ཨོ་རྒྱན་ཉི་མ།
དེང་སང་བོད་ཀྱི་གཞོན་སྐྱེས་འདི་ཚོ་ཁ་ཡར་གྲགས་དུས་ཆེན་པོ་ཞིག་དང་། གཉན་པོ་ཞིག་ལ་ཁ་གཏོང་འགོ་རྩོམ་ཞིང་། མིང་ཞིག་དང་། ཕྱུག་པོ་ཞིག ད་དུང་སྙན་གྲགས་ཅན་ཞིག་ཆགས་སོང་ན་བསམ་པའི་རེ་འདུན་ནི་མཚོ་ལྟར་ཟབ་ཀྱང་། ངེས་པ་དོན་གྱིས་སྙན་གྲགས་སྒྲུབ་སྟངས་དེ་མ་ཤེས་པར། མཐོ་ལ་འགྲན་ཞིང་དམན་ལ་སྡང་། རང་གི་མི་རིགས་ལ་ཡོད་པའི་བྱས་རྗེས་ཅན་གྱི་མི་བུ་ཚོར་ཁྱད་སོད་དང་། ཕྲག་དོག་གིས་གཏམ་འཆལ་སྣ་ཚོགས་སྤུངས་ཏེ། མཚན་མོའི་གཉིད་དང་ཉིན་མོའི་ཟས་ཀྱང་དང་གར་མི་ཡོང་བར་མ་ཟད། ཐ་མ་རང་དོན་མ་འགྲུབ་དུས་རང་གི་གཅེས་པའི་སྲོག་ཀྱང་། རང་གིས་བཅད་པའི་གནས་ཚུལ་ཕྱི་གླིང་ལ་བྱུང་བ་དེ་བོད་ལ་ཡོང་ངེས་རེད། དེ་ཕྱིར་སྙན་གྲགས་ཟེར་བ་དེ་དོན་ངོ་མ་བསམ་ན་མི་ཚེ་སྡུག་བསྔལ་ལ་སྦྱོར་བྱེད་ཅིག་རེད། མཚན་སྙན་ཁོ་ན་དམིགས་འབེན་བཟུང་སྟེ་བསྒྲུབ་ན་འགྲུབ་རྒྱུ་ཞིག་མ་རེད། གལ་སྲིད་ད་དུང་མཚན་སྙན་དེ་དགོས་ཀྱིན་ཡོད་ན། ཁ་ཞེ་གཉིས་མེད་ཀྱིས་མི་རིགས་དང་། རིག་གཞུང་ལ་བྱས་རྗེས་བླ་མེད་ཅིག་ཞོགས་དང་། མཁས་པ་ཡིན་ན་མཁས་པ་འདུས་པའི་སོང་ལ་རྣམ་དཔྱོད་ངོམས། འབྱོར་ལྡན་ཡིན་ན་དབུལ་པོ་མོད་སར་སོང་ལ་གནང་སྦྱིན་གྱིས། དེ་གཉིས་མེད་ན་སེམས་གཏིང་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཨེ་སྐྱེ་ལྟོས་དང་། སྦྱོར་བ་ཕྱིན་དྲུག་ལ་སློབས། ནམ་ཞིག་ན་སྙན་གྲགས་ཟེར་བ་དེ་མ་འདོད་ན་ཡང་ཡོང་ངེས་རེད། དེ་མིན་མི་རིགས་དང་། ཆོས་ལུགས། སེམས་ཅན་སྤྱི་དང་བྱེ་བྲག་ལ་བྱས་རྗེས་སྐར་གང་མེད་པར། དམ་པ་རྣམས་ལ་བསྐུར་འདེབས་ཁོ་ནས་དུས་འདའ་བ་ནི། བསོད་ཆེན་ཁ་བཏང་ན་བསོད་ཆུང་ཚེ་ཟད་ཟེར་བ་ཡོང་ངེས་རེད། དེ་རིང་སྤུན་གྲོལ་ཟེར་བའི་དྲ་འབུ་དེས་མཁན་ཆེན་བསོད་དར་རྒྱས་ངན་སྨྲས་བྱས་པའི་རྩོམ་འཆལ་ཞིག མ་ལེ་ཤི་ཡ་ན་གཏན་སྡོད་བྱེད་བཞིན་པའི་ངའི་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་བསྐུར་སོང་། མགོ་ནས་མཇུག་པར་རོབ་ཙམ་བཀླགས་ཡིན་ཏེ། སྔོན་མ་ཞིག་ལ་ཚ་བ་མདའ་སྨྱུག་དང་། བོན་པོ་སྐལ་བཟང་ཟེར་བ་ཞིག་གིས་རང་གི་གྲགས་པ་སྒྲུབ་ཕྱིར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་རྒོལ་བ་དང་། འགྲོ་སྟངས་མཚུངས་ན་ཡང་། ཚིག་དོན་གཉིས་ཀའི་ཆ་ནས་ཚ་སྐལ་གཉིས་ཀྱི་རྣམ་དཔྱོད་ཀྱི་ཟུར་ཙམ་ཡང་མི་འདུག ད་དུང་ཤི་འཐམ་རོ་འཐམ་གྱིས་ཚིག་ངན་དང་། སྐྱོན་འདོགས་གང་ཐུབ་ཀྱིས་རྒན་མོའི་དམོད་ངན་ནང་བཞིན་སྡེབས་སྦྱོར་དང་། སྙན་འཇེབས་ཀྱིས་སྟོང་པའི་ཚིག་ཚོགས་སྤུངས་པ་ལ་ཤ་ཡང་ཚ་ལ། སྙིང་ཡང་རྗེ།
ཁོས་འདི་ལྟར་བཤད་འདུག་<<ཁམས་བྲག་མགོ་ནས་ཡིན་པའི་གསེར་རྟ་སྒར་གྱི་མཁན་པོ་བསོད་ནམས་དར་རྒྱས་ཞེས་ཞུ་པ་དེ་ནི། ནང་བསྟན་མཚན་ཉིད་རིག་པའི་བློ་སྦྱོང་ཞན་པའི་སྐྱེ་བོ་དག་གི་སྣང་ངོར་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ཆགས་འདུག་ལ། རྒྱ་ནག་གི་ཐིང་སཱིན་བླ་མའི་ཡང་སྤྲུལ་ལམ་ཡང་ན་བླ་རབས་གཉིས་པའི་ཆོ་ལོ་སོགས་ཀྱང་སྦྱོར་གྱིན་འདུག>>ཅེས་ཟེར། གང་ལྟར་ཡང་ཁྱོད་མ་གཏོགས་ཤར་ནུབ་སྐྱེ་བོ་ཕལ་མོ་ཆེ་རྣམ་དཔྱོད་ཀྱི་མིག་ཞར་སོང་བ་དང་། རྟོག་དཔྱོད་ཀྱི་ཡིད་ལྐུགས་སོང་བ་མིན་ན། ཨ་རི་དང་། དབྱིན་ཇི། འཇར་མན་སོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་། མཚོ་སྔོན་དང་། པེ་ཅིན། ཤང་ཀང་སོགས་སློབ་གྲྭ་ཁག་གིས་གདན་དྲང་བ་ལ་དུས་ཚོད་མི་རག་པའི་དཀའ་ངལ་ལས། མཁན་པོ་ཁོང་ཕྱག་རྫོགས་ལ་དད་པ་དང་། ཁྲིད་ལུང་མེད་ནའང་ཡོད་མདོག་གིས་འཆད་ས་དང་། འཁྲིད་ས། འགྲོ་ས་མི་རག་པའི་དཀའ་ངལ་ཡོད་མཁན་དེ་འདྲའི་རིགས་མ་རེད་ལ། ད་དུང་ཁོང་གིས་སློབ་གྲྭ་གསར་རྒྱགས་ཀྱིས་སློབ་ཕྲུག་སྟོང་ཕྲག་ལས་བརྒལ་བ་གསོ་སྐྱོང་བྱེད་བཞིན་པ་དང་། ལོ་ངོ་ཉི་ཤུ་ལྷག་ལ་གསེར་རྟའི་ཆོས་སྒར་གྱི་རྒྱའི་སློབ་མ་ཚོར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་བས། ད་ལྟ་རྒྱའི་མཁན་པོ་དང་། མཁན་མོ་དག་གིས་བོད་པ་ནང་བཞིན་བོད་སྐད་དང་། བོད་ཡིག་ཤེས་པར་མ་ཟད། ནང་ཆོས་ཀྱང་གསུངས་ཐུབ་ཀྱི་ཡོད། དེ་ཕྱིར་ཁོང་ཚོས་མཁན་པོ་ལ་མཚན་ཇི་ལྟར་གསོལ་ཡང་ཁྱེད་རང་སེམས་ན་དགོས་དོན་མི་འདུག་ལ། དོན་གྱིས་མཚན་དེ་འདོགས་འོས་པར་སེམས།
ཡང་ཁོས་<<ཁོ་བོས་ཁོང་གི་དཔོད་འབྲིའི་དེབ་གཟུགས<<དུས་ཀྱི་ཟླ་འོད>>དང<<དུས་ཀྱི་སྒྲོན་མེ>>གཉིས་བམ་ཀློག་ཐེངས་གཅིག་བྱས་པ་ཡིན། དེ་གཉིས་ངེད་ལ་གྲོགས་པོ་ཞིག་གིས་ལེགས་སྐྱེས་སུ་སྤྲད་པས་བཀླགས་པ་ཡིན། དེ་གཉིས་བཀླགས་སྐབས་ཀྱི་ཚོར་པ་ནི་ཤིང་ཏོག་སྐྱ་རྡོ་ཞིག་ཟོས་པའི་མྱོང་ཚོར་དང་གཉིས་སུ་མ་མཆིས། གང་ལ་ཞེ་ན། གང་དེས་བརྗོད་ཚུལ་ནི་ཨོ་གྷོ་སི་ཀྲིན(354-430)གྱིས་ཕི་ལཱ་ཐྲོའི་རྟོག་དཔྱོད་སྨྲ་པའི་རིགས་ལམ་སྤྱད་དེ་ཡེ་ཤུ་ཆོས་ལུགས་ཀྱི་ལྷའི་རིག་པ་སྟེ། མཆོག་གྱུར་སྡེ་སྣོད་ལ་རིགས་དཔྱད་སྒྲུབ་དཔང་མཛད་ཅིང་གདོད་མའི་ཉེས་ལྷུང་སྨྲ་པའི་ལྷ་སྒྲུང་བྲིས་ཏེ། ལྷ་ཆོས་ཀྱིས་མི་ཉིད་བྲན་དུ་བསྒྱུར་པའི་ལྟར་སྣང་གཞུང་ལུགས་ཀྱི་སྒྲུབ་དཔང་མཁོ་འདོན་བྱེད་ཚུལ་དང་གཅིག་པ་རེད། ཁོང་གི་དཔོད་འབྲིའི་དེབ་གཟུགས་དེའི་བསྟན་དོན་གྱི་བརྗོད་ཚུལ་ཡང་ཨོ་གྷོ་སི་ཀྲིན་གྱི་<<ལྷ་མཆོག་གི་ཞིང་ཁམས>>(the city of God)ནང་གི་བརྗོད་སྟངས་དང་འདྲ་པོ་རེད།>> ཅེས་ཟེར། ཡེ་ཤུ་པས་ལྷ་སྒྲུང་བཤད་ཀྱང་འཛམ་གླིང་གི་ཆོས་ལུགས་པ་གྲངས་འབོར་མང་ཤོས་ཀྱིས་ཁས་བླང་བྱ་ཞིག་རེད། ཁྱོད་འདྲ་བོ་གནས་ལུགས་མེད་མཁན་གང་ཟག་ཅིག་གིས་གནས་ལུགས་མི་ཚེ་གཅིག་ལ་བཤད་ཀྱང་། རྗེས་འབྲང་མི་གཅིག་ཀྱང་མི་རག་ཁོ་ཐག་ཡིན། དེ་ནི་བཤད་རྒྱུ་ལ་གནས་ལུགས་ཡོད་མེད་གང་ལྟར་ཡང་། འཆད་མཁན་རང་ལ་ལྷག་བསམ་དང་། ཆོད་སེམས། གཞན་ཕན་ཡོད་མེད་ལ་རག་ལས་པ་རེད། གང་ཟག་རང་ཉིད་ལ་ལྷག་བསམ་མཚུངས་མེད་ཅིག་དང་། འབད་བརྩོན་ལྷོད་མེད་ཅིག་ཡོད་ན། བྱ་བ་ཆེ་ཆུང་གང་ཡིན་ཡང་། མཁས་བླུན་ཇི་ལྟར་ཡང་མཇུག་འབྲས་ཡོད་ངེས་པ་དང་། རང་ཉིད་ལོག་ལམ་དུ་འགྲོ་བཞིན་པའི་གང་ཟག་ཅིག་གིས་ལམ་བཟང་པོ་སྟོན་ཁུལ་བྱས་ཀྱང་། སུ་ཡིས་ཡིད་རྟོན་བྱས་ཏེ་གཏན་ནས་མི་སྲིད་དོ། །ལུས་ངག་ཡིད་གསུམ་གྱི་སྦྱོར་བ་གཅིག་མཚུངས་སུ་སོང་ན། གོམ་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་མི་འགྲུབ་པའི་བྱ་བ་ཞིག་གཏན་ནས་མེད་པའི་བདེན་དཔུང་བྱ་ཐུབ། ལྷ་སྒྲུང་དང་། ཀླུ་སྒྲུང་གང་ལྟར་ཡང་སེམས་ཅན་མོས་པ་སྣ་ཚོགས་ཡིན་དུས་རྩ་ནས། རང་རང་ལ་ཕན་བདེ་སྟེར་བའི་ནུས་པ་དང་། རེ་འདོད་བསྐང་བའི་ཐབས་ལམ་ཆ་ཤས་སུ་དབྱེ་ན་འགྲིགས་པ་རེད། རྫུན་མ་ལ་དགའ་བའི་གང་ཟག་ལ་བདེན་པ་ཇི་ལྟར་བཤད་ཀྱང་། རྣ་བར་མི་སྙན་པ་དེ་སེམས་ཅན་གྱི་ལས་སྣང་རེད། དེ་ཕྱིར་དྲང་དོན་རྫུན་མའི་གདུལ་བྱ་ལ་ངེས་དོན་སྟོན་མི་རུང་བ་དང་། ངེས་དོན་གྱི་གནས་ལུགས་དེ་དྲང་དོན་པའི་ཁོང་དུ་མི་ཆུད་པའང་གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཡོད་དམ་བསྙམ།
ཡང་ཁོས་<<ནང་བསྟན་ཆོས་ལུགས་ཀྱིས་དེང་དུས་ཀྱི་མིའི་དགོས་མཁོ་སྐོང་ཐུབ་ཚུལ་སོགས་ཀྱིས། ཁོང་གི་སྐད་ཆ་ཤོད་སྟངས་དེ་ཡང་ཏཱ་ལའི་བླ་མ་མཆོག་གིས། བརྒྱ་ལོ་ཉེར་གཅིག་པའི་ནང་སངས་རྒྱས་པའི་གཞུང་གི་དགོངས་དོན་འགྲེལ་བཤད་སྐྱོན་སྟངས་དང་འདྲ་པོ་རེད།>>ཅེས་ཟེར། ནང་བསྟན་རིག་གཞུང་གིས་འཛམ་གླིང་སྤྱི་ལ་བག་ཆགས་བཞག་པ་ནི་ཧ་ལས་པ་ཞིག་རེད། འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་ལ་ནང་ཆོས་ལ་སློབ་ཁུལ་བྱས་ཤིང་། མཐར་ཤར་ནུབ་ཀྱི་གྲོང་འཁྱེར་ཆེ་ཆུང་འདྲ་མིན་ཉུལ་ཏེ། མི་རིགས་འདྲ་མིན་དང་། ཆོས་ལུགས་འདྲ་མིན་གྱི་ལྟ་གྲུབ་དང་། བསམ་བློ། བླང་དོར་བྱ་བའི་བརྒྱུད་རིམ་ལ་བསམ་གཞིག་བྱེད་དུས། ངོ་མ་སྟོན་པ་ཤཱཀྱ་ཐུབ་པ་དང་། བསྟན་པ་ལུང་རྟོགས་གཉིས་ལ་དད་གུས་སྔར་ལས་ཆེ་ཞིང་། ཡིད་ཆེས་ལྡོག་མེད་ཅིག་སྐྱེ་ཡོང་གི་འདུག གང་ཡིན་ཞེ་ན་གཞན་ཕན་འབའ་ཞིག་དོན་དུ་གཉེར་བ་དང་། དེ་ཡང་གཞན་ལ་ཕན་པ་སྒྲུབ་སྟངས་དང་། སྡུག་བསྔལ་སྤོང་ཚུལ་དེ་དག་དབང་པོ་རབ་འབྲིང་ཐ་གསུམ་ལ་དགོངས་ཏེ། ཐབས་ཚུལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བསྟན་པ་དང་། དེ་ཡང་སེམས་ཅན་ཉི་ཚེ་བ་དང་། རང་ཕྱོགས་གཅིག་པུ་མ་ཡིན་པར་སེམས་ཅན་ཐམས་ཅད་བློའི་ཡུལ་དུ་བྱ་དགོས་ཚུལ་གསུངས་པ་ནི། བླ་ན་མེད་པའི་ཐུགས་བསྐྱེད་ཅིག་ལོས་ཡིན། གང་ཟག་ཕྱོགས་རེ་བའི་དོན་སྒྲུབ་པར་འདོད་པའི་ཆོས་ལུགས་པ་མང་ཡང་། སྐྱེ་འགྲོ་ཡོད་དོ་ཅོག་བློའི་ཡུལ་དུ་བཟུང་སྟེ་སེམས་བསྐྱེད་དགོས་ཞེས་གདམས་ངག་སྟོན་མཁན་ནི་བདག་ཅག་གི་སྟོན་པ་ཁོ་ནའོ། །དེ་ཕྱིར་མཁན་པོ་མཆོག་གིས་ནང་བསྟན་ཆོས་ལུགས་ཀྱིས་མིའི་དགོས་མཁོ་སྒྲུབ་ཐུབ་པར་གསུངས་པ་དེ་དོན་མཐུན་རེད། སྔོན་མ་ཞིག་ལ་བཤད་མྱོང་བ་དང་། དེ་དང་འདྲ་བ་ཙམ་གྱིས་བཤད་མི་ཆོག་པ་ཡིན་ན། ཁྱོད་རང་གིས་ཁ་ལྕགས་གཟེར་རྒྱག་དགོས་ཐུག་ས་རེད། ཁྱོད་ཀྱི་ངག་ནས་ཐོན་པའི་ལུགས་གཉིས་ཀྱི་གཏམ་དང་། ཐ་ན་ཟ་ཉལ་འགྲོ་འདུག་གི་བྱ་བ་དང་འབྲེལ་བའི་བརྡ་ཆད་མཐའ་དག བོད་པའི་མེས་པོ་ཚོས་བརྗོད་ཟིན་པ་དང་། བཤད་མྱོང་བ་ཤ་སྟག་ཡིན་པས་སོ། གོང་ས་མཆོག་གིས་ཀྱང་བདེན་བཞིའི་དོན་སྟོན་མི་རིགས་ཏེ། ཤཱཀྱ་ཐུབ་པ་དང་། ཡོངས་འཛིན་རྣམ་པས་སྔོན་མ་ནས་གསུངས་ཟིན་པའི་ཕྱིར། ཟེར་ན་སུའི་རྣ་བར་འགྲོ་སྟེ་འགྲོ་མི་སྲིད་དོ། །
ཡང་ཁོས་<<མདོར་ན། ཁོང་གི་དཔོད་འབྲིའི་དེབ་གཟུགས་དེ་གཉིས་ནང་བསྟན་གྱི་གཞུང་དང་། ཏཱ་ལའི་བླ་མའི་གསུང་བཤད་ནང་ནས་ཡར་བཅད་མར་བཅད་དང་། ལ་བཏུས་ལུང་བཏུས་ཀྱིས་གྲུབ་པའི་ཕུང་པོ་ཞིག་རེད་འདུག་པས། དེའི་ནང་ན་སྐད་ཆ་གསར་པ་ཞིག་བཙལ་ཡང་རྙེད་དུ་མེད། ཡིན་ནའང་གོང་དུ་བརྗོད་པ་བཞིན། རང་བསྟན་མཚན་ཉིད་རིག་པའི་བློ་སྦྱོང་ཞན་པའི་མི་ཞིག་ལ་མཚོན་ན་ཁོང་གི་དཔེ་གཟུགས་དེ་དག་ནི་དུས་ཀྱི་སྒྲོན་མེ་དང་ཟླ་འོད་རང་ཡིན་པ་རེད། དེ་ནི་དོན་དག་གཞན་ཞིག་སྟེ་རྒྱ་ནག་ན་དེའི་སྐོར་གྱི་ཚོང་ར་ཆེའོ།།>> ཞེས་ཟེར། ཁྱེད་རང་གིས་བཤད་པ་དེ་ཕྱོགས་གཅིག་ནས་བདེན་པ་རེད། ཁོང་གིས་བྲིས་པའི་དེབ་གཉིས་པོ་དེ་ཡང་བློ་གྲོས་གསར་བུ་བ་དང་། ཆོས་དང་། དཀོན་མཆོག་ལ་དད་པ་ཡོད་མཁན་གྱི་བོད་མི་ངོ་མ་དང་། མི་རིགས་གཞན་པ་དགེ་བློ་ཅན་ཚོའི་ཆེད་དུ་ཡིན་པ་ལས། ཁྱོད་འདྲ་བའི་ཆོས་དྲེད་བསྡུས་རྟགས་བློ་གསུམ་གྱིས་ཡིད་ཚིམ་ཞིང་། སྒོར་མོའི་རིན་ཐང་ལས་མི་ཤེས་པ་ཚོའི་ཆེད་དུ་བྲིས་པ་ཞིག་གཏན་ནས་ཡིན་རྒྱུ་མ་རེད། ཁོང་རྒྱ་ནག་ལ་ཆོས་འཚོང་དུ་འགྲོ་མི་དགོས་པར། དད་ལྡན་སློབ་མ་ཚོས་ཡར་འཚོལ་ནས་ཡོང་བཞིན་པ་རེད། ཁྱོད་ཀྱིས་བལྟས་ན་མཁན་པོ་མཆོག་ཀྱང་དོན་མེད་དོན་ལོག་གི་ཆོས་སྟོན་བཞིན་པའི་རྒྱ་བླ་རྒྱུ་འབྲས་མེད་པ་དེ་ཚོ་དང་འདྲ་བོ་མཐོང་གི་ཡོད་ས་རེད་དེ། དེ་ནི་ཁྱོད་རང་གིས་ཡིད་ཚོད་ཙམ་ལས་བླ་རུང་ལ་རྒྱུས་ལོན་གཏན་ནས་མ་མྱོང་བའི་ལོག་རྟོག་འབའ་ཞིག་རེད། བླ་རུང་གི་མིང་ཁུར་མཁན་ཚང་མ་མི་ཤེས་མོད། དེར་བཞུགས་པའི་མཁན་ཆེན་རྣམ་པ་ནི་རྒྱའི་སློབ་མ་ཚོས་གོང་དུ་བཀུར་བ་ལས། ཁོང་རྣམ་པ་རྒྱ་སློབ་འབྱོར་ལྡན་འཚོལ་དུ་སོང་སྟེ། མ་ཡིན་ན་ཡང་ཡིན་མདོག་གིས་མགོ་བསྐོར་གཏོང་སྡོད་མཁན་དེ་འདྲ་གཏན་ནས་མ་རེད།
ཡང་ཁོས་<<དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་གྱི་རྩ་ཚིག་ལ་རིགས་དཔྱོད་སོང་ཟིན་པའི་མི་ཞིག་ལ་མཚོན་ན། བསོད་དར་གྱི་ནང་བསྟན་མཚན་ཉིད་རིག་པའི་ཤེས་རྟོགས་ལ་དེ་ཙམ་ཧ་ལས་དགོས་རྒྱུ་མི་འདུག ཁོང་རང་དེ་སྔོན་མདོ་ཁམས་འཇང་དགུན་ཆོས་སྟེང་གི་དབུ་མའི་བགྲོ་གླེང་དུ་ཕེབས་སྐབས། བདག་ནི་རྟགས་གསལ་གྱི་རིགས་ལམ་ལ་བྱང་ཆ་མེད་ཟེར་ནས་མཉམ་བཞག་གི་ཚུལ་དུ་གནས་འདུག་པ་ནི། ཏག་ཏག་དེའི་ཐད་ཀྱི་ཤེས་ཚད་ཞན་པོ་ཡིན་པ་མཚོན་ཐུབ། སྐབས་དེར་དེ་སྔོན་རྒྱ་ནག་གི་སློབ་ཆེན་ཁག་གི་འཆད་སྟེགས་སྒང་གི་གདེང་སྤོབས་དེ་མཐོང་རྒྱུ་དང་མངོན་རྒྱུ་མེད་སོང་པ་རེད། ཁོང་གི་ཤེས་རྟོགས་ཀྱི་གདེང་སྤོབས་དེ་ཡང་ངེད་ནི་སྙན་ངག་པ་ཡིན་ཟེར་མཁན་དག་གལ་ལ་ཐུག་ན་ཚོར་པ་འགག་འགྲོ་བའི་སྣང་ཚུལ་དང་གཅིག་པ་རེད།>>ཅེས་ཟེར། ཁྱོད་རང་མ་ཤེས་ན་ཡང་ཤེས་མདོག་སྟོན་པ་ལ་དགའ་བའི་གང་ཟག་ཅིག་ཡིན་པ་ཅི་ལ་མི་རྟོགས། ཚད་མ་རྣམ་འགྲེལ་གྱི་རྩ་འགྲེལ་ཁོང་དུ་ཆུད་པའི་གང་ཟག་ཅིག་གིས་གཏམ་འདི་འདྲ་བཤད་མི་སྲིད་པས། ཁྱོད་རང་ཁ་རོག་ལ་བསྡད་ན་ལེགས་པར་སེམས། ཚད་མ་རྣམ་འགྲེལ་ལ་ངེས་ཤེས་དེ་འདྲ་ཞིག་ཡོད་ན། སྟོན་པ་ཚད་གྲུབ་ཀྱི་གྲུབ་དོན་ཡིད་ལ་མེད་པ་ཇི་ལྟར་ཆགས་སོང་། མངོན་གྱུར་གྱི་ཆོས་ལས་ལྐོག་གྱུར་རྩ་བ་ནས་ཁས་མི་ལེན་པའི་རྒྱང་འཕེན་པ་ནང་བཞིན་གྱུར་པ་དེ། རྗེས་དཔག་གི་རྟགས་དང་། གཏན་ཚིག ཚད་མ་ལ་ཡིད་ཆེས་རྙེད་ནས་རེད་པས། ངོ་མ་དགོད་ཁ་འཆོར་བའི་གཏམ་རང་རེད། ཡང་ན་དང་པོ་གཏམ་མ་བཤད་པའི་སྔོན་ནས་ཁྱོད་རང་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པ་ཁས་ལོངས་ཤིག མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་བྱིན་རླབས་སྙིང་ལ་འཕོས་པའི་གང་ཟག་ཅིག་ཡིན་ནས་བཟུང་། རྫུན་དང་གཡོ་སྒྱུའི་སྐོར་མགོ་མེད་པ་དེ་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་བར་སྤོབས། དེ་ཕྱིར་མཁན་པོ་ཁོང་གིས་ཀྱང་ཁེངས་བསྐྱང་ངམ། ཡང་ན་རིགས་ལམ་ལ་བྱང་བ་དེ་ཙམ་མེད་པའི་རྒྱུ་མཚན་གྱིས་དྲང་མོར་གསུངས་པ་ཡིན་རྒྱུ་རེད། དེ་མིན་གང་ཡང་མི་ཤེས་ན་ཡང་ཅིར་ཡང་སྨྲ་འདོད་པ་ཁྱོད་རང་འདྲ་བོ་ཡིན་ན་ཞབས་འདྲེན་རེད། དེང་སང་ཁྱེད་ཅག་སྙན་ངག་ཁ་ཆག་མ་གྱེར་མཁན་ཚོ་མཁས་པའི་འགྲམ་ལ་བསླེབ་དུས་ཚོར་བ་འགག་འགྲོ་བ་ཁག་ཅི་ཡོད། གཞུང་ལུགས་དང་། ལྟ་གྲུབ་མེད་པའི་འཆར་ཡན་པའི་གཏམ་འཆལ་ཞིག་རེད། དེ་ནི་མཁས་པའི་ཚོགས་སུ་དབྱུང་རུང་བའི་གཏམ་ཞིག་གཏན་ནས་མ་རེད། དཔེར་ན་སེང་རྡོར་མཚོ་སྔོན་རྒྱང་འཕྲིན་ཁང་དུ་སྐད་བཏང་སྟེ། སྙན་ངག་གསར་བའི་ཁྱད་ཆོས་འདྲི་དུས། ཉག་ཕ་གིར། ཉག་ཕ་གིར། ཞེས་ཐེངས་འགའ་ཞིག་བཀླག་ནས་བུད་སོང་། དེ་ནི་སྙན་གསར་ཁ་ཆག་མ་ལ་གཞུང་ལུགས་དང་། ལྟ་གྲུབ་མེད་པའི་རྒྱུ་མཚན་གྱིས་རེད།
ཡང་ཁོས་<<ཡང་ཁོང་དེ་སྔོན་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་ཕེབས་ནས་འཆད་ཁྲིད་འདྲ་པོ་དང་ཞིག་དང་། དྲི་བ་དྲིས་ལན་གྱི་ཆོ་ག་འདྲ་པོ་ཞིག་སྤེལ་བའི་སྐབས་དེར་ཁོང་གི་ཞལ་འཛུམ་ཁྲོད་ནས། དོགས་སྣང་མ་བདེ་བའི་ཚོར་པ་ཞིག་ལྷན་གྱིས་མངོན་འོང་ལ། དྲིས་ལན་དག་ལ་ཞིབ་ཀྱིས་ཉན་ནས་འོངས་ནའང་། རྒྱ་ནག་ཏུ་སྐད་གྲགས་ཆོད་པའི་མཁན་པོ་ཞིག་གི་ལན་འདྲ་བོ་ཞིག་གི་ཉམས་སྣང་ཁྱོན་ནས་སྤྲད་མ་སོང་། ཏག་ཏག་ཁོང་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་ཕེབས་ནས་ཨོ་གྷོ་སི་ཀྲིན་གྱི་སྐད་ཆ་ཤོད་སྟངས་ལྟར་བྲན་བསྒྱུར་གྱི་སྐད་ཆ་བཤད་སོང་།>> མདོར་ན། གལ་སྲིད་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་རྣམ་པས་གདན་ཞུས་ཀྱི་མཁན་པོ་དེ་ཁྱེད་རང་ཡིན་ན། ཇི་ལྟར་བཤད་ས་རེད། ཁྱོད་རང་གིས་ནམ་རྒྱུན་དྲ་ཐོག་ཏུ་བྲིས་པའི་རྩོམ་འཆལ་འདི་ཚོ་ལ་བལྟས་ན། དེ་འདྲའི་འཆད་སྟེགས་སྟེང་ལ་བསླེབ་སོང་ན་ཁ་གྲགས་འགུལ་མེད་པར་ངག་ལྐུགས་པ་དང་། སེམས་ལ་དྲན་རྒྱུ་མེད་པར་ཡིད་ལྐུགས་པ་ཞིག་ཏུ་འགྱུར་ངེས་སོ། །
ཡང་ཁོས་<<ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་ནི་བོད་པའི་མི་གཞིའི་གས་ཁ་འཆོར་བྱེད་ལྟ་བུ་ཞིག་བཤད་སོང་། བོད་པའི་ན་གཞོན་ཕོ་མོ་མང་ཤོས་ལ་ཀུན་སྤྱོད་ཡག་པོ་མེད་པ་དང་། དེའི་གནད་ནི་ཆོས་ལུགས་ཀྱིས་བསྐྱེད་ཅིང་བོད་ཀྱི་སྲོལརྒྱུན་རིག་གནས་སུ་གྱུར་པའི། རྒན་པར་བཀུར་བཟོ་བྱེད་སྟངས་དེ་ཉམས་ཆག་ཏུ་ཕྱིན་པ་དེར་ཐུག་ཡོད་ཚུལ་བཤད། བོད་པའི་ན་གཞོན་ཕོ་མོ་མང་ཤོས་ལ་ཀུན་སྤྱོད་ཡག་པོ་མེད་པ་དེ། ཁྱིམ་ཚང་གི་ཁོར་ཡུག་སྒེར་གཅོད་ཀྱིས་གྲུབ་ཅིང་སློབ་གྲྭའི་ཁོར་ཡུག་རུལ་སུངས་ཀྱིས་གྲུབ་པའི་གནད་དེར་ཐུག་ཡོད་པ་ལས། ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་ཀྱིས་དེ་འདྲ་ཞིག་བཟོས་བཞག་པ་ཞིག་ག་ནས་ཡིན་ཏེ་མ་ཡིན་ནོ། །
