ཀླུ་སྨྱོན།
ངས་བོད་ལ་མཁོ་བའི་དམོད་ཚིག་ཚིག་མཛོད་ཅིག་རྩོམ་རྩིས་ཡོད་པས། དྲ་འབུ་གསེག་འབུ་གང་ན་སུ་བཞུགས་དག་གིས་བོད་དམངས་ཁྲོད་ཀྱི་དམོད་ཚིག་གང་ཡོད་ཚང་མ་འདིར་འབྲི་རོགས། དམོད་ཚིག་འདི་ཚོས་ང་ལ་གནོད་རྒྱུ་ཕར་ཞོགས་ཕན་ཐོགས་ཆེན་པོ་འདུག ད་བར་དུ་ང་ལ་དམོད་ཚིག་འཚོལ་བསྡུའི་ཕྱོགས་ནས་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དམོད་ཚིག་གི་དཔེར་བརྗོད། བཎ་ལོག སྡོམ་ཤོར། གཡབ་རྐྱལ། མགོ་གཡོག རྫུན་རྐྱལ། སྤྲུལ་རྫུན། སྒོར་དགའ། ཁྱི་རྒན། ཞབས་འདྲེན། … …
ཐ་ཤལ། ཐ་ཆད། བསོད་ཟད། ཁྱིར་རྒན། གླང་གོག གྲྭ་ལོག སྤྲུལ་ལོག སྤྲུལ་སྨྱོན། གྲྭ་སྨྱོན། མི་ངན། སྤྲུལ་གོག
དཔེར་ན་ཨོ་སྤྲུལ་བཞིན།
ཁ་ཆེ། སྣ་ཆེ། རྣ་འོན། མིག་ཞར། ལྐུགས་པ། སྐྱག་ཞར། ཁྲམ་པ། ཁྲེལ་མེད། ཕུང་གསུམ་པ།
དམ་ཉམས། རྒྱུགས་ཁྱི། རྒྱ་ཁྱི། སྐྱགས་ཤོར། སྐྱགས་པ་སྐམ་པོ། སྐྱགས་རྐུབ། ཁྱི་རྒན། མགོ་རིལ། མགོ་ལེབ། ནག་རིལ། སྐམ་ཚར། ཕག་པ། ཁ་ནག འོན་གཏོང་། སྐྱིད་ཤུན། ཕ་ཤ་ས་མཁན། ཨ་ཕའི་རོ། ཨ་མའི་རོ། ཞང་གོ
ཨ་ཁུ་ཀླུ་སྨྱོན་ལགས། དམོད་ཚིག་ཇི་སྙེད་གཅིག་བསགས་རྗེས་དེ་དག་ཁྱེད་ཀྱིས་དུས་ཚོད་ཆུང་བཏང་ནས་དེ་དག་སྡེ་བ་སོ་སོར་འབྱེད་ན་རིག་གཞུང་གི་ཆ་ཤས་ཡིན་པས་དོན་ཕན་ལྡན་པར་མཐོང་།
ཆོས་པར།
ཞང་མགོ བླ་རྒན། སྤྲུལ་གོག ཟབ་རྫུན། གྲ་ལོག དཀོར་ཟས། དམ་ཉམས།
སྐྱེས་ཕོར།
ཕ་རོ། མ་རོ། ཨ་ཕའི་མགོ ཤི་རྒྱུ། སྡུག་ཤི་བརྒྱབ་རྒྱུ། སྤང་གོ ཁྲམ་པ། གཟའ་འདྲེ། གླེན་པ། སྐུགས་པ། བོང་ཕྲུག
མི་མོར།
གསོན་འདྲེ་མ། འབའ་མོ། ཡུག་ཟ་མ།
ཕྲུ་གུར།
བསོད་སྐམ། སྣབས་ཟར། ཞ་ར། ལོང་བ། སྐྱག་ཤོར། ངུ་ཤུགས་ཁ་ལུད།
སེམས་འཚོར་ཤིན་ཏུ་ཆེ་བས་ང་ཚོ་བོད་རིགས་ལ་ཡོད་པའི་དམོད་ཚིག་འདི་དག་གཞན་ལ་ཨ་ཡོད།
ཆོས་པར།
ཞང་མགོ བླ་རྒན། སྤྲུལ་གོག ཟབ་རྫུན། དཀོར་ཟས། སྡིག་ཆེན། དམ་ཉམས།
སྐྱེས་པར།
ཕ་ར། མ་རོ། ཁོའི་ཨ་ཕའི་མགོ སྤང་གོ ཁྱིར་རྒན། ཁྲམ་པ། གླེན་པ། ལྐུགས་པ། མ་བིན། ཀླད་མེད། ཀླད་ཆུང་། ར་བཟི། འཆལ་པོ།
མི་མོར།
སྲིན་མོ། འདྲེ་མོ། འབའ་མོ། གསོན་འདྲེ་མ། ཡུག་ཟ་མ། འཆལ་མོ། གཞང་ཚོང་མ།
ཕུ་གུར།
ཐོད་དཀར། བསོད་སྐམ། ཞ་ར། ལོང་བ། སྐྱག་ཤོར། སྣབས་ཟར། གཅིན་ཤོར། གཟའ་འདྲེ། གཟའ་བརྒྱབ།
འཚོར་རྐྱེན་ཆེ་བའི་ང་ཚོ་བོད་རིགས་ཡོད་པའི་དམོད་ཚིག་འདི་དག་ཡུལ་ཁག་གཞན་དུ་ཨ་ཡོད།
དམྱལ་བ་བོ། དམྱལ་བ་མ། ཁྲག་འཐུང་བོ། ( འོན་ཀྱང་ཨམ་སྐད་དུ་ཁྱག་འཐུང་བོ་ཟེར)་ ཁྲག་འཐུང་མ། འདྲེ་མོ། འདྲེ་ཕྲུག ད་ཕྲུག་ལ་འདུད་རྒྱུ་བོ།
ད་དུང་
ཞབས་འདྲེན། ངོ་མི་ ཚ།
དེང་དམོད་གསར་པ།
