དགོས་བཅས་ཁ་གསལ་བོ་ཡོད། །ལྔ་བ་ཆེན་པོ་དང་སྡེ་སྲིད་རྣམ་གཉིས་ཀྱི་སྐུ་ཚེ་ལ་བར་ཆད་འབྱུང་ཚུལ་སྔ་མོ་ནས་ཤེས་ཡོད་ཡོད་པ་དང་། དེ་བཅོས་ཐབས་ཀྱང་མང་དུ་བྱས་པའི་རྒྱལ་དབང་གི་སྐུ་ཚེ་མཐར་ཕྱིན། སྡེ་སྲིད་བར་ཆད་ཀྱི་དབང་དུ་ཤོར་མོད་ལུང་བསྟན་དུ་བཤད་པའི་ཚེ་གེག་གསུམ་པ་དེའི་སྐབས་སུ་ཀེལ། བོད་ཀྱི་དོན་དུ་་ས་བཅོས་བྱས་པ་རྣམས་ཇུན་གར་སྐབས་སུ་དགེ་ལྡན་དང་སོག་པོ་ལ་གནོད་ཚུལ་གྱིས་སྐུ་དང་མཆོད་རྟེན་ཕལ་ཆེར་གཏོར། མནན་པ་རྣམས་བླངས། དེར་མ་ཟད་ཡར་ལུང་ཤེར་བྲག་གི་གུ་རུའི་སྐུ་ཚབ་ཕྱག་བཟོ་མ་དེའང་ལན་གསུམ་བཞི་ཞིག་ལ་གཏོར་དུ་སོང་བ་རྡོ་ཆར་བབ་ནས་ལེན་མ་ཐུབ། དེ་ནས་གྲྭ་ཚང་རང་ལ་ལ་ལྷ་སར་སྐྱོལ་ཞེས་བཀའ་བགོས་ལ་ལྟར་ཁྲ་འབྲུག་ཏུ་གདན་དྲངས། འབྲས་སྤུང་གི་གྲྭ་བ་ཞིག་དང་སོག་པོའི་དམག་དཔོན་ཞིག་གིས་སྐུ་འདྲའི་དབུ་བཅད་པ་གཉིས་ཀ་དེ་མ་ཐག་ཁྲག་བསྐྱུགས་ནས་ཤི། སོག་དམག་གིས་གུ་རུའི་སྐུ་ཆུ་ལ་འཕང་དབུ་ཆུར་འཕེན་པར་ཁྱེར་དུས་སྐུ་འདྲའི་སྤྱན་ཧྲིག་ཧྲིག་འགུལ་བ་མཐོང་ནས་སྐྲག་ཏེ་དེ་གར་ལུས། ཚངས་བའི་སྐུ་རྟེན་ལ་ཞུས་པས་མགོ་མཇུག་བསྒྱུར་ནས་ཞག་ན་བཟང་ཞེས་གསུངས་པ་ལྟར་བྱས། ཕྱིས་ཕོ་ལྷ་བའི་སྐབས་སུ་སྐུ་རྟེན་གྱིས་དབུ་དེ་གར་བསྐུང་ནས་བཞག་པ་ཕུལ་བ་དང་། སྐུ་གཟུགས་ཆུས་འཇིག་པའི་ལྷག་མ་ཅིག་ཡོད་ལ་སྦྱར་ཏེ་སླེ་ལུང་བཞད་རྡོར་གྱིས་ཁྲ་འབྲུག་གུ་རུ་ང་འདྲ་མ་སྐྱར་བཞེངས་བྱས་པ་རེད། ཉེ་་དུས་དཀར་ཆག་འགའ་རེར་རིག་གནས་གསར་བརྗེའི་སྐབས་གཏོར་བ་རེད་ཅེས་པ་ནོར་འཁྲུལ་རེད། མ་ཉམས་པ་པཎ་ཆེན་རིན་པོ་ཆེས་ཁྲ་འབྲུག་ཏུ་ཕུལ་བ་དངོས་གནས་རེད།
དྲི་མེད་ལྷག་བསམ་ནས་འགྲེལ་བཤད་གནང་བ་དེ་ལ་རྗེས་སུ་ཡི་རང་ཡོད།
དྲྭ་གྲོགས་སྔ་འགྱུར་བ་རྣམས་ལ་ཞུ་བ།
