གློག་ཀླད།
གར་འཆམ་མིག་དབང་འཕྲོག་པའི་བཀྲ་ཤིས་ཤོག །
ཐིག་རིས་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །
དབྱངས་སྙན་རྣ་བའི་བདུད་རྩིའི་བཀྲ་ཤིས་ཤོག །
གར་ཐིག་དབྱངས་གསུམ་འཛོམས་པའི་བཀྲིས་ཤོག །
འཆད་པ་གཞུང་བརྒྱ་སྨྲ་བའི་བཀྲ་ཤིས་ཤོག །
རྩོད་པ་རྒོལ་ངན་བཟློག་པའི་བཀྲ་ཤིས་ཤོག །
རྩོམ་པ་ཆགས་ཐོགས་མེད་པའི་བཀྲ་ཤིས་ཤོག །
འཆད་རྩོད་རྩོམ་གསུམ་མཁས་པའི་བཀྲིས་ཤོག །
ཐོས་པའི་གཏི་མུག་སེལ་བའི་བཀྲ་ཤིས་ཤོག །
བསམ་པའི་སྒྲོ་འདོགས་ཆོད་པའི་བཀྲ་ཤིས་ཤོག །
སྒོམ་པའི་རྟོགས་པ་སྐྱེ་བའི་བཀྲ་ཤིས་ཤོག །
ཐོས་བསམ་སྒོམ་གསུམ་མཐར་ཕྱིན་བཀྲིས་ཤོག །
བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲིས་ཤོག །
ལོ་ལེགས་ནད་མེད་ཚེ་རིང་བཀྲིས་ཤོག །
ཆམ་མཐུན་དམ་ཚིག་འབྲེལ་བའི་བཀྲིས་ཤོག །
བསམ་དོན་ལོ་ལེགས་ཆམ་མཐུན་བཀྲ་ཤིས་ཤོག །
བསོད་ནམས་མེ་ལྟར་འབར་བའི་བཀྲ་ཤིས་ཤོག །
བསོད་ནམས་དགེ་བཅུ་འཛོམས་པའི་བཀྲིས་ཤོག །
བསོད་ནམས་འཛམ་གླིང་ཞི་བདེའི་བཀྲིས་ཤོག །
བསོད་ནམས་ཤིང་རྟའི་ལོ་འདིར་བཀྲ་ཤིས་ཤོག །
སོ་ནམ་པའི་ལོ་གསར་སྲུང་བརྩི་ཞུ་མཁན་རྣམ་པའི་དབང་དུ་བྱས་ན། ལོ་འདི་ནི་འཚེ་མེད་ཞི་བདེའི་སྟོན་པ་ཤཱཀྱ་མུ་ནི་གྱད་ཡུལ་རྩྭ་ཅན་དུ་མྱ་ངན་ལས་འདས་ནས་ལོ་༢༥༥༨ འགྲོ་བཞིན་པའི་ཤིང་ཕོ་རྟའི་དུས་ཚེས་ཁྱད་པར་ཅན་དེར་འཚམ་འཕྲིན་སྟོང་མིན་ཙམ་ཞིག་ཕུལ་བའོ།།
་
འཆད་པ་གཞུང་བརྒྱ་སྨྲ་བའི་བཀྲ་ཤིས་ཤོག །
རྩོད་པ་རྒོལ་ངན་བཟློག་པའི་བཀྲ་ཤིས་ཤོག །
རྩོམ་པ་ཆགས་ཐོགས་མེད་པའི་བཀྲ་ཤིས་ཤོག །
འཆད་རྩོད་རྩོམ་གསུམ་མཁས་པའི་བཀྲིས་ཤོག །
་