ཧམ་ཆེན། ཧམ་བཤད་པ། ལྐོག་ཟ་རུལ་སུངས་པ། མགོ་བདེ་དྲན་འཕྲུལ།
མུ་མཐུད་དེ་ཡིན་ད། རྒྱ་མི་ཡིན་ད་མ་ལིག་གི་ཕིས་་ཟེར་ཞིག་ཡོད་པ། བོད་ལ་དེ་འདྲ་ཡོད་དམ། ནུབ་ཕྱོགས་པ་ཚོར་་་མ་རྡིར་ཧྥ་ཁིར་་་་ཞེས་པ་ཞིག་ཡོད།
འདིའི་རྗེས་ལ་ཁ་ཡག་ངོ་བསྟོད་ཀྱི་ཚིག་ཚོགས་དེ་ཚོ་འཚོལ་བསྡུ་བྱ་ཐུབ་ན་ལྷན་ཐབས་ལྟ་བུར་འགྱུར་བས་དགེ་མཚན་ཆེའོ།
ངའི་ཕ་ཡུལ་གྱི་དམོད་ཚིག ་་་་་ རོ་བྱ་རྒོད་སྟོང་གིས་བཟའ་རྒྱུ་བོ། མིག་ཕོ་རོག་གིས་འབྲུ་རྒྱུ་བོ། མིང་བསྔོ་ཡིག་ཏུ་འབྲི་རྒྱུ་བོ། བླ་དམྱལ་བར་སྐྱེ་རྒྱུ་བོ། དགག་སེ་འགྲོ་རྒྱུ་བོ། གཟའ་རྒྱག་རྒྱུ་བོ། ཐོག་གིས་གསོད་རྒྱུ་བོ། སྐེ་སྐྲང་གིས་འཆི་རྒྱུ་བོ།
ཨ་མའི་རྐུབ་ཟེར་བ་དེ་མ་ལི་ཀི་ཕི་ཟེར་བ་དོན་གཅིག་ཀྱང་། མ་དཱིར་ཧྥཀ་དེ་གཞན་པ་ཞིག་ཡིན་མི་འགྲོ། ཧཧཧཧཧ
ཚིག་མཛོད་འདི་ཕྱོགས་སྒྲིག་བྱུང་ན་ཁ་བརྡ་ནང་བེད་སྤྱོད་ཧ་ཅང་མང་།
འདྲེ་མོ། འབའ་མོ་ཟེར་བ་དེ་ཚོ་རྙིང་པ་རེད་པ།
གསར་པ་ཡིན་ད། ཐེ་ཝན་ཕོགས་ཟན། རྒྱ་མིའི་རྒྱུགས་ཁྱི། ཊོ་པི་ཝ་ལ། སོ་པ། ་་་་་
ངའི་ཕ་ཡུལ་ནས། ཨ་མ་ཚོས་ཕྲུ་གུ་ལ་ཕ་རོ་ཟ་རྒྱུ་དང་། ཨ་ཕ་ཚོས་ཕྲུ་གུ་ལ་མ་རོ་ཟ་རྒྱུ་ཟེར། དམོད་ངན་འདི་འདྲ་ཐོས་མྱོང་ངམ། ཧཧཧ
གང་གཅེས་གང་དམར་གྱི་རོ་ཡོང་ས་བོ། དཱ་ལི་འབུད་རྒྱུ་བོ། ཡུག་ས་དགུ་སྐོར་ར་འབུད་རྒྱུ་མ། བརྒྱག་རོ་མ། གདོན་ཡི་བོ།
ཕལ་ཆེར་འདི་དང་གོང་ལ་བྲིས་མི་འདུག་བསམ་སོང་།
ངོ་མིག་གིས་མི་རིག་རྒྱུ་བོ། སྐད་རྣ་བས་མི་གོ་རྒྱུ་བོ། རང་ཤི་རྒྱག་རྒྱུ་བོ། ཡུག་ས་ཐེངས་མ་དགུ་ལ་འབུད་རྒྱུ་མ། ཁྱི་མོ། དྭ་ལེ་འབུད་རྒྱུ་བོ། དམྱལ་བ་ཚ་གྲངས་ལ་སྐྱེ་རྒྱ་བོ། གློའི་རྒན། ཧེབ་རྒན། རྐུན་མ། ཇག་པ། ཁྲམ་པ། སྒེར་གཅོད་པ།
གཅིན་ཙི་མ། ཡུགས་ས་མ། གྲང་གི་ནུ་མ་བྲག་རེད།་འོག་གི་རྙ་མ་སྒམ་རེེད།
ནུབ་ཕྱོགས་པ་ཚོར་་་མ་རྡིར་ཧྥ་ཁིར་་་་ཟེར་བ་དེ། ལྷ་སའི་ཕྱོགས་ན་ཀའི་’ཨ་མ་རྒྱོ་མཁན་’ཟེར་བ་དེ་རེད།
འདིར་ཁ་ཤས་ཡོད།
རོ་སྦྱོར། ༼ཁམས་པ་ལ་གོ།༽ཨ་ལེབ། ༼ཨ་མདོ་ལ་གོ།༽ རྫུན་མ། ༼དབུས་གཙང་ལ་གོ།༽སྡུག་ཤི་རྒྱག་རྒྱུ། ཕ་རོ་ཟ་མཁན། མར་རྒྱོ་རྒྱག་མཁན། ༼མར་དཱ་ཧྥ་ཁར༽ལོག་སྤྱོད་པ། རྒྱལ་བཙོང་པ། མགོ་གཉིས་མ། གདོན་འདྲེ་སྟེན་མཁན། དོལ་རྒྱལ་བ་ལ། ཊོ་པི་ཝ་ལ། ༼རྒྱ་གར་གྱི་སྐད། ཞྭ་མོ་གྱོན་མཁན་དེ་ཟེར། ཤུགས་ལྡན་ལ་ཚོར་གོ།༽ བརླ་རྒྱག་པ། ༼གྲྭ་པ།༽ རྐུབ་བཙོང་ང་།
འདི་ཚང་མ་ངའི་མིང་རེད།
བྱ་འདི་ན་བྱ་འདི། གྲྭ་བའི་ཁ་དང་ཇོ་མོའི་ལག་ཟེར་བ་འདི་ཅིས་མི་བདེན། ངོ་མི་རིག་རྒྱུ་བོ་ཁ་བཙོག་ཚིག་བཙོག་འདི་རིགས་ཀྱིས་བོད་ཡིག་དང་བོད་མིའི་མཐུན་སྒྲིལ་བརྫད་སོང་། ར་སྤུའི་འུར་ཆ་ར་མའི་མཇིང་བར་འཁོར་ཟེར་བ་ཨེ་གོ