བྱང་གཏེར་ལ་དཔེ་ཆ་པོད་ག་ཚད་ཡོད་པ་ཡིན་ནམ། བྱང་གཏེར་གྱི་ཆོས་ཚན་མི་འདྲ་བའི་མཚན་གཞུང་ཁག་འདིར་འགོད་ཐུབ་ན་དཀའ་དྲིན་ཤིན་ཏུ་ཆེ་ཞུ་བ་ཡིན། །
ཏི་སེ་ལགས། བཀའ་ཐང་བསྡུས་པ་གཏེར་ཨྱོན་གླིང་པས་བསམ་ཡས་མཆིམས་ཕུ་ནས་གཏེར་བཞེས་པ་ཞིག་ཡིན་པས། གསུང་མཁན་སློབ་དཔོན་རད་ཉིད་ཡིན་པ་རེད།
རླངས་སྔགས་ལགས། བཀའ་དྲིན་ཤིན་ཏུ་ཆེ། བྱས་ན་འདི་གཏེར་མ་ཡིན་པ་འདྲ། ངས་བློ་ཐོག་ནས་བྲིས་པ་ཞིག་རེད། རེ་ཟུང་ཚིག་ནོར་ཡོད་ནའང་སྲིད། གང་ལྟར་ཁྱེད་ལ་གསལ་པོ་གསུངས་ཡག་འདུག་བཀའ་དྲིན་ཆེ། ཁྱེད་ལ་ཕྱག་དཔེ་ངོ་མ་ཕ་ཊོ་ཀོ་པི་ཅན་ཡོད་ན་ཁ་བརྡ་ནང་སྦྱར་ཨི་ཐུབ་ལགས། སྐུ་ཚེ་རིང་རྒྱུ།
ཡ་ཡག་པོ་རེད་ཐལ། BONPO་ལགས་ཁྱེད་ལ་དངོས་ནས་བྱང་གཏེར་སྐོར་གྱི་དགོས་མཁོ་དགོས་ཡོད་ན་ཁྱོད་ཀྱི་ཡིག་འཕྲིན་ཁ་བྱང་གནང་དང་ངས་དཀར་ཆག་བསྐུར་ཆོག ང་ཚོ་དུ་མས་ལོ་གྲངས་མང་པོར་དཀའ་ལས་བྱས་པས་ན་ནིང་རྡར་ས་ནས་གསར་བསྒྲིགས་ཟིན་ནས་དཔར་བསྐྲུན་བྱས་ཡོད། རླངས་སྔགས་མཆོག་གིས་དགོངས་པས་ཞིབ་གཟིགས་མ་གནང་བར་འདྲ་ཨོ་རྒྱན་གླིང་པའི་བཀའ་བསྡུས་བསམ་ཡས་མཆིམས་ཕུ་ནས་གཏེར་དུ་བཞེངས་པ་གོང་དུ་དྲི་མེད་ལྷག་བསམ་སོགས་ཀྱི་ལུང་བསྟན་དཔྱད་པ་གནང་བཞིན་པ་དེ་རེད་དོ།། གོ་དགོས་པ་ཞིག་ལ་ཏི་སི་ཟེར་བ་འདིས་ད་སྔོན་མཆན་ཚོ་ལ་དཔྱད་ན་ཏི་སི་ནི་སྔ་འགྱུར་བ་མིན་ཀྱང་ཡིན་འདོགས་སྟོན་པའི་ཁ་བརྡ་དྲ་བ་དང་མཆན་ཞབས་པ་ཚོ་ལ་ཅོ་འདྲི་ཞིག་རེད། དེས་ན་ལན་མེད་དོ།།།
རླངས་སྔགས་ལགས། གལ་སྲིད་ཁྱེད་ལ་ཕྱག་དཔེ་དེ་ཡོད་ན་ང་ལ་མགྱོགས་ཕྲིན་ཁ་བྱང་ངམ་ཡང་ན་ཁ་བརྡ་ནང་དུ་མཛད་བྱང་སོགས་ཁ་གསལ་གནང་ན་བཀའ་དྲིན་ཆེ།
པདྨ་ལགས་ཁྱེད་ཀྱིས་ཐུགས་འཁུར་གནང་བར་བཀའ་དྲིན་ཆེ། ངའི་གྲོགས་པོ་ཞིག་ལ་ཆ་རྒྱུས་གང་མཚམས་འདུག་ཁོང་གིས་རོགས་བྱེད་པར་ཞལ་བཞེས་ཐོབ་བྱུང་བས་རྗེས་སུ་དགོས་ངེས་འདྲ་བྱུང་སོང་ན་ཁྱེད་ལ་རེ་བསྐུལ་ཞུ་ངེས་ཡིན། དེ་མིན་ད་ལན་ཐུགས་རྗེ་ཆེ་ཞུ། །