ནུབ་ཕྱོགས་ཀྱི་རང་དབང་རིང་ལུགས་དང་། བོད་ཀྱི་ནང་བསྟན་མཚན་ཉིད་རིག་པའི་ཐད་ནས་ངེད་གཉིས་ངོ་འཕྲད་ནས་རྩོད་སྒྲུབ་བྱེད་དགོས་པ་རེ་འདུག་ཀྱང་། མདོ་ཁམས་འཇང་དགུན་ཆོས་སྟེང་ནས་ལྕེ་ཡོད་ཀྱང་སྐད་ཆ་མེད་པའི་རང་གཟུགས་མངོན་པ་དེ་རྟོགས་འོང་དུས། ངེད་ཀྱིས་ཁོང་གི་ཤེས་ཚད་ག་འདྲ་ཞིག་ཡིན་པ་གཞི་ནས་གསལ་བོར་ཤེས་ཐུབ། ཡིན་ནའང་། གོ་སྐབས་ནམ་འགྲིག་ལ་གོང་དུ་བརྗོད་པ་དེ་དག་གི་ཐད་ནས་དྲི་བོ་རྣོ་ངར་ཅན་སྐོར་ཞིག་ཡོད་ལ་ཁོང་ལ་གདོན་ངེས་ཀྱང་ཡིན།>>ཞེས་ཟེར། ནུབ་ཕྱོགས་པའི་རང་དབང་རིང་ལུགས་ཟེར་བ་དེ་རྫུན་མ་ཞིག་རེད། ཁ་ནས་རང་དབང་ཞེས་བཤད་པ་ལས། ཆབ་སྲིད་ཀྱི་གནད་འགག་ལ་ཐུག་ཡོང་དུས། རང་དབང་ངོ་མ་དེ་སུ་ལ་ཡང་སྤྲད་མི་སྲིད། དེ་མིན་ཕན་གནོད་ཆེན་པོ་མེད་པའི་རིགས་ལ་རང་དབང་ཡོད་པའི་རྣམ་པ་ཙམ་ཡོད། དབྱིན་ཇིའི་རྒྱལ་རྒྱུད་ཡིན་ནས་བཟུང་སྔོན་མ་ཡེ་ཤུ་གསར་མ་ལས་བྱས་མི་ཆོག་པ་དང་། དེང་སང་ཡེ་ཤུ་གསར་རྙིང་གཉིས་ལས་འདའ་མི་ཆོག་པར་ཁྲིམས་སུ་བཅས་ཡོད། སྤྱིར་བཏང་ནུབ་ཕྱོགས་སུ་ཆོས་ལུགས་འདྲ་མིན་ཉམས་སུ་ལེན་པ་དང་། སྒྲུབ་ཆོག་པ་དེ་ཡོངས་གྲགས་རེད། ཡིན་ན་ཡང་སྲིད་གཞུང་རང་ལ་རང་གི་སྲོལ་རྒྱུན་གྱི་ཆོས་ལུགས་ལས་མེད་པ་རེད། གང་ལྟར་ཡང་ཆོས་དང་། འཇིག་རྟེན་གང་ཡིན་ན་ཡང་ཁྲིམས་དང་། ལུགས་སྲོལ་ཞིག་གི་ར་བ་ལས་མ་འདས་པར་བྱས་དགོས། ཁྲིམས་མེད་ལུགས་མེད་ཀྱི་སྲོལ་གསར་རྙིང་གང་ལྟར་ཡང་རྙིང་པོ་མེད་པའི་ལུགས་སྲོལ་རེད། དཔེར་ན་དབྱིན་ཇིའི་མི་སེར་བྱེ་བ་དྲུག་བཅུའི་ཕྱེད་ཀ་མྱོས་བྱེད་ཀྱི་རྫས་ངན་བསྟེན་བཞིན་པ་རེད། དེ་ཡང་རང་དགར་བཤད་པ་མ་ཡིན་པར་དབྱིན་གཞུང་གི་རྩ་ཁྲིམས་ཐོར་བུའི་ནང་ཐོ་འགོད་བྱས་ཡོད་པ་རེད།
ཆབ་སྲིད་ཕྱོགས་ནས་བཤད་ན་ལྟར་སྣང་ལ་གུ་ཡངས་ཀྱི་རྣམ་པ་མཐོང་ཐུབ་ཀྱང་། དོན་དངོས་ལ་བསམ་ན་རྒྱ་ནག་ལས་བརྒྱ་འགྱུར་གྱིས་དམ་པོ་རེད། ནུབ་ཕྱོགས་པའི་ཆབ་སྲིད་ནི་ཤར་ཕྱོགས་པའི་རྒྱལ་ཁབ་ཁག་ལ་ལྟོས་ན་སྲ་བརྟན་དུ་གྱུར་ཟིན་པ་དང་། རྒྱ་ནག་གི་ཆབ་སྲིད་ནི་ད་དུང་ནར་མ་སོན་པའི་བྱིས་པ་དང་གཅིག་པས། ད་ལྟ་གང་དུ་འགྱུར་ངེས་པ་གཏན་མེད་རེད། གནའ་བོའི་རྒྱ་ནག་པའི་ཆབ་སྲིད་ཀྱི་འཛམ་གླིང་འདིའི་གོང་ལ་གྲགས་པ་ཡོད་ཀྱང་། གསར་བརྗེ་བ་ཚོས་ཡོད་ཚད་བསྒྱུར་བཅོས་ཀྱིས་གསར་བའི་ལམ་དུ་བསྐྱོད་བཞིན་པ་ཡིན་པས། རང་གི་ལུགས་སྲོལ་འདོར་ཏེ་གཞན་ལ་ལད་མོ་བྱེད་པ་ནི། གཞན་གྱི་རྗེས་སུ་འབྲང་བ་ལས། རང་ལུགས་ཤོར་ཚར་བ་རེད་ཅེས་བཤད་ན་ཆོག རང་ལུགས་མ་འཆོར་ན་ལྟར་སྣང་རྣམ་པ་རྡུག་ཀྱང་དོན་ལ་རང་ཚུགས་ཟིན་པ་རེད། རང་ཉིད་ཀྱི་ལམ་ལུགས་ཡོངས་རྫོགས་གཏན་མེད་དུ་སོང་རྗེས། རྣམ་པ་ལ་ཆོས་དཔལ་སྲིད་གསུམ་ཇི་ལྟར་རྒྱས་པ་ལྟར་མཐོང་ཡང་། དོན་ལ་ལུགས་གཉིས་ཀྱི་ཕམ་ཁ་ངོ་མ་ཉོས་པ་རེད། ཕམ་ཁ་དེ་ད་ལྟ་མངོན་གྱུར་མེད་ཀྱང་། དུས་རབས་གཅིག་འདས་པ་དང་ད་གཟོད་མཐོང་ཐུབ། དེ་དུས་འགྱོད་ན་ཡང་སླར་བཅོས་སུ་མེད་པའི་སྡུག་བསྔལ་རེད། དེ་ཕྱིར་འཛམ་གླིང་གཅིག་དང་། འཁྲུལ་སྣང་གཅིག་ཟེར་བ་དེ་ནི་ནུབ་ཕྱོགས་པའི་བསྒྲགས་པའི་གཏམ་ཞིག་རེད། ཡོད་ཚད་ནུབ་ཕྱོགས་པའི་ཆབ་དཔལ་ཚན་གསུམ་གྱི་འོག་ཏུ་ལྷུང་ཚར་དུས། བསུབ་མེད་ཀྱི་ནག་ཉེས་ཤིག་དང་། སངས་མེད་ཀྱི་སྡུག་བསྔལ་ཞིག་གི་ནོན་ནས་འདུག་རྒྱུ་ལས་ཐབས་ལམ་གཞན་གཏན་མེད་རེད། གཞན་གྱི་བྲན་དུ་ལྷུང་ན་ཡང་ནང་གི་ལྟ་གྲུབ་དང་། ཕྱིའི་སྐད་ཡིག་དང་། ཆས་གོས་མ་ཉམས་པ་ཡིན་ན། ནམ་ཞིག་ན་རང་ཉིད་ཀྱི་རྒྱལ་ཁ་ལོན་ངེས་ཡིན། དེ་མིན་ཇི་ལྟར་བཤད་ཀྱང་སྟོང་བ་རེད། གང་ལྟར་སེམས་ཀྱང་སྡུག་བསྔལ་རེད། ཀུན་སྤྱོད་བཟང་ངན་ཟེར་བ་དེ་སློབ་གྲྭ་ནས་རྙེད་རྒྱུ་ཞིག་མ་རེད་ལ། ཆོས་ལུགས་པས་སྤྲོད་ཆོག་ཆོག་ཅིག་མ་རེད། དེ་ནི་བྱམས་པ་དང་། སྙིང་རྗེའི་གཞི་རྩར་བྱས་པའི་ལྟ་གྲུབ་ཡོད་མེད་ལ་རག་ལས་པ་ཞིག་རེད། དེ་ལྟ་བུའི་ལྟ་གྲུབ་དེ་ཡུལ་མི་བྱིངས་ལ་མེད་ཀྱང་། ཡུལ་གྲུ་དེར་དབང་བསྒྱུར་བའི་ཆོས་པ་དང་། ཆབ་སྲིད་པ། འབྱོར་ལྡན་གང་རུང་ལ་ཡོད་ན་ཡང་ཕན་པ་ཞིག་རེད།
དེ་མིན་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་རྩ་བ་ནི་འགྲན་རྩོད་རེད། འགྲན་རྩོད་ཀྱི་རྩ་བ་ནི་ང་བདག་རེད། ང་དང་བདག་ཁོ་ན་གཙིགས་སུ་འཛིན་པའི་ལྟ་གྲུབ་ཇི་ལྟར་མཐོ་ན། འཇིག་རྟེན་འདིའི་ཕན་བདེ་ཟེར་བ་དེ་མིང་ཙམ་ལས་མེད་པ་རེད། འཇིག་རྟེན་འདིའི་མི་འདོད་པ་ཐམས་ཅད་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་ལས་བྱུང་བ་ཡིན་པ་ཤེས་ཐུབ་སོང་ན། ད་གཟོད་མི་དེ་མི་གསོན་པོ་དང་། རྣམ་དཔྱོད་ཅན་ཞིག་ཏུ་འཇོག་ཏུ་རུང་བར་སེམས། དེ་མིན་སེམས་ལ་དྲན་རྒྱུ་ང་། ཁ་ནས་བཤད་ན་ང་། ལུས་ཀྱིས་ལས་ན་ང་། སེམས་ཅན་ཚང་མས་རང་མ་གཏོགས་གཞན་ལ་བསམ་བློ་མ་བཏང་ན། མི་དེ་ནི་དུད་འགྲོ་ལས་ཀྱང་ལོད་པ་ཞེས་སྨྲ་བར་འདོད། དེ་ཕྱིར་གཞན་ཕན་དང་། བྱང་ཆུབ་ཀྱི་སེམས། སྙིང་རྗེ་རྣམས་ཀྱི་གང་ཟག་སུ་ཞིག་གི་རྒྱུད་ལ་ཡོད་ན། ཆེས་གཞལ་དུ་མེད་པའི་ཡིད་བཞིན་གྱི་ནོར་བུ་དང་། དེ་ལ་སེམས་པ་ཙམ་ཡོད་ནའང་འཇིག་རྟེན་གྱི་རྒུད་པ་བསལ་བའི་སྨན་མཆོག་དང་། བྱམས་སེམས་དེའི་སྦྱོར་བ་ལུས་ངག་ལ་མ་འཕོས་ཀྱང་འཇིག་རྟེན་ན་རིན་ཐང་གཞལ་དུ་མེད་པའི་དངོས་པོ་ཞིག་རེད། ཁྱོད་རང་མཁན་པོ་མཆོག་དང་ལྷན་དུ་བདག་མེད་དང་། བདག་ཡོད་སྨྲ་བའི་ལྟ་གྲུབ་གཉིས་ཕན་ཚུན་རྩོད་འདོད་ན་རང་གིས་འདོད་པ་རེད།
ཡང་ཁོས་<<དེ་རིང་བྱེ་བྲག་གི་བརྗོད་དོན་ནི་བསོད་དར་གྱི་མགོ་བདེ་དྲན་འཕྲུལ་སྐོར་ནས་ཡིན་ཙ་ན། དེ་ཉུང་བསྡུས་ཀྱིས་བཤད་པར་བྱ། ཁ་སང་དགོང་མོར་གསེར་རྟ་སྒར་གྱི་ཇོ་མོའི་ཤག་སྒར་ལ་མེ་སྐྱོན་བྱུང་བས། སྟེང་ནས་གནས་ཚུལ་ཛ་དྲག་ཏུ་བརྩིས་ནས་ཀུན་གྱིས་བརྒྱུད་བསྐོར་སྣ་ཚོགས་བྱས། དེ་མཚམས་སུ་བསོད་དར་གྱིས་མེར་འབར་བའི་འདྲ་པར་དག་དྲ་ལམ་ནས་གང་སར་མ་བསྐུར། དེ་ནི་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་ཡོད་རབས་བཤད་འདུག ཁོང་གི་སྐད་ཆ་དེས་ངེད་ནི་ལྷབ་སེ་བཏང་སོང་། གང་ལ་ཞེ་ན། ཁོང་ནི་བདེན་པ་བརྗོད་མཁན་ཞིག་དང་མི་གཞི་དྲང་པོ་བྱེད་དགོས་ཟེར་མཁན་གྱི་མཁན་པོ་ཞིག་རེད་པས། དེ་རེབ་ཤག་སྒར་མེར་འབར་བའི་བདེན་པ་མངོན་གསལ་ཅན་འདི་དྲ་ལམ་ནས་མ་བརྗོད། ཟེར་བའི་སྐད་ཆའི་དོན་ག་རེ་ཡིན་ནམ་ཞེས་པའི་དོགས་པ་དེ་སྐྱེས་པས་སོ། །ཞིབ་འདང་རེ་བརྒྱབ་ན། འདང་མི་དཔོག་པ་ཞིག་མ་རེད། ཁོང་གིས་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་འདུག་ཟེར་བའི་རྒྱུ་མཚན་ཙམ་པོ་བ་དེ་ལ་གོ་དོན་གཉིས་ཡོད་པ་འདྲ།
གཅིག་ནི། སྤྱིར་རྒྱ་ནག་གི་ས་གནས་གང་དུ་མེ་སྐྱོན་བྱུང་ན་མེ་གསོད་རུ་ཁག་ཟེར་བའི་ཚོགས་པ་དེས་གནོད་འཚེ་ཕོག་ཡུལ་དེའི་མི་རྣམས་ཀྱི་འདོད་པ་ཡེ་ནས་སྐོང་མི་ཐུབ། ཁོ་ཚོའི་ལས་ཀ་མ་གཞི་ནས་དལ་ལྷོད་ཅན་ཡིན་པའི་སྒང་ལ་མེ་གསོད་འཕྲུལ་འཁོར་ཡང་ཉུང་ངུ་ལས་མི་གཏོང་། བར་སྐབས་དེར་མེ་འབར་བའི་མཇུག་འབྲས་ཚབས་ཆེན་ཡིན། རྒྱ་མི་རྣམས་ཀྱིས་དེ་ལ་ཅང་ཟེར་མི་ཐུབ། ཡིན་ནའང་། གསེར་རྟའི་ཡུལ་ནི་དེ་ལས་ལྡོག་སྟེ་དེའི་ཐད་ནས་རྒོལ་གཤིས་ཤུགས་དྲག་ལྡན་པས། ལྡོག་ཕྱོགས་ཀྱི་སྣང་ཚུལ་འབྱུང་སྲིད་ངེས་ཡིན། ད་རེབ་ལྡོག་ཕྱོགས་ཀྱི་སྣང་ཚུལ་བྱུང་ཚེ་འབྱུང་འགྱུར་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཟེར་བས་བསྐྱར་འཛུགས་ཀྱི་རོགས་དངུལ་ལ་ཚོད་འཛིན་བྱེད་སྲིད། དེ་ནི་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་ཡོད། དེའི་སྒྲུབ་དཔང་གཅིག་ནི། མཁན་པོ་འཇིགས་མེད་ཕུན་ཚོགས་བཞུགས་པའི་སྐབས་སུ་རྒྱ་གཞུང་གིས་གསེར་རྟ་སྒར་གྱི་སྡོད་ཤག་གཏོར་བཤིག་ཚབས་ཆེན་བཟོས་ཀྱང་མཁན་པོ་ལས་སྣེ་རྣམས་ཀྱིས་གྲྭ་དམངས་ལ་ངོ་རྒོལ་མ་བྱེད་ཅེས་གསུངས་པས་ལྡོག་ཕྱོགས་ཀྱི་སྣང་ཚུལ་བྱུང་མེད་པ་དེའོ། །
དེར་བརྟེན། དེའི་རྗེས་ཀྱི་བསྐྱར་འཛུགས་ནི་ཡག་ཐག་ཆོད་བྱུང་ཡོད་རབས་ཁོ་ཚོས་ངག་ནས་བྱུང་བས་མཚོན།>>ཞེས་ཟེར་། ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་མཚན་དེ་པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་གིས་གནང་བ་ཞིག་རེད། ཆོས་སྒར་དེ་བོད་མིའི་རིག་གཞུང་གི་བསྟི་གནས་དང་། ཆོས་ལུགས་ཀྱི་འབྱུང་ཁུངས། རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཏུ་གྱུར་ཡོད་པས། ཁྱེད་ཅག་ཕྲག་དོག་ཅན་རྣམས་ཀྱིས་བསམ་འཆར་དང་། རྒོལ་བརྡུང་། ཇི་ལྟར་བྱེད་ཀྱང་དོན་དངོས་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཁོང་རྣམས་ཀྱིས་སྤྱི་མོས་བྱས་པ་ལ་བརྟེན་ནས། འདྲ་བར་ཕྱོགས་མཐའ་ཁག་ལ་མ་བཀྲམས་ཞེས་བརྒྱུད་བསྒྲགས་བྱས་པ་རེད། འདྲ་པར་བཀྲམས་མཁན་ཚོས་པར་དེ་བརྒྱུད་ནས་ཆབ་སྲིད་དང་། དཔལ་འབྱོར་འདུ་འགོད་ཕྱོགས་སུ་བསྒྱུར་བའི་ཉེན་ཁ་ཆེ་བས་བཀག་པ་རེད། བླ་རུང་ལ་དཔལ་འབྱོར་ཆར་བཞིན་འབབ་བཞིན་པ་ཡིན་པས། ཕྱོགས་མཐའ་ཁག་གི་སློང་མོ་བ་ཚོས་ཞལ་འདེབས་འབུལ་མི་དགོས། བླ་རུང་ལ་ཆོས་པ་ལས་ཆབ་སྲིད་པ་མེད་པས་ཆབ་སྲིད་ཅན་ཏུ་བསྒྱུར་མི་འོས། དེ་ཕྱིར་འགྲེམས་སྤེལ་བྱ་མི་རུང་བར་བཤད་པ་རེད། གནས་ཚུལ་འདི་འདྲ་བྱུང་དུས་སྲིད་གཞུང་དང་ཆོས་སྒར་བར་དཀྲུག་ཤིང་བཞག་སྲིད་པས། ཚང་མས་ཤིན་ཏུ་ནས་ཀྱང་གཟབ་དགོས། བླ་རུང་ན་བཞུགས་པའི་དགེ་འདུན་པ་གྲྭ་བཙུན་གཉིས་པོས་དུས་ནམ་ཡང་ཡིད་ལ་འཇག་དགོས་པ་ནི། མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་དང་། སྟོན་པའི་བཀའ་དྲིན་རེད། དེ་མིན་ལོག་ལྟ་ཅན་ཚོས་ཇི་ལྟར་བཤད་ཀྱང་ཁ་ཡ་མ་བྱེད་ན་ལེགས་པར་སེམས།
ཡང་ཁོས་<<གཉིས་ནི། གསེར་རྟ་སྒར་གྱི་ཇོ་སྒར་དེའི་ནང་ན་ཇོ་མོ་སྟོང་ཕྲག་བདུན་ཙམ་ཡོད། མང་ཤོས་དགེ་བསྙེན་གྱི་སྡོམ་པ་བཞེས་མཁན་རྐྱང་རེད། ཁོ་ཚོས་བན་དེ་ཟེར་བའི་དགའ་པོ་གཅིག་བཙལ་ཆོག་ས་རེད། ཁྱོད་ལ་བན་དེ་ཨེ་ཡོད་ཟེར་བ་ལྟ་བུ་ནི་ཁོ་ཚོའི་ཁ་པར་གཏོང་སྐབས་རྒྱུན་པར་དྲི་ཆོག་པའི་ལུགས་སྲོལ་དུ་གྱུར་ཚར་འདུག དེར་བརྟེན། གསེར་རྟ་སྒར་ནི་བརྩེ་དུངས་ཀྱི་གླིང་ཚོམས་ལྟར། ཇོ་མོ་དང་བན་དེ་གཉིས་ཀྱི་བརྩེ་དུང་མངོན་པའི་དེང་གི་སློབ་གླིང་ལྟ་བུ་ཞིག་ཏུ་གྱུར་ཡོད། ཉེ་འདབ་ཀྱི་རྫོང་མཁར་དེའི་སྨན་ཁང་དུ་ཇོ་མོ་བྱིས་པ་འདེད་མཁན་མང་པོ་ཆགས་ཡོད། དེ་ནི་རྒྱ་ནག་གིས་ཨེ་ཙའི་ནད་པའི་གྲངས་འབོར་གསང་བ་བཞིན་ཁོ་ཚོས་ཀྱང་བྱ་ངན་དེ་གསང་བ་བྱེད་ཀྱི་ཡོད། ཉེ་སྔོན་ངེད་ཀྱི་གྲོགས་པོ་ཞིག་གསེར་རྟ་སྒར་དུ་ཕྱིན་ནས་འདྲ་པར་མང་པོ་བརྒྱབ་འདུག དེའི་ཁྲོད་ནས་གསེར་རྟ་སྒར་གྱི་དེའུ་འབུར་ཆུང་ཆུང་ཞིག་གི་འགབ་ན། ཕོ་མཚན་མགོ་ལ་བསྐོན་རྒྱུའི་འགྱིག་ཤུབས་སམ་ཡང་ན་སྲུང་ཤུབས་ཀྱི་ཕུང་པོ་ཞིག་ཡོད་པ་དེ་པར་བླངས་འདུག དེའི་མཚོན་རྟགས་ནི། གསེར་རྟ་སྒར་དུ་སྲུང་ཤུབས་སྤྱོད་པའི་གྲངས་ཚད་མཐོ་རུ་ཕྱིན་པ་དེ་མཚོན་ཐུབ་པར་མ་ཟད། གསེར་རྟ་རྫོང་གི་སྲུང་ཤུབས་ཀྱི་ཚོང་ནི་བྲིན་ཤོས་སུ་གྱུར་སྐད་འདུག དེར་བརྟེན། གསེར་རྟ་སྒར་གྱི་ཁྱིམ་པ་སུན་འབྱིན་གྱི་སྣང་ཚུལ་དེ་དག་དད་ལྡན་མང་ཚོགས་ཀྱིས་ཤེས་ཐུབ་པའི་མཐུན་རྐྱེན་མང་ནས་མང་དུ་འཕེལ་གྱིན་ཡོད། ལྷག་ཏུ་དེ་རེབ་ཀྱི་སྣང་ཚུལ་དེ་དྲ་ལམ་ནས་ཤུགས་ཆེན་པོར་གླེང་ན་དེའི་ཞོར་དུ་གསང་བ་ཆེན་པོ་དེའི་རྐུབ་ཀྱང་རང་བཞིན་གྱིས་མངོན་འོང་སྲིད། གལ་སྲིད། སྣང་ཚུལ་དེ་དག་དད་ལྡད་མང་ཚོགས་ཀྱིས་ཤེས་ན་དེ་ནི་ཏག་ཏག་གསེར་རྟ་སྒར་གྱི་དར་རྒུད་ལ་འབྲེལ་ཡོད། དར་རྒུད་ཁ་ལ་འཁྱེར་ནས་གཞུང་ལ་ངོ་སྲུང་དང་དམངས་ལ་གཅམ་གསག་སྨྲས་ཏེ། གསེར་རྟ་སྒར་གྱི་ནང་སྙིང་རྫོབ་རོ་དེ་སྦས་གྲབས་བྱེད་ཀྱིན་ཡོད་པ་རེད།>>ཅེས་ཟེར། ད་འདི་ནས་ཁྱོད་ནི་བོད་མི་རིགས་ལ་དུང་སེམས་དཀར་བའི་ལ་རྒྱ་ཅན་ཞིག་དང་། རིག་གཞུང་ལ་དུང་བ་ཟབ་པའི་བོད་ཀྱི་མི་བུ་ཞིག་མ་ཡིན་པ་གཞི་ནས་རྟོགས། ཁྱོད་ནི་ངོ་མ་མི་རིགས་ཀྱི་ཞབས་འདྲེན་དང་། བོད་ཀྱི་རིག་གཞུང་དང་། དགོན་སྡེ་ཡོད་ཚད་ནས་ཡོད་ཚད་མེད་ན་བསམ་པའི་ཞེ་ངན་འཆང་བའི་གང་ཟག་ཅིག་ཡིན་པ་ཅིས་མི་རྟོགས། གསེར་རྟ་སྒར་ལས་ལྷག་པའི་ཆོས་སྒར་ཞིག་དང་། གྲྭ་བཙུན་གཙང་བ། ཕྱི་ནང་གཉིས་ལྡན་ཞིག་འཇིག་རྟེན་འདིར་མེད་ངེས་པས། ཁྱེད་རང་ཕྲག་དོག་གིས་སྨྱོས་པའམ། ཡང་ན་ཕྲག་དོག་ཅན་ཞིག་གིས་གཞེན་བསྐུལ་ཐེབ་པ་འདྲ་བས། དོན་དངོས་ཁྱེད་རང་གི་བསམ་བློ་ནོར་ཡོད་མེད་ལ་བརྟགས་ན་ལེགས། ཁྱོད་ལ་གསེར་རྟའི་ཆོས་སྒར་གྱི་རི་མགོ་ནས་བཏབ་པའི་པར་ཞིག་ཡོད་ན། ཁྱོད་དང་ཁྱོད་ཀྱིས་གྲོགས་པོ་གཉིས་ཀྱིས་བསམ་བཞིན་དུ་བྱས་པ་ཐག་བཅད་དེ་སྨྲ་བར་སྤོབས། ཁྱོད་གཉིས་ཀྱིས་སྲུང་ཤུབ་ཁུར་ཏེ་གསེར་རྟ་ལ་སོང་། དེ་ནས་པར་བླང་ཁུལ་བྱས། ད་འགྲེམས་སྤེལ་བའི་ཆེད་དུ་གོ་སྐབས་བསྒུག་ནས་བསྡད་ཡོད་རྒྱུ་རེད། སུ་ཞིག་གིས་ཁྱོད་ལ་སྒོར་མོ་སྤྲད་སོང་། གང་ཞིག་གིས་བསྐུལ་མ་བྱས་སོང་། ངོ་མ་ཁྲེལ་མེད་རེད་ཡ།
ཡང་ཁོས་<<དེ་བས། བསོད་དར་ནི་མགོ་བདེ་དྲན་འཕྲུལ་ཅན་ཞིག་རེད། ཁོང་དེ་སྔོན་ཡོ་རུབ་ཏུ་ཕྱིན་ནས་རྒྱའི་ཉན་ཐོས་རིགས་ཁྱུ་ཞིག་དང་ལྷན། ཏཱ་ལའི་བླ་མ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཡོང་བའི་རེ་བ་ཤུགས་དྲག་ཞུས་འདུག་མོད། གཟིམ་ཆུང་གོ་སྒིག་ཚོགས་ཆུང་དེས་ཁོང་ལ་རྒྱང་མཇལ་མ་གཏོགས་ཉེ་མཇལ་གྱི་གོ་སྐབས་ཁྱོན་ནས་སྤྲད་མི་འདུག ཁོང་གི་དམིགས་ཡུལ་དེ་ཤེས་སླ་སྟེ་ཁོང་གིས་ཏཱ་ལའི་བླ་མ་མཆོག་དང་ལྷན་འདྲ་པར་བླངས་ནས། ཕྱིར་རྒྱལ་ནང་དུ་ལོག་སྟེ་རྒྱའི་ཉན་ཐོས་རྣམས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏང་རྒྱུ་ཡིན་པ་དེའོ།།>>ཞེས་ཟེར། མཁན་པོ་མཆོག་ཡུ་རོབ་དུ་ཕེབས་དུས་གོང་ས་མཆོག་དེར་ཕེབས་ཡོད་པ་ངས་ཤེས་མ་སོང་མོད། གལ་སྲིད་ཡོད་པའི་དབང་བཏང་རུང་། ཁོང་གོང་ས་མཆོག་མཇལ་དུ་ཕྱིན་རུང་། དེ་ལ་ཉེས་འགལ་ཆེན་པོ་ཞིག་ཡོད་པར་མི་སེམས། ཁྱོད་ཀྱིས་འདི་ནས་སྲིད་གཞུང་དང་གསེར་རྟ་སྒར་གཉིས་བར་དཀྲུག་ཤིང་བཞག་འདོད་པ་དེ་ལྷང་ལ་བུད་འདུག་མོད། སྲིད་གཞུང་གིས་ཆོས་ལུགས་དད་པ་རང་མོས་རེད། སུ་ལ་དད་ན་ཡང་ཆོས་ཀྱི་ཕྱོགས་ནས་དགག་བྱ་མེད་པར་བཤད་བཞིན་པ་རེད། ཁོང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་པར་དད་པ་དང་། མཇལ་བ་ལ་ཧ་ལས་དགོས་དོན་གང་ཡང་མི་འདུག ད་བསམ་བཞིན་བསམ་བཞིན་ཁྱོད་ནི་བོད་ཀྱི་སྲོག་རྩ་གཅོད་པའི་གཤེད་མ་ཞིག་དང་། གསེར་རྟའི་ཆོས་སྒར་རྒྱས་པ་ལ་མི་དགའ་བའི་གང་ཟག་གསོན་པོ་ཞིག་ཡིན་པར་ངེས་སོ། །