ཚའོ་ཉི་མ། གུ་རུ་དེ། ངས་ཀྱང་རྒྱའི་ཁ་བཙོག་རེ་ཟུང་གི་ཞལ་འདེབས་ཕུལ།
དམོད་ཚིག་དང་། མཚངས་འབོད་གཉིས་མ་སོ་སོ་ཡིན་པར་སེམས།
དམོད་ཚིག་ཟེར་བ་ནི་དཔེར་ན། སྡུག་ཤི་རྒྱུག་རྒྱུ། བརྒྱ་བསམ་ན་དོན་གཅིག་མི་འགྲུབ་རྒྱུ། བྱ་བ་ལམ་མི་འགྲོ་རྒྱུ་ཟེར་བ་ལྟ་བུ་ཕལ་ཆེར་སྡུག་པོའི་ཕྱོགས་སུ་འགྲོ་བར་སྨོན་པའི་ཚིག་རྣམས་ལ་ཟེར།
མཚངས་འབོད་ཟེར་བ་ནི་དཔེར་ན། རྐུན་མ། སྡོམ་འཆལ། དམ་ལོག སྤྱོད་ལོག་སོགས་གང་ཟག་སོ་སོའི་སྐྱོན་མཚངས་ནས་རྒོལ་བ་ཟེར།
དེས་ན། བཎ་ལོག སྡོམ་ཤོར། གཡབ་རྐྱལ། མགོ་གཡོག རྫུན་རྐྱལ། སྤྲུལ་རྫུན། སྒོར་དགའ། ཁྱི་རྒནསོགས་དམོད་ཚིག་མ་རེད། འདི་དག་མཚངས་འབོད་རེད་སྙམ། ཡུལ་ལུང་ཕྱོགས་རེ་བ་རེར་དམོད་ཚིག་དང་མཚངས་འབོད་གཉིས་དོན་གཅིག་ཏུ་གོ་བའང་ཡོད་སྲིད་པ་རེད། ཡིན་ནའང་དེ་ནི་བོད་ཀྱི་བརྡ་དག་དང་མི་མཐུན་ཞིང་། དམོད་ཚིག་དང་མཚངས་འབོད་ཅེས་འི་ཚིག་དོན་དང་ཅུང་མི་མཐུན་པར་སེམས།
ངན་པ་ལག་འབྲེལ།
ཁྱི་སྤྱང་ལག་འབྲེལ།
ཕར་སྤྱང་ལག་འབྲེལ།
རྒྱལ་ཚོང་གྱི་ཇག་པ།
ལོག་སྤྱོད་པ།
ཁ་བྲལ་རིངས་ལུག་པ།
སེམ་འཛུལ་རིངས་ལུག་པ།
སྐབ་ཚོལ་རིངས་ལུག་པ།
མི་གཤི་མརྗེ་ལང་པ།
རྟ་མགོ་པད་གདོང་།
མེ་ཉག་སྤོ་ལོག་
ཇ་འདུར་ར།
འཆལ་པོ་རྐུབ་སྐྱོག་
སོགས་ཞལ་འདེབས་ལ་འཕུལ་
དགའ་དགའ། ལོ་ལོ། ཤ་མཆིན་པ། སྙིང་གི་ཚིལ་ལུ། གཅེས་ཁོ། ཨ་མའི་སེམས་རྟེན། ཨ་ཕའི་ལག་རྟེན། དྲིན་ཆེན། ཚེ་རིང་རྒྱོ། ཁྱིམ་གི་གཡང་རྟེན། ཤ་གཅེས། ཤ་ཁོ། རོགས་ལོ། ལོ་བརྒྱ། ཁ་བྲོ་བོ། བཀྲ་ཤིས་བོ།
ཨ་ཁུ་ཀླུ་སྨྱོན། ཁ་ཕྱིན་ཆི། ཁྱོད་ཀྱིས་ངན་གི་ཕྱོགས་སུ་མ་གཏོགས། བཟང་གི་ཕྱོགས་ལ་ཡ་མི་བྱེད་དོན་ཅི་རེད། མྱི་ལུས་མི་ལོན་རྒྱོ། དམྱལ་བར་སྙུག་རྒྱོ། ད་ཁྱོད་མར་ལ་ཤི་ནིར་སོང་། ཧ་ཧ་ཧ།
དམོད་ཚིག་འགའ་འདིར་འབྲི་བར་བྱ་ཡིན་ནའི་ཕན་ཐོགས་མིན་མི་ཤེས། ཧུག་རྒན༼རྒྱགས་པ༽། ཧུག་མ་་་་་་་ཧུག་མ་ནེ་དངས ༼ཕག་ཕྲུག་ཐེངས་མང་སྐྱེས་ཟིན་པའི་མོ་ཕག༽། གྲྭ་ངན། བན་ལོག། གདན་འཆལ་༼ཚུལ་མིན་བྱེད་མཁན་གྱི་བུད་མེད༽།
ཚེ་ལ་ཁའི་ཉི་མ་ལས་ཐུང་བ་ཤོག
ཨ་དམྱལ་བ་བོ་་་་ཁྱོས་འདི་གི་ཨ་མའི་རོ་ཡེད་དགོ་ནས་་་་བཤེན་པའི་ལག་ཏུ་འཇོག་རྒྱུ་བོ
གསར་པ་ཡིན་ད། གྲྭ་རྟ། སྤྲུལ་གོག ཕུང་གསུམ་པ། ཏང་ཡོན། རྡ་སའི་སྐུ་ངོ། སྐུ་དྲག
ཨ་ཨ་ཨ། མཆན་པ་ཚོ་གྲྭ་ལོག་རྐྱང་རྐྱང་ཡིན་ནོ། དམོད་ཚིག་ལ་བལྟས་ར། གྲྭ་བ་དང་བླ་མའི་ནང་ལ་འཁོར་བསྡད་འདུག
ས་སྐྱ་གོང་མ་ལྔ་ནི་སློབ་དཔོན་དངོས།།
དེང་དུས་ས་པཎ་ཁྱོད་ལ་ང་མི་འཇིགས།།
ས་འོག་འབུ་ལ་འབུ་རོགས་ཡོད།།
ནམ་མཁའི་བྱ་ལ་བྱ་རོགས་ཡོད།།
