གནས་ཚུལ་གཏོང་མཁན། ཨེ་མ་ཧོ།
དེ་རིང་རྒྱལ་ཐང་གི་香格里拉 Shangrila མེ་ཤོར་ནས་གྲོང་ཁྱེར་བརྒྱ་ཆ་དགུ་བཅུ་ཙམ་ཕལ་ཆེ་ཚིག་ནས་ཤིན་ཏུ་ཡོད་སྐྱོ་བའི་གནས་སུ་གྱུར་འདུག བོད་རིགས་སྤུན་ཟླ་ཚོས་མྱ་ངན་ཞུ་བཞིན་འདུག ཕྱི་སྡོད་བོད་མིའི་དྲ་ཐོག་ཏུ་མི་འདུག་པས་འདིར་བསྐུར་ཡོད། ས་གནས་དེ་ནས་བསྐུར་བའི་པར་འགའ་འདིར་ཡོད། དངོས་ནས་སེམས་ཕམ་པ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲོང་ཁྱེར་དེ་ཐལ་བར་གྱུར་འདུག སྙིང་རྗེ་བ་ལ། ཀྱེ་མ་ཧོ། །འབྱུང་བ་མེ་དགྲས་གྲོང་ཁྱེར་སུམ་གཉིས་ཚིག །མྱ་ངན་རྒྱལ་ཐང་ཡི་མུག་དུད་སྤྲིན་འཐིབས། །གངས་ཅན་སྤུན་ཟླ་ཡིད་ཀྱི་མཆི་མ་བཀུ། །སྐྱབས་གནས་རྒྱ་མཚོས་བྱིན་རླབས་མ་གཡེལ་མཛོད། ། ཤྲཱིས་སོ། །
བོད་ལ་མེ་སྐྱོན་མང་དུ་འབྱུང་བཞིན་པ་འདྲ། བོད་རྒྱལ་ཐང་གི་མེ་སྐྱོན་འདི་དེ་རིང་སྦིའི་སྦིའི་སི་གསར་འགྱུར་ནང་དུ་བཀོད་འདུག་ཅིང་། དེ་འབྲེལ་ཐག་འདི་ན་འདུག
http://www.bbc.co.uk/news/world-asia-25694902
ད་དགོན་པ། འདུ་ཁང་། གནའ་ཤུལ། མྱེ་ལ་ཚིག་རྒྱུ་མང་བ་འདི། རྒྱ་འདྲེ་ཚང་ལ་ནག་ཉེས་ཡོད་དམ།
བོད་མི་དཔའ་བོའི་སྐུ་ལུས་མེ་ལ་འབར།།
བོད་མིའི་ཡུལ་མཁར་རྙིང་པ་མེ་ལ་འབར།།
བོད་ཀྱི་བཙུན་མིའི་ཆོས་སྡེ་མེ་ལ་འབར།།
བོད་ཀྱི་ལས་དབང་དམར་པོ་མེ་ཡིས་བཅོམ།།
བོད་ཁམས་ཀྱི་གལ་གནད་ཆེ་ཁག་འགའ་ལ་མེ་སྐྱོན་འབར་རྗེས་ངའི་སེམས་ལ་འདི་ནི་རང་བྱུང་གི་མེ་སྐྱོན་ཙམ་མ་ཡིན་པར་དོགས་་གནས་གཞན་ཞིག་མེད་དམ་སྙམ་པའི་རྣམ་དོགས་གཞིན་གྱི་སླེབས་སོང་། ཁྱོད་ཚོས་བལྟས་ན།
འདིའི་སྐོར་ཤེས་མཁན་ཡོད་ན་ཁ་ཇེ་གསལ་དུ་བཏང་ནས་འབྲི་རོགས་གནང་།