ཡང་ཁོས་<<ཡིན་ནའང་། ཁོ་བོས་ལྡོག་ཕྱོགས་ཀྱི་སྐད་ཆ་ཞིག་བཤད་ན། བསོད་དར་ནི་རྗེས་མ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པའི་སྤྲུལ་སྐུ་འདེམས་བསྒྲིགས་ཨུ་ཡོན་ལྷན་ཁང་གི་འཐུས་མི་སྟོབས་ལྡན་ཞིག་ཆགས་པའི་ཉེན་ཁ་ཡོད། གང་ལ་ཞེ་ན། ཁོང་ལ་ནང་བསྟན་ལ་རྒྱུས་མངའ་ཆེན་པོ་མེད་པའི་བོད་ནང་གི་རིག་གནས་པ་དག་གི་བློ་སྣ་བསྒྱུར་པའི་སྟོབས་རྩལ་འཛོམས་ལ། བོད་ཡིག་མི་ཤེས་ཤིང་རྒྱ་ཡིག་ཤེས་པའི་བོད་པ་མང་ཤོས་ཀྱིས་ཀྱང་ཁོང་ལ་བཀུར་ བསྟི་བླ་མེད་བྱས་དང་བྱེད་ཀྱིན་ཡོད། བོད་ནང་དུ་བོད་ཀྱི་མང་ཚོགས་དང་ཤེས་ལྡན་པ་གཉིས་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་ནི་གསེར་རྟ་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་ནམས་དར་རྒྱས་གཉིས་ལས་གཞན་མེད། འདི་གཉིས་ད་ལྟ་ནས་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པས་རྗེས་མར་ཁོང་གཉིས་ལག་ཆར་བཀོལ་ན། བོད་ལ་ནང་འཁྲུག་ཆེན་པོ་ཞིག་འབྱུང་ངེས། དེ་བས། འདི་གཉིས་ཀྱི་མགོ་བདེ་དྲན་འཕྲུལ་གྱི་རིགས་ལ་གཟབ་དགོས་པ་འདྲ།>> ཞེས་ཟེར། ད་འདི་ནས་ཁྱོད་ལ་ཞེན་པ་ལོག་ཅིང་། ལན་འབྲི་སྙིང་མི་འདོད་པ་ཆགས་སོང་མོད། ཨུ་ཚུགས་ཀྱིས་ཅུང་ཟད་བཤད་ན་བསམ། མཁན་པོ་ཁོང་རྣམ་པ་གཉིས་ཀྱིས་བོད་དང་། བོད་མི་རིགས། སེམས་ཅན་ཐམས་ཅན་ཆེད་དུ་འབད་བརྩོན་གནང་བཞིན་པ་ལ། ཁྱོད་སྙིང་མི་དགའ་བ་ཇི་ལྟར་འགྱུར་སོང་། གོང་ས་མཆོག་སྐུ་འཕྲེང་བཅོ་ལྔ་པ་ལ་ཁོང་གཉིས་ཀྱིས་ལག་པ་མི་འཆང་བ་ངས་ཐག་བཅད་དེ་སྨྲ་ཆོག ཁོང་གཉིས་ཀྱིས་བོད་བྱིངས་ལ་ཤུགས་རྐྱེན་ཆེན་པོ་འཐེབས་བཞིན་པ་ཡོངས་གྲགས་རེད། དེ་ལ་ཕྲག་པ་དོག་དགོས་པ་འདུག་གམ། བོད་པ་ཞིག་གིས་བོད་ལ་ཕན་ཐོགས་སོང་ན་འགྲིགས་པ་རེད། ཁོང་གཉིས་བོད་ལ་སྐྱེ་བ་བླངས་པའི་དོད་དུ་དྲིན་ལན་འཇལ་བ་ལས། ཐུགས་ན་ནམ་རྒྱུན་ནས་སེམས་ཅན་ཐམས་ཅད་ཡོད་པ་ལས། བོད་གཅིག་པུ་དང་། བོད་རང་ལས་གཞན་ལ་ཕན་ཐོགས་རྩ་བ་མི་བྱེད་ཟེར་མཁན་དང་། བོད་ལ་ཆགས་ཤིང་། རྒྱ་ལ་སྡང་བའི་ཆགས་སྡང་ཅན་གྱི་གང་ཟག་ཅིག་གཏན་ནས་མ་རེད། ངས་བསམ་ན་ཁྱོད་རང་གིས་སྐད་ཆ་འདི་དག་གིས་ཁྱོད་རང་གི་རང་གཤིས་ངོ་མ་དེ་ལྷང་ལ་ཕུད་འདུག་བསྙམ། བོད་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་ན་བཟང་བས། ད་ཕན་ཁ་རོག་ལ་འདུག་རོགས་ཞུ། །
སྤྱི་ལོ་༢༠༡༤ ཟླ་བ་༡ ཚེས་༡༡ ལ་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མས་དབྱིན་ཇིའི་བྱང་ཕྱོགས་ནས།
ཆོས་དང་འཇིག་རྟེན་གཉིས་ཀྱི་གནད་ལུགས་ཐོག་ཏུ་ཤེས་ཚོད་ཧང་ཅང་སྐྱོ་བའི་ཨོ་ཉི་བཀོར་ཁུག་ཁྱོད་ཀྱིས་ལོ་མང་རིང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཡར་ཁུར་ནས་སྤྱང་སྣ་ལྡོག་ལྡོག་དང་། མར་ཁུར་ནས་འཕར་སྣ་ལྡོག་ལྡོག་བྱས་ནས་དཀྲུགས་ཤིང་བརྒྱབས་སོང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མི་མང་པོའི་བར་དུ་དཀྲུགས་སོང་། མི་མང་པོ་དང་མཐུན་ལམ་མེད་པ་བཟོས་སོང་།
ད་ཡང་མཁན་པོ་བསོད་ནམས་དར་རྒྱས་འདིར་ཁུར་ཡོང་ནས་དཀྲུགས་ཀྱི་ཡིན་ནམ། མི་ཁྱོད་ལ་ངོ་མ་རྩ་མི་ཚང་འདུག སྤྲུལ་ཁོག་ཁྱོད་རང་ཁ་བཙུམ་ནས་སྡོད། མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་གི་དགེ་ཕྲུག་དྲག་ཤོས་ཁོང་གཉིས་རེད། མ་གཏོགས་སྤྲུལ་ངན་ཁྱོད་འདྲ་བའི་ཡང་སྲིད་ཀྱིས་བོད་མི་རིགས་དང་སངས་རྒྱས་བསྟན་པ་གནོད་ཀྱི་འདུག་ཅེས་གསུངས་ཡོད་རེད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་སྤྲུལ་སྐུའི་ཡང་སྲིད་མི་དགོས་ཅེས་གསུངས་འདུག གནད་དོན་འདི་དག་མ་གོ་མདོག་མདོག་དང་མ་ཐོས་མདོག་མདོག་བྱས། མི་དགོས་པའི་དཀྲུགས་ཤིང་རྐྱང་རྐྱང་རྒྱག ཨ་་་ཁཁཁཁཁཁཁཁཁཁཁ ཕུང་སུམ་པ་ཡིན་ན་ཅི་གསོད་ཀྱི་ཡིན་མདོག་མདོག་བཤད། བཀོར་ཁུར་ཁྱོད་ཀྱིས་མཁན་སྒར་ཁྲག་དཀྲུགས་དཀྲུགས་བྱས་མ་ཡོང་ཨ། ང་ཚོའི་ཡུལ་ལུང་དང་འབྲེལ་བ་ཡོད།
བོད་མི་རིགས་མགོ་བོ་ཡར་བཀྱགས་མི་བཅུག་པའི་སྤྲུལ་སྐུའི་ལམ་ལུགས་འདིའི་སྐོར་གཅིག་གླེང་དགོས་བསམས་ནས་བསྡད་ཡོད། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་དགོངས་པ་དང་། མཁན་ཕྲུག་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ། བོད་པའི་ཤེས་ཡོན་ཅན་ཚོའི་བསམ་ཚུལ། སྤྲུལ་ཁོག་རྒྱལ་བཙོང་བ་ཚོའི་བྱ་སྤྱོད། སྤྲུལ་ངན་བཀུར་ཁུག་འདྲ་བ་ཚོའི་རུལ་སུངས། སྤྲུལ་དམར་ཝ་མོ་འདྲ་བ་ཚོའི་སླུ་ཁྲིད། འདི་དག་གི་སྐོར་ལ་གླེང་འདོད་ཡོད་ན་མུ་མཐུད་ནས་ཡོང་གི་ཡིན།
ཨོ་ཉི་མཆོག་
ཁྱོད་ཀྱིས་་་༼མངོན་གྱུར་གྱི་ཆོས་ལས་ལྐོག་གྱུར་རྩ་བ་ནས་ཁས་མི་ལེན་པའི་རྒྱང་འཕེན་པ་ནང་བཞིན་གྱུར་པ་དེ། རྗེས་དཔག་གི་རྟགས་དང་། གཏན་ཚིག ཚད་མ་ལ་ཡིད་ཆེས་རྙེད་ནས་རེད་པས།༽ཞེས་བཤད་འདུག
རྗེས་དཔག་གི་རྟགས་ཅེས་བྲིས་པ་ཙམ་གྱི་ཁྱོད་ལ་བསྟན་བཅོས་ཚད་མ་རྣམ་འགྲེལ་སྐོར་ལ་ཤེས་ཚོད་མེད་པར་དཔག་ཐུབ་ཀྱི་འདུག རྟགས་ལ་དབྱེ་ན། རྟགས་ཡང་དག་དང། རྟགས་ལྟ་སྣང་གཉིས་ཡོད་རེད། དེ་གཉིས་ཀྱི་ཁུངས་སུ་རྗེས་དཔག་གི་རྟགས་ཟེར་བ་ཞིག་ཡོད་མ་རེད།
རྗེས་དཔག་ཟེར་ན་ཤེས་པ་ཞིག་རེད། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་བྱུང་བའི་རྟོག་པ་ཞིག་རེད། དེར་ཤེས་པ་བྱོས། ཚིག་གི་འགྲོ་ལུགས་ཙམ་ཡང་ཡག་པོ་ཞིག་བྲིས་་ཤེས་མི་འདུག ཧཧཧ
བོད་ཀྱི་སྤྱི་ཚོགས་ཁྲོད་རང་གི་དབང་ཤུགས་ཡུན་གནས་སམ། གནས་བབ་
ཡུན་གནས། ཕྱོགས་གཏོགས་ཡུན་གནས། རང་ཉིད་ཆེས་ཡ་མཚན་པ་ཞིག་ཏུ་མཐོང་
ཆེད་སོགས་རྒྱུ་མཚན་སྣ་མང་ཞིག་ལ་བརྟེན་ནས་ཡང་སྲིད་ངོས་འཛིན་བྱེད་པའི་
སྲོལ་ཀ་ཞིག་ལག་བསྟར་བྱས་འདུག་པ་འདིས། བོད་ཀྱི་སྤྱི་ཚོགས་ཧྲིལ་བོ་ཆེས་མུན་
ནག་ཅན་དང་ཆེས་རྨོངས་དད་ཅན། ཆེས་གླེན་རྨོངས་ཀྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་
ཡོད་པའང་ཤེས་དགོས། དཔེར་ན། རང་གི་བཟའ་བཏུང་ཙམ་ཡང་ཐབས་འཚོལ་
བྱེད་མི་ཤེས་པའི་བྱིས་པ་བསམ་མེད་ཅིག་ལ་བླ་མ་ཆེ་གེ་མོ་ཞིག་གི་མིང་བཏགས་
ནས། ངོ་མཚར་བླ་ན་མེད་པ་ཞིག་ཏུ་བཀུར་ཏེ་མང་ཚོགས་ལ་བཤུ་གཞོག་གཏོང་བ།
ཆེ་གེ་མོ་ཞིག་གི་ཡང་སྲིད་ཀྱི་མིང་ཡོད་ན། ནག་ཆང་འཇོལ་ཉོག་ཏུ་སྤྱོད་ཅིང་། དད་
ལྡན་མང་ཚོགས་ཀྱི་འབུལ་དངོས་རྣམས་ཆང་ཁང་དང་གཞང་ཁང་། རྒྱན་སྐུགས་ཁང་
སོགས་ན་ཕངས་མེད་དུ་སྟོར་བའི་མི་འུ་ཙམ་པོ་པ་དེ་དག་ལ་ཡང་དད་པ་བརླག་མི་
ཆོག་པའི་འཇིགས་སྐུལ་བླ་འདར་བ་རེ་བྱེད་པ་འདིས། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་
སམ། ཡང་སྲིད་བརྩད་གཅོད་བྱེད་པའི་ལམ་ལུགས་འདིས་བོད་ཀྱི་སྤྱི་ཚོགས་རྨོངས་
པར་བྱས་ཡོད་པ་ཧ་ཅང་གསལ།
ཨོ་ཉིས་སྤུན་གྲོལ་ལ་ལན་ཡག་པོ་བྲིས་འདུག་་་རྣམ་དཔྱོད་དང་ལུང་རིགས་ལྡན་པའི་དགག་སྒྲུབ་ནི་ལེགས་ལ་དེ་མིན་བྱིས་པ་དང་རྒན་མོས་ཚིག་ལྟར་ལན་འདེབས་དང་ཁ་ཡ་བྱེད་ནའང་ངལ་བའི་རྒྱུ་རུ་ཟད། དེ་མིན་སྤུན་གྲོལ་ནི་དེ་ལྟར་རང་མཐོང་་་་་ཁྱོད་ཀྱིས་འདི་ནས་སྲིད་གཞུང་དང་གསེར་རྟ་སྒར་གཉིས་བར་དཀྲུག་ཤིང་བཞག་འདོད་པ་དེ་ལྷང་ལ་བུད་འདུག་མོད། སྲིད་གཞུང་གིས་ཆོས་ལུགས་དད་པ་རང་མོས་རེད། སུ་ལ་དད་ན་ཡང་ཆོས་ཀྱི་ཕྱོགས་ནས་དགག་བྱ་མེད་པར་བཤད་བཞིན་པ་རེད། ཁོང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་པར་དད་པ་དང་། མཇལ་བ་ལ་ཧ་ལས་དགོས་དོན་གང་ཡང་མི་འདུག ད་བསམ་བཞིན་བསམ་བཞིན་ཁྱོད་ནི་བོད་ཀྱི་སྲོག་རྩ་གཅོད་པའི་གཤེད་མ་ཞིག་དང་། གསེར་རྟའི་ཆོས་སྒར་རྒྱས་པ་ལ་མི་དགའ་བའི་གང་ཟག་གསོན་པོ་ཞིག་ཡིན་པར་ངེས་སོ། །
དམ་པ་དགེ་ཆོས་མཆོག་གི་ཚིག་ཞིག་དྲན་བྱུང་།
རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས།
མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད།
ཕ་ཡི་དཔང་པོ་བུ་ཡིས་བྱས་པ་འདིས།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་།།།ཞེས་གསུངས་འགུ་ལེ།
ཨོ་རྒྱུན་ཉི་མ་སྤྲུལ་སྐུའི་མཚན་ལས་སྐྱེས།
སྤྲུལ་སྐུ་བཟང་ངན་ཨོ་རྒྱུན་ཉི་མས་དཔྱད།
རྐུ་མའི་དཔང་པོ་ཇག་པས་བྱས་པ་འདིས།
ཕུང་སུམ་སུ་ཡིན་འཇོག་ལ་བློ་མ་བདེ།་་་་་་ཧཧཧ
གཞས་ར་ཁྲ་མོ་རྡོ་ལ་སོ། །
རྡོ་ལོག་འཕངས་ན་མགོ་ལ་སོ། །
བླ་རུང་ཆོས་སྡེ་ཆེན་མོ་ནི། འཛམ་གླིང་གི་ཆེན་ཆེ་བའི་ནང་པའི་བསྟི་གནས་ཆེན་པོ་དང་། སྒྲིག་ཁྲིམས་དམ་ཞིང་སློབ་སྦྱོང་ལ་བརྩོན་པ། མང་ཆེ་བ་འདོད་ཆུང་ཆོག་ཤེས་ངང་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བས་བཀའ་གདམས་གོང་མའི་རྣམ་ཐར་དབང་མེད་དུ་དྲན་པར་བྱེད་པའི་དགེ་འདུན་འདུས་པའི་སྡེ་ཆེན་པོ་ཞིག་རེད། གོང་གི་དགུ་རོང་སྤྲུན་གྲོལ་གྱི་བཤད་པ་ཁག་ནི་གཡོ་སྒྱུ་དང་གཡམ་རྒྱུགས། ཕྲག་དོག་གིས་ཀུན་ནས་བསླང་བའི་ཆགས་སྡང་གི་གཏམ་ཁོ་ནར་ཟད། ཕྲན་གྱི་གྲོགས་པོ་དང་ངོ་ཤེས་དུ་མ་བླ་རུང་དུ་ཡོད་ལ། ཕྲན་ཡང་དེར་ལན་གཅིག་འགྲོ་མྱོང་། མཇལ་མ་ཐག་ཏུ་དགེ་འདུན་འདུས་པའི་སྡེ་ཞུ་ན་འདི་འདྲ་ཞིག་ལོས་ཡིན་སྙམ་ནས་མོས་པ་དབང་མེད་དུ་སྐྱེས་སོང་། རྒྱུན་དུ་གནས་དེར་མོ་ཁྲིམས་ཡོད་པས་གྲྭ་བ་དང་བཙུན་མ་ཕན་ཚུན་གྱི་ནང་དུ་འགྲོ་མི་ཆོག ཚོང་ཁང་ནང་དུ་ཅ་ལག་ཉོ་བར་ཡང་ལྷན་ཅིག་ཏུ་འགྲོ་མི་ཆོག མ་དང་སྲིང་མོ་སོགས་ཟས་སྐྱེལ་དུ་ཡོང་སྐབས་ཀྱང་ནང་དུ་འོང་མི་ཆོག རི་རྩེ་ཕན་ཚུན་དུ་སྤྲོ་བསང་ལ་འགྲོ་སྐབས་ཀྱང་ཕོ་མོ་ཁྲིམས་གྲོགས་མེད་པར་གཅིག་པུར་འགྲོ་མི་ཆོག་པའི་གནས་ཚུལ་མཐོང་བྱུང་། ལོ་རེར་འོད་དཔག་མེད་དང་། རྡོར་སེམས་སོགས་ཀྱི་དུས་མཆོད་ཆེན་པོ་འཚོགས་སྐབས་ཕྱོགས་ནས་འདུས་པའི་མི་སེར་འབུམ་ཕྲག་བརྒལ་བས་རྒྱུན་ལྡན་དང་ཅུང་ཟད་མི་འདྲ། མཐོང་ཐོས་མེད་ཀྱང་རྒྱ་བོད་ཀྱི་བླ་ཆེན་རྣམས་ཀྱི་དུས་འཁོར་དབང་ཆེན་གསུང་སྐབས་དང་། ཆོས་ཚོགས་ཆེན་པོར་སྐབས་འཚོལ་ཞིང་གླགས་བལྟ་བའི་ཚོང་པ། དཀྲུགས་མཁན། ཕོ་འཚོལ། མོ་འཚོལ། ཇོ་སེར་མཉམ་འགྲོ་བྱེད་མཁན་གང་དུའང་ཡོད་པས་སོ།།མཁན་ཆེན་དམ་པ་བསོད་དར་རྒྱས་ནི་༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་ཞལ་འཛོམས་སྐབས་ལྷན་དུ་ཡོད་པས་མཇལ་ཁ་མ་ཐོབ་ཟེར་བ་ཡང་ཆ་མེད། རྒྱུས་མེད། གཞི་མེད་ཀྱི་སྐུར་འདེབས་ཁོ་ནའོ། ། ཀུན་གྱིས་ཤེས་དགོས་པ་ཞིག་ནི། གསེར་རྟ་བླ་རུང་དུ་ཡོད་པ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་རེད། ནང་པ་ཤ་སྟག་རེད། ཞལ་ཐོས་བསམ་ཀྱི་ཕྱོགས་ལ་འཁོར་བའི་སློབ་གཉེར་བ་རེད། དགེ་བསྙེན། བཙུན་མ། རབ་བྱུང་སྡོམ་པ་བླང་ཡོད་པ་འབའ་ཞིག་རེད། བོད་ཀྱི་རྒྱན་རེད། འདི་ལ་ཁ་གཏད་དུ་ལང་ན་བོད་རང་གི་མི་རིགས་ལ་ཁ་གཏད་དུ་ལངས་པ་རེད། དགྲ་གཉེན་གོ་ལོག་པ་རེད། སློབ་གཉེར་པ་ཞིག་ལ་བརྙས་སྨོད་བྱེད་པ་ཡང་། བྱེ་བྲག་པ་འགའ་ཞིག་གི་ནག་ཉེས་སྤྱི་ལ་བསྔོབ་བླུན་སྤྱོད་ཉག་གཅིག་རེད། མི་རིགས་ཞིག་དང་ཆོས་ལུགས་ཀྱི་སྣེ་ཁྲིད་མཁན་གྱི་སློབ་གྲྭ་འདི་དར་ཞིང་རྒྱས་ན་རང་རེར་དགེ་ཕན་ལས་སྐྱོན་མེད་པའི་ཚུལ་ལ་དགོངས་མཛོད། གཞན་གྱི་ལེགས་པའི་ཡོན་ཏན་གླེང་དུས་བློ་མི་བདེ་བ་འབྱུང་ན་དེ་ཕྲག་དོག་ཡིན་པར་ངོས་ཟུངས་ཤིག ཕྲག་དོག་ཅན་གྱི་ཕྱི་ནང་གི་ཉེར་ལེན་གྱིས་རང་ཉིད་ཉོན་མོངས་པ་དང་། འཁྲུགས་པ། སེམས་འཚིག་པ། མི་བདེ་བ་འབའ་ཞིག་འབྱུང་བས་དོན་དུ་རང་གིས་སྡུག་བསྔལ་འབད་ནས་བསྒྲུབས་པ་ཡིན་ནོ། །སྨྲས་པ། གསོང་བོར་སྨྲ་ལ་དྲི་མེད་ལྷག་བསམ་དགའ།།མཐོང་ཐོས་ཚུལ་བཞིན་སྨྲས་པ་འདི་ཙམ་མོ།།བདེན་པས་རྫུན་པ་འཇིག་ལ་ཕྱོགས་པའི་སྐབས།།ཐ་མའི་ཤི་སྐད་བརྗོད་ལ་ལན་མི་འཚལ།།
དགུ་སྤུན་འདྲ་བོ་ལན་རྒྱབ་རྒྱབ་པ་དེ་དུས་ཚོད་འཕྲོ་བརླག་རེད།
སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེས་གནད་ལ་ཕོག་པར་གསུངས་འདུག བསྔགས་བརྗོད་ཡོད། ལྟས་ངན་དགུ་རོང་དེ་ཚོའི་རྣ་བ་ནི་བོང་བུའི་རྣ་ཅོག་ཏུ་གསེར་ལས་གཞན་མི་འདུག་དྲན།
རྩོམ་འགོར་དེང་སང་བོད་ཀྱི་གཞོན་སྐྱེས་ཚོ་ཟེར། དེང་སང་བོད་ལ་གཞོན་སྐྱེས་ག་ཚོད་ཙམ་ཞིག་ཡོད་རེད། ཡིན་ནའི་རྩོམ་ནང་བརྗོད་ཡག་དེ་གཞོན་སྐྱེས་གཅིག་རེད་་་་འདི་ཡང་རྩོམ་འཆལ་རེད་འདུག ཕག་ཟེ་གཅིག་གིས་ཚང་མར་རྩི་གཅིག་པ་བཏང་ན་དེ་ཡང་ཐང་ཐང་མེད་པའི་རྟགས།།
སྙན་ངག་གྱེར་འདོན་ཞེས་པ་དེ། རྒྱ་མི་རིགས་ཀྱིས་བསྟོད་ཚིགས་ཀློག་སྟེངས་ཤིག་རེད། ཀློག་ཚུལ་འདི་གསར་བཏོད་ཡིན་པར་མ་སེམས་ཤིག
གསེར་རྟ་སྒར་དང་། གསེར་རྟའི་མཁན་ཆེན་རྣམས་ལ་ཁ་གཏོང་མཁན་ཞིག་ཡོད་ན། ཕྲག་དོག་ལས་མ་འདས་སོ། །གྲྭ་ལོག་ལྟ་ལོག་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཚང་ན་ལྟས་ངན་ཡིན། དཔེར་ན་ཅོ་རི་ཉི་མ་བཞིན། ཧཧཧཧཧཧ
བླ་ལོག་ལྟ་ལོག་ཟོག་རྫུ་གསུམ་གང་ཟག་གཅིག་གི་སྟེང་དུ་ཚང་ན་ལྟས་ངན་ཉེར་དགུའི་གླུད་ཡིན། དཔེར་ན་ཨོ་ཉི་བཞིན། ཧ་ཧ་ཧི་ཧི།
ཨོ་ཉི་འདིས་གཅིག་བྲིས་ཡོང་དུས་མགོ་བཙུགས་མ་ཐག་རང་སྟེང་དུ་ཡོད་པའི་སྤྲུལ་མིང་འོག་གཉའ་གནོན་དང་བཤུ་གཞོག་གཏོང་རྒྱུར་བར་དུ་གཅོད་མཁན་ཞིག་ཡོད་ན་ཁོས་གནས་ལུགས་ལ་མི་བལྟ་བར་ཁ་གཉེར་སྣ་གཉེར་བྱེད་པ་ནི་རྒྱུན་གཏན་གྱི་ཁོ་པའི་བྱ་སྤྱོད་གཅིག་རེད། ཅང་ཧ་ལས་རྒྱུ་མི་འདུག།
ང་ལ་གྲྭ་ལོག་རེད་ཟེར་ན་ངོས་ལེན་ཡོད། དེ་མིན་ལྟ་ལོག་དང་། ཟོག་རྫུ་ཟེར་ན་ངོས་ལེན་མེད་དོ། ང་ནི་དུས་ནམ་ཡང་ཟོག་པོ་ཚོར་མི་དགའ་བའི་གང་ཟག་ཅིག་དང་། ཆོས་པ་ཡིན་ན་ཆོས་རྣམ་དག་སྒྲུབ་དགོས་པ་དང་། ཆབ་སྲིད་པ་ཡིན་ན་ཆབ་སྲིད་གཙང་མ་དགོས་པར་བཤད་མཁན་ཞིག་ཡིན། དེ་ཕྱིར་ཞོལ་གཡག་ཁྱེད་རང་གིས་བཤད་པ་ཚང་མ་དོན་ཐོག་ཏུ་འཁེལ་མ་སོང་།
ཅི་ཙམ་སྤྲུལ་སྐུ་དར་སྲོལ་ཤུགས་ཆེ་ན།།
གངས་ཅན་པ་ཡི་ལས་དབང་དེ་ལྟར་གནོད།།
འདིར་རྩོད་པ་དང་བགྲོ་གླེང་ཡག་པོ་ཞིག་ཡོང་བར། སྔ་མའི་རྩོམ་ཆ་ཚང་ཞིག་འདིར་བཀོད་ཐུབ་ན། གཞི་ནས་ཨུ་ཉིའི་རྩོམ་ཡིག་གི་རིན་ཐང་གསལ་རུ་འགྲོ་ཐུབ་སྙམ། ང་ཚོ་མང་པོ་ཞིག་གིས་དགུ་རོང་གི་མ་རྩོམ་མ་མཐོང་བས། འདི་ལ་ལན་འདེབས་ཁུལ་བྱེད་པ་ནི། སྔ་མའི་མཐོ་རེངས་མ་ཤར་གོང་ཕྱི་མའི་ཉི་མ་ཤར་བ་ལྟ་བུར་མཐོང་།
ཨོ་ཉི་ངོ་མ་བསམ་པ་གུ་ཡངས་པོ་དང་བློ་གྲོས་ཀྱི་རྩལ་ལ་རྟེན་མཁན་ཞིག་ཡིན་ན། དགུ་རུང་གི་མ་རྩོམ་ཁ་བརྡར་བཀོད་རོགས།
# 2 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
January 13th, 2014 at 10:39 AM
ཨོ་ཉི་བཀོར་ཁུག་ལགས། སྤྲུལ་སྐུའི་སྐོར་གླེང་གི་མིན་ནམ། ཁྱོད་ཀྱིས་ང་ལ་ལྟ་ལོག་རེད་ཟེར་ན་ཁས་ལེན་གྱི་མིན། དབུ་མ་རང་རྒྱུད་པའི་ལྟ་བ་རྒྱུད་ལྡན་གྱི་བུ་ཞིག་ཡིན། དབུ་མ་རྒྱུད་པའི་ལྟ་བ་ལ་བློ་ལོག་མེད་པའི་གང་ཟག་ཞིག་ལ་ལྟ་ལོག་ཅེས་མིང་ངན་མདོག་ན་ཅང་འགྲིག་ཨེ་ཡོང་ངམ། ཁོ་རེ།
བོད་པའི་སྤྲུལ་ཁོག་བཀོར་ཁུག་འདྲ་བ་ཚོའི་ལྟ་བ་ལ་ང་ཅོ་རིའི་བློ་ལོག་འདུག་ཟེར་ན་ནི་བདེན་པ་རེད་དོ། དེ་ཙམ་གྱིས་ལྟ་ལོག་འབོད་ཀྱི་ཡོད་ན་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ལ་ཡང་ལྟ་ལོག་ཅེས་འབོད་རོགས་བྱོས། དེར་ཐལ། སྤྲུལ་ཁོག་ཁྱོད་ཚོ་འདྲ་བ་ཚོའི་ལྟ་བ་ལ་རྣམ་རྟོག་ལངས་འགྲོ་མཁན་ཞིག་ཡིན་པའི་ཕྱིར།
གསེར་རྟའི་སྒར་ལས་འཛམ་བུ་གླིང་ན་ཡོད་མ་རེད། དེང་སང་མི་ཁག་ཅིག་ཕྲག་དོག་གིས་སྨྱོས་གཞག མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། མཁན་ཆེན་བསོ་དར་རྒྱས་གཉིས་རྒྱལ་བའི་ལུང་གིས་ཟིན་པའི་གང་ཟག་རེད། སངས་རྒྱས་དངོས་ཟེར་ན་འདི་ཚོ་རེད། འདི་ཚོ་ལས་ལྷག་པ་སུ་གང་ཡང་ཡོད་མ་རེད། ཕྲག་དོག
དགུ་རོང་གི་རྩོམ་ཆ་ཚང་གོང་གི་ཁོ་བོས་བྲིས་པའི་དགུ་རོང་གི་ལོག་རྟོག་ཅེས་པར་བཀོད་ཡོད། དེ་ལས་གཞན་རྩོམ་གྱི་ཁ་བྱང་༼བསོད་དར་གྱི་གཡོ་འཕྲུལ་ལ་དགོད་བྲོ།༽ཟེར་བ་ཞིག་ཆད་པ་ལས། གཞན་ཚང་མ་དེ་ལ་ཡོད།
ཅོ་ཉི་ལགས། སྤྲུལ་སྐུ་ལ་དགག་པ་རྒྱག་དྲན་ན་དང་པོ་བོད་ཡིག་ལོ་ལྔ་སྦྱོངས། དེ་ནས་དགག་ཡིག་ཅིག་ཕྲིས་དང་། བྲོ་བ་ཡོད་ས་རེད། དེ་མིན་ཁྱེད་རང་གིས་ཚོར་འདུའི་བསྒུལ་ཤུགས་ཡོད་ཚད་ཡིག་ཐོག་ཏུ་འགོད་པའི་ནུས་པ་མེད་པའི་དཔྱད་མཆན་པ་ཞིག་གིས། རྒྱ་ཆེ་བ་དང་། གཏིང་ཟབ་པའི་སྤྲུལ་སྐུའི་ལམ་ལུགས་ལ་ཇི་ལྟར་དགག སྤྲུལ་སྐུ་འི་ལམ་ལུགས་མེད་པར་ཆགས་པ་དང་། བོད་ཀྱི་རིག་གཞུང་གི་སྲོག་རྩོ་ཆད་པ་དུས་མཉམ་རེད། ཨེ་བདེན་ལྟོས། ཧཧཧཧཧ
13638983031
འོ་ཡ་ཨོ་ཟེར་བ་ཁྱོད་ཀྱི་སྐད་ཆ་སྙན། ཁྱོས་གྲ་བ་ལོག་པ་ཡིན་ཞེས་མཁས་ལེན་གིན་ཆོས་པ་རྣམ་པར་དག་པ་ཞིག་ཇི་ལྟར། ཚིག་དེ་ཕྱི་གླིང་བ་ལ་བཤད་ན་བདེན་དུ་འཛིན་ཡང་ང་དང་ང་ལྟ་བུའི་བོད་རིགས་ནང་པ་ཞིག་གི་རྣ་བར་སྙན་པོ་ཞིག་མ་རེད། རྗེས་ནས་བཀའ་མོལ་ལ་ཐུགས་གཟབ་མཛོད།
ཧཧཧཧཧཧ་ཆོས་པ་རྣམ་དག་ཡིན་ཟེར་་་་དགོད་བྲོ་རྒྱུ་ལས་མི་འདུག ཆོས་པ་རྣམ་དག་གི་མཚན་ཉིད་ཅིག་ཞོག་དང་དང་པོ་དེ་ནས་ཆོས་པ་རྣམ་དག་ཡིན་མིན་ཤེས་ཐུབ།