རྡོ་ཡི་རང་འཐག་སྟེང་འོག་གཉིས།།
ས་ལ་མལ་ལ་སྤུངས།།
རྡོ་རྡོ་མལ་ལ་སྐྱེལ།།
ས་བོན་ཡག་ན་མྱུ་གུ་ཡག།
མྱུ་གུ་ཡག་ན་འབྲས་བུ་ཡག།
ས་རུབ་གྱིས་ཆུ་མི་འཚོགས།།
ཀོ་རུལ་གྱིས་རྒྱུན་བུ་མི་ཉན།།
ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།།
དེ་ཡི་ཁ་དོག་ཉམས་མི་སྲིད།།
ས་གནས་ཀྱི་མེ་མདའ་དགོས།།
ས་འཁྱགས་ལ་སྔས་དང་།།
རྡོ་འཁྱགས་ལ་རྐུབ་བཀྱག་བྱས་ནས་དཀའ་བ་སྤྱོད།།
ས་ཕྱེ་མར་འདྲ་བ་དེ་བཟས།།
ཆུ་མར་ཁུ་འདྲ་བ་དེ་བཏུང་།།
ས་ཆ་གྲང་མོའི་སྒང་ལ།།
ལག་པ་ཚ་པོ་བརྒྱབ་པ།།
ས་ཟད་ན་རྡོ་ལ་ཐུག་ཡོང་།།
ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ།།
ས་བོན་ལ་དོ་སྣང་མ་བྱས་ན།།
ལྟོ་ཕོར་ཧྲུལ་ཆག་འགྲོ་རྒྱུ་ཤོད་མ་དགོས།།
ས་ཆ་གང་ཡིན་སྐད་ཀྱིས་ཤེས།།
ལུང་པ་གང་ཡིན་གཞས་ཀྱིས་ཤེས།།
ས་མ་འབྲོག་ལས་སྐྱིད་པ་མེད།།
ངོ་མ་གཡོག་ལས་ཁག་པ་མེད།།
ས་རྒྱ་གར་ལ་འགྲོ་བ་ལ།།
དོན་ས་ལེའི་པགས་པ།།
ས་བཤིག་ཨ་བྲ་འཕེལ་སྟོབས་ཆེ།།
སྡེ་བཤིག་ཁྲམ་པ་བྱ་བྱེད་མང་།།
ཉི་ཤུ་དགུ་ཡི་གླུད་དུ་རྫོང་རྒྱུ།
སྨོད་ངན་རྐྱང་རྐྱང་བྱེད་ཨ་་་་ཚིག་བཟང་པོ་ཁ་ནས་མི་འདོན་དོན་བཟང་པོ་ཉམས་སུ་མི་ལེན། ཁས་ཅི་བཤད་ལྟས་ངན། སེམས་ཅི་བསམ་ཚད་དུག་གསུམ། མི་འདི་ཚོ་ཡིན་ན་ཨ་མ་ནས་སྐྱེས་ལོངས་མེད་པར་ཆུ་ལ་བཏབ་ན་ཏག་ཏག་རེད་འདུག
མི་ངན་ཁ་ན་གཏམ་ངན་མང། ཚིག་གི་དུག་མདས་སྙིང་ནད་བཟོ། དམོད་མོའི་ཚིག་གི་མཛོད་འཛིན་པ། འདི་དག་སྙིགས་དུས་མཁས་པ་སྟེ། ནམ་ཡང་མཐོང་ཐོས་མེད་པར་སྨོན། ཧཧཧཧ
སྡུག་ཤི་སྨྱང་ནད་རྒྱག་རྒྱུ། ཁ་དམྱལ་བའི་ཡུལ་ལ་བསྐོར་རྒྱུ།སྐྱིད་པོ་མིག་གིས་མ་མཐོང་རྒྱུ། ཁ་སྐམ་པ། སྦལ་ལེབ། ཁ་ཆེན། དྲི་སྐྱེ་༼རྟག་ཏུ་རྐུབ་ནས་རྟུག་དྲི་གཏོང་མཁན༽ཞལ་འདེབས་དེ་ཙམ་ཡིན
ཡང་ཞལ་འདེབས་གཉིས་ཡོད།
ལྟས་ང་ན་བཀྲ་མ་ཤིས།
ངན་པ་དགུ་འཛོམས།
སྨོད་ངན་དང་སྐུར་འདེབས་ཀྱི་ཚོགས་པ་ཞིག་འཛུག་འཆར་ཡོད་ན་དེ་ཡི་ཚོགས་གཙོར་ཨོ་ཉི་བསྐོ་གནང་རོགས་ཞུ་ཡ་ཡིན་སྤྲུལ་སྐུ་ལགས་དེ་ཐུགས་ལ་བཏགས་རོགས་ཞུ།
སྐད་རྣ་་ཀི་མི་གོ་རྒྱུ། ངོ་མྱིག་གི་མི་རིག་རྒྱུ། མགོ་རེ་ནག་གིས་བཏུམ་རྒྱུ་པོ། ཤུལ་དུ་རྩྭ་སྐྱེ་རྒྱུ་བོ། མྱིང་གི་མི་འབོད་རྒྱུ་བོ།
དོལ་ཚོགས། གདོན་འདྲེ་ཚོགས་པ། ད་མང་གི་ཡ་་་་་་་་་་