སེམས་ཁྲལ་ཆེན་པོ་ལངས་ཡོང་གིན་འདུག
རྒྱ་མ་བོད་ཀྱི་གྲོང་ཁྱེར་རྒྱལ་ཐང་འདི། །
དམར་ལ་སེར་བའི་མེ་ཡིས་བསྲེགས་པ་འདིར། །
ངུ་མ་དགོད་ཀྱི་སེམས་བྱུང་མོག་པོ་ཡིས། །
རིང་ལ་ཐུང་བའི་དབུགས་རིང་ལན་གཅིག་འཐེན། །
ངས་མཐོང་བའི་རྒྱའི་གསར་འགྱུར་ཁག་ན་དེ་ནི་གནའ་བོའི་གྲོང་ཞིག་ཡིན་པ་དང་། ཐང་རྒྱལ་རབས་སྐབས་ནས་ཡོད་པའི་ལོ་རྒྱུས་རང་བཞིན་ཅན་ཡིན་པ་ཙམ་བཤད་པ་ལས་བོད་རིགས་གནས་ཡུལ་ཡིན་པ་གང་ཡང་བཤད་ཀྱི་མི་འདུག
གོ་སྐབས་འདི་དང་སྟུན་ནས་བོད་ཀྱི་ཁྱད་ཆོས་རྩ་བ་ནས་མེད་པའི་རྒྱ་ཡི་གྲོང་ཁྱེར་ཞིག་མི་རྒྱག་པའི་རེ་བ་ཡོད།
འགལ་རྐྱེན་མཐའ་དག་འཚིག་པ་དང། མཐུན་རྐྱེན་ཡོད་ཚད་འབར་བར་ཤོག འབར།
ད་དེ་ཙམ་ལས་ཅི་ཡང་བཤད་ཤེས་མ་སོང།
འགལ་རྐྱེན་མཐའ་དག་འཚིག་ཞོར་དུ། །
མཐུན་རྐྱེན་མཐའ་དག་འབར་བར་ཤོག །
དེ་སྔོན་ང་རང་དགོན་པ་ཁག་ལ་ཆོས་མཇལ་ལ་འགྲོ་དུས་མཆོད་མེ་ཆེན་པོ་ཁག་ཕུལ་ཡོད་པ་མཇལ་དུས་ཡིད་ལ་དད་པའི་འཚོར་སྣང་དབང་མེད་དུ་ཡོང་བ་དང་མཉམ་དུ། ཤུགས་མ་ཐུགས་ཀྱིས་གནད་དོན་གཉིས་ཀྱི་ཐོག་བསམ་གཞིགས་ཀྱང་བྱེད་མྱོང་ཡོད། དེ་ནི། གཅིག་མཆོད་མེས་མེ་རྐྱོན་ཡོང་བའི་ཉེན་ཚབ་དང་། གཞན་དེ་ལོ་རྒྱུས་རིང་པོའི་ཆུ་རྒྱུན་ནང་ཆགས་པའི་དགོན་པའི་ནང་གི་འདེབས་རིས་ཁག་མཆོད་མེའི་དུ་བས་ནག་ནོག་དུ་འགྱུར་འགྲོ་བ་ཁག་མཐོང་བ་དེ་གཉིས་ཡིན།
གཅིག་བྱས་ན་འབྱུང་འགྱུར་མཆོད་མེ་ཁག་འབུལ་ཕྱོགས་ཀྱི་ཐབས་ཤེས་ཤིག་དགོས་ཀྱི་མེད་འགྲོ།
གནའ་སྔ་མོའི་བཤད་སྲོལ་ལ་ཁང་ཁྱིམ་མེ་རུ་ཤོར་ན་མི་ཚང་དེ་སྔོན་མ་ལས་ཚེ་གསོད་དབང་ཐང་འབྱོར་པ་རྒྱལ་གྱི་ཡོད་རབས་གོ་མྱོང། ད་ལེན་དགོན་པ་མོང་པོར་མེར་ཤོར་དུས་ངས་ནི་མེ་ལ་ཤོར་ཟིན་པའི་དགོན་པ་དེ་ཚོ་སྔར་ལས་དར་རྒྱས་ཡོང་བའི་སྨོན་ལམ་རྒྱབ་བཞིན་ཡོད།