ནང་པའི་ཆོས་ཀྱི་ནང་དོན་གཙོ་བོ་དེ་གང་ཡིན་ནམ། ཆོས་པ་རྣམ་དག་ཟེར་དུས་ཆོས་ཀྱི་ནང་ནས་བཤད་པའི་བླང་དོར་རྣམས་ལ་མ་རྨོངས་ཤིང་ལག་ཏུ་ལེན་མཁན་ཞིག་མི་དགོས་སམ། རང་ལྟར་ལྷ་རུ་ལྟ། གཞན་ལྟར་འདྲེ་རུ་ལྟ་མཁན་ཆགས་སྡང་གིས་བཟི་བའི་བྲག་མགོ་སྤྲུལ་གོག་ཨེ།
འུག་རྒན་ལགས། འོ་ནོར་སོང་# 24 ཉི་རྒན་་ལགས། གྲྭ་པ་ལོག་ན་ཆོས་ལོག་དགོས་སྟངས་གང་འདྲ་རེད།
ད་རྟགས་གསལ་ཞིག་གཏོང་། པཎ་ཆེན་བཅུ་པ་ཆོས་ཅན། ཆོས་པ་རྣམ་དག་མ་ཡིན་པར་ཐལ། གྲྭ་ལོག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས།
སྤྲུལ་སྐུའི་ལམ་ལུགས་རྒྱལ་ཁའི་ངང་མཇུག་བསྡུ་ན་ལེགས་མ་གཏོགས། བོད་རྒྱ་ཆེའི་མིང་གཙོས་ཧི་མ་ལ་ཡི་ནང་རིགས་རྣམས་ཡར་ལང་རྒྱབ་དགོས་ཐུག་ན་མྱང་ཡོང་། དུས་ནམ་ཞིག་སྤྲུལ་སྐུའི་ལམ་ལུགས་མཇུག་བསྡུ་བ་དང་ང་ཚོ་གཉའ་གནོན་བཤུ་ཞོག་ལས་ཐར་ནས་རང་བཙན་ཐོབ་པ་ཡིན་ལ། ཨོ་རྒྱན་ཉི་མ་མུ་གེས་མནར་རྒྱུ་འགོ་ཚུགས་པ་ཡིན།
ད་སེམས་ཁྲལ་མ་བྱེད། དགོས་དགོས་ཚང་མ་འཇིག་ནས་མི་དགོས་པ་ཚང་མ་དར་ཡོང་གི་རེད། སྙིགས་མའི་དུས་རེད། བླ་མ་སྤྲུལ་སྐུ་རང་ཉིད་ཀྱིས་འཇིག དགེ་འདུན་པའི་སྡེ་ཡང་རང་ཉིད་ཀྱིས་འཇིག སློབ་གྲྭ་ཆེ་ཆུང་ཡང་རང་ཉིད་ཀྱིས་འཇིག བོད་མི་རིགས་ཀྱང་རང་ཉིད་ཀྱིས་འཇིག མདོར་ན་མི་ཚང་མ་རང་ཉིད་ཀྱིས་འཇིག མི་བདེན་ན་རང་གིས་རང་ཉིད་ལ་ལྟོས་དང། རང་ཉིད་འཇིག་གིན་མི་འདུག་གམ། ང་ནི་འཇིག་ནས་ཕྱེད་ཀ་ཡོད་མེད་ཙམ་མོ།
རང་གིས་འཇིག་པ་དང་། གཞན་གྱིས་འཇིག་པ་ཟེར་བའི་ཚིག་འདི་གཉིས་ང་ཚོས་དུས་ནམ་ཡང་བསམ་བློ་གཏོང་དགོས་སའི་གནད་འགག་ཅན་གྱི་ཚིག་གཉིས་རེད། རང་གིས་རང་ཉིད་མ་ཁ་བསད་ན་བསད་ཆེ་དང་། གཞན་གྱིས་མ་ཁ་བསད་ན་བསད་ཆུང་ཡིན་ཞེས་གནའ་མིའི་གཏམ་ལ་གྲགས་ན། དེ་ལ་བདེན་ཁ་མ་སྦྱིན་རང་སྦྱིན་རེད་བསྙམ། ཡུལ་སྲོལ་གོམ་གཤིས་ཡིན་ན་རེད། མི་རིགས་ཀྱི་རང་གཤིས་ཡིན་ན་རེད། ཡོད་ཚད་ནས་ཡོད་ཚད་བསྒྱུར་བཅོས་གཏོང་མཁན་དེ་རྩོམ་པ་དེ་ཚོ་རེད། གདོད་མའི་སྤྱི་ཚོགས་དར་ནས་བཟུང་རྩོམ་པ་པོ་ཚོས་སྣེ་ཁྲིད་ནས་བསྒྱུར་བཅོས་བཏང་བ་རེད། ད་ལྟ་ཡང་བསྒྱུར་བཅོས་གཏོང་བཞིན་པ་རེད། མ་འོངས་པར་བསྒྱུར་བཅོས་གཏང་ངེས་རེད། དེ་ཕྱིར་རྩོམ་པ་པོ་ཟེར་བ་ནི་ཆེས་ཉེན་ཁ་ཚ་ཤོས་དང་། ཆེས་འཇིགས་སུ་རུང་བ་དང་། ཆེས་བླ་ན་མེད་པ་དང་། ཆེས་ཡིད་དུ་འོང་བའང་རེད། ང་འཇིག་རྟེན་འདིར་ཆེས་འཇིགས་ས་ནི་རྩོམ་པ་པོ་ཡིན་ལ། ཆེས་ཡིད་རྟོན་ཡོད་ས་ཡང་རྩོམ་པ་པོ་ཡིན། དེ་ཕྱིར་རྒྱ་ཆེ་བའི་རྩོམ་པ་པོ་དང་། སྨྱུག་ཐོགས་པ་ཡོངས་ཀྱིས་རང་གིས་སྨྱུག་ཁ་ཐུར་ལ་སྐོར་དུས་ནས། མཇུབ་མོ་བསྒུལ་བསྐྱོད་ལ་ཞུགས་དུས་ནས། ཆེས་ཐོག་མར་བསམ་བློ་གཏོང་དགོས་ས་དེ་ལེགས་ཉེས་དང་། གལ་ཆེ་ཆུང་། ཕན་གནོད་ཟེར་བའི་ཚིག་འདི་དག་ལ་ངེས་པར་དུ་བསམ་བློ་གཏོང་དགོས། རྩོམ་པ་པོ་ཞིག་ཡིན་ནས་བཟུང་ཆབ་དཔལ་སྲིད་གསུམ། སྲོལ་རྒྱུན་དང་དེང་རབས། ཆོས་དང་འཇིག་རྟེན་གང་བཤད་ཀྱང་། སྒེར་ལས་སྤྱི་ཚོགས་དང་། གནས་སྐབས་ལས་མཐར་ཐུག་རྩ་ཆེན་དུ་གཟུང་དགོས་པ་དེ་གནད་ཀྱི་དམ་པ་རེད། དེ་མིན་སེམས་ལ་གང་དྲན་ངག་ནས་ཐོན་པ་དང་། ངག་ནས་གང་ཐོན་ལག་པས་བྲིས་བཞག་ན། ཉེན་ཁ་ཆེན་པོ་རེད།
ཨོ་ཉིས་རང་ཕྱོགས་འཁྱེར་ནས་བསོད་དར་མཁན་པོ་དག་གསལ་བྱེད་ཞོར་སྤུན་གྲོལ་གྱི་སྨྲ་བརྗོད་བཀག་སྡོམ་བྱས་རུང་སྤུན་གྲོལ་ནི་ཨོ་ཉི་ལྟར་རང་དགར་སྡོད་མཁན་གྱི་ཁ་ལྕེ་ལྐུག་པ་དེ་འདྲ་མ་རེད། སོང་ཙང་། ལྟད་མོ་རྗེས་ན་ཡོད།
ངས་སྐད་ཆ་གང་བཤད་ཀྱང་། ཡི་གེ་བྲིས་ན་རེད། བསྟོད་པ་རྒྱག་ན་རེད། སྤྱི་ཚོགས་ལ་ཕན་གནོད་ཡོད་མེད་གཙོ་བོར་བཟུང་སྟེ་བཤད་པ་ལས། མི་སྒེར་གྱི་ཁེ་ཕན་ལ་བལྟས་ཏེ། བསྟོད་མི་རུང་བ་ལ་བསྟོད་པ་དང་། སྨད་མི་རུང་བ་སྨད་པ་ཞིག་གཏན་ནས་མེད། སྤུན་གྲོལ་རང་ལ་གནས་ལུགས་དང་རྒྱུ་མཚན་ཡོད་ན་སྨྲ་རྗོད་རང་དབང་རེད། དེ་མིན་སྐྱོན་མེད་ལ་སྐྱོན་འཛུགས་བྱེད་བསྡད་ན་རྩོམ་པ་པོ་ཞིག་གི་མཚན་ཉིད་མི་ཚང་གི་འོ། ཨ་རོགས།
བསྟོད་རུང་ན་གཞན་མ་དགོས་རང་ཕྱོགས་ཡིན་ཡང་བསྟོད་ངེས་ཡིན། སྨད་རུང་ན་རང་གཞན་གཉིས་ཀ་སྨད་ངེས་ཡིན། དེ་ཕྱིར་རུང་མི་རུང་ཞེས་པའི་ཚིག་འདི་གཉིས་ལ་བསམ་བློ་ངེས་པར་གཏོང་དགོས་པར་འདོད།
ཨོ་ཉིས་ཉོན་ཨ། བཤད་དགོས་པའི་སྐད་ཆ་ཞིག་འདུག
སྤྲུལ་ཁོག་ཁྱོད་ཚོའི་གྲལ་གྱིས་ཡ་རབས་བཟང་སྤྱོད་དང་། བོད་མི་གཞོན་སྐྱེས་ཚོའི་གཤིས་ཀ་བཟང་པོ་ཉམས་ཆག་འགྲོ་གི་འདུག་ཟེར་ནས་རྣ་བ་ཚ་ཚ་བཤད་ཀྱི་འདུག ཁྱོད་ཚོས་ཡར་རབ་བཟང་སྤྱོད་ཟེར་བ་དེར་ངོས་འཛིན་བྱེད་སྟངས་དེའི་འོག་ལ་གཡོ་སྒྱུ་རི་བོ་འདྲ་ཞིག་ཡོད།
ཡ་རབས་ཤིག་ཡིན་ན་བླ་སྤྲུལ་ཚོའི་མདུན་དུ་སུག་བཞི་ས་ལ་བཙུགས་ནས་ཕྱག་འཚལ་དགོས་པ་དང་། བླ་སྤྲུལ་ལ་དད་པ་བྱེད་དགོས་ཀྱི་ཡོད་པའི་ཟོལ་འདུག བླ་སྤྲུལ་རྣམས་སྐྱབས་གནས་ལ་བཀུར། ཅི་གསུངས་བཀའ་སྒྲུབ། མགོ་ཐོག་མཆུ་མ་བཏབ་ནའང་དངོས་གྲུབ་སྒོམ་དགོས་པའི་ཟོལ་འདུག རེད་དམ་མ་རེད།་དེ་འདྲ་བྱུང་ན་བླ་སྤྲུལ་ཚོས་དབང་སྒྱུར་བྱེད་ཀྱི་ལས་སླ་མོ་རེད་བ། ཁྱོད་ཚོས་མུ་མཐུད་ནས་སྒེར་གཅོད་བྱེད་ཆོག་གི་རེད་བ།་་་ཧ
བོད་ཀྱི་བླ་སྤྲུལ་ཚོས་མི་ལོ་སྟོང་ཕྲག་གི་རིང་དུ་བོད་མི་རིགས་མགོ་སྐོར་སླུ་ཁྲིད་བྱས། ངན་སྣ་དགུ་སློབ། ནང་གསོད་ཁྲག་གི་འཁོར་ལོ་སྐོར་བཅུག དགྲ་བོ་པང་དུ་ལེན། ཕ་གཞི་རྒྱབ་ཏུ་བསྐྱུར། རྒྱུ་བདག་ཕྱུག་པོ་ཚོ་མཐོང་དུས་མགོ་མི་དགོས་རྐུབ་ཀྱིས་གུས་བཀུར་བྱས། ད་དུང་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ལ་བསླབ་བྱ་རྒྱག་མདོག་མདོག་་་་ཧཧཧ་་་་་སྙིང་རྗེ།
མདོ་བསྡུས་ན་་་ཁྱོད་ཚོས་ཡ་རབས་བཟང་སྤྱོད་ཟེར་སྐད་རྒྱག་བསྡད་པ་འདི་ཁྱོད་རང་ཚོས་མི་དམངས་ལ་དབང་སྒྱུར་བྱེད་ཐུབ་ཆེད་དུ་རེད་ཅེས་ང་ཅོ་རིས་ངོས་འཛིན་བྱེད་བཞིན་ཡོད།
ཨོ་ཉིས། བསམ་བློ་བཏང་ནས་བྲིས་ཟེར། ཁོས་ལྟོ་གོས་ལ་ཐུག་དུས་སྡུག་སྐད་ཤོར་གི་འདུག་ག སྤྲུལ་སྐུའི་ལམ་ལུགས་མེད་སོང་ན་ཁོའི་ལྟོ་གོས་ལ་དོ་ཕོག་གི་ཉེན་ཁ་ཡོད་པ་ཤེས་འདུག
མེ་ཏོག་དཀར་པོ་ལགས་ཀྱི་མཆན་༢༦ལ་རྟགས་བསལ་ཞིག་གཏོང་འདོད་བྱུང་། རིགས་པ་བརྡར་ཆེད་ཡིན།
གྲྭ་པ་ལོག་ན་ཆོས་ལོག་པར་ཐལ། ཆོས་ཀྱི་དམ་ཚིགས་དང་དམ་བཅའ་ཤོར་བའི་ཕྱིར། དམ་སྡོམ་ཤོར་བར་ཐལ། སྡོམ་པ་གསུམ་དང་འགལ་བའི་ཕྱིར། དེའི་འབྲས་བུར་དམྱལ་བ་དང་དེ་བཞིན་སྡུག་བསྔལ་མང་པོ་མྱོང་དགོས་སོ། དམྱལ་བ་དང་དེ་བཞིན་སྡུག་བསྔལ་གཞན་མང་པོ་མྱོང་དགོས་པ་དེ་ཆོས་དང་ལོག་པར་བྱས་པ་ལ་བརྟེན་ནས་ཡོང་བས་སོ། རྟགས་མ་གྲུབ་ན། སྡིག་པ་དང་སྡུག་བསྔལ་ཆོས་ཅན། ཆོས་པ་རྣམ་དག་གི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། ཆོས་དང་ལོག་པར་བརྟེན་ནས་བྱུང་བའོ། རྟགས་མ་གྲུབ་ན། ཆོས་དང་ལོག་པར་བརྟེན་ནས་གྲུབ་པར་ཐལ། ཆོས་མིན་གྱི་ལས་བསགས་པའོ།
པན་ཆེན་བཅུ་པ་ཆོས་ཅན། ཁྱེད་ལ་དཔེ་བཞག་འདོད་མེད་དེ། དྲ་འབུ་ཚོས་གོ་ནོར་ཐེབས་སྲིད་དོ།
ཏྲེ་ཧོར་དགེ་སྟག་སྤྲུལ་སྐུ་སོགས་ཀྱི་སྐོར་གློག་བརྙན་ཡང་ཐོན་འདུག ཏྲེ་བླ་འདིས་གཙོས་པའི་བླ་དྲགས་ཁ་ཤས་ཀྱིས་ངོ་མ་ཕྱི་དགྲ་ནང་ཁྲིད་བྱས་ཡོད་པ་འདྲ།
ཡ་ད་སྤོབས་པ་ལགས་ཆོས་ལུགས་དང་ཆོལ་ཁའི་དམག་སློང་བར་ཕེབས་ཤག
ཁྱོད་རྒྱུན་དུ་དགེ་ལུགས་དང་ཁམས་པར་སྡང་བ་དེ་རྡ་སར་སྐད་གྲགས་འདུག འགྲིགས་ཤག་ནོར་མིན་འདུག
པཎ་ཆེན་བཅུ་པ་ཆོས་ཅན། ངན་སོང་གི་སྡུག་བསྔལ་མྱོང་དགོས་པར་ཐལ། ཆོས་ལོག་པའི་ཕྱིར། དེར་ཐལ། དམ་སྡོམ་ཤོར་བའི་ཕྱིར། དེར་ཐལ་སྡོམ་པ་གསུམ་དང་འགལ་བའི་ཕྱིར།
ཆོས་ཉིད་ཀྱི་རིགས་པ་ལ་ཉེ་རིང་མི་རུང་བས་འགའ་ཞིག་ལ་རིགས་པ་ཟུག་ལ་འགའ་ལ་མི་ཟུག་ན་མི་རུང་ངོ་།། བསམ་ཤེས་ཀྱི་ལྟ་གྲུབ་དང་མཐུན་པའི་རྟགས་གསལ་ཡིན།
བསམ་ཤེས་ཀྱིས་ཆོས་ཅན། གསལ་བ། རྟགས་བཅས་གསལ་པོར་བཀོད་ན། འདོད། རྟགས་གྲུབ་སོགས་ཀྱི་ལན་གྱིས་བསྙད་པར་རིགས་ཀྱང་རྒན་མོའི་ལག་འཛིང་ནང་བཞིན་ཉོག་བྲིས་གནད་འདུག་པར་ལན་ཞུ་མ་ཤེས་སོ།།
མེ་དཀར། ཁྱོད་སྒུག་ཨ། ངས་དེབ་རྙིང་དེ་ཚོ་བསྔོགས་ནས་ཕྱ་པ་ཆོས་ཀྱི་སེང་གེའི་གཞུང་དེ་ལ་གཅིག་བལྟས་ནས་སླེབས་ཡོང་། དེང་སང་རིགས་པར་ལས་ཀ་མེད་པ་ལ། མཇེ་དང་ལག་པ་འབྲེལ་ཟིང་ཆེ་བས། ཀླད་པ་དེ་ཏོག་ཙམ་དལ་རུ་ཕྱིན་ཤག
པཎ་ཆེན་བཅུ་པ་ཆོས་ཅན། ངན་སོང་གི་སྡུག་བསྔལ་མྱོང་དགོས་པར་ཐལ། ཅིའི་ཕྱིར། ཆོས་ལོག་པའི་ཕྱིར། རྟགས་མ་གྲུབ། དེར་ཐལ། དམ་སྡོམ་ཤོར་བའི་ཕྱིར། རྟགས་མ་གྲུབ། དེར་ཐལ་སྡོམ་པ་གསུམ་དང་འགལ་བའི་ཕྱིར། རྟགས་མ་གྲུབ། རིག་འཚོ་ཟིན་ཅིང་རང་དབང་གིས་སྡོམ་པ་ཤོར་ན་སྡོམ་པ་གསུམ་དང་འགལ་བར་སོང་ཡིན་དགོས་ཀྱང་། གཞན་དབང་གིས་བཙན་འོག་ནས་སྡོམ་པ་ཤོར་བ་དེ་རང་གི་རང་དབང་གིས་ཆེད་དུ་གཉེར་ནས་སྡོམ་པ་ཤོར་བ་མ་ཡིན་དུས་སྡོམ་པ་གསུམ་དང་འགལ་བར་སོང་བའི་རྒྱུ་མཚན་ཡང་དག་འཇོག་ཏུ་མེད་པའི་ཕྱིར། དཔེར་ན་མི་ཤ་མི་ཟ་མཁན་ཞིག་ལ་བཙན་དབང་གིས་ཁ་ནང་དུ་ཤ་བརྫངས་ནས་ཟར་བཅུག་པ་ལྟ་བུའོ། །
བོན་པོ་ཆོས་ཅན། རིགས་པ་སྨྲ་བ་ཡིན་པར་ཐལ། ཅིའི་ཕྱིར། རྟགས་བསལ་ཚ་པོ་ཞིག་བཏང་བའི་ཕྱིར། རྟགས་མ་གྲུབ་ན། ཡིན་པར་ཐལ། ཏོག་ཙམ་ང་རང་ཁ་གྲགས་རྒྱུ་མེད་པ་བཟོས་པའི་ཕྱིར། རྟགས་མ་གྲུབ་ན། ཡིན་པར་ཐལ། བསམ་བློ་མ་བཏང་རང་བཏང་བཟོས་པའི་ཕྱིར། རྟགས་མ་གྲུབ་ན། ལན་ཞིག་ད་དུང་འཚོལ་བཞིན་པའི་ཕྱིར།
དགུ་རོང་ཚོ་ཅང་བཤད་དགོས་ས་ཅང་མ་རེད་་་་་་ཨོ་ཉི་ལགས། བཏང་སྙོམ་བཞག་རོགས།
རང་གྲོལ་རྗེས་འབྲང་དང་བཅས་པ་སྙིང་རྗེ། སུམ་རྟགས་དག་གསུམ་དང་། སྙན་སྡེབས་ཟློས་གསུམ་ཤེས་པ་ཙམ་གྱིས་རང་གི་ཕུན་སུམ་ཚོགས་པའི་རིག་གཞུང་དང་། དམ་པའི་སྐྱེས་བུ་དག་ལ་ཁ་གཏོང་བའི་འགོ་རྩོམ། ནུབ་ཕྱོགས་པས་དུས་རབས་གཅིག་ལ་ལྷག་ལ་བསད་བསད། གཏུབ་གཏུབ། འགྲན་རྩོད་བྱས་ཏེ་ཁུངས་མ་འཁྱོལ་བའི་རིག་གཞུང་གི་གད་སྙིགས་དེ་གནམ་ལ་འཕྱར། རང་གི་ཕ་མེས་ཡང་མེས་ནས་སྲོག་ལུས་དབང་ཐང་དང་བཅས་པ་སྲུང་སྐྱོབ་ཀྱི་ཐབས་ལམ་ཕུལ་དུ་བྱུང་བ་དག་རྡོག་པས་བརྫིས། ངོ་མ་ངོ་མི་ཚའམ། ད་དུང་མི་རིགས་དང་། རིག་གཞུང་ལ་སེམས་ཤུགས་ཡོད་མདོག་མདོག མི་རིགས་རིག་གཞུང་དང་བཅས་པའི་སྲོག་གཅོད་ཀྱི་གཤེད་མ་ངོ་མ་དེ་ཁྱེད་ཅག་གསར་བརྗེ་བ་དེ་ཚོ་རེད། ཨེ་བདེན་གཞུག་ནས་ལྟོས་དང་ཤེས་ངེས་ཡིན། ད་ལྟ་ཁྱེད་ཅག་ལ་ཇི་ལྟར་མི་གོ་བ་དང་། གང་ལྟར་འགྲེལ་ཡང་བོང་བུའི་རྣ་བར་གསེར་བླུག་དང་། ཐལ་བ་བླུག་གཅིག་མཚུངས་རེད། དེང་སང་བོད་པའི་གཞོན་སྐྱེས་འདི་ཚོ་ལས་རྒྱུ་བཅའ་རྒྱུ་མང་དྲགས་ནས། རྒྱལ་ཕྱི་ནང་ཀུན་ནས་མིག་ནང་གི་ལིང་ཏོག་དང་། སེམས་ནང་གི་ཚོར་རྡུག་ཅིག་ལ་འགྱུར་བཞིན་པ་མཐོང་ཆོས་མྱོང་འགྱུར་རེད། འདི་དག་ཚང་མ་གང་ལས་བྱུང་བ་རེད་ཟེར་ན། ཁ་བཤད་དོན་ལ་མི་གནས་པ་དང་། བོད་པའི་རང་གཤིས་ལ་སྔོན་མ་ནང་བཞིན་ཆོད་སེམས་དང་། སྲ་བརྟན་མེད་ནས་ལོས་ཡིན། དཔེར་ན་བོད་པ་ནུབ་ཕྱོགས་ལ་ཡོད་པ་ཚོ་ནི་ནུབ་ཕྱོགས་པའི་ཤན་ཞུགས་བཞིན་པ་དང་། བོད་པ་རྒྱ་ནག་ལ་ཡོད་པ་རྣམས་ལ་ནི་རྒྱ་ནག་པའི་ཤན་ཞུགས་བཞིན་པ་རེད། དེ་ཕྱིར་མི་རིགས་གཞན་གྱིས་ཤན་ཞུགས་ཟིན་པ་དང་། གཞན་གྱི་ལད་མོ་དགའ་བའི་མི་བུ་ཞིག་ལ། ད་རང་ལུགས་དང་། རང་གི་སྲོལ་རྒྱུན་ཟེར་བ་གང་ན་ཡོད། དཔེར་ན་དུས་རབས་ཉི་ཤུ་པའི་ལོ་མཇུག་པར་བོད་མི་ཟེར་དུས་ཚང་མས་ལྷ་བཞིན་ལྟ་བས། སེམས་ཅན་ཕལ་བ་ཞིག་ཏུ་མི་མཐོང་བ་དང་། བོད་པ་ཡོད་ཚད་ཆོས་པ་དང་། ཆོས་ཤེས་མཁན་ཞིག་ལ་བཟུང་བ་རེད། སྟོང་ལོ་གསར་བ་ཚེས་པ་དང་བོད་པ་རྣམས་ལ་རྣམས་ལ་སྨྱོ་ནད་གསར་པ་ཞིག་ཕོགས་པ་ནི། དུས་རབས་ཉེར་གཅིག་པའི་འགྲན་རྩོད་དང་། མགོ་བདེའི་ན་ཚ་དེ་རེད། ན་ཚ་འདི་ཕོགས་ཚར་ནས་བཟུང་། མི་རིགས་དང་། སྲོལ་རྒྱུན། དམ་པའི་ཆོས་ཡོངས་རྫོགས་ཀྱི་སྲོག་འཕྲོག་ངེས་སོ། །ད་ལྟ་བོད་པ་ཚོའི་སེམས་ལ་དབུ་མའི་ལམ་ལ་རིན་ཐང་དེ་ཙམ་མེད་པར་ལྟ་བ་དེ་ཡང་། བོད་པ་རྣམས་རྒུད་པ་ནས་རྒུད་པར་འགྲོ་བའི་རྟགས་རེད། ཨོ་རྒྱན་ཉི་མས།
ཨོ་ལགས་སོ། གངས་སྤྲེལ་ལགས། ཁོས་རང་གི་གྲགས་པ་སྒྲུབ་ཕྱིར་དོན་མེད་དོན་ལོག་གི་རྩོམ་འཆལ་སྤེལ་བ་ལ། བླ་རུང་ཚང་གིས་ཐེ་དོགས་བྱེད་རྒྱུ་མ་རེད་དེ། ཁོ་བོས་བསམ་འཆར་བསམ་བཤད་པ་ཡིན།
་་་་་་ དཔེར་ན་དུས་རབས་ཉི་ཤུ་པའི་ལོ་མཇུག་པར་བོད་མི་ཟེར་དུས་ཚང་མས་ལྷ་བཞིན་ལྟ་བས། སེམས་ཅན་ཕལ་བ་ཞིག་ཏུ་མི་མཐོང་བ་དང་། བོད་པ་ཡོད་ཚད་ཆོས་པ་དང་། ཆོས་ཤེས་མཁན་ཞིག་ལ་བཟུང་བ་རེད།
སྟོང་ལོ་གསར་བ་ཚེས་པ་དང་བོད་པ་རྣམས་ལ་རྣམས་ལ་སྨྱོ་ནད་གསར་པ་ཞིག་ཕོགས་པ་ནི། དུས་རབས་ཉེར་གཅིག་པའི་འགྲན་རྩོད་དང་། མགོ་བདེའི་ན་ཚ་དེ་རེད། ན་ཚ་འདི་ཕོགས་ཚར་ནས་བཟུང་།
མི་རིགས་དང་། སྲོལ་རྒྱུན། དམ་པའི་ཆོས་ཡོངས་རྫོགས་ཀྱི་སྲོག་འཕྲོག་ངེས་སོ། །ད་ལྟ་བོད་པ་ཚོའི་སེམས་ལ་དབུ་མའི་ལམ་ལ་རིན་ཐང་དེ་ཙམ་མེད་པར་ལྟ་བ་དེ་ཡང་། བོད་པ་རྣམས་རྒུད་པ་ནས་རྒུད་པར་འགྲོ་བའི་རྟགས་རེད། ཨོ་རྒྱན་ཉི་མས། ་་་་་་
ཨོ་རྒྱན་ཉི་མའི་ངོར་བོད་ཀྱི་རིག་གཞུང་ཞེས་པ་སྤྲུལ་སྐུའི་ལམ་ལུགས་འདི་ཨེ་མི་འགི
བོད་ཀྱི་རིག་གཞུང་སྲུང་སྐྱོབ་དགོས་ན་སྤྲུལ་སྐུའི་ལམ་ལུགས་རྩ་མེད་གཏོང་། ཡར་ལོངས་བོད་ནང་པའི་རྒྱ་ཆེའི་མི་མང་། སྤྲུལ་གོག་གི་གཉའ་མནོན་ལས་ཐར་དགོས།
ཁོ་བོའི་རྩོམ་ཐུང“འདི”ལ་ཤུགས་རྐྱེན་དེ་འདྲ་ཞིག་ཡོད་པར་བསམ་མ་སོང་། (དགུ་རོང་སྤུན་གྲོལ།)
http://www.rdrol.net/node/867
མེད་གཏང་སྐམ་པོ་འམ མེ་ཏོག་དཀར་པོ། ཁྱོད་ཀྱིས་གསུང་དེ་ལོས་བདེན་ངས་ཆོས་ཀྱི་ཉི་མ་དང་ཨོ་ཉི་གཉིས་འདྲ་མཚུངས་ཡིན་པ་མ་དྲན་ཐལ། ད་དུང་ཤེས་བྱ་ཐམས་ཅད་དེང་སང་ཚན་རྩལ་གྱིས་ལེབ་ལེབ་བཟོས་ཡོད་པ་མ་དྲན་པ་རེད། དེ་ལྟར་ན་རྟག་གསལ་ཆབ་གསུམ་ཁྱོད་ལ་ཁེགས།
སྤྲུལ་སྐུའི་ལམ་ལུགས་ཀྱིས་བོད་ཀྱི་ནང་བསྟན་ལ་ཕན་ཐོགས་བྱུང་བ་རྩོད་མེད་རེད། འོནད་ཀྱང་། དེའི་ཞོར་དུ་ཕན་མེད་བླ་སྤྲུལ་འོངས་པ། སྤྲུལ་སྐུའི་ལམ་ལུགས་ཀྱིས་བྱས་པ་མིན་པར། ལམ་ལུགས་དེ་ལག་ལེན་དུ་བཀོལ་མཁན་མིས་ནོར་བ་མིན་ནམ་སྙམ་ལགས།
མེ་ཏོག་དཀར་པོ་ཟེར་བ་འདི་ངས་ཚོད་དཔག་ནོར་མེད་ན། རང་གིས་སྤྲུལ་རྫུན་བཟོས། དེ་ནས་མཁན་པོ་རྫུན་མ་བཟོས། ད་དུང་སྤྲུལ་སྐུའི་ལམ་ལུགས་ཁ་གཏོང་ཁུལ་བྱས། ངོ་མ་ངོ་མི་ཚའམ། སྤྲུལ་སྐུ་ལ་རིན་ཐང་རྩ་མེད་བཟོ་མཁན་ཁྱོད་ཚོ་དངུལ་དང་། ཐོབ་ཁོ་ན་དོན་དུ་གཉེར་ནས་སྤྲུལ་སྐུའི་མིང་བརྐུ་བའི་རྐུན་མ་དེ་ཚོ་རེད། ཁྱོད་ཚོ་འདྲ་བོ་དེ་ཚོས་གར་འཁྲབ། ཀི་རྒྱག སྤྲུལ་སྐུའི་ལམ་ལུགས་ལ་སྙིང་པོ་དང་། རིན་ཐང་གཏན་མེད་དུ་བཟོས་སོང་། ད་དུང་སྤྲུལ་སྐུའི་མ་འགྲིགས་པ་དང་། མ་འཇོན་པ་བཤད་ཁུལ་བྱས། ངོ་མི་ཚའམ།
བོད་ལ་སྤྲུལ་སྐུ་མེད་པ་བཟོས་ན་ལོངས་སྐུའི་སྒྲུབ་ཐབས་དེ་ཚོ་ཡང་མེད་པར་བྱས། དེ་ནས་ཆོས་སྐུ་འཐོབ་ཐུབ་པ་ལྟ་ཅི་མའོའི་ལྟ་བ་ངོ་མ་དེ་ཤེས་ནི་རེད་ཀོ
སྤྲུལ་སྐུ་ཟེར་བ་ནི་མ་སྨིན་པའི་བསམ་བློ་ཡོད་མཁན་གྱི་བོད་པ་རྣམས་མགོ་སྐོར་ཆེད་བཟོས་བ་རེད། འདིས་བོད་མི་རིགས་རྩ་མེད་བཏང་བཞིན་ཡོད། གང་ནས་ཁེ་ཕན་རེག་ན་དེ་ཁྱེར་ཞིང་ཕྱི་ཁ་ནང་འདྲེན་བྱས་ཤིང་། བོད་མི་རྣམས་རང་གི་བྲན་གཡོག་ཏུ་བསྒྱུར་བས་རེད།
༧གོང་ས་མཆོག་དང། པཎ་ཆེན་རིན་པོ་ཆེ། རྒྱལ་བ་ཀརྨ་པ་གཙོས་པའི་བོད་ཀྱི་
བླ་ཆེན་རྣམས་སྤྲུལ་སྐུ་མ་ཡིན་པའི་འགྲུབ་ཐབས་ཞིག་ཡོད་ན། ད་གཟོད་སྤྲུལ་སྐུའི་
ལམ་ལུགས་དེ་མེད་པ་བཟོས་ཐུབ་ཡོང། དེ་མིན་ཕོ་ཚོད་དང་འགྲོ་ཚོད་བྱས་པས་ཅི་ཕན།
པན་ཆེན་གཉིས་དང་ཀརྨ་པ་གཉིས་གསུམ་ཙམ་ཐོན་བཞིན་པ་འདི་དག་སྤྲུལ་སྐུ་ལམ་ལུགས་ཀྱིས་རྒྱུན་འཁྱོངས་བཞིན་མེད་པ་དང་། ལམ་ལུགས་དེ་ལ་སྐྱོན་ཆ་ཚབ་ཆེན་ཡོད་པའི་དན་རྟགས་ཉིད་དུ་ཟད་དོ།