ཁ་ངན་པ་ངའི་ལྕེ་ངན་གྱིས་ཚིག་ངན་བརྗོད་པ་གྲངས་ལས་འདས། བཤད་དགོས་ན་སྐལ་བ་མི་ཆད་ཐག་ཆོད་ཡོད། འོན་ཀྱང་དགེ་རྒན་བཀའ་དྲིན་ཅན་གྱི་གསུང་ཞིག་དྲན་པས་རྐྱེན་བྱས། སྐབས་ཤིག་ལ་འཇིགས་ཤིང་ངོ་ཚ་བཅས་ཚིག་ངན་དོར་ནས་བཀྲ་ཤིས་པའི་ཚིག་བཟང་བརྗོད་པ་ལ་རྗེས་སུ་ཕྱོགས་པས་སྨོད་ཚིག་བརྗེད་སོང་། མི་དགེ་བར་ཞལ་འདེབས་མི་རུང་ཡང་རིག་གཞུང་ཞིག་ཏུ་ངོས་བཟུང་སྟེ་འདི་ལ་ཁ་གསལ་ཅུང་ཟད་ཞུ་ན། འཁྲིགས་གཏམ་དང་དམངས་ཁྲོད་ཁ་སྐད་དུ་ཡོད་པ་ཕྱོགས་སྒྲིགས་མེད་པ་མ་གཏོགས། གཞན་དམོད་ཚིག་ཤིན་ཏུ་མང་པོ་དྲག་པོ་མངོན་སྤྱོད་ཀྱི་གྲས་སུ་བཞུགས་པས་དེར་གཟིགས་ན་ལེགས། ཀུན་ལ་སྤེལ་ན་རུང་མིན་མི་ཤེས་པས་ངས་འདིར་འགོད་མ་ཕོད། དཔེར་ན་ཞལ་གྱི་བེ་བུམ་ཧ་ལ་ནག་པོའི་འགུགས་བསྒྲལ། ཆོས་རྒྱལ་གྱི་བེ་བུམ་དུག་རི་ནག་པོའི་བཞེས་འབོད། མགོན་པོ་ཕྱག་དྲུག་པའི་ལས་མཁན་ཌའཀི་རཱ་ཛའི་དགྲ་བོ་ལ་ལྟས་ངན་གཏོང་ཚུལ། མགོན་པོ་ཚོགས་བདག་གི་བེ་བུམ་གྱི་དགོངས་གསོལ། འགུགས་པ། བླ་རྩྭ་གཅོད་པ། བླ་རྡོ་གཅོག་པ། དགྲ་བླ་རྡུང་བ། ཟོར་བསྒྱུར་་གྱི་དམོད་བཅོལ། གཤིན་རྗེ་དམར་ཆུང་གི་ངན་སྔགས་རྡོ་རྗེའི་ཐོག་ཆེན། མྱུར་མགྱོགས་རླུང་གི་འཁོར་ལོའི་དམོད་བཅོལ། ལས་མཁན་ཟངས་མཆུའི་དམག་འདྲེན། ལས་མཁན་ཁྲག་རལ་ཅན་གྱི་ལས་བཅོལ། ཤ་ཟ་ཁ་མོ་ཆེའི་དལ་འགྱེད། ཤ་ཟ་ཧོར་མོའི་གློ་བུར་ལས་བཅོལ། ཨ་ཙཱ་ར་དམར་པའི་བསྐུལ་བྱང་། ལས་མཁན་མོན་པ་ཁྲག་སྐྱུགས་ཀྱི་ཐན་འགྱེད་སོགས་ས་དགེ་བཀའ་རྙིང་ཀུན་ལ་མཐའ་ཡས་པ་ཡོད། ལྷག་པར་བཀའ་བརྒྱུད་རྙིང་མ་གཉིས་ལ་དམོད་བཅོལ་ཤིན་ཏུ་མང་། གུ་རུ་འབྲུག་སྒྲ་རྒྱལ་མཚན་གྱི་དམོད་བཅོལ་དང་། ཞང་མཐུ་སྟོབས་གྲགས་པའི་དམོད་བཅོལ། ཆགས་མེད་དམོད་བཅོལ། ཀཿཐོག་རིག་འཛིན་ཆེན་པོའི་བཞེས་འབོད་ཉམས་པའི་སྲོག་གཅོད། དཔལ་སྤྲུལ་ཀྱི་དམོད་ངན་དུག་གི་མེ་ཏོག མི་ཕམ་པའི་གཏོར་བསྐུལ་གནམ་ལྕགས་ཐོག་མདའ་དང་། དགོངས་གསོལ་དཔའ་བོའི་འབྲུག་སྒྲ་སོགས་ཤིན་ཏུ་མང་ངོ། འོན་ཀྱང་འདི་འདྲའི་རིགས་བཀའ་གཉན་པས་གཟབ་དགོས་པར་སྣང་། སྔོན་ཆད་རྒྱ་རིགས་སྐད་བསྒྱུར་ཅིག་གིས་གཤིན་རྗེའི་དྲག་སྔགས་ཞིག་རྒྱ་ཡིག་ཏུ་བསྒྱུར་ཚར་བའི་ཉིན་མོ་རླང་འཁོར་གྱིས་བརྡབ་ནས་ཤི། ཡང་ཆོས་ལུགས་ཞིབ་འཇུག་གི་དགེ་རྒན་ཆེན་མོ་ཞིག་གིས་རྒྱལ་པོ་བེ་དཀར་ལ་ཞིབ་འཇུག་བྱས་ནས་སྐྱོན་བརྗོད་ཡིག་གེ་ཕྲན་ལ་ཁ་པར་ལམ་ནས་གླེང་མྱོང་། བེངས་རེ་ཞིག་བཞག་ན་བྱས་ཀྱང་མ་ཉན། ཕྱི་ཉིན་ཁང་པར་མེ་ཤོར་ནས་ཚིག་ཏེ་ཤི། བེ་དཀར་ལ་སྐྱོན་བརྗོད་བྱས་ནས་རྟགས་མཚན་བྱུང་མཁན་མི་གསུམ་ལ་འཔྲད་མྱོང་། ཡང་གཅིག་གིས་ཕུར་བ་འབུམ་ནག་གི་མངོན་སྤྱོད་སྐོར་ཡི་གེར་བསྒྱུར་དབང་ལུང་མེད་པར་བསྒྲུབ་ཏེ་ཚོད་ལྟ་བྱས་པ་སྨྱོས་པ་ད་ལྟ་ཡང་ཡོད། དེང་དུས་འདི་ལྟ་བུ་ལ་ཡིད་ཆེས་མཁན་དཀོན་ཡང་ཕྲན་རང་གིས་བསམ་བཟང་ཡིན་ཁུལ་ལོ༎
བུང་རྒན་མགོ་རིས་། ཆགས་པའི་ཡི་དགས་། ཤིང་བཤག། དམ་ཉམས་། རྟོག་གེ་བ། རྒྱང་འཕེན་བ་། འུག་མགོ་། ཉུག་རུམ་པ། དཀོལ་འགམ་། ཁྲག་གོས་། བཤུལ་བཞོག་།