ཨོ་ཡ་ཡ། བོན་པོ་འོ་ན་ཧྲ་ཟིག ཏི་སིས་བཀའ་བསྡུས་བཟོ་བཟོ་མ་བཟོ་ཨ། ངས་ཀྱང་ཡོལ་མོ་ལུང་བ་དེ་རྨི་ལམ་བཏངས་མྱོང་བས་དེ་ལུགས་ཀྱིས་ཡ། སླར་མཇལ།
ཏི་སེ་ལགས། དགོངས་འགལ་མེད་པར་ཞུ། ང་འགྲིམ་འགྲུལ་གྱི་དབང་གིས་དྲྭ་ལམ་མེད་རྐྱེན་ལན་སྤྲོད་མ་ཐུབ། ཡིད་སྐྱོ་བ་ཞིག་ལ་ང་ཡང་ནོར་འདུག ངས་སྐུ་ཉིད་ཀྱིས་སྤེལ་བ་དེ་མ་ཀློག࿒པར་བཀའ་ཐང་བསྡུབས་པ་མཐོང་མ་ཐག་ཨྱོན་གླིང་བས་གཏེར་མ་དེ་རེད་བསམ་སོང་། ཡིན་ནའང་སྐུ་ཉིད་ཀྱི་སྤེལ་བ་གཞན་ཞིག་རེད། ངས་གང་མགྱོགས་ངང་སྐུ་ཉིད་ལ་མཁོ་འདོན་བྱེད་གང་ཐུབ་བལྟ་རྒྱུ་ཡིན།
ཞོར་ལ་པདྨ་ལགས་ཀྱིས་བློ་སེལ་བྱས་བར་་བཀའ་དྲིན་ཆེ། ངས་ད་ནངས་གོང་གི་བཀའ་བསྡུས་ཚིག་བཅད་འདི་བཀླགས་རྗེས་ངས་མ་མཐོང་བ་དང་ཀློག་མྱོང་མེད་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་།ཡིན་ནའང་གལ་་ཏེ་རྙིང་མའི་ཆོས་དཔེ་ནང་ཡོད་ན་ཁོ་ལ་ཞབས་ཞུ་སྒྲུབ་ཆོག་བསམ་སོང་། དེ་མིན་གཞན་དམིགས་ཡུལ་མེད།
འདི་བཀའ་ཐང་བསྡུས་པ་སུ་གསུང་པ་ཡིན་མིན་གང་མགྱོགས་ལན་གནང་། དིན་མེད་རྩེད་མོ་འབྲི་རྩོམ་གནང་ངས་རེ་སྒུག་ལ་གནས་ཡོད།།
བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་རིན་པོ་ཆེ།།
གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས།།
དེང་ནས་བཟུང་སྟེ་ནམ་ཡང་མི་འབྲལ་ཞིང་།།
ནམ་མཁའ་མཉམ་པའི་འགྲོ་བ་ཀུན་སྒྲོལ་བའི།།
བདག་ནི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །
རྐྱེན་ངན་སུ་ལ་ཡང་མི་འདོད་པས་ཏི་སེ་དཔེ་བསྐྲུན་གསོལ་འདེབས་ཞིག་ངོ་མ་མཁོ་ཉག་ཏུ་སོང་ཡོད་ན། ལོ་རྒྱུས་དང་རྩོམ་པ་པོ་བཅས་ཁ་གསལ། མདོར་བསྡུས་བྱིན་རླབས་ཅན་འདི་ངོས་སྦྱོར་བྱ་ཆོག
དད་གསོལ་ཡིད་བཞིན་ནོར་བུ།
To Fulfil All Wishes