ལོངས་སྐུས་སྤྲུལ་པའི་སྤྲུལ་སྐུ་དང་བོད་ཀྱི་སྤྲུལ་སྐུ་དེ་གཉིས་མི་འདྲ། སྔ་མ་མ་ནི་སྤྲུལ་གཞི་ལོངས་སྐུ་དང་། ཕྱི་མ་ནི་བོད་ཀྱི་བླ་རྒན་འགའ། གྲོངས་པའི་རྗེས་སུ་སྐྱེ་བ་ཕྱི་མ་ཡིན་ཟེར་བའི་ཕྲུ་གུར་མིང་བཏགས་པ་དེ་རེད། འདི་ནི་སྐུ་གསུམ་དང་འབྲེལ་བ་མེད་པ་མ་ཟད་ང་རང་ཚོ་གཅིག་མཚུངས་རེད།
ང་ཚོ་ཚང་མ་སྤྲུལ་སྐུ་རེད། སྐྱེ་བ་སྔ་མའི་ཤེས་རྒྱུན་རེད། འོན་ཀྱང་སྤྲུལ་སྐུ་འགའ་ཞིག་མི་རྒྱུ་ཐབས་དང་གཡོ་སྒྱུས་ཟས་་་མི་མགོ་བསྐོར་་་དབང་ཡོད་བཤད། སྐྱིད་ཉལ་རྒྱབ་་སློབ་སྦྱོང་བྱེད་མི་དགོས། མི་ཆོས་བླ་མའི་རྫུན་ཆེན་བཤད། ཁོང་ཚོར་སྡོམ་པ་དམ་ཚིག་ལོག་རྒྱུ་མེད། ཆུང་དུས་རྒྱུ་ནོར་ལ་ཆགས་ཞེན་ཆེ་བས་་་གྲྭ་རྒན་བླ་རྒན་སྔགས་རྒན་འགས་བཞག་པའི་འཕྲེང་གོག་དང་རྒྱུག་གོག་ཙམ་ལས་ངོ་མི་ཤེས་་་་དགོས་པའི་ཀ་ངོ་ར་ངོ་མི་ཤེས་་་མི་དགོས་པའི་རྒྱུ་ནོར་འགའ་ཞིག་ངོས་འཛིན་ཙམ་གྱིས་སྤྲུལ་སྐུར་ངོས་འཛིན་བྱེད་་་ད་དུང་དེས་ག་ལ་ཚད་་་བྱིས་པ་སྣབ་ཚར་འགའ་ཡི་མིང་བྱང་པག་རིལ་དུ་བཏུམས་ནས་བུམ་པའི་ནང་དུ་བཅུག་ནས་དཀྲུག་དཀྲུག་འགའ་བྱས་པ་ལས་སྤག་རིལ་གང་ཐོན་པ་དེ་སྤྲུལ་སྐུར་ངོས་འཛིན་བྱེད་་་་ཧཧཧཧཧཧ་རེད་་ཁྱི་ཕྲུག་འགའ་ཡི་མིང་བྱང་འགའ་པག་རིལ་དུ་བཅུག་ནས་དཀྲུགས་ན་ཁྱི་ཕྲུག་གཅིག་གི་མིང་ཁ་ལ་ཐོན་ངེས་དེ་སྤྲུལ་སྤྲུལ་སྐུ་ངོས་འཛིན་རྒྱུ་ཡིན་ནམ། གཟིགས་དང་དེང་སང་སྤྲུལ་གོག་ཚོའི་བྱེད་བབས་ལ་་་ཁ་ནས་གཞན་ཕན་བྱང་ཆུབ་སེམས་བཤད་་་རང་ལྟར་ཆགས་ཤིང་ག ཞན་ལྟར་སྡང་ཚུལ་ལ་ལྟོས་དང་་་དར་ཟབ་ཀྱིས་བཏུམས་པའི་ཁྲི་མཐོན་པོའི་སྟེང་ནས་་་མར་གྱུར་སེམས་ཅན་ཐམས་ཅད་ཅེས་བཤད་་་དོན་དུ་མར་གྱུར་འགྲོ་ཀུན་ལ་མགོ་བསྐོར་དང་མི་ཆོས་བླ་མའི་རྫུན་ཅན་བཤད་་་ད་དུང་་་ཉམས་མགུར་ལེན་་སྦོམ་བཤད་རྒྱབ་་་ད་དུང་ཆོག་ཤེས་དགོས་རབས་བཤད་་་རང་ཉིད་ལ་འགན་ཡོད་པའི་དགོན་པ་ལྟ་སྐྱོང་མི་བྱེད་ཅིང་་་གཞན་ཡུལ་དུ་ཁྱི་བཞིན་འཁྱམས་་་གཞན་ངོར་ཅི་མཛེས་བྱེད་་་འཇིག་རྟཱེན་ཁྱིམ་པ་བ་ལ་དགོས་པའི་རྒྱུ་རྫས་ལས་ལྷག་པའི་རྒྱུ་ནོར་ཁོ་ཚོས་དགོས། ་བསྟན་དགྲ་དང་ཕུང་གསུམ་པ་ཟེར་བ་འདི་ཚོ་ལས་ལྷག་པ་མེད་་་ངས་ཞུས་པ་དེ་སྤྲུལ་གོག་སུ་ལ་ཕོག་ནས་ལན་འདེབ་བྱེད་ཚེ་དམིགས་འབེན་དེ་རང་ལ་ངོས་འཛིན་ཞུ་རྒྱུ་ཡིན་་་་
འདིར་ནང་པ་སངས་རྒྱས་པའི་སྤྲུལ་སྐུའི་ལམ་ལུགས་ལ་བགྲོ་གླེང་བྱེད་པའི་སྐབས་སུ། ནང་པར་ཞེ་སྡང་མེ་བཞིན་འབར་
བའི་བོན་པོ་འགའ་ཞིག་དོན་མེད་ཇུས་གཏོགས་མ་བྱེད་པར་ཁ་བཙུམ་ནས་བསྡད་ན་མི་བཟང་ངམ།
ཧཧཧཧཧ་་་་་་བན་དེ་བས་སུས་ལན་བཏབ་ན་དེ་ལ་ཡིན་ཟེར། ང་ལ་ཡིན་ངེས་པས་ངས་ལན་མ་བཏབ་ན་ག་ལ་འགྲིགས། སྤྱིར་བཏང་སྤྲུལ་སྐུའི་མིང་ཁུར་མཁན་རང་གཞན་མང་པོ་ཞིག་གིས་འཇོན་གྱི་མེད་པ་དངོས་ཡོད་ལ་སོང་། གཞུག་ནས་ད་དུང་རྡུག་ཏུ་འགྲོ་ངེས་རེད། གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ་ཟེར་བ་རེད། ཡིན་ན་ཡང་ཁྱེད་ཅག་བོན་པོ་འདུལ་ཕྱིར་ང་ཡོང་ངེས་ཡིན། ཧཧཧ
མཁས་དབང་བན་དེ་བ་ལགས། །
བོན་སྐུ། མེད་པ་ལྔ་ལྡན། རྫོགས་སྐུ། ངེས་པ་ལྔ་ལྡན། སྤྲུལ་སྐུ། མ་ངེས་ལྔ་ལྡན། ཞེས་སུ་གསུངས་པའི་༡༥་པོ་དེ་གུས་པས་ཚིག་ཟིན་ཇི་ལྟ་བ་བཞིན་མ་ངེས་པས་སྐུ་ཉིད་ཀྱིས་དཔེ་ཚིག་ཇི་ལྟ་བ་བཞིན་འདིར་གཅིག་འགོད་རོགས་གནོངས། བཀའ་དྲིན་ཆེ།
ནང་པའི་མཁས་པ་ང་ཡིན་ཁོ་ཡིན་གྲགས་མཁན་ཚང་མ། བོན་པོའི་མཆན་གཅིག་གིས་ཁ་གྲགས་རྒྱུ་མེད་པ་བཟོས་འདུག འདི་ནི་མཆན་༥༨བན་དེ་བས་བྲིས་པ་དེ་རེད། སྤྲུལ་སྐུ་མེད་པ་བཟོ་དགོས་ན། སྔོན་ལ་ནང་ཆོས་ཀྱི་སྐྱེ་བའི་ལྟ་བ་དེ་གཏོར་དགོས། རྒྱུ་མཚན་ནི་སྤྲུལ་སྐུ་དང་སྐྱེ་བ་གཉིས་དམ་དུ་སྦྲེལ་བའི་ཕྱིར།
སྤྲུལ་སྐུའི་ལམ་ལུགས་དང་སྤྲུལ་སྐུ་མི་འདྲ་བ་ཤེས་པའི་སྒོ་ནས་སྐད་ཆ་ཤོད་དགོས། མ་གཞི་བོད་མི་བརྒྱ་ཕྲག་ལྷག་མི་ལ་བསྲེགས་པ་པའི་སྐབས་ནང་བ་སྤུའི་བུ་མི་གཡོ་ཞིང་། བོད་མི་ འབུམ་ཕྲག་གསོད་མཁན་གྱི་རྒྱ་ནག་དང་རང་གི་ཤ་རུས་ཁྲག་གསུམ་གྱི་ངོ་བོ་བོད་གཉིས་ལ་ཁྱད་མེད་མཉམ་པའི་རང་བཞིན་གྱི་ལྟ་ཐུབ་ལ། ངན་སྨྲས་སྡུག་སྨྲས་ཇི་ཙམ་བྱས་ཀྱང་ཇི་མི་མཉམ་པའི་ཟོལ་སྟོན་མཁན་ཨོ་ཉི་འདི། སྤྲུལ་སྐུའི་རིང་ལུགས་རྩ་མེད་གཏོང་ཟེར་དུས་སྡུག་ཐེག་གི་མིན་འདུག་ག ངས་གོང་དུ་བཤད་པ་ལྟར་ལྟོ་གོས་ལ་ཐུག་དུས་བུ་ཆུང་གི་རང་མདོག་སྟོན་གི་འདུག ཧ་ཧ། གང་ལྟར་ཁྱོད་ཀྱིས་ཕུང་གསུམ་བསལ་ནས་བསྟན་པར་དར་ཐེར་བྱོས། ངས་སྤྲུལ་གོག་རིང་ལུགས་རྨང་ནས་བཤིག་སྟེ་བསྟན་པར་ཞབས་འདེབས་ཞུའོ།།
གོང་དུ་བན་དེ་བས་སྤྲུལ་སྐུའི་སྐོར་ལ་མཆན་༥༨པར་ཡག་པོ་གསུངས་སོང་།
སྤྲུལ་སྐུ་ནི་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་གཡོ་སྒྱུའི་ལག་ཆ་ཙམ་རེད། སྔར་སོག་པོ་དང་མན་ཇུ། རྒྱ་ནག་གོ་མིན་ཏང་། ད་སྐབས་ཐ་ན་རྒྱ་ནག་གུང་ཁྲན་ཏང་ཡང་ བོད་ཀྱི་”སྤྲུལ་སྐུའི”ལམ་ལུགས་ཟེར་བ་འདི་ལ་ཤི་འཐམ་རོ་འཐམ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ག་རེ་རེད། དེའི་རྒྱུ་མཚན་ནི་”སྤྲུལ་སྐུ”ནི་བོད་མི་དམངས་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་ཡིན་པས་རེད།
དེས་ན་སྤྲུལ་སྐུའི་ལམ་སྲོལ་རྩ་མེད་གཏོང་རྒྱུ་གལ་ཆེན་པོ་རེད། ད་ལྟའི་གནས་སྐབས་སུ་སྤྲུལ་སྐུ་རྩ་མེད་གཏོང་བར་བོད་ཀྱི་དེང་རབས་པ་ཚོས་འཇོན་གྱི་མ་རེད། བོན་པོས་ཀྱང་ཡོང་གི་མ་རེད། གུང་ཁྲན་ཏང་གིས་དེ་བས་ཀྱང་རྩ་མེད་གཏོང་གི་མ་རེད། སྤྲུལ་སྐུ་རྩ་མེད་གཏོང་དགོས་ན། ཕུགས་ཀྱི་གདམས་ཀ་གཅིག་ནི་སྤྲུལ་སྐུའི་ལམ་སྲོལ་ལ་མི་མོས་ཤིང་མི་འཇུག་མཁན་གྱི་དགེ་བཤེས་དང་བླ་མ། མཁན་པོ་སོགས་ཆོས་ཕྱོགས་ཀྱི་མི་སྣ་མང་ཙམ་འབྱོན་རྒྱུར་རེ་བ་བརྒྱག་རྒྱུ་དེ་རེད། ཕུགས་ཀྱི་ལམ་ཁ་གཉིས་པ་ནི་སྲིད་ཀྱི་ཕྱོགས་ནས་དམངས་གཙོའི་ལམ་སྲོལ་ལ་རེ་བ་བརྒྱག་གི་ཡོད། རྗེས་མ་མང་ཚོགས་ལ་བདེན་པ་ར་སྦྲགས་བཏང་སྟེ་གྲོས་ཚོགས་བརྒྱུད་ནས་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱེད་པར་རེ་བ་བརྒྱབ་ཆོག་གི་རེད། ཆབ་སྲིད་ཀྱི་ལམ་ལུགས་དེ་འདྲ་ཞིག་མ་འོངས་པ་ན་ཡོང་མདོག་ཁ་པོ་རེད། དེ་མ་གཏོགས། གྲྭ་བ་ལོག་ན་གྲྭ་ལོག་ཅེས་དགོན་པ་ནས་ཐོན་འགྲོ་རུང་། སྤྲུལ་སྐུ་ཟེར་བ་འདི་དེ་ལྟར་མ་རེད། ༡༩༨༠ ལོའི་ཚུན་དུ་སྤྲུལ་སྐུ་ལོག་ནས་ད་དུང་ཡང་སྤྲུལ་མིང་འཛིན་མཁན་ཚོའི་མིང་ཐོ་ཞིག་བསྒྲིགས་ན་གང་འདྲ་འདུག
1980 རྗེས་ཀྱི་སྤྲུལ་ལོག་གི་མིང་ཐོ།
1. ཨོ་ཉི
2.
3.
4.
མཁན་པོ་དགེ་བཤེས་ཚིག་རྐམ་ཚོས་སྤྲུལ་རྐམ་ཚོ་མཆའ་ས་མ་རེད། སྲང་ལ་གཞལ་ན་རྫུན་འདོད་ཆགས་ཆེ་བ་དང་། མཁན་དགེ་རྫུན་མ་ཚོ་ཕྲག་དོག་ལྕི་ངེས། ཧཧཧཧཧ
དྲ་གྲོགས་བན་དེ་བས་གསུངས་པའི་བཀའ་མོས་འདི་དྲང་བདེན་དང་གནད་ལུགས་ཡོད་པའི་སྐད་ཆ་རེད། གཤིས་རྒྱུད་དྲང་བའི་མི་འདི་འདྲ་ལ་སེམས་བསམ་པའི་གཏིང་ཡིད་སྨོན་ཤོར་གྱི་ཡོད། བཀའ་མོས་ཡག་པོ་གསུངས་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གུན་ཁྲན་ཏང་མི་ཁྲི་ཚོ་བརྒྱད་དང་བོད་ཀྱི་སྤྲུལ་སྐུ་སྟོང་ཚོ་དྲུག་གི་འོག་ཏུ་བོད་མི་རིགས་ལ་རང་དབང་དམངས་གཙོའི་ཉི་མ་ཤར་མི་ཐུབ་པས་སྤྲུལ་སྐུའི་ལམ་ལུགས་ལ་བོད་མི་ཚང་མས་ངོ་རྒོལ་བྱ་དགོས། གྲྭ་ས་གྲྭ་ཚང་ཁག་ལ་ཡང་ཡོན་ཏན་ཅན་གྱི་གྲྭ་རྐྱང་ཉམ་ཆུང་ཚོ་ལ་དབང་ཆ་དང་ཐོབ་ཐང་མེད། གྲྭ་རྐྱང་མཁས་པ་སློབ་དཔོན་ཆོས་གྲགས་འདྲ་བ་ཚོས་སྤྲུལ་གོག་ལུག་འདྲ་བ་ཚོ་ལ་ཕྱག་འཚལ་དགོས། གྲལ་འགོ་ལ་བཞུགས་བཅུག་དགོས།
སྤྲུལ་སྐུའི་ལམ་ལུགས་འདི་ཆོས་སྲིད་ཀ་ཕུང་ལ་སྦྱོར་རྐྱེན་གྱི་ལུགས་སྲོལ་ཞིག་ཡིན་པས་བོད་མི་ཚང་མས་དགག་པ་མཐའ་ཕྱིན་པ་རྒྱག་དགོས།
ང་༢༠༠༧་གྱི་་ལོ་མཇུག་ཙམ་ལ་གྲྭ་བ་ནས་དགོངས་པ་ཞུས་ཡིན། སྡོམ་པ་ཕུལ་ཡོད་པས་གྲྭ་ལོག་གྲལ་དུ་འགྲོ་དགོས་སམ། ཧཧཧཧ
བསམ་བཞིན་སྲིད་པ་བཟུང་བའི་སྤྲུལ་བའི་སྐུ་མཆོག་རྣམས་ལ། ལས་ཉོན་གྱིས་འཕངས་པའི་གང་ཟག་ཚོས་ཚོགས་བསགས་པའི་ཆེད་ཕྱག་འཚལ་དགོས། ཕྲག་དོག་གི་ཉེས་པ་བསགས་ན་སླད་ནས་དམངས་ཕལ་པར་ཡང་ནས་ཡང་དུ་སྐྱེ་ངེས་སོ།། ཧཧཧཧ
1980 རྗེས་ཀྱི་སྤྲུལ་ལོག་གི་མིང་ཐོ་དང་ལོག་ལོ།
1. ཨོ་ཉི། ༢༠༠༧
2. ཁྲི་བྱང་། ?
3.
4.
ཁ་གསབ་གནང་རོགས།
སྤྲུལ་རབས་གསར་པ།
རྣམ་པ་ཚོས་དཔྱད་གཞིའི་ཆེད་དུ་ཀློག་རོགས་གནང་།
A New Generation of Young Lamas
http://mandala.fpmt.org/archives/older/mandala-issues-for-1996/january/a-new-generation-of-young-lamas/
སྤྲུལ་སྐུ་ངོ་མ་དང་རྫུན་མ་དབྱེད་འབྱེད་ཀྱི་ལམ་ཞིག་བཟོ་དགོས། སྔོན་མ་བོད་ལ་ལྷ་འབེབ་མཁན་མང་པོ་ཡོང་བར་བརྟེན། བདེན་རྫུན་མི་ཤེས་པས། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་གནས་ཆུང་དང་ལྷ་གཞན་༼དག་ཆ་མི་དྲན། གར་སྟོང་ཟེར་༽གདན་འདྲེན་ཞུས། ཁོང་གཉིས་ཀྱི་ལག་ལ་གྲི་རྣོན་པོ་རེ་སྤྲད་ནས། དེའི་མདུན་ལ་ལྷ་འབེབ་མཁན་གཞན་པ་ཚོ་བཏང་། ལྷ་འབེབ་མཁན་རྫུན་མ་ཚོ་འཇིགས་ནས་མདུན་ལ་འགྲོ་མི་ནུས། དགོངས་པ་ཞུས། དེ་ལྟར་བྱས་ནས་སྐབས་དེ་དུས་ལྷ་འབེབ་མཁན་མང་པོ་ཞིག་གི་རྫུན་ཁུང་བརྟོལ་བར་གྲགས།
སྐབས་དེ་དུས་ཀྱི་ཀྱལ་ཀ་ཞིག་ལ། གྲྭ་པ་བསྟན་གཤིག་ཚ་པོ་འགའ་ཤས་ཀྱིས་ལྷ་འབེབ་མཁན་དེ་ཚོའི་མདུན་ལ་ཕྱིན་ནས། ཀྭ་ཡེ། ལྟོས་དང་། ཕ་གིར་ལྷ་ཕབ་མིན་འདུག་ཟེར་། ལྷ་འབེབ་མཁན་དེས་རྣ་བར་ཐོས་ནས། “དཀོན་མཆོག་གསུམ་ཕབ་ཡོད་དཱ།”ཟེར།
ང་ཚོས་སྤྲུལ་སྐུ་ངོ་མ་ཡིན་མིན་གྱི་བརྡར་བཤེར་གཏོང་སྟངས་ཤིག་གསར་གཏོད་བྱས་ན་འགྲིགས།
ཨོ་ཉི་ ༢༠༠༧ ལོར་གྲྭ་པ་ལོག་ནས་མག་པ་ཆགས་པ་རེད། དེ་སོ་སོའི་རང་དབང་རེད། དགའ་བསུ་ཞུ།
དྲི་བ་གཅིག་ཡོད། ཁྱོད་ཀྱི་སྤྲུལ་སྐུའི་པགས་ཤུན་དེར་ཨཱེ་ཌིན་བཱིར་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་ག་རེ་ཡོད་རེད།
1980 རྗེས་ཀྱི་སྤྲུལ་ལོག་གི་མིང་ཐོ་དང་ལོག་ལོ།
1. ཨོ་ཉི། ༢༠༠༧
2. ཁྲི་བྱང་། ? དགེ་ལུགས།
3. སླེ་ལུང་། ? དགེ་ལུགས།
4.
ཁ་གསབ་གནང་རོགས།
ཁ་བ་རི་པའི་སྤྲུལ་པའི་སྐུ་མཆོག་ཚོ།
སྐྱེ་བ་ཕྱི་མ་བོད་ལ་མ་ཕེབས་རོགས།
བོད་པའི་མི་ལ་གཉའ་གནོན་མང་འདུག་པས།
བདེ་ཆེན་དག་པའི་ཞིང་ལ་བཞུགས་རོགས་བྱོས།།
སྐྱེ་བ་ཕྱི་མ་བོད་ལ་མ་ཕེམས་རོགས།
བོད་མི་ནང་ཁུལ་དཀྲུགས་ཤིང་མང་བ་དང་།
ནང་གསོད་བྱེད་ལ་རྫོགས་མཐའ་མི་འདུག་པས།
ཟངས་མདོག་དཔལ་གྱི་རི་ལ་བཞུགས་རོགས་བྱོས།
སྐྱེ་བ་ཕྱི་མ་བོད་ལ་མ་ཕེབས་རོགས།
བོད་ཀྱི་ཡུལ་ལ་ལྟོ་གོས་དཀོན་པ་དང་།
སྤྲུལ་སྐུ་གསོ་རྐྱེན་སྒོར་མོ་མི་འདུག་པས།
ཤམ་བྷ་ལ་ཡི་ཞིང་དུ་བཞུགས་རོགས་བྱོས།
སྐྱེ་བ་ཕྱི་མ་བོད་ལ་མ་སྐྱེས་རོགས།
བོད་ཀྱི་ཡུལ་ལ་འདྲ་མཉམ་མེད་པ་དང་།
དད་ལྡན་དམངས་ལ་སྒེར་གཅོད་མང་སོང་བས།
འོག་དཔལ་མེད་ཀྱི་ཞིང་དུ་བཞུགས་རོགས་བྱོས།
ཨོ་ཉི་ལ་གསལ་བཤད་ཅིག་ཞུ་འདོད་བྱུང་།
འདིར་སྤྲུལ་སྐུའི་སྐོར་གླེང་འདོད་ནི་ཨོ་ཉི་ཁྱོད་ལ་མ་དགའ་ནས་མིན་ལ། ཡང་ཆོས་བརྒྱུད་གཅིག་ལ་ཕྱོགས་ཞེན་གྱི་སྐད་ཆ་ཡང་མིན། “སྤྲུལ་སྐུ་” ཟེར་བ་འདིས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ལས་གནོད་ཆེ་བས་ཡིན།
ཁྱོད་ཀྱིས་བོད་ཀྱི་དེང་རབས་པ་ཚོ་ཞེས་སྡིགས་མོད། བོད་ཀྱི་དེང་རབས་ཀྱི་སློབ་གྲྭ་དང་སློབ་གསོ་ནི་ཨ་ཀོང་རིན་པོ་ཆེ་ཡིས་རོགས་རམ་དང་རྒྱབ་སྐྱོར་གནང་ས་ཞིག་ཏུ་བརྩིས་ཡོད་པ་མ་གཏོགས། ཁོང་གིས་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་དགྲ་རུ་བརྩིས་མེད། དོན་དངོས་སུ་ཁྱོད་ནི་ཨ་ཀོང་རིན་པོ་ཆེའི་ཞབས་འདྲེན་དུ་ཆགས་ཉེན་འདུག ཞིབ་ཏུ་རིམ་བཞིན་རེ་རེ་བཞིན་དུ་མོལ་ཆོག
ཅོ་རི།
སྙན་ངག་ཆལ་ལེ་ཆོལ་ལེ་བྲིས་ནས་ཚིག་གི་རྩེད་མོ་རྩེས་བསྡད་ན་ཆོ་ཡོད་མ་རེད། དེ་ལས་སྤྲུལ་སྐུའི་ཕན་གནོད་ཀྱི་སྐོར་ལ་གནས་ཚུལ་གཞི་ལ་བཞག་པའི་བགྲོ་གླེང་ལ་འཇུག་རོགས། དཔེར་ན། ཨོ་ཉི་ལྟ་བུས་ག་རེ་ཕན་མིན་སྐོར།
ཆེ་འདོད་གྲགས་འདོད་ཀྱིས་རྒྱུད་བརླམས་པའི་ཡ་མ་བརླ་འདི་ལ་ཅིག་ལྟོས་དང་། ལམ་སེང་དགེ་ཁ་རང་ཕྱོགས་སུ་བསྒྲུབ་པའི་ངལ་བར་ཞུགས་པའི་མཆན་ཞིག་གོང་ནས་མིག་འོག་ཏུ་ཚུད།
# 49 གཅན བཟོད་རྒྱམ།་ལགས་ཀྱིས་མཆན་བཏབ་པ།:
January 14th, 2014 at 7:05 AM
ཁོ་བོའི་རྩོམ་ཐུང“འདི”ལ་ཤུགས་རྐྱེན་དེ་འདྲ་ཞིག་ཡོད་པར་བསམ་མ་སོང་། (དགུ་རོང་སྤུན་གྲོལ།)
http://www.rdrol.net/node/867
རྩོམ་དེར་ “གསེར་རྟ་སྒར་ནི་བརྩེ་དུངས་ཀྱི་གླིང་ཚོམས་ལྟར། ཇོ་མོ་དང་བན་དེ་གཉིས་ཀྱི་བརྩེ་དུང་མངོན་པའི་དེང་གི་སློབ་གླིང་ལྟ་བུ་ཞིག་ཏུ་གྱུར་ཡོད། ཉེ་འདབ་ཀྱི་རྫོང་མཁར་དེའི་སྨན་ཁང་དུ་ཇོ་མོ་བྱིས་པ་འདེད་མཁན་མང་པོ་ཆགས་ཡོད།” ཟེར།
ཁུངས་ལྡན་ཕུགས་འཕེར་མེད་པའི་དཀྲོག་གཏམ་འདི་ལྟ་བུ་ལ་ “ཕྱི་མི་དང་རྒྱ་ནག་གི་ཁྲོད་ན་ཚོང་ར་ཆེ” བ་ལ་ཐེ་མི་ཚོམ། གཞན་གྱིས་ “འུར་སྒྲོག་བྱེད་དོ” ཞེས་སྡིགས་ཞོར་དུ་རང་གིས་ཀྱང་ “འུར་སྒྲོགས” འདི་ལྟ་བུ་བྱེད་པ་འདི་ཅི་ཉེས་སམ། མི་འདི་ཚོ་ལ་ག་རེ་མ་འགྲིག་པ་རེད།
བོན་པོ་ལགས་འདི་ལྟར་རེད།
བོན་སྐུ་མེད་པ་ལྔ་ལྡན་ནི།
མཚན་མར་འཛིན་པའི་ལུས་མེད།
གཟུགས་བརྙན་སྣང་བའི་འཁོར་མེད།
དངོས་འཛིན་ཚེ་ཡི་ཚད་མེད།
བདག་འཛིན་འདུལ་བའི་ཞིང་མེད།
བཀའ་རྒྱུད་བཤད་པའི་བོན་མེད།
རྫོགས་སྐུ་ངེས་པ་ལྡན་ནི།
སྐུ་ངེས་པ་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་སྐུ།
འཁོར་ངེས་པ་ས་གནས་བྱང་སེམས་འཕགས་པ་ཁོ་ན།
དུས་ངེས་པ་ཇི་སྲིད་འཁོར་བ་མ་སྟོང་བར།
གནས་ངེས་པ་འོག་མིན་ཁོ་ན།
གསུང་བའི་བོན་ངེས་པ་ཐེག་ཆེན་ཁོ་ན།
སྤྲུལ་སྐུའི་མ་ངེས་ལྔ་ལྡན་ནི།
སྐུ་ཡི་ཆ་ལུགས་མ་ངེས། བརྟེན་པའི་འཁོར་མ་ངེས།
སྐུ་ཚེའི་ཚད་མ་ངེས།
བཞུགས་པའི་གནས་མ་ངེས།
གསུང་བའི་བོན་མ་ངེས་པ་དང་ལྔའོ།
མཁས་དབང་བན་དེ་བ་ལགས། ཤིན་ཏུ་བཀའ་དྲིན་ཆེ་ཞུ། སྐུ་ཚེ་རིང་། །
ཡེ་ཤེ་རྡོ་རྗེ་ལགས། སྤྲུལ་ལོག་གི་མིང་ཐོ་རྫོགས་མཐའ་མེད་ཡ།
བཀའ་བརྒྱུད་ཀྱི་ཀ་ལུ།
དགེ་ལུགས་པའི་གསེར་ཀོང་།
རྙིང་མའི་ནང་ལམ་ལུགས་ངན་པ་འདི་དར་སྲོལ་ཆེ་ལ་རྟོགས་པ་ཨོ་རྒྱན་རིན་པོ་ཆེ་ཆབ་ཆེན་གྱི་གྲལ་དུ་མི་འཚུད་ན་ཡང་སྤྱོད་པ་ཨོ་རྒྱན་རིན་པོ་ཆེའི་མཛད་སྤྱོད་ཡིན་མདོག་བྱེད་ཀྱི་ཡོད་པ་རེད།
ས་སྐྱའི་ནང་ཡང་གཅིན་རྒྱུད་དེ་རང་རེད། ཉ་ལུ་དང་དང་སྐྱེས་དམན་གྱིས་འཁོར་གྱིས་བསྐོར་མཇེ་རླང་པ་འཚུབ་འཚུབ་ཚོགས་མགོན་དུ་ཕེབས་ཀྱི་རེད། ཧ་ཧ།
བོད་ཀྱི་སྤྲུལ་མིང་འཛིན་པ་ལ་རེ་ཐེ་ཝན་དང་ནུབ་ཕྱོགས་ཀྱི་ཁྲིམས་རར་སླེབས་པ་ཡང་གོ་རྒྱུ་འདུག་ག།
དེང་སང་བོད་མིའི་ཁྲོད་དུ། མཁས་པ་དང་། མཐོན་པོ་ང་ཡིན་ཟེར་མཁན་ཚོས། མཚམས་སྦྱོར་གནང་དུས། མཁས་དབང་བཀའ་བློན་ཁྲི་པ་མཆོག་ནས་༼༡ བཀའ་སློབ་༽༼༢ གསུང་བཤད་༽གནང་རྒྱུ་ཞེས། ཨ་བཟློས་ཡང་བཟློས་ཀྱི་ཚིག་ལྷག་གི་ཕུང་པོ་ཅན་མང་པོ་རེད། བཀའ་སློབ་དང་། གསུང་བཤད་གང་རུང་གསུང་ན་འགྲིགས་པ་ལ། དེ་གཉིས་ལྷན་དུ་ཟློས་དགོས་དོན་འདུག་གམ། ཧཧཧཧཧཧཧརྩེད་མོ་ཡིན་ད། བོད་ནས་འབྱོར་བའི་རྩོམ་ལ་འདི་འདྲའི་སྐོར་ཉུང་ཉུང་།
1980 རྗེས་ཀྱི་སྤྲུལ་ལོག་གི་མིང་ཐོ་དང་ལོག་ལོ།
1. ཨོ་ཉི། 2007
2. ཁྲི་བྱང་། ? དགེ་ལུགས།
3. སླེ་ལུང་། ? དགེ་ལུགས།
4. ཀ་ལུ། ? བཀའ་བརྒྱུད།
5. གསེར་ཀོང་། ? དགེ་ལུགས།
ཁ་གསབ་གནང་རོགས། ཞོལ་གཡག་འབྲོང་རྒྱུད་ལ་ཐུགས་རྗེ་ཆེ།
ཀ་ལུའི་སྐོར་ཤེས་ཀྱི་ཡོད། ཡིན་ནའང་གསེར་ཀོང་གི་སྐོར་ཤེས་ཀྱི་མེད། བྱས་ཙང་བརྩད་གཅོད་ཅིག་བཏང་པ་ཡིན་ཏེ། བདེན་པའི་སྐད་ཆ་ཞིག་ནི་ཆོས་འཁོར་དྲྭ་ཐོག་ན་གཤམ་གསལ་ལྟར་རོ།
http://www.dharmawheel.net/viewtopic.php?f=52&t=6304
Re: Tsenzhab Serkong Rinpoche Tulku
by Tilopa » Tue Dec 20, 2011 9:46 pm
LunaRoja wrote:
Hello,I saw a recent photo of the tulku of Tsenzhab Serkong Rinpoche in lay clothes with a full head of hair. Did he disrobe recently? Does anyone know why?