བུད་མེད་ཁྲོ་མའི་དམོད་མོ་ཁག་ཅིག
གྲིབ་རྒོད་ཕོགས་དང་དམར་བཤལ་ན།
ནད་ངན་གྱིས་ཤི་གཟའ་གྲིབ་རྒྱོབས།
མཛེ་བོ་མཛེ་རྒན་རྨ་མཛེ་ན།
ཨ་བ་མ་དེས་ཟིན་རྒྱུ་བོ།
སྔོན་སྔོ་མིག་གིས་མི་མཐོང་རྒྱུ།
ལོ་ན་སྟན་འབྱར་ཚེ་ནད་ཕོགས།
ཁ་ནས་ཁྲག་སྐྱུགས་སྡུག་ཤི་རྒྱོབས།
ད་ལྟ་རང་དུ་ཤི་རྒྱུ་ཁྱོད།
མི་ན་ན་ལུགས་ཡོངས་རྒྱུ་དང་།
མི་ཤི་ཤི་ལུགས་ཡོངས་རྒྱུ་ཁྱོད།
ཡ་བོ་ཁྲམ་པ་རྐུན་རྒན་ཁྱོད།
ཧམ་ཆེན་ཁྲམ་རྒན་མི་གཟན་མགོ
འདྲེ་ཕོ་གནོད་བདག་ཕུག་རྒན་འགོང་།
སྡུག་རྒན་ཡམས་རྒན་ཐན་རྒན་མང་།
སྐྱེས་པ་གཏམ་འདོད་ཅན་གྱི་དམོད་པ།
སྡུག་སྣ་མ་དང་ཡམས་སྣ་མ།
ནད་སྣ་གདོན་ཞུགས་འགྲོ་རྒྱུ་མ།
སྡུག་རྒན་མ་དང་མི་གཟན་མ།
འདྲེ་མོ་གདོན་མོ་ཁ་འདེབས་མ།
ཡུག་ས་མ་དང་གསོན་སྐྱུར་མ།
གཞང་ཚོང་མ་དང་རྐུབ་བཙོང་མ།
རྫུན་ལྕེ་མ་དང་རྐུན་མོ་དང་།
སྟོང་གསུམ་ཁ་འདེབས་གདོང་སྨར་ཅན།
དྲེད་མོ་སྲིན་མོ་གྲིབ་ཅན་མ།
ཞབས་འདྲེན་མ་དང་ཁྲེལ་མེད་མ།
ཀླད་ཆུང་མ་དང་འགྱུར་སྣ་ཆེ།
སྡུག་འདྲེན་མ་དང་ངན་སོང་འཕེན།
འདོད་ཅན་མ་དང་ཉོན་མོངས་ཅན།
སྟུ་ཤོ་མ་དང་རྐུབ་ཤོ་མ།
ཕྲག་འཛག་མ་དང་ནུ་ལུག་མ།
མཚན་ངན་ལྟས་ངན་སྐྱེ་དམན་ཞེས།
ཕོ་མཆོག་མོ་དམན་ལྟ་རྙིང་དང་།
ཀླད་རྙིང་འཁྲེགས་འཛིན་ཞེན་རྒྱུད་འཛིན།
བཟང་ངན་རིགས་འབྱེད་རྟགས་དབྱེ་བའི།
དམོད་ཚིག་ངན་སྨྲས་གྲངས་མེད་ཀྱིས།
བུ་མོར་མཐོངས་ཆུང་བྱེད་པ་ནི།
གནམ་གྱིས་ས་གཞི་བཀབ་འདྲ་བའི།
སྤྱི་ཚོགས་རིག་པའི་ཐང་ཆེན་གྱི།
དེང་རབས་ཤེས་བྱའི་མེ་ཏོག་ལ།
ལྟ་བའི་དམུ་ལོང་ངོ་མ་ཡིན།
རང་རྒྱུད་དྲི་མ་མེད་པ་དང། ལྷག་བསམ་བསྟན་འགྲོར་ལ་དམིགས་ནས།
བྱུང་བའི་དམོད་ཚིག་དག་གིས་ཀྱང། དོན་གཉིས་འབྱུང་བར་གདོན་མི་བཟའ།
ངས་དམངས་ཁྲོད་ཀྱི་སྨོན་ལམ་འགའ་བགྲང་བར་འདོད། ཚེ་རིང་། ལོ་བརྒྱ། ཁ་བྲོ། བསམ་དོན་འགྲུབ་རྒྱུ། ལམ་འགྲོ་ཡོང་རྒྱུ། གཡང་རྒན། ན་ནད་མེད་རྒྱུ། བཀྲ་ཤིས་རྒྱུ། གཡང་ཆགས་རྒྱུ། ཞལ་དྲོ། བྱིན་ཆེ། བསམ་དོན་འགྲུབ་རྒྱུ། བདེ་བ་ལྡན་རྒྱུ།
སྨོན་ཚིག
ཚེ་རིང་། ལོ་བརྒྱ། ཁ་བྲོ།
དྲིན་ཆེན། ནད་མེད། ཞལ་དྲོ།
གཡང་ནོར། བཀྲ་ཤིས། དོན་གྲུབ།
མི་ངན་ཁ་ན་གཏམ་ངན། བྱ་ཁྭ་ཏའི་ཁ་ན་ཨ་བ། ཕ་རོ་ཟ་རྒྱུ། མགོ་ཕུ་རུང་འཇུག་རྒྱུ་ཁྱོད། ངེད་མཇེ་སྟུ་གཉིས་ཀ་ཤག་པོ་རེད། ཁྱོད་རླིག་པ་རྒྱ་སྤང་སྒོ་སྲུང་རེད།
ཁྱོའི་ཕ་མ་གཉིས་ཀི་རོ། ཨ་བ་མ། ཕ་ཤ་མ་ཤ འདྲེ་མོ། ཁྱོའི་ཨ་མའི་རྐུབ། ཧཧཧ། ད་མང་ཡ་་་་་