རྒྱལ་ཐང་ལ་ཐེང་འགའ་འགྲོ་མྱོང་། གྲོང་ཁྱེར་སྤོས་ལྡན་ཞིག་དང་སེམས་དགའ་ས་ཞིག་ཡོད། སྤྱིར་ཡུལ་སྐོར་བ་འགུག་སའི་གྲོང་ཞིག་ཡིན་དུས་ངོས་མིན་བཅོས་མའི་རིགས་མང་ཙམ་ཡོད། འོན་ཀྱང་ཡུལ་མི་རྣམས་ཚོང་རིགས་ལ་མཁས་བ། མཐོང་རྒྱ་ཡོད་པ། རང་དོན་མི་ཤོར་ལ་གཞན་ལ་ཞབས་ཞུ་ཚད་ལྡན་སྤེལ་ས་ཞིག་ཡིན། མེ་ལྕེ་དམར་བོ་འབར་བཞིན་པའི་པར་མཐོང་དུས་སེམས་སྐྱོ་སོང་། སྙིང་ན་སོང་། ཡུལ་དེ་ན་ཡོད་པའི་གྲོགས་པོ་གྲོགས་མོས་གཙོར་བྱས་མེ་སྐྱེན་འོག་མནར་བཞིན་པ་གང་དང་སུ་ལའང་མགྱོག་མྱུར་ངངས་བདེ་སྐྱིད་ཞིག་ཤར་བའི་སྨོན་ལམ་བཅས།
མེ་དེ་རྒྱུ་རྐྱེན་གང་འདྲ་བྱས་ནས་ཤོར་བ་རེད་།
ལོ་ལྗང་ལགས། ད་ལྟའི་གཞུང་ངོས་ནས་གནས་ཚུལ་ལྟར་ན་མགྲོན་ཁང་ཞུག་ནས་བྱུང་འདུག་ལ་གང་འདྲ་ཇི་ལྟར་གྱི་གནས་ཚུལ་གསལ་བོ་བཀོད་མི་འདུག ད་དུང་ཐོག་མའི་རྩར་གཅོད་བྱེད་བཞིན་པ་ཡིན་ཞེས་གསར་ལམ་ཁང་ལ་བསྒྲགས་འདུག མགཉརོན་ཁང་དེ་ཡང་མགྲོན་ཁང་ཆེན་པོ་འདྲ་བར་མིན་པར་རྒྱ་ཡིག་ཐོག་客栈ཞེས་བོད་སྐད་ཐོག་སྟབས་བདེའི་ཉལ་ཁང་ཟེར་བ་འདྲ་བོ་ཞིག་ཡིན་ས་རེད།
ངས་བསམ་ན་དེའི་ནང་ལ་རྒྱ་ནག་གི་ཇུས་ངན་ཞིག་ཡོད་ཐག་ཆོད་རེད།
སྟབས་ལེགས་པ་ཞིག་ལ་མི་གང་ལ་གནོད་སྐྱོན་བྱུང་བ་བཤད་མི་འདུག མེས་་ཚིག་པའི་གྲོང་ཁྱེར་དང་། གཙུག་ལག་ཁང་རྣམས་སྔར་ལས་མཛེས་པར་གྱུར་ཅིག ཡོངས་གྲགས་ཀྱི། ཤང་གི་རི་ལ། ཞེས་པ་ཡང་གྲོང་ཁྱེར་འདི་ཡིན་པར་བཤད་དོ།
Shangri-La in 2001 after the make-believe Himalayan land of James Hilton’s novel.