Not recently – about 10 years ago. Guess he didn’t want to be a monk this time.
སྤྲུལ་སྐུ་ལོག་ཡིན་དང་མིན་གྱི་ཐེ་ཚོམ་ཡོད་པའི་མཐོ།
རྫོང་གསར་མཁྱེན་བརྩེ། ས་སྐྱ།
རྫ་ཆོས་རྗེ། དགེ་ལུགས།
ཆོས་ཀྱི་ཉི་མ། བཀའ་རྙིང་།
སྨུག་སངས་སྤྲུལ་སྐུ། རྙིང་མ།
རྫོགས་ཆེན་དཔོན་སློབ། བཀའ་བརྒྱུད།
དེང་སང་གང་སར་འགྲན་རྩོད་ཀྱིས་ཁེངས་དུས་སྤྲུལ་སྐུ་རྣམས་འགྲན་རྩོད་ལ་མ་དགའ་ནས་བྲོས་སོང་བ་ཡིན་རྒྱུ་རེད། དེང་སང་དགོན་པ་ཕལ་ཆེ་བར་སྒོར་མོ་ལས་མི་དགོས། སྒོར་མོ་བཟོ་དགོས་ན་སྤྲུལ་རྫུན། མཁན་རྫུན། དགེ་རྫུན་ཚོ་ངར་པོ་འདུག་ག་་་་་་
ཆོས་ཀྱི་ཉི་མ་ཟེར་བ་སུ་རེད།
ཆོས་ཉི་ནི་བལ་ཡུལ་དགོན་པ་དཀར་པོའི་བདག་པོའི་བདག་པོ་དེ་རེད།
ད་དུང་རང་གིས་རང་ཉིད་སྤྲུལ་སྐུར་བརྫུས་པའི་མིང་ཐོ་ཞིག་ཀྱང་བསྒྲིག་ཆོག་ལ། སྤྲུལ་རབས་གསར་པ་འདི་ཚོ་ལས་མང་ཆེ་བ་ནི་ ༡༩༦༦ ལོ་སྟེ། རིག་གནས་གསར་བརྗེའི་སྔ་རྗེས་དང་ཡང་ན་དེའི་ཚུན་ལ་སྐྱེས་པ་ཤ་སྟག་རེད་ལ། འདི་ལྟར་བལྟས་ཡོང་དུས། ༡༩༨༠ ཚུན་གྱི་སྤྲུལ་སྐུའི་སྐོར་ལ་འབུམ་རམས་པའི་ཞིབ་འཇུག་གི་ལས་གཞི་ཞིག་ཡོང་ཆོག་ཆོག་འདུག “ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་” ཟེར་བ་དེའི་ཞིབ་འཇུག་པ་ཁམས་ནང་ཆེན་གྱི་ཟླ་བ་ཚེ་རིང་ལགས་ཀྱིས་སྔར་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པའི་སྐད་ཆ་ཞིག་ཡོད་པ་མ་ཟད། ཁོང་གིས་ཞིབ་འཇུག་གི་ལས་གཞི་དེ་ཧོང་ཀོང་གི་སློབ་གྲྭ་ཆེན་མོ་ཞིག་ཏུ་འབུམ་རམས་པའི་ལས་གཞི་ཞིག་གི་ངོ་བོར་སྒྲུབ་བཞིན་ཡོད་སྐོར་དངོས་སུ་བཤད་སོང་སྟེ། དེ་དུས་འདི་འདྲའི་སྐོར་ལ་དོ་སྣང་མེད་ཙང་གཏིང་འདྲི་བྱས་མེད། དེ་ནི་བགྲང་བྱ་བཅུ་ཕྲག་ཅིག་གི་གོང་ཙམ་ལ་ཡིན་ཞིང་། ཁོང་གི་ཞིབ་འཇུག་གི་འབྲས་བུ་དེ་ཉིད་ད་ནི་དེབ་གཟུགས་སུ་ཕབ་ཡོད་པར་ཐེ་ཚོམ་མེད་ལ། དེ་ནི་རྒྱ་ཡིག་ཏུ་བྲིས་ཡོད་ཚོད།
སྤྲུལ་སྐུའི་ཟླ་རུ་སྤྲུལ་རྫུན་ལངས་ཡོད་ས་རེད། ཧ་ཧ་ཧ།
“འགྲན་རྩོད” དེར་ལྟད་མོ་ཡོད་རྒྱུ་རེད་དཱ།
ཨ་ལེ་དེས་ཆོས་ཉི་ཟེར་བ་དེ་ཕུང་གསུམ་པ་ཡིན་པ་འདྲ། ནམ་རྒྱུན་ནས་ཆོས་གོས་གོན། མཁན་ཞྭ་གོན་ནས་འགྲོ་མཁན་ཞིག་རེད། ངས་སྔར་ནས་གནས་ཚུལ་ཅུང་ཙམ་གོ་སོང་མོད། གལ་སྲིད་ཕུང་གསུམ་པ་ཡིན་རྒྱུ་ན་ཕུང་གསུམ་པ་འབྲིང་གྲས་དང་། ཆུང་གྲས་སུ་བརྩིས་ཡོད་པས། གནས་སྐབས་སུ་བཏང་སྙོམས་སུ་བཞག་པ་ཡིན། ཡིན་ན་ཡང་གོ་ཐོས་ཙམ་ལས་དམིགས་བསལ་ཁ་གསལ་མེད།
ཡེ་རྡོ་ཁྱོད་ཀྲུང་གོའི་བོད་ལྗོངས་ནང་གི་ཡེ་རྡོ་ཟེར་བའི་གོང་ས་མཆོག་ལ་ཁ་གཏོང་མཁན་དེ་ཡིན་པ་འདྲ། སྤྲུལ་མིང་ཁུར་མཁན་མང་ཆེ་སྤྲུལ་རྫུན་རེད། ལྟོས་དང་། སྒོར་མོ་མ་གཏོགས། ༼༡ སྡོམ་དང་དམ་ཚིག་ནི་མི་འདུག ༢བསྟན་པ་ལྷག་བསམ་ནི་མི་འདུག ༣སེམས་ཅན་ལ་སྙིང་རྗེ་ནི་མི་འདུག ༽དེ་གསུམ་མེད་ན་སྤྲུལ་སྐུ་མིན་པས་ཁྱབ། དེ་དང་འདྲ་བའི་དེང་སང་གི་མཁན་པོ་དང་དགེ་བཤེས་དེ་ཚོ། ཚིག་འགྲེལ་ཆོད་ལ་མ་ཆོད་ཙམ་དང་། ཁྱབ་མཐའ་ཆོད་ལ་མ་ཆོ་ད་ཙམ་ཞིག་ཡོད་ཚར་ནས་བཟུང་། སྒོར་མོ་ཁོ་ནའི་རྗེས་སུ་རྒྱུགས་པ་ལས། ༼༡ སྡོམ་དང་དམ་ཚིག་ལ་རྩ་ཆེན་དགོས་ཀྱིན་མི་འདུག ༢ བསྟན་པ་ནི་ཁ་བཤད་ཙམ་ལས་མི་འདུག ༣ ཕྲག་དོག་ནི་སུ་ལས་ཆེ་བ་རྐྱང་རྐྱང་རེད།༽ དེ་གསུམ་སུ་ལ་ལྡན་ན་དེ་མཁན་པོ་དང་། དགེ་བཤེས་མ་ཡིན་པ་ཤེས་པར་གྱིས་ཤིག དེང་སང་གི་མཁན་པོ་དགེ་བཤེས་སྤྲུལ་སྐུ་བླ་མའི་མིང་ཁུར་མཁན་ཕལ་ཆེ་བར་ཐུན་མོང་དུ་ཡོན་ཏན་ཞིག་ཡོད་ན་ནི་འདོད་ཆགས་རེད། ཁྱད་ཆོས་ཤིག་ཡོད་པ་དེ་ཡང་འདོད་ཆགས་རེད།
དགུ་རོང་སྤུན་གྲོལ་ལ་འཕྲིན་དུ་བཏབ་པ།
མེ་ཞགས།
གཅིག
ཞག་འགའི་སྔོན་དུ་བླ་རུང་སྒར་གྱི་ཇོ་ཤག་ལ་མེ་སྐྱོན་ཤོར་ཞིང་སྒར་གྱི་ཇོ་སེར་ཡོངས་ནས་ཉིན་མཚན་གང་པོར་འཆི་ལ་རན་པ་ལྟར་མེ་འགོག་གི་ལས་ལ་བརྩོན་ཡང་། སྒར་གྱི་དགེ་སློབ་ལས་གཞུང་སྒེར་གྱི་རོགས་པ་དཔུང་ཆེན་ཞིག་སུ་ཡང་འོང་རྒྱུ་ མེད། དེ་ལྟར་ལུས་སེམས་གཉིས་ཀ་ངལ་ཞིང་དུབ་བཞིན་པའི་སྒང་དེ་ལ་རོགས་རམ་དང་སེམས་གསོ་ཕར་ཞོག མཁན་བསོད་དར་རྒྱས་ཀྱིས་མེ་སྐྱོན་ཐེབས་པའི་པར་རིས་དག་ཁྱབ་བསྒྲགས་མ་གཏོང་ཞེས་གསུངས་པ་ཙམ་གྱིས། དྲྭ་འབུ་མང་པོས་ད་ནི་གང་སར་ཁྱབ་ཟིན་པས་ང་ཚོས་བསུབས་ཀྱང་ཅི་ཡང་མི་ཕན་ཟེར་བ་དང་། ད་དུང་བསོད་དར་རྒྱས་ཀྱི་དྲན་འཕྲུལ། གླེན་གཏམ་སོགས་ཟེར་ནས་དོན་མེད་ཀྱི་འཆལ་གཏམ་འབའ་ཞིག་བཤད་པ་རེད།
དེའི་ཕྱི་ཉིན། དགུ་རོང་སྤུན་གྲོལ་བྱ་བ་ཁྱོད་ཀྱིས། ཁྱོད་རང་གིས་བྲིས་པ་ལྟར་དོན་གྱི་སྙིང་པོར་བྲི་དགོས་པ་དེ་བསོད་དར་གྱི་མགོ་བདེ་དྲན་འཕྲུལ་རེད་འདུག་མོད། འོན་ཀྱང་རྩོམ་འབྲི་བའི་མགོ་བརྩམས་མ་ཐག་ཏུ་”མཁན་པོ་བསོད་དར་རྒྱས་ཞུ་པ་དེ་ ནི་ནང་བསྟན་གྱི་བློ་སྦྱོང་ཞན་པའི་སྐྱེ་བོ་དག་གི་སྣང་ངོར་ཆེད་དུ་འཕགས་པའི་སྐྱེས་བུ་ཞིག་ཏུ་ཆགས་འདུག་ལ།”ཞེས་པ་ནས་བཟུང་སྟེ་མཇུག་མ་བསྡུས་ཀྱི་བར་དུ། བསོད་དར་རྒྱས་ལ་ནང་བསྟན་ཆུས་ཚད་མེད་རབས། ཁོང་གི་གཏམ་བཤད་རྣམས་སློབ་ཕྲུག་ཚོས་ཟིན་བྲིས་སུ་བཏབ་པ་དག་ནི་ཁོང་གིས་གཞན་ལ་བཅོལ་ནས་བྲིས་པ་ཞིག་ཡིན་པར་བཤད་འདོད་དེ་”དཔོད་འབྲི་”དེབ་གཟུགས⦅དུས་ཀྱི་ ཟླ་འོད།⦆དང་⦅དུས་ཀྱི་སྒྲོན་མེ།⦆གཉིས་ལ་གོ་རྒྱུ་གསར་པ་ཅི་ཡང་མི་འདུག་ཟེར་བ་དང་། གསེར་རྟ་སྒར་ནི་བརྩེ་དུང་གི་གླིང་ཚོམ་ཡིན་པ། “ཚུལ་ཁྲིམས་བློ་གྲོས་དང་བསོད་དར་ནམས་དར་རྒྱས་གཉིས་ཀྱི་མགོ་བདེ་དྲན་འཕྲུལ་ལ་གཟབ་དགོས་”སོགས་སྨྲས་ཏེ། བརྗོད་བྱར་འབྲི་འདོད་པ་”བསོད་དར་གྱི་མགོ་བདེ་དྲན་འཕྲུལ་”དེའི་ཐད་ནས་གང་ཡང་མ་ཤོད་པར་བསོད་དར་རྒྱས་ཧ་ལས་དགོས་པའི་མི་ཞིག་མིན་ཚུལ། བསོད་དར་རྒྱས་ལ་ནང་བསྟན་ཆུས་ཚད་མེད་རབས། འུད་ཆེ་བའི་བླ་རུང་སྒར་གྱི་སྐྱོན།གཏད་སོ་ཅི་ཡང་མེད་པར་ཚུལ་ཁྲིམས་བློ་གྲོས་དྲན་འཕྲུལ་ཆེ་རབས་སོགས་བཤད་འདུག
དེ་བས་ན་ཁྱོད་རང་གི་རྩོམ་དེ་སྲོག་ཆགས་གཅིག་ཡིན་པའི་དབང་དུ་བཏང་ན། “རྟ་མགོ་འབྱར་བའི་གྲོག་མ་ཞིག་དང་ཀུན་ནས་མཚུངས། “པ་རེད།
གཉིས།
བསོད་དར་རྒྱས་ཀྱི་སྐད་ཆ་དག་ནི་ཨོ་གྷོ་སི་ཀྲན་གྱིས་བཤད་པ་དང་འདྲ་ཞིང་ཏཱ་ལའི་བླ་མའི་སྐད་ཆ་དང་ཧ་ཅང་མཚུངས། ད་དུང་ནང་བསྟན་གཞུང་གི་སྐད་ཆ་ལ་བཏུས་ལུང་བཏུས་རེད་བྱས་ནས་གྲུབ་པ་རེད་འདུག་པས། གོ་རྒྱུ་གསར་པ་མི་འདུག་ཅེས་སོགས་ཟེར་ནས་བསོད་དར་རྒྱས་ཆུང་ཆུང་དུ་སྒྲུབ་ཀྱིན་ཡོད་ན་ཡང་བསྒྲུབ་པར་བྱ་མི་ནུས་ཏེ།
ཁྱོས་ཨོ་གྷོ་སི་ཀྲན་ཁ་ནས་གླེང་པ་ལྟར་ན་ཁྱོས་ཀྱང་མི་དེ་ག་འདྲ་ཡིན་པ་ཤེས་ཚོད་རེད།⦅འགྱོད་བཤགས་ཀྱི་ཟིན་ཐོ།⦆⦅དཀོན་མཆོག་གི་གྲོང་ཁྱེར།⦆⦅རང་དབང་གི་འདུ་ཤེས་གླེང་བ།⦆སོགས་བརྩམས་ཆོས་གྲགས་ཅན་མང་པོ་ཡོད་པ་ཤེས་ཚོད་རེད། རོ་མ་རྒྱལ་ཁབ་ཀྱི་བསམ་བློ་པ་གྲགས་ཅན་དང་གནམ་བདག་པ་སོགས་ཀྱི་གཙུག་གི་ནོར་བུ་ཡིན་པ་ཤེས་ཚོད་རེད། ༼མི་འདིས་ལྷའི་རིག་པ་དང་ཕོ་ལ་ཐོའི་ལུགས་ཀྱི་མཚན་ཉིད་རིག་པ་ཟུང་འབྲེལ་བྱས་ནས་སྐད་ཆ་མང་པོ་བཤད་ཟིན་པ་རེད། ཨོ་གྷོ་སི་ཀྲན་གྱི་བརྩམས་ཆོས་ཀྱིས་ང་ཚོའི་ལྟ་སྤྱོད་ཀྱི་ཚབ་བྱེད་མི་ཐུབ་ཀྱང་ང་ཚོ་སུ་ཡིན་རུང་ཁོང་གི་བརྩམས་ཆོས་དག་ལས་ལེགས་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་པ་དང་ལེན་འོས་པ་རེད། སྐྱོན་ཆ་ཅུང་ཟད་ཡོད་པར་མཐོང་ཙམ་ནས་མི་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་ཀ་སྐྱོན་ལྡན་དུ་ལྟ་བ་ནི་ནོར་འཁྲུལ་རབ་ཏུ་ལྕི་བ་རེད། གལ་སྲིད་དད་གུས་དང་བྲན་གཤིས་གཉིས་གཅིག་དུ་འཛིན་ན་བསོད་དར་རྒྱས་ཕར་ཞོག སྟོན་པ་ཐུབ་དབང་སོགས་ཆོས་ལུགས་པ་ཡོངས་ཀྱིས་ལྷ་ཆོས་ཀྱིས་བྲན་དུ་བསྒྱུར་བར་འབད་ཀྱི་ཡོད་པ་ལྟར་སྣང་གི་རེད།༽ དེ་བཞིན་དུ་ཏཱ་ལའི་བླ་མ་ཡང་མི་ག་འདྲ་ཞིག་ཡིན་པ་ཤེས་དགོས་ཚོད་རེད། ནང་པ་སངས་རྒྱས་པའི་གཞུང་ལ་ཡང་ཅི་ཞིག་ཡོད་པ་ཤེས་སྣང་ཤར་གྱི་ཡོད་ན། “ཁོའི་སྐད་ཆ་ནི་ནང་བསྟན་རིག་གཞུང་དང་འཛམ་གླིང་གི་ཤུགས་རྐྱེན་མི་སྣ་དེ་དག་གིས་བཤད་པ་དང་མཐུན་འདུག་པས་ཁོ་མཁས་པ་མ་རེད།”ཅེས་སྒྲུབ་པ་ནི། སྨོད་མ་ཤེས་ནས་བསྟོད་བཞག་པ་རེད་པས་གནའ་མི་བོད་ལ་གཏམ་དཔེ་ཞིག་ཡོད་པ་དེ་ག་རང་རེད།
མ་གཞི་ཁྱོད་ཀྱིས་དེབ་གཉིས་པོ་དེ་ལ་རོ་བྲོ་མི་འདུག་ཅེས་ག་ཚད་བོས་ཀྱང་གྲེ་བ་འགག་པའི་རྒྱུ་ལས་ཅི་ཡང་མ་རེད། དེབ་གཉིས་པོ་དེ་ད་ལྟ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་སོང་སྟེ་མགོ་ནག་བོད་པ་ཡོངས་ཀྱིས་རིན་ཐང་ག་ཙམ་ཡོད་པ་རྟོགས་ཟིན་པས་སོ།།
གསུམ།
ད་དུང་ཁྱོད་ཀྱིས། བསོད་དར་རྒྱས་ཀྱི་⦅དུས་ཀྱི་ཟླ་འོད།⦆དང་⦅དུས་ཀྱི་སྒྲོན་མེ།⦆བལྟས་ཀྱང་རོ་དྲི་ཅི་ཡང་མི་འདུག་པ་དང་། འོན་ཀྱང་གོ་མེད་བློ་རྒྱ་ཆུང་ངུ་དག་ལ་ནི་དུས་ཀྱི་སྒྲོན་མེ་དང་དུས་ཀྱི་ཟླ་ འོད་རེད་འདུག་ཅེས་འདི་དག་གིས་ཅི་ཞིག་ཤོད་ཀྱིན་ཡོད་དམ། སྐད་ཆ་འདི་དག་གི་བརླ་བར་ནས་དགུ་རོང་སྤུན་གྲོལ་མཁས་པ་རེད། དགུ་རོང་སྤུན་གྲོལ་གོ་རྒྱ་ཅན་རེད། དགུ་རོང་སྤུན་གྲོལ་ཤེས་ཡོན་པ་རེད། དགུ་རོང་སྤུན་གྲོལ་བསོད་དར་རྒྱས་ལས་ཀྱང་མཁས་པ་ཆེན་པོ་རེད། ཅེས་སོགས་ཁྱོད་ཀྱི་རྨི་ལམ་ཡོད་ཚད་ལ་གསོན་ཤུགས་རྒྱས་ནས་འབོད་སྒྲ་སྒྲོག་གིན་མི་འདུག་གམ།
ཧ་གོ་དགོས་པ་ཞིག་ལ། རང་ཉིད་ཀྱིས་”ང་ཆེན་པོ་ཡིན་”ཞེས་འབོད་པའི་དུས་ཇི་སྲིད་དུ་རང་ཉིད་ཅི་ཡང་མིན་ཞིང་། གཞན་གྱིས་”ཁྱོད་ཆེན་པོ་རེད་”ཅེས་འབོད་པའི་དུས་སུ་ད་གཟོད་རང་ཉིད་ཅུང་ཟད་ཆེ་ཙམ་ཞིག་རེད།
ད་ལྟ་ནི་དུས་རབས་ཉེར་གཅིག་རེད། སྔ་མ་ལྟར་ཡོད་ཉམས་བསྟན་ནས་ལུང་ཁུག་ན་གབ་ས་ཡོད་མ་རེད། གོ་ལ་འདི་སྐར་མ་ཤིན་ཏུ་ཆུང་ཆུང་ཞིག་རེད། ཕན་ཚུན་གང་དུ་སོང་ཡང་ཁ་ཐག་རིང་པོ་མ་རེད། འུད་ལབ་ནས་མཁས་པ་ཆགས་རྒྱུ་ཡོད་མ་རེད། ཐ་ན་གླུ་པ་གླུ་མ་སྐད་གྲགས་ཅན་དུ་འགྱུར་དགོས་ན་ཡང་གར་སྟེགས་སྣ་ཚོགས་སྟེང་ནས་འགྲན་སྡུར་བྱེད་ནས་སྐར་མ་མང་ཉུང་དགའ་བསུ་ཐུབ་མིན་སོགས་ཀྱིས་སྐར་ཆེན་གྲལ་དུ་ཚུད་དགོས་པ་རེད།
འོན་ཀྱང་། ད་ལྟའི་བོད་སྤྱི་ཚོགས་ད་དུང་གཡམ་ལ་རྒྱུག་མཁན་མང་པོ་ཡོད་པའི་རྐྱེན་གྱིས་ཁྱོད་དང་ཁྱོད་འདྲ་བ་དག་གིས་གོ་སྐབས་དེ་ཉིད་དམ་འཛིན་བྱས་ཏེ། སྐད་གྲགས་ཅུང་ཆེ་བའི་མི་དང་ལས་དཀའ་ཅུང་ཟད་འཇོན་པའི་མི་རྣམས་ལ་སྐྱོན་ཆ་ཕྲན་ཙམ་ཡོད་ནའང་མི་རིགས་སྐྱིད་སྡུག་ཁ་ལ་ཁྱེར་ནས་ཁྱབ་བསྒྲགས་གཏོང་། བོད་ཆེན་པོ་རྩ་མེད་གཏོང་མཁན་ཡིན་པ་ལྟར་གཤེ་གཤེ་གཏོང་། དོན་དུ་རང་ཉིད་ཁྱབ་བསྒྲགས་གཏོང་པའི་ལས་འབའ་ཞིག་ཡིན་པ་ལས་ཅི་ཡང་མ་རེད། ཁྱོད་ཀྱིས་ཧ་གོ་ན། བདེན་པས་གྲུབ་པའི”མགོ་བདེ་དྲན་འཕྲུལ”ཟེར་བ་ནི་དེ་དག་རེད།
ད་སྔོན་མི་རིགས་ཁ་ལ་ཁྱེར་ནས་དཀྲོག་གཏམ་སྤེལ་མཁན་དག་ནི་འོག་པ་ཉིན་ལ་བུད་པ་ལྟར་གྱུར་དང་འགྱུར་བཞིན་ཡོད། རྒྱུ་རྐྱེན་གཙོ་བོ་ནི་བརྡ་འཕྲིན་མཉེན་ཆས་”འཕྲིན་ཕྲན”འདི་ཁོ་ན་བོད་ཡུལ་དུ་དར་ནས་མི་མང་པོའི་ཁ་ཐག་ཤིན་ཏུ་ཉེ་བར་གྱུར་ཏེ། སྤྱི་སྤྱི་སྒེར་སྒེར་གྱི་ངོ་གདོང་རྗེན་པ་མཐོང་ལ་ཁད་བྱས་ཡོད་པས་རེད། ད་དུང་ཡང་དྲ་བ་འདི་བོད་མི་བྱིངས་ནས་ལེགས་པར་བཀོལ་སྤྱོད་བྱ་ཐུབ་པ་ཡིན་ན།
སྤྱང་ཀི་ལུག་ལྤགས་ཅན་དང་བོང་བུ་སྟག་ལྤགས་ཅན་གྱི་སྤྱི་སྒེར་མི་སྣ་ཡོད་ཚད་རིམ་གྱིས་མཐོང་ཐུབ་པ་རེད། ད་དུང་གནས་སྐབས་དཀྲོག་གཏམ་ཤོད་དང་། བོད་དུ་ཡིག་རྨོངས་མང་པོ་ཞིག་ལྷག་འདུག་པས་ཆེད་དུ་བྱ་བའི་གདུལ་བྱ་འགའ་ཤས་ ཡོད་ས་རེད།
བཞི།
གཞན་ཡང་། ཁྱོད་ནི་མི་རིགས་དང་རང་དབང་འདྲ་མཉམ་དམངས་གཙོ་སོགས་གླེང་མཁན་གྱི་གྲས་ཤིག་ཡིན་ཉམས་སྟོན་པ་རེད། ཁ་ནས་རང་དབང་དང་དམངས་གཙོ་འདྲ་མཉམ་ཞེས་ཆེ་ཙམ་གླེང་ནས་གུས་བཀུར་དང་རྩི་མཐོང་རྡོག་འོག་ཏུ་མནན་ནས། བཟང་ཕྱོགས་ཀྱི་ཆ་ཤིག་ཙམ་ཡང་མི་གླེང་ཞིང་སྐྱོན་ཁོ་ན་སྒྲོག་པ་མ་ཟད། ཞིབ་འཇུག་ལར་ནས་མི་བྱེད་པར་འཆལ་གཏམ་དང་ཕོ་ཚོད་ཁོ་ནས་ལོང་རྒྱུག་བྱེད་པ་ནི་ཤིན་ཏུ་ཐབས་སྐྱོ་པོ་རེད།
དཔེར་ན། ཁྱོས་”གསེར་རྟ་སྒར་དུ་ཇོ་མོ་སྟོང་ཕྲག་བདུན་ཙམ་ཡོད། མང་ཤོས་ནི་དགེ་བསྙེན་གྱི་སྡོམ་པ་བཞེས་མཁན་རྐྱང་རེད། ཁོང་ཚོས་བན་དྷེ་ཟེར་བའི་དགའ་པོ་ཞིག་བཙལ་ཆོག་ས་རེད།”ཞེས་ཟེར། གཏམ་འདི་ནི་ལོང་བས་གླང་ཆེན་ལ་རེག་པ་ཤ་སྟག་རེད། ང་རང་ནི་དགུ་རོང་སྤུན་གྲོལ་དུ་འབོད་པ་ཁྱོད་ལ་ཧ་ལས་སོང་། རྒྱུས་ལོན་རོབ་ཙམ་ཡང་མི་བྱེད་པར་ཕོད་ཚོད་ཁོ་ནས་ཧམ་བཤད་བྱེད་པ་འདི་ལ་དགོད་ ཤོར་སོང་།
ཁྱོས་རྣ་བས་ཀྲོག་ཀྲོག་གྱིས་ཉོན་དང་། སྙིང་རྗེ་བའི་སྐད་ཆ་ག་ལེར་བཤད་ཡོང་།
བླ་རུང་སྒར་དུ་གྲྭ་སྒར་དང་ཇོ་གྲྭ་སྒར། དགེ་བསྙེན་གྱི་སྒར་སྟེ་སྒར་ཆེན་གསུམ་སྟོད་བར་སྨད་གསུམ་བྱས་ནས་ལུང་པ་ཕུ་ནས་ མདའ་ཡི་བར་དུ་འདུ་ཁང་གནས་ཁང་བཅས་པ་སོ་སོ་བྱས་ནས་ཆགས་ཡོད། དགེ་བསྙེན་དང་གྲྭ་ཇོ་སོགས་རང་ས་ན་འདུག་དགོས་པ་ལས་དེ་དག་ཕན་ཚུན་འདྲེས་ནས་འདུག་ཆོག་གི་མེད།
ད་དུང་ཁྱོད་ཀྱིས་ཤེས་དགོས་རྒྱུ་ལ། དགེ་བསྙེན་གྱི་སྡོམ་པ་བླངས་པ་ཙམ་གྱིས་གྲྭ་ཆས་གྱོན་ཆོག་མ་རེད། དགེ་བསྙེན་གྱི་སྡོམ་པ་མ་གཏོགས་མེད་པའི་ཕོ་མོ་དེ་དག་ལ་གྲྭ་པ་དང་ཇོོ་ཟེར་བ་མ་རེད། ཇོ་མོ་ཟེར་བ་ནི་རབ་བྱུང་མ་ལ་ཟེར་བ་རེད། གྲྭ་པ་ཇོ་མོ་དགེ་བསྙེན་གསུམ་ནི་གཞི་མཐུན་མི་སྲིད་པའི་སྲོག་ཆགས་ཤ་སྟག་རེད་ པས། ” བླ་རུང་སྒར་གྱི་ཇོ་མོ་མང་ཤོས་དགེ་བསྙེན་རེད”ཟེར་བ་ནི”ཨ་ཕ་མང་ཤོས་ནག་མོ་རེད” ཅེས་པ་ཁོ་ན་རེད།
ཁྱོད་རང་ཡང་ན་དགེ་བསྙེན་གྱི་སྡོམ་པ་ཡོད་ཚད་དགེ་བསྙེན་རེད་སྙམ་ནས་འཁྲུལ་བསྡད་ཡོད་ན། རབ་བྱུང་དང་དགེ་སློང་ཐམས་ཅད་ལ་དགེ་བསྙེན་གྱི་སྡོམ་པ་ཡོད་ཀྱང་དེ་དག་དགེ་བསྙེན་མ་རེད། དགེ་བསྙེན་གྱི་སྡོམ་པ་ཡོད་ཟེར་ནས་དགའ་རོགས་བཙལ་ཆོག་གི་མ་རེད། དེ་བཞིན་དུ་རབ་བྱུང་དགེ་སློང་སོགས་ལའང་རིགས་འདྲ་རེད།
