ཚེ་རིང་།
—— ལེགས་སྐྱེས་ཤིག་གི་འབྱོར་ལན་དུ་བྲིས།
རང་གིས་མཆོག་གྱུར་གྱི་གྲོགས་པོ་དེ་ལ་ལག་སྐྱེས་རྩ་ཆེན་ཞིག་སྟེར་འདོད་ན། དེ་ནི་ཁྱོད་ཀྱིས་རྒྱུ་ནོར་གྱི་ཕྱོགས་ནས་བསམ་བློ་མ་གཏོང་། རྒྱུ་ནོར་ནི་ཁྱེད་ཀྱིས་གཞན་ལ་སྟེར་ཆོག་པ་དང་གཞན་གྱིས་ནམ་ཡིན་ཡང་ཉེར་ཆོག་པའི་ལེགས་སྐྱེས་དངོས་མ་དེ་མ་རེད། ཆུང་དུས་ནས་བཟུང་ལྷན་སྐྱེས་སུ་རང་ལ་དབང་ཞིང་། རང་ཉིས་ཀྱིས་མཛའ་བརྩེ་ཟབ་པའི་མི་དེ་ལ་སྟེར་ཆོག་པ་དང་། དུས་ཅི་འདྲ་ཞིག་གི་འོག་ནས་ཀྱང་གཞན་གྱིས་ཉེར་ཆོག་པའི་ལག་སྐྱེས་དངོས་མ་ནི། ཟོལ་མེད་དྭངས་གཙང་གི་ཁྱེད་ཀྱི་སེམས་པ་ཁོ་ན་ཡིན། རང་དང་ལྷན་སྐྱེས་སུ་གྲུབ་པའི་སེམས་པ་ནི་འཇིག་རྟེན་འདིའིི་སྟེང་ནས་ཁྱེད་ཀྱིས་གཞན་ལ་སྟེར་ཆོག་པའི་ལེགས་སྐྱེས་གཅིག་བུ་དེ་ཡིན་ལ། ཆེས་རིན་ཐང་ཆེ་བའི་ལེགས་སྐྱེས་ཀྱང་དེ་ཡིན།
ཡིན་ཡང་སེམས་ཀྱི་ལེགས་སྐྱེས་ནི་རྒྱུ་ནོར་ལྟར་སྟེར་ཆོག་ཆོག་ཅིག་དང་། གཞན་གྱིས་ཀྱང་ལེན་ཆོག་ཆོག་ཅིག་མིན། སྐྱིད་སྡུག་གི་དུས་ཚོད་མང་བོ་ཞིག་གི་འབྲེལ་འདྲིས་བརྒྱུད་རིམ་ཁྲོད། ཕན་ཚུན་སེམས་ཁུར་དང་ཡིད་ཆེས། དུངས་ཀ་དང་བརྩེ་བྱམས་སོགས་ངང་གིས་སླེབས་དུས། ཁྱེད་ཀྱིས་རང་ཉིད་ཀྱི་ཆེས་རྩ་ཆེ་བའི་ལེགས་སྐྱེས་དེ་སྟེར་མི་དགོས་པར་ངང་གིས་ཤོར་འགྲོ་ལ། གཞན་གྱིས་ཀྱང་ཆེད་དུ་བརྩོན་མི་དགོས་པར་ངང་གིས་ཐོབ་འགྲོ།
དེའི་ཕྱིར། སེམས་པའི་ལེགས་སྐྱེས་ནི་འཇིག་རྟེན་འདིའི་སྟེང་གི་ལེགས་སྐྱེས་མཆོག་ཏུ་གྱུར་བ་དེ་ཡིན་ལ། ལེགས་སྐྱེས་དེ་སྟེར་མཁན་དང་སྟེར་སའི་མི་དེ་དག་ནི་འཇིག་རྟེན་འདིའི་སྟེང་དུ་ཕྱོགས་གང་ནས་ཀྱང་བར་ཐག་མེད་མི་དེ་དག་ཡིན་ལ། དེ་རྣམས་ནི་ཆེས་བདེ་སྐྱིད་ལྡན་པ་དང་ཆེས་སྤྲོ་སྣང་ཁོལ་བ་གཅིག་བུ་དེ་ཡིན་འོས།
འདི་ནི་མི་ཞིག་གིས་གཞན་ལ་སྟེར་ནུས་ཤིང་སྟེར་དགོས་པའི་ལག་སྐྱེས་དང་། ལག་སྐྱེས་དེ་གཞན་ལ་སྟེར་ཚུལ་གྱི་བརྒྱུད་རིམ་རགས་པ་ཙམ་ཡིན།
དེ་དེ་བཞིན་ནོ། ཡིན་ན་ཡང་སེམས་པ་མཚོན་བྱེད་དུ་ལག་རྟགས་རེ་འབུལ་སྲོལ་ཡོད་པས་ཁྱེད་ཀྱིས་བལྟས་ན་ལག་རྟགས་གང་དག་འབུལ་འོས་པ་དང་གང་དག་འབུལ་མི་འོས།
ཁྱེད་རང་སྙན་ངག་པ་རེད། སྙན་ངག་གི་སྐད་ཆས་བཤད་ན་སེམས་པའི་ཁ་དོག་མང་བོ་ཡོད་པས་དེ་རེ་རེ་ནས་མཚོན་བྱེད་ཀྱང་མི་འདྲ་བ་ཡོད་པ་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་རང་རང་གིས་ཀྱང་བརྟག་ན་ཤེས་ནུས།
རྟེན་འབྲེལ་བསྟོད་པ་ལས།
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་།
་
རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ།
་
ཇི་ལྟར་ཁོང་དུ་ཆུད་པར་ནུས།
་
རྟེན་འབྱུང་མཐོང་བ་ལེགས་པར་བསྔགས།
་
རྒྱུ་དང་རྐྱེན་ལ་ལྟོས་པར་འགལ།
་
སྤྲོ་ཀུན་ལྡོག་པ་མེད་པར་གསུངས།
་
འདི་ལ་སུ་ཡིས་འགོང་བར་ནུས།
་
གེགས་མེད་པར་ནི་གྲོགས་བྱེད་པ།
་
བསྟོད་པར་འགྱུར་གྱི་གཞན་དུ་མིན།
བསྟན་འཛིན་བདེ་སྐྱིད་དང་ཐུག་པ་དང་། ནོར་འདུག་དགོངས་དག
ཚེ་རིང་བོད་ཀྱི་སྙན་དངགས་མཁན་པོས། ངོ་མ་ལ་དངོས་མ་ཞེས་པ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་དགོངས་བཞེད་དང་མཐུན་པས་ཡུལ་གངས་ཅན་པའི་སྤྱིའི་སྐད་བཟང་པོ་མི་ཉམས་པ་ལ་འབད་པ་པོ་རྣམས་ཀྱིས་འདི་ལ་སོགས་པ་མཁས་པའི་ཡི་གེ་དག་ཆ་ཀུན་ལ་དོན་གཉེར་མཛོད།