མེ་རྐྱོན་ཤོར་བ་ལ་བློ་ཕམ་དང་གདུང་སེམས་མཉམ་སྐྱེ་ཡོད་ལ་ཞལ་འདེབས་འབུལ་བའི་གོ་སྐབས་སྒུག་སྡད་ཡོད།
ང་ཚོ་བོད་ཀྱི་རྨོང་རྒྱུན་ལས་མེ་འབར་ཟེར་བ་ལས་ཤོར་ཟེར་མི་ཉན། དེ་ལུགས་མཆན་འགོད་པ་རྣམས་ཀྱིས་དགོངས་པར་འཛོད། དེ་དང་ཆབ་ཅིག་ང་རང་སྒེར་ངོས་ནས་མཚོན་ན་ཤོར་དང་འབར་གང་ལྟར་ཡང་ཤོར་བ་ཞིག་ལ་ངོ་འཛིན་ཐོག དེར་འཁོད་བོད་འབངས་རྣམས་ཐུགས་གསོ་ཞུ། སྨྲས་པ་། བྱོལ་ལ་མཁས་པར་རློམས་པའི་སྙན་ངག་པའི། སྙོན་དུ་མེད་པའི་བོད་ཀྱི་ཡུལ་སྡེ་འདི། རྒྱ་མ་བོད་ཅེས་ལང་ཤོར་འཆལ་བའི་གཏམ། སྨྲ་ལ་འགྲིན་པ་མ་འགག་རླབ་ལྟར་འཕྱོ། ད་དུང་ངུ་མ་རྒོད་ཀྱི་དབུག་ཐེང་གཅིག ནམ་ཡང་འབུ་དུ་མེད་ན་ཨ་རེ་དགའ།
རྒྱལ་ཐང་དུ་མེ་སྐྱོན་བྱུང་།
འདོན་སྤེལ། ༢༠༡༤/༠༡/༡༣
རེས་གཟའ་སྤེན་པའི་ཉིན་ཡུན་ནན་རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པར་ཡུན་ནན་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་གནའ་བོའི་དངོས་རྫས་མང་པོ་མེར་ཚིག་ཡོད་པ་དང་། སྡོད་ཁྱིམ་ ༢༤༢ ཙམ་ལ་མེ་སྐྱོན་བྱུང་ནས་ཡུལ་མི་ ༢༦༠༠ ལྷག་གནས་སྤོར་དགོས་བྱུང་ཡོད་ཀྱང་། མི་ལ་གནོད་སྐྱོན་ཐེབས་མེད་པ་རེད།
འབྲེལ་ཡོད་ནས་བརྗོད་པ་ལྟར་ན། གྲོང་ཁྱེར་དེ་མི་ལོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་རིག་གནས་དང་གནའ་བོའི་ཇ་ཚོང་གི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་ཆེས་ཆེ་ཤོས་ཀྱི་ནང་པའི་འཁོར་ཆེན་ཡང་གནས་དེར་ཡོད་སྟབས། རྒྱ་གཞུང་གིས་གནའ་བོའི་གྲོང་ཁྱེར་གྱི་མིང་ཐོག་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་བ་གལ་ཆེན་ཞིག་ཏུ་བརྒྱུད་བསྒྲགས་དང་། གྲོང་ཁྱེར་ཡོངས་སུ་འཛུགས་སྐྲུན་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་མེ་སྐྱོན་ཁྲོད་ཐང་ག་སོགས་ནང་པའི་རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་མང་པོ་མེར་ཚིག་པ་ཧ་ཅང་ཚབས་ཆེན་ཡིན་པ་དང་། ཁྱོན་རྒྱ་སྒོར་དུང་ཕྱུར་ ༡ ཙམ་གྱི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག
# 20 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:
January 13th, 2014 at 6:24 A
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པར་ཡུན་ནན་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་གནའ་བོའི་དངོས་རྫས་མང་པོ་མེར་ཚིག་ཡོད་པ་དང་། སྡོད་ཁྱིམ་ ༢༤༢ ཙམ་ལ་མེ་སྐྱོན་བྱུང་ནས་ཡུལ་མི་ ༢༦༠༠ ལྷག་གནས་སྤོར་དགོས་བྱུང་ཡོད་ཀྱང་། མི་ལ་གནོད་སྐྱོན་ཐེབས་མེད་པ་རེད།
ཟེར།
འོ་ཡ་ཁ་བརྡ་ལགས་ངའི་དཔྱད་གཏམ་འདི་ཐོག་མ་མ་ཡིན། གང་ལ་བརྟེན་ནས་ད་དུང་དག་མཆན་རྒུག་དགོས་སམ
ངས་ད་དུང་འདིར་འཆད་འདོད་པ་ཞིག་ནི་བོ་ཞེན་གྱིས་ཞེན་དེ་བོད་ཡོངས་ལ་ཁྱབས་ན་དགེ་བ་ལསབོད་༼ ༽ ཡང་ན་༠༠༠༠ཞེས་བཏགས་ན། གང་དགེ
ང་ཚོ་བོད་པ་ཚང་ནི་ཆེས་ཉམ་ཐག་ལ་འུ་ཐུག་པའི་གནས་བབས་ཞིག་ཏུ་གྱུར་ཡོད་སྟབས་དྲ་གྲོགས་ཡོངས་དང་ལྷག་ཏུ་བགས་ཆག་འཇོག་ནུས་མཁན་གྱི་སྐྱེ་བོ་རྣམས་ཀྱིས་བོད་རིགས་མི་གཅིག་གི་སེམས་ན་བའི་ཅ་ཅོར་གང་ཉུང་དུ་གཙོ་དོན་འཛིན་ན་དེ་བས་ནུས་སྟོབས་ཆེ་སྙམ་པ་ལགས། ཐུགས་ལ་བབས་པར་བྱུང་ན་དགོངས་པར་མཛོད། ཐུགས་ལ་མ་བབས་ན་བཟོད་གསོལ་ལས་ཅི་ནུས།
མེ་བསྲེགས་བཏང་མཁན་དེ་རྒྱ་ནག་པ་ཞིག་ཡིན་པ་ནུབ་མི་ཚོས་དོགས་པ་བྱེད་བཞིན་འདུག བླ་རུང་གི་མེ་སྐྱོན་དེ་ཡང་རྒྱ་མིའི་བཙུན་པ་ཞིག་གི་ཁྱིམ་ལས་ཆད་ཚུལ་གྱི་བཤད་སྲོལ་ཡོད་པ་དེ་རེད། གཅིག་བྱས་ན་རྒྱ་ནག་གིས་ཆེད་མངགས་ཀྱིས་དེ་ལྟར་བྱས་ཤིང་། བོད་མི་རྣམས་མེ་སྐྱོན་ནམ་སྒེར་གྱི་དཀའ་ངལ་འོག་ཏུ་ཚུད་ནས་བོད་སྤྱི་ཡི་དོན་ལ་སེམས་འཁུར་བྱེད་པའི་གོ་སྐབས་མི་སྤྲད་ཆེད་ཀྱི་ཆ་ཤས་ཤིག་ཡིན་ཤས་ཆེ། དེ་དང་བསྟུན་བོད་ཀྱི་ངོ་བོའི་ལྡན་པའི་གྲོང་ཁྱེར་རྣམས་ལ་འགྱུར་བ་བཏང་བརྩིས་ཡོད་ཤས་ཆེ།
རིག་པའི་བུ་ལ་སྙན་པོ་བཤད་རྒྱུ་ཡོད་གི
བོད་མིས་རང་ལུས་མེ་བསྲེག་བཏང་ན་རྒྱ་མས་འབར་ཚོད།
བོད་དགོན་མེ་ལ་ཚུག་ན་རྒྱ་མིས་འབར་ཚོད།
བོད་ས་མེ་ལ་ཤོར་ན་རྒྱ་མིས་འབར་ཚོད།
བོད་མོ་ཨེ་ཙེས་ནད་ཚ་འགོས་ན་རྒྱ་མི་ལས་ཡོང་ཚོད།
བོད་ཡུལ་ལ་ཁ་ཐན་བབས་ན་རྒྱ་མིས་བཟོས་ཚོད།