གསལ་འདེབས། མ་འོངས་པར་ཁྱོད་ཀྱིས་ཇོ་མོ་དགེ་བསྙེན་ཞིག་དང་དགེ་སློང་དགེ་བསྙེན་ཞིག་སོགས་ ཁ་ལ་ལེན་མ་འདུག དེ་འདྲ་ཞིག་འཇིག་རྟེན་ཁམས་སུ་ཡོད་མ་རེད།
ལྔ།
ད་དུང་ཁྱོས་ཀྱིས་ཧ་མ་གོ་ན། དགེ་བསྙེན་ཡིན་ཚད་ཀྱིས་དགའ་རོགས་འཚོལ་ཆོག་ཆོག་མ་རེད།དགེ་བསྙེན་ལ་སྣ་གཅིག་དགེ་བསྙེན། སྣ་འགའི་དགེ་བསྙེན། ཕལ་ཆེར་དགེ་བསྙེན་སོགས་མང་པོ་ཡོད། འདི་དག་གི་དོན་ནི་རྐུ་མི་བྱེད། མི་ཚངས་མི་སྤྱོད། མྱི་མི་གསོད་ལྟ་བུ་སྡོམ་པ་རེ་རེ་ཁོ་ན་བླངས་པ་དང་གཉིས་རེ་བླངས་པ་ཕལ་ཆེ་བ་བླངས་པ་ཞེས་པའི་དོན་རེད། དེ་བས་ན་དགའ་རོགས་དང་ཚེ་རོགས་དགོས་བསམ་མཁན་དག་གིས་ཚངས་སྤྱོད་ཀྱི་སྡོམ་པ་ བླངས་མེད་པས་ཁོང་ཚོས་དགའ་རོགས་བཙལ་དང་འཚོལ་བཞིན་པ་རེད། རྙེད་ཟིན་པ་དག་གིས་བུ་དང་ཆུང་མ་འཁོར་དང་བཅས་པ་དགེ་བསྙེན་གྱི་སྒར་ན་གཞིས་ཆགས་ཡོད།
གསེར་རྟ་སྒར་གཡས་གཡོན་ནི་དེང་དུས་ཀྱི་མི་ཆོས་ཀུན་སྤྱོད་ཅུང་ཟད་ཡོད་ས་དང་། འཕྲོད་བསྟེན་སོགས་ལ་གཟབ་ཤེས་ས་འདྲ་རེད་པས། དགེ་བསྙེན་ཕོ་མོ་དེ་དག་གིས་སྲུང་ཤུབས་གོན་ཤེས་ཚོད་རེད། དེ་བས་ཁྱོའི་གྲོགས་པོས་གསེར་རྟ་སྒར་གྱི་དིལ་འབུར་ཞིག་ནས་སྲུབ་ཤུབས་པར་བླངས་འདུག་པ་དེ་གྲྭ་ཇོ་དག་གི་རེད་ཟེར་ན་རྣ་བར་ཨེ་འགྲོ་འམ།
མ་གཞི་ཁྱོད་ཀྱིས་དེ་ལྟར་བཤད་པ་ཁག་མེད་དེ་”ཇོ་སྒར་དང་དགེ་བསྙེན་གྱི་སྒར་ ཆེན་གཉིས་པོ་གཅིག་འཁྲུལ་འདུག”པས་སོ། ། གསེར་རྟ་སྒར་གྱི་ཇོ་སྒར་དང་དགེ་བསྙེན་གྱི་སྒར་གཉིས་གཅིག་ཏུ་ནོར་བ་ནི་ལུང་པ་ཆེན་པོའི་ཕུ་གདའ་གཅིག་ཏུ་འཛིན་སོང་པ་རེད། ཨང་ཞང་ལོ་ལོ།
ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་སོགས་ལ་གཟབ་གཟབ་བྱ་རྒྱུ་མི་ཤེས་ཏེ། དང་པོ་ཁྱོད་རང་གིས་གཟབ་གཟབ་ཡག་པོ་གྱིས། དེང་ཕྱིན་ཆད་”ཧ་མ་གོ་གོང་དུ་ཧམ་པ་མ་བཤད”། ཕོ་ཚོད་ཁོ་ནས་”ཡིན””ཡོད””རེད”སོགས་ཟེར་ནས་ཐག་གཅོད་མ་སྔ། གལ་སྲིད་བཤད་འདོད་ཀྱི་ཁྲག་རྩ་འགད་ལ་ཉེ་ཡང་བདེན་དཔང་ཡག་པོ་ཅི་ཡང་མེད་ན། “དེ་འདྲ་ཟེར།” “ཡིན་པར་ཐོས།” “ཡོད་ཚོད་འདུག”སོགས་ཟེར་བའི་ཚིག་དག་བེད་སྤྱོད་གྱིས།
དྲུག
ཡང་ཨང་ཞང་ལོ་ལོ་ཁྱེད་ཀྱིས། སྒར་གྱི་ཇོ་མོ་མང་ཤོས་དགེ་བསྙེན་ཡིན་པས་དགའ་པོ་བཙལ་ཆོག་པས་གསེར་རྟ་སྒར་ནི་ བརྩེ་དུང་གླིང་ཚོམ་དང་ཇོ་མོ་དང་བན་དྷེ་གཉིས་ཀྱི་བརྩེ་དུང་མངོན་པའི་སློབ་ གླིང་དུ་གྱུར་འདུག་ཟེར་བ་དང་། གསེར་རྟ་རྫོང་གི་སྨན་ཁང་དུ་ཇོོ་ལོག་བྱིས་པ་འདེད་མཁན་མང་པོ་འདུག་ཟེར་ཞེས་པ་ དང་། དེ་དག་རྒྱ་ནག་གིས་ཨེ་ཛེའི་ནད་གྲངས་གསང་བ་བཞིན་གསེར་རྟ་སྒར་གྱིས་གསང་འདུག་ཅེས་སོགས་བཤད་པ་རེད།
སྤྱིར་ན། “ལྷ་དར་ས་ལ་འདྲེ་དར།”ཟེར་བ་བཞིན་གྲྭ་ཇོ་མང་ས་ན་ཇོ་ངན་དང་གྲྭ་ངན་ཡོད་དང་ ཡོད། བརྩེ་དུང་གླེང་མཁན་ཡོད་དང་ཡོད། །མཚན་འགྲོ་བྱེད་མཁན་ཡོད་དང་ཡོད། ། སྲུབ་ཤུབས་སྤྱོད་མཁན་ཡོད་དང་ཡོད། །མི་གོན་མཁན་ཡང་ཡོད་དང་ཡོད། ། མངལ་དུ་བུ་ཆགས་ཡོད་ད་ཡོད། །སྦྲུམ་སྨན་ཟ་མཁན་ཡོད་དང་ཡོད། ། ལྟོ་བ་འབུར་མཁན་ཡོད་དང་ཡོད། །བྱིས་པ་བཙས་པ་ཡོད་ད་ཡོད། ། རྒྱུ་མཚན་ནི། ཇོ་ལོག་དང་གྲྭ་ལོག བླ་ལོག་དང་སྤྲུལ་ལོག མ་ཟད་མཁན་པོ་ལོག་པ་དང་དགེ་བཤེས་ལོག་པ་ཡང་ཡོད་ཅིང་། དེ་དག་ནི་སྐད་ཅིག་ཉིད་ལ་ཆགས་པའི་དབང་དུ་སོང་སྟེ་ལོག་སོང་པ་མ་ཡིན་པར། བརྩེ་དུང་ལྐོག་གྱུར་དེ་དག་ཡུན་གྱིས་སྨིན་ཏེ་མཐར་དགོན་པའི་ནང་དུ་འདུག་མ་ ཐུབ་པ་ལྟ་བུ་ཡིན་པས། ལོག་པར་མངོན་དུ་ཕྱོགས་པའི་དུས་ཇི་སྲིད་དུ་ལྐོག་ལས་ཇི་སྙེད་ཅིག་བྱེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། ཨ་ཞང་དགུ་རོང་ཁྱེད་ཧ་ལས་ནས་གོ་བོ་མ་གས། མང་པོའི་ནང་ལ་སྣ་ཚོགས། ། རྒྱ་མཚོའི་ནང་དུ་ཀླུ་ནད། ། ཟེར་བ་བཞིན་ཡིན། ཡིན་ནའང་ཁྱོད་ཀྱིས་བཤད་པ་ལྟར་ན་གསེར་རྟ་སྒར་ནས་སྦྲུམ་ཆགས་ཤིང་དེ་འདེད་དུ་ རྫོང་ལ་འགྲོ་མཁན་མང་པོ་ཡོད་པར་བཤད་པ་ནི་སྐྱག་རྫུན་རང་རེད། ལྟོ་བ་ཆེན་པོ་ཅན་ཞིག་སྒར་ནང་དུ་འདུག་པའི་གོ་སྐབས་ཡེ་ནས་ཡོད་མ་རེད། གྲྭ་ཇོ་བཅུ་རེ། ཉི་ཤུ་རེ། སུམ་ཅུ་རེད། བརྒྱ་རེ་སྟོང་རེ་བྱས་ནས་བརྒྱུད་ཚོང་གི་ཚོང་དཔོན་ལྟར་འགན་ཁུར་ཡོད་ཅིང་། གལ་སྲིད་དེ་དག་ལ་བསླབ་པ་དང་འགལ་བ་དང་ཐུགས་མ་མཐུན་ཏེ་ཁ་གྲག་མེད་པ་ལྟ་བུ་ཡོད་པ་ཤེས་ནས་བཟུང་ལས་འཛིན་པ་ལ་ཞུ་དགོས་ཤིང་། ལས་འཛིན་པས་ཀྱང་ཚབས་ཆེ་ཆུང་གི་སྒོ་ནས་ཐག་གཅོད་བྱེད་པ་རེད། ཁྱོད་ལ་ཤར་བ་བཞིན་རྟ་ནོར་ལུག་གསུམ་ལྷས་ར་གཅིག་གི་ནང་དུ་མངགས་པ་འདྲ་བོ་མ་རེད། ཁྱོད་སོང་དང་ག་ལེར་ཤེས་ཡོང་གི་རེད།
གྲྭ་ལོག་དང་ཇོ་ལོག་གི་བྱ་སྤྱོད་དེ་དག་གསེར་རྟ་སྒར་གྱིས་རྒྱ་ནག་གིས་ཨེ་ནད་གྲངས་བཞིན་གསང་ཡོད་པ་རེད་ཅེ་ན། སྒྲོ་བཏགས་གནམ་གྱིས་མི་ཁེབས་པ་རེད། ཁྱོད་སོང་དང་། རྐུན་པོ་དང་ནག་ཉེས་ཅན་བཟུང་ཐུབ་པ་རྣམས་གྲྭ་ཇོའི་བར་ནས་འཁྲིད་ཀྱི་འདུག དེ་ལྟར་བྱས་ཀྱང་ད་དུང་གསང་ཞེས་པ་ཨེ་རེད། ཁྱོད་ཀྱིས་བཤད་པའི་མ་གསང་མ་སྦས་ལྟར་ན། འདི་རྐུ་མ་རེད། འདི་གྲྭ་ལོག འདི་ཇོ་ལོག་རེད་ཟེར་ནས། མ་ལ་ཞི་ཡས་ཉེན་ཅན་རྣམས་ལ་རྟ་ལྕག་གཞུ་ཞིང་བརྙན་འཕྲིན་ལམ་ནས་ཁྱབ་བསྒྲགས་ བྱེད་པ་ལྟར། གྲྭ་ལོག་ཇོ་ལོག་རྣམས་བླ་རུང་ཐད་གཏོང་ཁང་ནས་འཛམ་གླིང་དུ་ཁྱབ་བསྒྲགས་བྱེད་ དགོས་པ་རེད་དམ།
ཡང་ན་ཆུ་ངོགས་ཚང་གི་ལིན་ཁྲོང་ལ་གདོང་རྟགས་བརྒྱབ་པ་བཞིན་བརྒྱག་དགོས་སམ།
ཨ་ཞང་། མི་ཞིག་གིས་བྱས་ཉེས་ཤོར་བ་ཙམ་གྱིས་མི་ཚེ་གང་པོར་གཞན་ངོ་ལ་བལྟ་མི་ཐུབ་པར་བྱེད་པའི་ངམ་གནག་གི་སྦྱོར་བ་ལ་ཡག་པོ་འདུག་གམ།
བདུན།
ཡང་ཁྱོད་ཀྱིས། “ཁོང་རང་སྔོན་མདོ་ཁམས་འཇང་དགུན་ཆོས་སྟེང་གི་དབུ་མའི་བགྲོ་གླེང་དུ་ཕེབས་སྐབས་བདག་ནི་རྟགས་གསལ་གྱི་རིགས་ལམ་ལ་བྱང་ཆ་མེད་ཟེར་ནས་མཉམ་བཞག་གི་ཚུལ་དུ་གནས་འདུག་པ་ནི་ཏག་ཏག་དེའི་ཐད་ཀྱི་ཤེས་ཚད་ཞན་པོ་ཡིན་པ་མཚོན་ཐུབ།” ཟེར།
ཚ་ལུ་ང་ནོར་སོང་མེད་ན་ཨ་ཞང་དགུ་རོང་ཁྱེད་ཤ་ཚ་བ་ལ་ཨང་། མདོ་ཁམས་འཇང་དགུན་ཆོས་སྟེང་དུ་དབུ་མའི་བགྲོ་གླེང་ཞིག་གང་ནས་འཚོགས་འདུག འཇང་དགུན་ཆོས་ནི་ཚད་མ་རྣམ་འགྲེལ་རྩོད་པའི་ཆོས་ཚོགས་ཤིག་ཡིན་པས་དགེ་རྒན་ རྣམ་པ་མ་གཏོགས་མང་ཆེ་ཤོས་ནི་དབུ་མའི་གཞུང་ལུགས་སྦྱངས་མེད་མཁན་ཤ་སྟག་རེད། ཚད་གྲུབ་ལེའུ་རྩོད་སྐབས་བདེན་བཞི་ལས་བདག་མེད་སྟོང་ཉིད་སོགས་ཟེར་ནས་དབུ་མར་ཉེ་བའི་ཐ་སྙད་ཡོད་ཀྱང་དོན་དུ་མདོ་སེམས་ལུགས་མ་གཏོགས་དབུ་མའི་ལྟ་བ་རྩོད་པའི་འཇང་དགུན་ཆོས་ཤིག་ཡོད་མ་རེད།
དེ་ལས་ལྡོག་ཏེ་དབུ་མའི་བགྲོ་གླེང་ཐོག་ཏུ་ཕེབས་པ་བརྒྱ་ཆའི་གོ་དགུ་ནི་དབུ་མའི་གཞུང་མཇལ་ཟིན་པའི་དགེ་རྒན་རྣམ་པ་རེད་ལ་བགྲོ་གླེང་དམ་བཅའ་ཁོ་ན་ལས་རྟགས་གསལ་གཏོང་ནས་འཚོག་མ་རེད། ཨ་ཞང་། རྩོད་པ་དང་བགྲོ་གླེང་ཁ་ཁ་རེད།
ཨ་ཞང་ལགས། ཁྱེད་ལ་ལྕེ་ཡོད་ན་ལན་འདེབས་རན། “ཁྱོད་ཀྱིས་བཤད་པའི་མདོ་ཁམས་འཇང་དགུན་ཆོས་སྟེང་གི་དབུ་མའི་བགྲོ་གླེང་ཟེར་ བ་དེ་གནས་གང་དུ་འཚོགས་པ་རེད། དུས་ནམ་ཞིག་ལ་འཚོགས་པ་རེད། ད་དུང་དེའི་ཐོག་ཏུ་བསོད་དར་རྒྱས་ཡོང་བའི་ལོ་ཟླ་ནམ་རེད། དབུ་མའི་བགྲོ་གླེང་ཐོག་ནས་རྟགས་གསལ་གཏོང་གིན་བགྲོ་གླེང་སུས་འཚོགས་འདུག འཇང་དགུན་ཆོས་དང་དབུ་མའི་བགྲོ་གླེང་གཉིས་ཡུལ་དུས་མ་འདྲེས་པ་ཡིན་པ་ཨེ་ཤེས། མདོ་ཁམས་འཇང་དགུན་ཆོས་དང་དབུ་མའི་བགྲོ་གླེང་ལྷན་གཅིག་ཏུ་དུས་ནམ་ཞིག་ལ་འཚོགས་པ་རེད། ”
འཇང་དགུན་ཆོས་དང་དབུ་མའི་བགྲོ་གླེང་གཉིས་འཚོགས་པའི་གནས་དུས་ཐམས་ཅད་ཁ་ཁ་
རེད་ཡིན་ན། གཅིག་ཏུ་འཛིན་པ་ནི་ཕ་མ་གཉིས་གཅིག་ཏུ་ནོར་བ་རེད། ཨ་ཞང་དགུ་རོང་། ཁྱོས་ཧ་གོ་ཨེ་སོང་།
ད་དུང་ཁྱོས་ཀྱིས་ཤེས་དགོས་རྒྱུ་ཞིག་ལ། བསོད་དར་རྒྱས་འཇང་དགུན་ཆོས་ཐོག་ཏུ་ཐེངས་གཅིག་ལས་ཕེབས་མྱོང་ཡོད་ཚོད་མིན། གལ་སྲིད་ཕེབས་མྱོང་པ་ཡིན་ན་ཚ་བོ་ལ་གསལ་བཤད་གནང་རོགས། ཐེངས་དེ་ནི་ན་ནིང་སྟེ་༢༠༡༣ལོ་རེད། དེ་ཡང་ཟི་ཁྲོན་གྱི་དར་མདོ་ཁུལ་རྟའུ་རྫོང་ཉ་མཚོ་དགོན་ལ་འཚོགས་པའི་མདོ་སྨད་འཇང་དགུན་ཆོས་རེད་མ་གཏོགས་ཁྱོས་བཤད་ལྟར་ཡོངས་གྲགས་ཀྱི་མདོ་ཁམས་འཇང་དགུན་ ཆོས་ཟེར་བ་དེ་མ་རེད། མདོ་སྨད་འཇང་དགུན་ཆོས་ཐོག་ནས་སེར་སྐྱ་ཡོངས་ལ་གསུང་བཤད་མང་པོ་མགུ་དགོས་པ་ཞིག་གནང་པ་ལས་”ང་རྟགས་གསལ་ལ་བྱང་ཆ་མེད”ཟེར་ནས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་འདུག་མཁན་གྱི་བསོད་དར་རྒྱས་ཤིག་བྱ་ཤེས་བྱ་ལ་སྲིད་མ་མྱོང་། ༢༠༡༣ལོའི་དབུ་མའི་བགྲོ་གླེང་ནི་མཚོ་སྔོན་གྱི་མཚོ་ལྷོ་ཁུལ་འབའ་རྫོང་གི་གཙང་དགོན་པར་འཚོགས་པ་རེད། དེའི་ཐོག་ཏུ་བསོད་དར་རྒྱས་ཕེབས་མི་འདུག འདི་ལྟར་བོད་ཆེན་པོའི་ཤར་བྱང་གཉིས་ཀྱང་གཅིག་ཏུ་འཁྲུལ་བ་ནི་འཁྲུལ་ཚབས་ཤིན་ཏུ་ཆེན་པོ་རེད།
“མདོ་ཁམས་འཇང་དགུན་ཆོས་སྟེང་དུ་རྟགས་གསལ་གཏོང་ནས་འཚོགས་པའི་དབུ་མའི་བགྲོ་ གླེང་ཐོག་ཏུ་བསོད་དར་ཁ་བཙུམས་ནས་བསྡད་པ་རེད།”ཅེས་པ་ནི། “གནམ་སྟོང་གི་ཟླ་འོད་ཕོག་པའི་རྡོ་མེད་གྲམ་ཐང་སྐྱ་བོའི་སྟེང་ནས། ཟོག་ཨ་ཡུའི་རྭ་ཅོ་ལ་རྡོ་ཤེད་ཀྱིས་རྒྱག་གིན་བརྒྱུགས་པ་ཡིན། “ཟེར་བའི་གཏམ་རྒྱུད་ཤོད་མཁན་དེ་མ་ཡིན་ན་ཅི།
བརྒྱད།
ད་དུང་། “ཚད་མ་རྣམ་འགྲེལ་གྱི་རྩ་ཚིག་ལ་རིགས་དཔྱོད་སོང་ཟིན་པའི་མི་ཞིག་ལ་མཚོན་ན། བསོད་དར་གྱི་ནང་བསྟན་མཚན་ཉིད་རིག་པའི་ཤེས་རྟོགས་ལ་དེ་ཙམ་ཧ་ལས་རྒྱུ་མི་འདུག”ཟེར། སྤྱིར་ན། ཁྱོད་འདྲ་བ་འགའ་ཤས་ཡོད་པ་དེ་དག་ནི་རང་ཉིད་མ་གཏོགས་སུ་ལའང་ཧ་ལས་ཀྱིན་མི་འདུག་ལ་རང་ཉིད་ལས་གཞན་པ་ཡོད་ཚད་སྐྱོན་ཆེན་པོ་ཡོད་མཁན་ཁོ་ན་རེད་པས་ཁྱོད་ཅག་ གིས་རྒྱུན་དུ་གཤེ་གཤེ་གཏོང་གིན་མི་འདུག་གམ།
བྱེ་བྲག་ཏུ། ཁྱོད་ཀྱིས་སྐད་དེ་ལྟར་ཤོར་བ་ཡང་ནང་བསྟན་གྱི་སྙིང་པོ་ཞེས་པ་གང་ལ་མཛུབ་མོ་ འཛུགས་དགོས་པ་མ་ཤེས་པས་རེད་མི་འདུག་གམ། སྤྱིར་ཚད་མ་ཞེས་པ་ནི་ཕྱི་ནང་གཉིས་ཀར་ཡོད། ཚད་མ་རྣམ་འགྲེལ་གྱི་ལེའུ་བཞིའི་ནང་གི་ཚད་གྲུབ་ལེའུ་ལས་གཞན་གསུམ་ཕྱི་རོལ་པ་ལ་ཡང་ཡོད། ཚད་གྲུབ་ལེའུ་ཞེས་པ་ནི་ནང་པའི་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པར་སྒྲུབ་བྱེད་ཡིན་པས་ཕྱི་རོལ་པ་ལ་མེད། གལ་སྲིད་ལེའུ་བཞི་ཀ་ལ་སློབ་སྦྱོང་བྱས་ཡོད་ན་ནང་བསྟན་གྱི་དམངས་གཞི་ཡག་པོ་ ཙམ་ཞིག་ཚུགས་པ་རེད་མ་གཏོགས། ནང་བསྟན་ཤེས་ཚད་ལ་ཐིག་གདབ་ཐུབ་པ་ཞིག་ཆགས་ཡོད་མ་རེད།
ངས་ཁྱོད་ལ་གོ་བདེ་བའི་དཔེ་ཞིག་འཇོག ཚད་མ་རྣམ་འགྲེལ་གྱི་ལེའུ་གསུམ་ནི་ཟ་མ་ཟ་བྱེད་ཀྱི་ཐུར་མ་དང་ཕོར་པ་ལྟ་བུ་རེད། ཚད་མ་གྲུབ་པའི་ལེའུ་ནི་ཟ་མ་ལས་མཁན་གྱི་མི་དེས་ཟ་མ་ཡག་པོ་བཟོས་ཡོད་པ་དང་ བཟོ་བ་རེད་ཅེས་བཤད་པ་རེད། སྙིང་ཉེ་བའི་གྲོགས་པོ་ལགས། ཟ་མ་བཟོ་མཁན་དང་ཟ་མ་ཟ་བྱེད་ཀྱི་ཕོར་སྟོང་གཉིས་ཤེས་པ་ཙམ་གྱིས་ཟ་མའི་བྲོ་བ་མྱོང་ཐུབ་ས་རེད་དམ། ཐུབ་མ་རེད། དེ་བས་ཚད་མ་རྣམས་འགྲེལ་ཤེས་པ་ཙམ་གྱིས་ཕ་རོལ་པོ་ལ་ནང་བསྟན་གྱི་ཤེས་ཚད་གཏིང་ ཟབ་མིན་ག་ཚད་ཡོད་པ་ཧ་གོ་མ་རེད།
ཚད་གྲུབ་ལེའུ་འདི་ཕར་ཞོག ཚད་མ་རྣམ་འགྲེལ་ཡང་ཕར་ཞོག གཞུང་ཆེན་ལྔ་པོ་བལྟས་ཟིན་ན་ཡང་ནང་བསྟན་མཚན་ཉིད་རིག་པ་ཆ་ཚང་བསླབ་ཐུབ་མེད། དེ་དག་གིས་ད་དུང་སྔགས་ཀྱི་ས་ལམ་ནས་མགོ་བརྩམས་ཏེ་རྒྱུད་སྡེ་བཞི་སོགས་མང་པོ་ ལ་བསླབ་དགོས་པ་རེད། མདོ་སྔགས་གཉིས་ཀ་ལ་གོ་ཐོས་ཡོད་ན་ད་གཟོད་ནང་བསྟན་གྱི་ཤེས་ཚད་གཏིང་ཡང་དག་པ་ དེ་ཧ་གོ་བ་རེད་གྲོགས་པོ་ལོ་ལོ། ཨོ་ཏག་ཏག རང་ལུགས་ཀྱི་གཞུང་ཆེན་ལྔ་ཙམ་ལ་བལྟས་ནས་ཁྱོད་ཀྱིས་བཤད་པ་ལྟར་ཕོ་ཚོད་ཁོ་ནས་ཐག་གཅོད་ཐིག་འདེབས་བྱེད་མཁན་ཡང་ཡོད་པ་རེད།
ཁོ་རེ། ཁྱོད་ཀྱིས་ད་དུང་ངེས་དགོས་པ་ཞིག་ལ། མཁས་པ་ཡིན་ནས་བཟུང་ཡོད་ཚད་ཤེས་དགོས་པ་མ་རེད། རང་ཉིད་མཁས་པའི་གཞུང་ལུགས་ཤིག་གམ་མཁས་པའི་ཡུལ་ཞིག་ཡོད་ན་འགྲིག་པ་རེད། འཛམ་བུ་གླིང་གི་ཆེད་མཁས་པ་ལ་ལྟོས་དང་ཧ་གོ་ཡོང་གི་རེད།
ཡང་མིན་ན་མཁས་པ་ཟེར་བ་ནི་ག་ས་གང་ནས་གོ་རྒྱ་ཐོས་རྒྱ་རྒྱུན་ལྡན་གྱི་མི་ལས་འཕགས་པའི་རིག་གནས་སྣ་འཛོམས་ཅན་ཞིག་ལ་ཟེར་བ་རེད། ལྷག་ཏུ་གྲྭ་པའི་ཁྲོད་ཀྱི་མཁས་པ་ཡིན་ན་རྟགས་གསལ་ཚ་པོ་ཞིག་གཏོང་ཤེས་པའི་ངེས་པ་ཡོད་མ་རེད། རྟགས་གསལ་ཡག་པོ་གཏོང་མི་ཤེས་ནའང་རྒྱ་བོད་ཀྱི་གཞུང་ལུགས་ལ་མཁྱེན་རྒྱ་ཆེ་བའི་དགེ་བཤེས་དང་མཁན་པོ་མང་པོ་ཡོད་རེད།
མ་གཞི་ཁྱོད་ཀྱིས་བསོད་དར་ལ་ནང་བསྟན་གྱི་ཤེས་ཚད་ཞན་པོ་རེད་ཟེར་བ་ཅི་ཞིག་བསམས་ནས་སྨྲས་པ་ཡིན། དུས་ཀྱི་ཟླ་འོད་དང་སྒྲོན་མེ་ནི་གཏམ་བཤད་ཟིན་བྲིས་ཤིག་ཡིན་པ་དང་། ལྷག་ཏུ་དྲི་ལན་དག་ཀྱང་ཐོལ་གྱིས་སྨྲས་པ་ཁོ་ན་ཡིན་པས་ནོར་བ་ཡོད་སྲིད་པ་རེད། འོན་ཀྱང་། ཁྱོས་བསོད་དར་ལ་ཤེས་རྟོགས་ཞན་པོ་ཡོད་པར་ཤོད་སྟངས་ལ་བལྟས་ན་མང་པོ་བཤད་ནོར་ བྱུང་ཡོད་པ་འདྲ། ཁྱོས་རིག་སོང་ན་རེ་རེ་བཞིན་ཤོད་དང་བློ་སྦྱོང་ཞན་པ་མང་པོའི་བློ་སྐྱེད་རེད། ཁོང་གིས་བརྩམས་པ་དང་བསྒྱུར་པའི་དེབ་བརྒྱ་ཕྲག་ཡས་མས་ཡོད་པ་དེ་དག་ལས་གང་ནོར་འདུག་ན་ཤོད་དང་། བསོད་དར་རྒྱས་ཀྱི་བློ་སྐྱེད་རེད།
དགུ།
བསོད་དར་རྒྱས་ནི་འུར་བརྒྱབ་ཅིང་འུད་ལབ་སྟེ་འཛམ་གླིང་རང་བཞིན་ཅན་གྱི་མཁས་པ། བྱམས་བརྩེ་སྨྲ་བ་དང་སྒུལ་ཤུགས་ཅན་གྱི་མི་ཞིག་ལ་གྱུར་པ་མ་རེད། ཁོག་ལ་ཤེས་པ། མགོ་ལ་ཀླད་པ། ཁ་ལ་སྨྲ་ལྕེ། མདོ་སྔགས་རིག་གནས། རྒྱ་བོད་ཀྱི་ལོ་རྒྱུས། འཛམ་གླིང་གི་གོ་རྟོགས། ཆོས་ཚན་གྱི་ལྟ་བ་སོགས་ལ་གོམས་འདྲིས་སྤྱིར་བཏང་གི་མི་ལས་ཁྱད་དུ་འཕགས་པ་ཞིག་ ཡོད་དེ་ཁྲི་འཕང་མཐོན་པོར་འཛེགས་པ་རེད།