ན་མོ་གུ་རུ་ཛྙཱ་ན་ཀུཊྚ་ཡེ། དེ་ཡང་རབ་བྱུང་གཉིས་པའི་ཤིང་ཕོ་སྟག་ལོར་ཕེབས་པའི་རྗེ་འགྲོ་བའི་མགོན་པོ་ཡེལ་པ་ཡེ་ཤེས་བརྩེགས་དེ་ཉིད་དྲང་བའི་དོན་དུ་མི་འཇེད་ཀྱི་ཞིང་འདི་ཉིད་དུ་འཇིག་རྟེན་མཐུན་འཇུག་དགེ་བའི་བཤེས་གཉེན་མི་ཡི་ཟོལ་དུ་བསྟན་ཀྱང་། ངེས་པའི་དོན་དུ་ཆོས་སྐུའི་ཞིང་དུ་རྡོ་རྗེ་འཆང་དང་གཉིས་སུ་མེད་པ་དང་། ལོངས་སྐུ་གངས་ཆེན་མཚོའི་ཞིང་རྣམ་པར་སྣང་མཛད་ཀྱི་དྲུང་དུ་འཕགས་མཆོག་མིག་མི་འཛུམ་དང་། ཤར་ཕྱོགས་བཻཌུརྱ་སྣང་རྡུལ་བྲལ་བརྩེགས་པའི་ཞིང་དུ་སྤྲུལ་པའི་སྐུ་མཆོག་སྨན་བླའི་ཞབས་དྲུང་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱལ་བའི་ཡེ་ཤེས་ཟ་མ་ཏོག་དང་། འཛམ་གླིང་འཕགས་ཡུལ་མི་འཇེད་ཀྱི་ཞིང་དུ་སངས་རྒྱས་གཉིས་པ་ཨོ་རྒྱན་མཚོ་སྐྱེས་མ་ཧཱ་གུ་རུའི་སྤྱན་སྔར། མདོ་རྒྱུ་སེམས་གསུམ་དང་ཆུ་བོ་བཞི་སོགས་ཀྱི་བསྟན་པ་ཡོངས་རྫོགས་བཀའ་དང་པོ་གཉགས་ལ་བབས་ཞེས་པ་བདུད་རྩིའི་བཀའ་བབ་གཉགས་ལོ་ཡེ་ཤེས་གཞོན་ནུ་དང་། འཕགས་ཡུལ་གནྡྷོ་ལ་གཉིས་པ་གངས་ལྗོངས་ཆོས་ཚིགས་ཀྱི་ཡུལ་དབུས་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་སངས་རྒྱས་འཁོར་བ་འཇིགས་དངོས་ཕག་མོ་གྲུ་པའི་ཞབས་དྲུང་དུ་དཔལ་ལྡན་ཛྙཱ་ན་ཀུཊྚ་ཞེས་མཚན་དང་སྐུ་ཡི་བཀོད་པ་མཐའ་ཀླས་ཤིང་། སྣང་སྲིད་བྱིན་གྱིས་རློབ་པའི་ནུས་ཅན་དེ་ཉིད་སྔར་སངས་རྒྱས་ཀྱི་ཞིང་འདིར་སེམས་པའི་ཚུལ་བཟུང་ལུང་རྟོགས་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་གཤེགས་ཤིང་། ཁྱད་པར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཐབས་ལམ་ནཱ་རོ་ཆོས་དྲུག་གྲོལ་ལམ་མ་ཧཱ་མུ་དྲ་སོགས་ཀྱིས་ཐུགས་རྒྱུད་སྨིན་པར་མཛད་པས། རླུང་སེམས་དབུ་མར་ཚུད། རྟགས་བཅུ་སོགས་ཀྱི་ཡོན་ཏན་མཐར་ཕྱིན། གྲུབ་པ་ཆེན་པོའི་རྒྱལ་སར་ཕེབས། བདེ་གཤེགས་རྡོ་རྗེ་རྒྱལ་པོའི་ཞལ་ནས། ས་བཅུའི་དབང་ཕྱུག་རིགས་གསུམ་མགོན་པོ་དང་ཆོས་རྒྱལ་དྭགས་པོ་ལྷ་རྗེ་དང་ང་དང་ཁྱོད་སོགས་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་ལ་རྡུལ་ཙམ་ཁྱད་པར་མེད་ཅེས་སྐྱེ་མཐའི་བྱང་ཆུབ་སེམས་དཔར་དབུགས་དབྱུང་ཞིང་ལུང་བསྟན། གཞན་ཕན་སྙིང་རྗེའི་གཏེར་ཁ་བརྡོལ། འགྲོ་དོན་གྱི་སྒོ་མོ་བྱེ། བུ་སློབ་ཀྱི་སྐར་ཚོགས་རྒྱས། མདོ་སྨད་ཆུ་བཞི་སྒང་དྲུག་དང་གླིང་ཡུལ་གྱི་གླིང་རྗེ་སོགས་ཀྱིས་ཞབས་རྡུལ་སྤྱི་བོར་བླངས། གསུང་གི་གདམས་པ་ཞུས། ཐུགས་ཀྱི་དགོངས་བཅུད་བླངས། མཉེས་པ་གསུམ་དང་ཁྱད་པར་གཏེར་གྱི་ཕ་ཟོག་ཐམས་ཅད་ལྷག་མེད་དུ་ཕུལ། བླ་མས་ལུང་བསྟན་པ་བཞིན་གདན་ས་སོགས་རིམ་པར་ཆགས་བཏབ། གདན་ས་རེ་རེའི་ཐོག་ཏུ་གྲཱ་སྟོང་ཕྲག་ལྷག་ཙམ་དང་། ཁྱད་པར་རྟ་རྣ་ཐེག་མཆོག་ནོར་བུའི་ཆོས་གླིང་འདི་ཉིད་དུ་འདུས་པའི་སློབ་