སྦྲ་ནག་ཚང་གི་མྱི་ནག་ནས།
ཁ་བརྡ་མ་བྱས་མི་ངོ་མི་ཤེས།
ཁ་བརྡ་བྱེད་ན་བརྒྱད་ཅུའི་རྒན་པོ་ཤེས།
མི་ལོ་བརྒྱད་ཅུའི་མཐོང་ཐོས་མྱོང་གསུམ་མང་།
ཡིག་དྲུག་དབྱངས་རྟའི་ཁྲོད་ནས་ཐོབ་ཤོར་བཤད།
མིག་ཆུ་ཐར་ཐོར་འདས་པོའི་བམ་རོ་བཤད།
སྟག་ཤར་དཔའ་བོའི་གོ་ཆ་མཁྲེགས་རབས་བཤད།
ལྕགས་སྒྲོག་བར་ནས་དཔའ་བོའི་གད་རྒྱངས་བཤད།
རྟ་དམག་ཁྲི་ཕྲག་ཀློང་ནས་རྒྱལ་ཕམ་བཤད།
གཡུལ་སའི་སྒ་སྟོང་དམག་རྟ་ཕྱིར་ཐོན་བཤད།
ཡུགས་མོས་ངུ་འབོད་རུ་སྡེས་གོ་རབས་བཤད།
སྒོ་ཁྱིའི་ཟུག་སྐད་མཚམས་འཇོག་མེད་པར་བཤད།
དྭ་ཕྲུག་གཅེར་བུ་བ་ལ་སྙིང་རེ་རྗེ།
ཡ་ཡ། ད་ཇ་འཐུང་། རྩམ་པ་ཟོ་རེད། ཁ་བརྡ་དལ་མོལ་བྱེད།
མྱོང་ཚོལ་ཐུང་ངུ་ཞིག་རེད། བདེ་བོ་འདྲ་ཞིག་རེད།