ཀླུ་སྨྱོན།
ཟླ་བ་དཀར་ཞིང་སྨུག་པ་གཙང་བའི་དུས། །
ལོ་མ་རྐང་གཅིག་ཐོལ་གྱིས་ས་ལ་ཟགས། །
གློག་ཞགས་གཞོབ་དྲི་ཁ་བའི་མུན་ནག་ཅིག །
ཆུ་ཐིགས་ཤིག་གི་རྣམ་ཤེས་འཁྱིལ་ས་ཡིན། །
ཤག་ཤག་བཞུར་བའི་ཆུ་མོའི་འཇུག་ངོགས་འདིར། །
མེ་ཏོག་རྐང་གཅིག་དལ་གྱིས་འདར་བ་ཡི། །
ཕྱི་ནང་གསང་བའི་མཛེས་སྡུག་མ་ལུས་པ། །
སུ་ལ་བྲིས་པའི་རྨི་ལམ་རིང་མོ་ཡིན། །
ཤ་དང་པགས་པ་འདྲེས་སའི་མལ་ཐུལ་ཞིག །
ཚལ་བར་གཏུབས་པའི་ཕྱག་མདུད་སེར་པོ་འདི། །
ཞོགས་པའི་ཉི་འོད་འོག་གི་ཇ་ཕོར་ཏེ། །
མི་ལོ་སྟོང་གི་སྐྱོ་གདུང་སེལ་སྤྱད་ཅིག །
རྫ་རིའི་རྩེ་ནས་ཀོང་མོས་སྐད་སྙན་འབྱིན།།
རྫ་རིའི་སྐེད་ནས་ལུ་གུས་འབའ་སྒྲ་སྒྲོག།
རྫ་རིའི་ཞོལ་ནས་ནོར་གནག་རྩ་ལ་ཡན།།
རྫ་ཆུ་ལྷང་ལྷང་འབབ་པའི་ཕ་ཡུལ་དྲན།།