འོན་ཀྱང་རིག་གནས་ཆེ་ཆུང་བཅུ་སོགས་གཞུང་ཚན་རེ་རེ་བྱས་ནས་བསྡུར་ན་བསོད་དར་རྒྱས་ལས་མཁས་པ་མང་པོ་ཡོད་རེད། འོན་ཀྱང་། བསོད་དར་རྒྱས་འདྲ་བའི་རིག་གནས་སྣ་འཛོམས་ཀྱི་མཁས་པ་ཞིག་བཙལ་དགོས་ན་དེ་ཡང་ཧ་ ཅང་ཉུང་ཉུང་ཡིན། མི་འགའ་རེ་ཁོང་དང་འདྲ་པོར་འགྱུར་འདོད་ཆེ་པོ་འདུག་ཀྱང་། ད་དུང་སྐྱེ་བ་རེ་གཉིས་བརྗེ་དགོས་ལས་འགྱུར་ཐབས་མེད།
བཅུ།
བོད་པའི་སློབ་མ་རྣམས་ཀྱི་ཀུན་སྤྱོད་ཇེ་སྡུག་ཏུ་འགྲོ་བ་ནི། བོད་ཀྱི་སྤྱི་ཚོགས་སུ་ཕོ་ཚོད་ཁོ་ནས་དཀྲོག་གཏམ་ཤོད་མཁན། རྒྱུས་ལོན་གང་ཡང་མི་བྱེད་པར་དགག་པ་རྒྱག་མཁན། སྲོལ་རྒྱུན་མི་དགོས་ཟེར་ཐུབ་ན་ན་གཞོན་རེད་དྲན་མཁན། ཆོས་དཔེ་རྡོག་འོག་ཏུ་གནོན་ཕོད་ན་དཔའ་བོ་རེད་སྙམ་མཁན། ཕ་མ་དང་དགེ་རྒན་ལ་ཁ་ལན་སློག་ཐུབ་ན་ཐོབ་ཐང་རེད་རློམ་མཁན། བླ་མ་དང་སློབ་དཔོན་ལ་དད་ལོག་བྱེད་ཕོད་ན་འདྲ་མཉམ་རེད་དྲན་མཁན། རྩི་བཀུར་དང་ཞེ་ས་སྦྱར་ན་བྲན་གཡོག་རེད་བསམ་མཁན། ཕྱག་དང་མཆོད་པ་བྱས་ན་རྨོངས་དད་རེད་དྲན་མཁན་སོགས་མང་པོ་ཡོད་སོང་པའི་རྐྱེན་ གྱིས་རེད།
དེ་བས་སློབ་མ་མང་པོ་ནི། ནུབ་ཕྱོགས་ཀྱི་རང་དབང་དང་འདྲ་མཉམ་གྱི་ལྟ་བ་ལག་ཏུ་མ་ལོན་ཞིང་སྲོལ་རྒྱུན་ གྱི་དྲི་མ་སྔ་ནས་ཡལ་ཏེ་ཕུང་གསུམ་པ་ཞིག་ཏུ་གྱུར་འདུག
ཞོར་དུ་སློབ་ཕྲུག་དག་གིས་གོ་དགོས་རྒྱུ་ཞིག་ལ། དམངས་གཙོ་དང་རང་དབང་ཟེར་ཤེས་པ་ཙམ་གྱིས། འདྲ་མཉམ་དང་ཐོབ་ཐང་ཁ་ལ་ལེན་ཤེས་པ་ཙམ་གྱིས། ཕོ་ལ་ཐོ་དང་སུས་ཀི་ལ་ཐིན་ཞེས་ཕྱི་གླིང་གི་མཁས་པ་འགའ་ཤས་ཀྱི་མིང་བགྲང་ཤེས་པ་ཙམ་གྱིས། ཟི་ཁྲོད་དང་མཚོ་སྔོན་གྱི་སྐད་གདངས་འདྲེས་པའི་རྒྱ་སྐད་ཆ་ཆ་བེ་ཆོབ་བེ་བཤད་ཤེས་པ་ཙམ་གྱིས། རང་གིས་ཀྱང་འགྲེལ་བཤད་མི་ཕོག་པའི་ཡིག་འབྲི་ཐར་ཐོར་བྲིས་ཡོད་པ་ཙམ་གྱིས། ལན་དྲུག་དང་ཁྲིན་ཏུའུ་ལ་ཟླ་འགའ་ཤས་བསྡད་པ་ཙམ་གྱིས། པེ་ཅིན་དང་ཧྲི་ཧེ་ལ་སོང་ཡོད་པ་ཙམ་གྱིས་་་་་
ལུས་ངག་ཡིད་གསུམ་ཀ་རབ་ཏུ་ཁེངས་ཏེ་བོད་ཀྱི་འབྲོག་པ་དང་གྲྭ་པ་དག་ལ་མཐོང་ཆུང་མ་བྱེད། སྲོལ་རྒྱུན་ཡོད་ཚད་དུག་ཏུ་མ་བལྟ། ཁྱེད་ཅག་ལ་ཁྲེལ་དང་སྐྱིད་སྡུག་ཡོད་ན་རང་ལ་འགན་གང་ཡོད་པ་དེ་ལེགས་པར་སྒྲུབས། ཁ་མིག་རྒྱང་རིང་ལ་ལྟོས། གཞན་མི་རིགས་ཀྱིས་དྲིས་པའི་བོད་ཀྱི་ལོ་རྒྱུས་དང་ནང་བསྟན་སྐོར་ལ་རྒྱུན་ཤེས་ཙམ་གྱི་ལན་ཞིག་ཡོད་པ་གྱིས།
བཅུ་གཅིག
ཡང་བསོད་དར་རྒྱས་ཀྱིས། སྒར་གྱི་དར་རྒུད་ལ་འབྲེལ་བ་ཡོད་པས་མེ་སྐྱོན་ཤོར་བའི་འདྲ་པར་དྲྭ་ལམ་དུ་མ་ འཇོག་ཅེས་སྨྲས་པ་ཙམ་གྱིས། ཨ་ཞང་དགུ་རོང་ལགས་ལ་དོགས་པ་དང་སེམས་ཚབས་ཆེན་པོ་ལངས་ཏེ། བསོད་དར་ནི་བདེན་པ་རྗོད་མཁན་ཞིག་དང་མི་གཞི་དྲང་པོ་བྱེད་དགོས་ཟེར་མཁན་གྱི་ མཁན་པོ་ཞིག་ཡིན་ཀྱང་སྒར་མེ་ལ་ཤོར་བའི་འདྲ་པར་དྲྭ་ལམ་དུ་མ་སྤེལ་ཞེས་པས་ཁོང་ དྲང་པོ་དང་བདེན་པ་མིན་ཚུལ་ལབ་ཅིང་།
“དར་རྒུད་ཁ་ལ་ཁྱེར་ནས་གཞུང་ལ་ངོ་སོ་དང་དམངས་ལ་གཅམ་གསག་སྨྲས་ཏེ་གསེར་རྟ་ སྒར་གྱི་ནང་སྙིང་རྫོབ་རོ་དེ་སྦབ་གྲབས་བྱེད་ཀྱིན་ཡོད་པ་རེད།” ཅེས་སོགས་བཤད་འདུག་མོད།
ཁྱོད་ཀྱི་སྒྲུབ་བྱེད་ཐབས་སྡུག་འདི་དག་མཐོང་མ་ཐག་ངས་ཀྱང་ཁྱོད་རང་རྣམ་འགྲེལ་ གྱི་མིང་ཤེས་པ་ཙམ་དང་རིག་ལམ་ཅི་ཡང་བཀོལ་མི་ཤེས་པ་ཞིག་ཡིན་པར་ཤེས་སོང་།
བསོད་དར་རྒྱས་ཀྱིས་སྒར་གྱི་དར་རྒུད་དང་འབྲེལ་བ་ཡོད་པས་པར་རིས་དྲྭ་ལམ་དུ་མ་ སྤེལ་ཞེས་པའི་དོན་ནི་སྒར་གྱི་ནང་སྙིང་རྫོབ་རོ་སྦ་གསང་བྱེད་ཆེད་རེད་ཟེར།
གལ་སྲིད་ནང་སྙིང་རྫོབ་རོ་ཞིག་ཡོད་པའི་དབང་དུ་བཏང་རུང་མེ་སྐྱོར་ཤོར་བའི་པར་ རིས་དྲྭ་ལམ་དུ་ཁྱབ་ཀྱང་རྫོབ་རོ་དེ་སུས་མཐོང་ཐུབ། ཆོ་མེད་པའི་སྐད་ཆ་མ་བཤད།
སྒར་གྱི་དར་རྒུད་དང་འབྲེལ་བ་ཡོད་ཅེས་པ་ནི། སྔོན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཞལ་བཞུགས་པའི་སྐབས་སུ་སྒར་ཆེན་གྱི་མཐའ་ནས་ འཇོར་དང་ལྕགས་ཁྱེམ་སོགས་བཟུང་བའི་རྒྱ་མི་མང་པོས་སྒར་ཤག་བཤིགས་ཀྱང་། ཆོས་རྗེ་གང་ཉིད་ཀྱིས་སློབ་མ་རྣམས་ལ་གཞན་སེམས་མ་དཀྲུགས་པར་གསུངས་ནས་ལན་ སློག་ཅི་ཡང་མ་བྱས་པར་བཞུགས་པ་རེད། གྲྭ་ཇོ་འགའ་རེ་ཐབས་ཟད་དེ་སྡུག་བསྡུལ་གྱིས་མ་བཟོད་པར་རྐེ་བཏགས་ནས་རང་མེད་ བྱས་ཀྱང་ད་དུང་ཡང་རང་ཚུགས་མ་ཤོར་བར་བཞུགས་པ་རེད། དེ་བས་སྒར་ཤག་ཉིས་སྟོང་ལྷག་ཙམ་བཤིགས་ནས་མཚམས་བཞག་པ་རེད།
དེའི་རྗེས་སུ་སློབ་གླིང་གི་མཐའ་ལ་ལྕགས་རི་བརྩེགས་ནས་སྒར་ཤག་ལ་ཚོད་འཛིན་ བྱས། ཁྱོད་སོང་དང་ལྕགས་རི་ད་ལྟ་ཡང་ཡོད། དེ་རྗེས་སུ་སྒར་ཤག་རྣམས་རྒྱ་བསྐྱེད་མི་ཆོག་སྟབས་སྟུག་ཚད་ཧ་ཅང་ཆེན་པོར་སོང་། གཞུང་གིས་ད་དུང་ཡང་སྒར་ཤག་མང་མ་ཡོང་ཟེར་ནས་བརྡ་གཏོང་གིན་ཡོད། ད་ཐེངས་ལྟར་མེ་སྐྱོན་ཐེབས་པའི་འདྲ་པར་དྲྭ་ལམ་དུ་རྒྱ་ཆེར་སྤེལ་ཞིང་མི་ལ་ཡང་གནོད་སྐྱོན་ཐེབས་ཚུལ་སོགས་ཀྱི་འུད་གཏམ་ཇེ་མང་དུ་སོང་རྗེས། སྒར་ཤག་སྟུག་ཚད་ཆེ་བ་དང་མེ་སྐྱོན་སོགས་འབྱུང་སླ་པོ་དང་ཚེ་སྲོག་ལ་ཉེན་ཁ་ཆེ་བས།
རྐྱེན་དེ་བསལ་ཕྱིར་ཡང་བསྐྱར་སྒར་ཆེན་གྱི་གྲྭ་ཤག་ལན་གཅིག་གཤིག་དགོས་པ་ཨེ་རེད།
གནད་དོན་འདི་ཙམ་ཡང་མི་ཤེས་པའི་ཁར་ད་དུང་བསོད་དར་གྱིས་བདེན་པ་རྗོད་ཀྱི་མི་འདུག དྲང་བདེན་མ་རེད་སྐད།
ཡང་ཞོགས་ལྗང་གིས”མཁན་བསོད་དར་སོགས་ཀྱིས་མེ་སྐྱོན་ཤོར་བ་བསྒྲགས་ན་མི་ལེགས་ ཚུལ་བཤད་དེ་རྒྱ་གཞུང་ལ་འོས་མེད་འགྲིག་ཐབས་བྱས་པ་ཙམ་ལས་མ་མཐོང་བས་གུས་བརྩི་ ཁྱོན་ནས་མེད།”ཟེར། ཞོགས་ལྗང་། འོས་མེད་ཀྱི་འགྲིག་ཐབས་ཙམ་ཞིག་རེད་འདུག་གམ། སྒར་ཤག་ཡང་བསྐྱར་བཤིགས་ན་ཁྱེད་ཀྱིས་འགན་ཁྱག་ས་རེད་དམ།
སྔོན་དུས་སུ་”ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གཅིག”ཁྲག་དོགས་དང་ཕྱོགས་རིས་བྱས་ནས་རྩ་བརླག་བཏང་པ་རེད། ད་ཡང་ཁྱེད་ཅག་ལྟར་ཕོད་ཚོད་ཁོ་ན་བཤད་ནས་ནང་བསྟན་སྒར་ཆེན་འདི་ཡང་བསྐྱར་བཤིག་བྱ་དགོས་པ་ཨེ་རེད།
པར་རིས་རྣམས་གཙོ་ཆེར་འཕྲིན་ཕྲན་གྱི་བར་སྟོང་དུ་མ་གཏོགས་བཞག་མེད་པས། གལ་སྲིད་ བསོད་དར་རྒྱས་ཀྱིས་གསུངས་པ་བཞིན་ཚང་མས་ལམ་སང་པར་རིས་རྣམས་བསུབས་པ་ཡིན་ན་ ཁྱབ་བསྒྲགས་ཆེན་པོ་འགྲོ་ཐུབ་ཀྱི་མ་རེད། དེས་ན་དོན་ཆེན་དོན་ཆུང་དུ་བསྒྱུར། དོན་ཆུང་དོན་མེད་དུ་བསྒྱུར་ཐུབ་པ་རེད། ཡིན་ནའང་། གཞུང་གིས་མི་ཤེས་བྱ་བ་མི་སྲིད་ཀྱང་རྒྱུན་པར་སྒར་ཤག་ཙག་ཙིག་མེ་ལ་ཤོར་བ་བཞིན་རྒྱུན་ལྡན་གྱི་སྣང་ཚུལ་ཙབཅུ་གཉིས།
ཡང་། ཁྱོད་ཀྱིས”བསོད་དར་ནི་མགོ་བདེ་དྲན་འཕྲུན་ཅན་ཞིག་རེད།”ཅེས་དང་། “ཁོང་གི་དམིགས་ཡུལ་ཤེས་སླ་སྟེ་ཁོང་གིས་ཏཱ་ལའི་བླ་མ་དང་ལྷན་འདྲ་པར་བླངས་ཏེ་ཕྱིར་རྒྱལ་ནང་དུ་ལོག་སྟེ་རྒྱ་ཡི་ཉན་ཐོས་རྣམས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏང་ རྒྱུ་དེའོ།།”ཟེར། སྔོན་ཆ་རྒྱུས་མེད་པའི་ངའི་སེམས་ནང་གི་དགུ་རོང་ཟེར་བ་དེ་འདི་ཙམ་ཞིག་ཡིན་པ་དྲན་མ་མྱོང་། ད་ཆ་ཚང་འགྱུར་སོང་།
གལ་སྲིད་བསོད་དར་རྒྱས་ཀྱིས་ཏཱ་ལའི་བླ་མ་དང་མཉམ་དུ་བཀའ་མོལ་བྱས། འདྲ་པར་བླངས་པ་ཡིན་ན་རྒྱ་ནག་གིས་ཤེས་ཨེ་སྲིད། ཤེས་ན་ད་དུང་རྒྱ་ནག་ནང་གི་སློབ་ཆེན་ཁག་ལ་གང་འདོད་འདོད་དུ་གཏམ་བཤད་ལ་ཕེབས་འཇུག་གི་ཨེ་རེད། ཏཱ་ལའི་བླ་མའི་ལྷན་དུ་ཕྱག་འཇུ་དང་མཉམ་པར་བྱེད་ཅིང་སླར་ཡང་རྒྱ་ནག་ཏུ་ཡོང་ནས་ལས་ཀ་མང་པོ་བསྒྲུབ་ཐུབ་པ་སུ་རིག་སོང་། གང་གོ་སོང་།
གཞན་ཡང་། ད་ལྟ་མི་རིགས་འདི་ལ་གསོན་ཤུགས་དང་རིག་གཞུང་ལ་དབྱ
གོང་འཕྲོས།
གཞན་ཡང་། ད་ལྟ་མི་རིགས་འདི་ལ་གསོན་ཤུགས་དང་རིག་གཞུང་ལ་དབྱང་དབུགས་འབྱིན་རྔུབ་ལྡན་དགོས་ན། རྒྱ་ནག་དམངས་གཙོའི་ལམ་དུ་བསྐྱོད་ཅིང་རྒྱ་མི་དམངས་ལ་བོད་རིག་པས་ཕན་ཐོགས་པ་དང་། ཁོག་ཅག་གིས་བོད་རིག་པའི་རིན་ཐང་རྟོགས་པ། བོད་མི་རིགས་ལ་དགའ་ཞེན་ཡོད་པ་ཆགས་དགོས་པ་རེད་མ་གཏོགས། དྲག་ཤུགས་ཀྱིས་རིག་གཞུང་དང་མི་རིགས་བསྲུང་དགོས་ན་རེ་བ་མེད། ལྷག་ཏུ་ཕོ་ཚོད་དང་ཧམ་པས་ཅི་ཡང་མི་འཇོན་པ་ཅུང་ཟད་བསམས་ན་ཤེས་སླ།
དེ་བས་བསོད་དར་རྒྱས་འདྲ་བའི་རྒྱ་བླ་རྣམ་དག་མང་པོ་ཡོད་དགོས། རྒྱ་རྣམས་ཀྱིས་ནང་བསྟན་དང་བསོད་དར་རྒྱས་སོགས་ཤེས་ནས་ཡིད་ཆེས་བརྟན་དགོས། ཁོང་དང་ཁོང་འདྲ་བའི་བླ་མ་རྣམ་དག་ཡོད་ཚད་ལ་དགའ་དགོས། ད་དུང་ཁོང་དང་འདྲ་བ་འགའ་ཤས་ཡོང་ཐུབ་ན་བོད་ཀྱི་རིག་གཞུང་ལ་དགའ་ཞེན་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་རེད།
ད་དུང་པེ་ཅིན་ནང་བསྟན་སློབ་གླིང་གི་བླ་གྲྭ་
རྣམས་ཕྱི་རོལ་དུ་ཆོས་བཤད་ལ་འགྲོ་མི་ཆོག་པ་དང་། སྦྱིན་བདག་རྣམས་སློབ་གླིང་དུ་འགྲོ་མི་ཆོག་པར་ཨེ་ཤེས། དེ་ཅིའི་ཕྱིར་དུ་ཡིན་ཨེ་ཤེས།
དོན་དུ་འཛམ་གླིང་ཤར་ནུབ་གླེང་ཉམས་སྟོན་མཁན་གྱི་དགུ་རོང་སྤུན་གྲོལ་ཁྱོད་ལ་”ཀླད་རྒྱ”འདི་ལས་མེད་པ་ཨེ་རེད།
བཅུ་གསུམ།
ཁྱོད་ཀྱིས་བཤད་པ་ལྟར་ན། བསོད་དར་རྒྱས་ཁྱེད་གཉིས་ཤེས་རྒྱ་དང་མཐོང་རྒྱ་ཁྱོད་རང་ཆེ་སྐད།
དེ་འདྲ་ཡིན་ན་སྐུ་ཉིད་ཀྱང་མལ་སའི་ནང་དུ་ཉལ་མི་འདུག་པར། རྒྱལ་ཕྱི་ནང་བྱས་ནས་གཏམ་བཤད་ལ་སོང་དང་། སྐད་རླབས་པོ་ཆེ་ཅི་ཡོད་ན་ཤོད་དང་། ངས་ཁྱོད་ལ་ཕན་འདོགས་མ་ཐུབ་ན་གཞི་མེད་སྒྲོ་འདོགས་བྱས་ཏེ་གནོད་མི་སྐྱེལ་ཁོ་ ཐག་ཡིན།
གཞན་ཡང་། ཏཱ་ལའི་བླ་མའི་སྐུ་ཕྲེང་བཅུ་བཞི་པའི་སྤྲུལ་སྐུ་འདེམ་མཁན་གྱི་མཐུན་མི་གཙོ་ བོ་ཨ་མདོ་འཇམ་དབྱངས་བཞད་པ་ཡིན་རྒྱུ་རེད་མ་གཏོགས་བསོད་དར་རྒྱས་དང་ཚུལ་ཁྲིམས་བློ་གྲོས་སོགས་ཡིན་རྒྱུ་ཨེ་ཡིན་ན། ངེད་གཉིས་དེའི་དུས་སུ་ད་དུང་མ་ཤི་ལུས་འདུག་ན་སུ་རེད་ག་ལེར་བལྟ།
ཁྱོད་ཕོད་ཚོད་ཆེ་ནའང་། དོགས་པ་འདི་རིགས་བསླངས་ན་ཡག་པོ་རེད། ཁོང་རྣམ་གཉིས་དག་བོད་མི་མང་པོས་ཐུགས་བསམ་བཞེད་རྒྱུ་རེད།
བཅུ་བཞི།
ང་ཚོས་བྱ་བ་གང་ཞིག་བསྒྲུབས་ན་”རང་ཚུགས་མི་ཤོར་བ་དང་གཞན་སེམས་མི་དཀྲུག་པ” ནི་དངོས་གནས་གལ་ཆེ་པོ་རེད། འདི་ནི་གཞུང་ཆེན་དག་ལས་བཤད་པ་ལྟར་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཟེར་བ་དེ་ རེད། ཕོ་ཚོད་བཤད་ན་སྐབས་འགར་ཁེ་སྲིད་ཀྱང་མཐའ་འཁྱོངས་མ་རེད།
སྤྱིར་ཡིན་ན། དེང་གི་དུས་འདི་ནི་མི་གཅིག་གིས་གཅིག་ལ་ཚེ་སྲོག་དང་འབྲེལ་བའི་ལས་ཀ་འདི་ ཁྱོད་ཀྱིས་སྒྲུབས་དང་བྱོས་ཟེར་བའི་སྐབས་མ་རེད་ལ། ལྷག་ཏུ་བློ་ཡུལ་ལས་འདས་པའི་གཏོང་ཕོད་ཀྱི་བྱ་བ་དག་བསྒྲུབས་ཕྱིན་ཆད། དེ་ཡག་པོ་རེད་དང་མ་རེད་ཅེས་བཤད་པའི་དབང་ཆ་ཡོད་མ་རེད་ལ་བཤད་འོས་ཀྱང་དེ་བས་ཡོད་མ་རེད། དེས་ན་རང་ཉིད་ཀྱིས་མཆོངས་ཤིག་སྒྲུབས་ཤིག་ཟེར་དགོས་ན་དང་པོ་རང་ཉིད་མཆོངས་ ཤིང་བསྒྲུབ་དགོས་པ་ལས། གྲེ་བ་མ་འགག་བར་དུ་བོས་ཀྱང་བསམ་དོན་འགྲུབ་རྒྱུ་དཀའ་ལས་ཁག་པོ་རེད།
དེ་བཞིན་དུ་རང་ཉིད་ཀྱིས་མི་རིགས་ལ་སྲི་ཞུ་ཅི་ཡང་མ་བསྒྲུབས་ཀྱང་སྒྲུབ་མཁན་ དག་ལ་ཕྲག་དོག་བྱས་པ་ཡིན་ན། མཐར་རང་གཞན་གཉིས་ཀ་འམ་མི་རིགས་ཡོངས་རྫོགས་གཅོང་རོང་ལས་མི་ཐར་པའི་རྒྱུར་ འགྱུར་བར་གདོན་མི་ཟ།
གལ་སྲིད། ང་ཚོ་སྐྱ་སེར་སུ་ཡིན་རུང་རང་གིས་བྱ་བ་གང་འགྲུབ་ན་དེ་ལ་འབད་པས་རྒྱུན་ བསྲིངས་ཤིང་མཐུན་པོའི་ངང་ནས་གཅིག་གྲོགས་གཅིག་གིས་བྱེད། ནོར་འཁྲུལ་བྱུང་ན་བདེན་པ་དང་དངོས་ཡོད་གླེང་སྟེ་བསྒྱུར་བཅོས་བྱེད། ལྟ་བ་མ་མཐུན་རུང་གུས་བཀུར་ཡོད་པར་གནས་པ་ཡིན་ན། མི་རིགས་ཀྱི་ངོ་བོ་དང་ཆོས་ལུགས་ཀྱི་བྲོ་བ། འཇིག་རྟེན་གྱི་འཕེལ་རྒྱས་དང་ཆོས་ལུགས་ཀྱི་ཉམས་ལེན་སོགས་ཡོང་གི་ཡོད།
འོན་ཀྱང་། བོད་མིའི་སྲོག་འདི་འཆད་ལ་ཁད་དུ་གནས་ཚེ་མི་འགའ་ཞིག་གིས་ཡོད་ཚད་བློས་བཏང་ བྱས་པ་དང་། ཡང་ན་ཉིན་མཚན་དབྱེར་མེད་དུ་ཐབས་བརྒྱ་ཇུས་སྟོང་གིས་ཐར་ལམ་འཚོལ་ཞིང་། གསོ་སྨན་ཉུག་ཏེ་ལས་ཀ་ཅུང་སྒུལ་ཤུགས་ཡོད་པ་ཞིག་འགྲུབ་ཚེ། ཕྱོགས་རིས་དང་ཕྲག་དོག་གི་འགད་རྫས་སྙིང་ག་ལ་ཡང་ཡང་གས་ཤིང་། གྲགས་འདོད་དང་ཁེངས་དྲེགས་ཁོ་ནས་གཞི་མེད་ཀྱི་སྒྲོ་འདོགས་བསམ་ ཡུལ་ལས་འདས་པ་ཞིག་སྐྲུན་པར་བརྩོན་པ་ཡིན་ན། གཅིག་ཤོས་ཀྱང་ཁ་བཙུམས་ནས་ནག་ཉེས་ཡོད་ཚད་རྒྱབ་ཏུ་འཁུར་མི་ཐུབ་པས་ཡ་ལན་ཞིག་ ངེས་པར་དུ་ཡོང་གི་རེད།
དེ་ནས་བཟུང་རིང་པོ་དུམ་བུར་འཆད་པའི་མགོ་བརྩམས་པ་རེད།
དེ་ནས་བཟུང་མཐུན་པོ་མི་ཡོང་པའི་མགོ་བརྩམས་པ་རེད།
དེ་ནས་བཟུང་མི་རིགས་ཤིག་གི་སྟོབས་ཤུགས་ཉམས་པའི་མགོ་བརྩམས་པ་རེད།
དགུ་རོང་སྤུན་གྲོལ་ཉིད་ཀྱིས་རྩོམ་ཐུང་ཆོ་མེད་ཅིག་བྲིས་པ་དེ་མཐོང་རྗེས་ཤར་ མར་བྲིས་པ་ཡིན་པས་ནོར་འཁྲུལ་འདུག་ན་བདེན་པའི་ལམ་ནས་ཐད་ཀར་ཤོད་དང་ངོས་ལེན་ ཡོད། འདིའི་ནང་གི་བརྗོད་སྙིང་ཡོད་ཚད་དགུ་རོང་སྤུན་གྲོལ་ཁྱེད་རང་གཙོར་བྱས་པའི་ བརྗོད་སྙིང་འདི་དང་འབྲེལ་ཡོད་ཀུན་ལ་ལེགས་སྐྱེས་སུ་འཕྲིན་དུ་བཏབ་པ་ཡིན།
ད་དུང་བཤད་རྒྱུ་མང་པོ་ཞིག་ལྷག་འདུག་ཀྱང་མུ་མཐུད་དེ་བྲིས་ན་ལ་ལའི་མགོ་འགད་ཅིང་ལ་ལའི་སྙིང་སྤྲོ་མོད། འོན་ཀྱང་ལ་ལའི་གསེར་ནག་འདྲ་བའི་དུས་ཚོད་འཆོར་བཞིན་ཡོད་པས་མཚམས་འདི་ནས་འཇོག་རྒྱུ་ཡིན། ངོ་ཐུག་པའམ་དྲྭ་ལམ་བརྒྱུད་དེ་གླེང་མོལ་བྱ་འདོད་ན་ནམ་ཡིན་རུང་དང་ལེན་ཡོད།
ཅེས་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་སྒོམ་སྡེ་ནང་ཆེན་ཟུར་མང་པ། གྱིན་འདའ་བ་འདན་མ་དཀོན་མཆོག་ཚེ་རྒྱལ་ཞེས་པའམ་དྲྭ་མིང་མེ་ཞགས་སུ་འབོད་པ་ དེས་བོད་རབ་བྱུང་བཅུ་བདུན་པའི་རྣམ་རྒྱལ་ཆུ་སྦྲུལ་ལོའི་ཟླ་༡༡པའི་ཚེས་༡༣ཉིན་ དང་། ཕྱི་ལོ་༢༠༡༤ལོའི་ཟླ་༡པོའི་ཚེས་༡༣ཉིན་ཐོལ་གྱིས་བྲིས
ཡག་པོ་བྲིས་འདུག མེ་ཞགས་རང་རེད་འདུག གདུང་རོང་གི་རྣམ་དཔྱོད་དེ་མེ་ཞགས་ཀྱིས་གཞོབ་དུ་བསྲེགས་སོང་།
༡ མ་ཤེས་ན་ཡང་ཤེས་མདོག་མ་བྱེད་ཕ་བཟང་བུ། རང་དགར་ཞོགས་ལ་རང་ཚོད་ཟུངས། ཁ་མ་མང་། རང་གིས་རང་ལ་གྲོས་སུ་འདེབས་པ།