༈ བསླུ་མེད་སྐྱབས་ཀྱི་སྙིང་པོ་པདྨ་འབྱུང༌། །
lumé kyab kyi nyingpo pemajung
Unfailing heart-essence of refuge, Padmākara,
ཁྱེད་ལ་ཉིན་མཚན་དུས་དྲུག་མོས་གུས་ཀྱི། །
khyé la nyintsen dü druk mögü kyi
When we pray to you, day and night, at the six times,
གདུང་ཤུགས་དྲག་པོས་གསོལ་བ་འདེབས་ལགས་ན། །
dungshuk drakpö solwa deb lak na
With the intense and overwhelming yearning of our devotion,
བར་ཆད་རྐྱེན་ངན་དབང་དུ་མི་གཏོང་ཞིང༌། །
barché kyen ngen wang du mi tong shying
Let us never be overpowered by obstacles, and evil circumstances,
མི་འབྲལ་རྟག་ཏུ་ཐུགས་རྗེས་སྐྱོང་བ་དང༌། །
mindral taktu tukjé kyongwa dang
Guard us with your compassion always, never leave us,
བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །
samdön yishyin drubpar jingyi lob
And bless us so all our wishes be fulfilled, just as our minds desire!
ཅེས་པའང་གུང་རུ་ཁག་བཞི་ལས་ལྷ་ལུང་སྟོད་ཁ་བདེ་རབ་གཞིས་ཀར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པའོ།། །།
So Chökyi Lodrö prayed at Lhalung.
| Rigpa Translations, 2004
རྒྱལ་བའི་རྣམ་འཕྲུལ་མ་དེ་གསུངས་མཁན་ནི་ཀུན་མཁྱེན་ཆོས་རྒྱལ་དྲི་མེད་འོད་ཟེར་རེད
རོ་བཏུབ་གནས་ཀྱི་བྱེ་བྲག་ཐང་འཁོར་དགོན་དུ
གང་ཤར་བྲིས་པ་ཞིག་རེད་འདུག
དྲི་བ། གུ་རུ་རིན་པོ་ཆེ་སྔོན་ལ་འབྲུག་ཡུལ་དང་བོད་ཡུལ་གཉིས་ལས་སྔོན་ལ་གང་དུ་ཕེབས་རེད།
ཇོ་ོ་བརྒྱད་བརྟེན་པ་ཞེས་ ཇོ་མོ་དེ་ཆུང་མ་ལ་གོ་ཡོ་ཡོད་དམ། གལ་ཏེ་ཡིན་ན་གུ་རུ་རིན་པོ་ཆེས་དངེ་སློང་གི་སྡོམ་པ་བཞེས་ཡོད་པ་བཀའ་ཐང་བསྡུས་པ་ནང་བཤད་འདུག་