ཚེ་རིང་།
མེ་ལོང་ལ་བལྟ་དུས
རང་ཉིད་ནང་དུ་མ་ཤར་སྔོན་ལ
ཆེས་ཐོག་མར་ཤར་འོང་བ་ནི
མིག་ལམ་དུ་བརྒྱུད་མ་མྱོང་བའི་སྣང་བརྙན་ཞིག
གཟན་སྣེ་རླུང་གིས་ཟ་བའི་སྐད་ཅིག་དེར
ཉི་འོད་ཤུགས་ཀྱིས་འགུག་མཁན་དང
ཕྲེང་རྡོག་གང་སར་ཐོར་དུས
རེ་རེ་བཞིན་ངལ་བས་ཆེད་དུ་སྒྲུག་མཁན
ནམ་ཡང ཁྱོད་ཁོ་ན་ཡིན་འདུག་ཨང
བར་ཐག་གི་མུན་པ་ཇི་འདྲའི་སྟུག་ཀྱང
སྙན་ངག་གི་རྐང་རྗེས་དཀར་བོ་འདིས
ཁྱོད་རང་དུས་རྟག་ཏུ་སྲུང་ཡོད་ལ
ནམ་ཞིག འོད་སྣང་མེད་པའི་མར་མེ་འདི་འགག་དུས་ཀྱང
ཁྱོད་ཀྱི་ཉེ་ས་ནས་རྟག་ཏུ་འཁོར་ངེས
མེ་ལོང་ལ་བལྟ་དུས
ཆེས་ཐོག་མར་ཤར་འོང་བའི་ཁྱོད
—— ——
2013/8/ 26