ཚོགས་བརྒྱ་ཕྲག་བཅུ་གཉིས་ཙམ་དང་། མཁའ་སྤྱོད་དུ་སྐུ་ལུས་མ་སྤང་བར་གཤེགས་པ་ལྔ་བརྒྱ། ཁྱད་པར་འཕགས་པའི་སློབ་མ་གདུང་འཚོབ་མཛོད་འཛིན་གདུལ་བྱའི་ལྷག་མ་སྐྱོང་བ་ལ་མཁས་པ་ཀསྨི་རིའི་བྲམ་ཟེ་ཁ་ཐར་ཡང་མགོན་པ་ཆེན་པོ་དང་། འབག་རྩེ་མོ། མཁན་ཆེན་འབུམ་པ། ལྡོང་འཛོང་བ་རྩེ་མོ།སྤང་ཁྱིམ་པ། བླ་འོད་པ། གྱོ་ཆོས་སྐུ། བྲག་ཁ་འོད་ཟེར་སོགས་མཁས་གྲུབ་ས་ཐོབ་པའི་ཆོས་རྒྱུད་སློབ་རྒྱུད་དང་གཞན་དོན་ནུས་པའི་སློབ་མ་གྲངས་ཅན་གྲངས་མེད་དཔག་གིས་མི་ལངས་པ་སྤེལ་བར་མཛད་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་མཆོག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་དེ་ཉིད་ཀྱི་དོ་ཧ་རྡོ་རྗེའི་ཐོལ་གླུ་ནི་འདི་ལྟར་རོ།། ཨོཾ་སྭ་སྟི། རྣམ་རྟོག་འཁོར་བ་གཉིས་མེད་ཡེ་ཤེས་ཆེ། །ཡེ་ཤེས་འབྱུང་གནས་ཐུགས་རྗེ་ལྷུན་གྱིས་གྲུབ། །དགོས་འདོད་རེ་སྐོང་ནོར་བུ་རིན་པོ་ཆེ། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྔོན་སྦྱངས་བརྩོན་པའི་སྟོབས་ལས་བྱུང་། །མོས་དང་གུས་པ་ལས་རྙེད་པ། །རང་སེམས་རིག་པའི་བཞུགས་ཚུལ་དང་། །ཉམས་རྟོགས་འཆར་ལུགས་ཀྱི་བྱེ་བྲག་ཀུན། སྣང་མེད་ཤེས་རབ་ཀྱི་རྟོགས་པ་དེ། །ལྟ་རྟོགས་གཅིག་ཏུ་གྱུར་པ་ཡིན། །རིག་དང་མ་རིག་ལ་སོགས་པའི། །བྱེ་བྲག་མ་ལུས་ཐམས་ཅད་ཀུན། །སྔར་མཁྱེན་བཞིན་དུ་ལགས་ན་ཡང་། །རང་སེམས་རིག་པའི་རྒྱལ་པོ་དེ། །མ་རིག་འཁོར་བའི་རྒྱ་མཚོ་ཡིན། །རྟོགས་ན་རང་བཞིན་མྱ་ངན་འདས། །རྟོགས་མ་རྟོགས་གཉིས་ལས་མ་གཏོགས་པའི། །འབྲས་བུ་ཐོབ་དང་མ་ཐོབ་མེད། །བླ་མ་དམ་པས་དེ་ལྟར་གསུངས། རིག་རིག་ཏུར་ཏུར་རང་སེམས་དེ། །རྟོགས་ན་རང་བཞིན་ལྷུན་གྱིས་གྲུབ། །ངང་ལ་འགྲོ་ན་སེམས་རྒྱུན་ཡིན། །གཉིས་འཛིན་མ་རིག་མུན་པ་དེ། །གཉིས་མེད་སེམས་ཉིད་མཁའ་ལ་ཡལ། །འོད་གསལ་ཞེས་ཀྱང་དེ་ལ་བྱ། །ད་ལྟ་རང་སེམས་གོ་ཙམ་ན། །དུས་གསུམ་སངས་རྒྱས་མ་ལུས་པའི། །ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན། །སེམས་རིག་པ་འདི་ལ་གཉིས་སུ་མེད། །རིག་ཤར་ཞེས་ནི་དེ་ལ་བྱ། །འགྲོ་འོང་བྲལ་བའི་རང་སེམས་དེ། །ཆགས་སྡང་གཉིས་ཀྱི་ལས་བསགས་ནས། །ཁམས་གསུམ་འཁོར་བའི་བདེ་སྡུག་འབྱུང་། །མ་རིག་པ་ཞེས་དེ་ལ་བྱ། །བདག་འཛིན་ནམ་མཁའ་ལྟ་བུ་ལ། །གཉིས་སུ་འཁྲུལ་པ་ངོ་མཚར་ཆེ། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །མཉམ་པ་ཉིད་ཀྱི་རང་བཞིན་ལ། །བཟུང་འཛིན་བག་ཆགས་བརྟས་པ་ཡི། །ཆགས་སྡང་རྣམ་རྟོག་གློ་བུར་པ། །གདོད་ནས་སངས་རྒྱས་ཡིན་པ་ལ། །མ་རྟོགས་འཁོར་བར་འཁྱམས་པ་ཡིན། །བླ་མའི་མོས་གུས་རྐྱེན་དག་གིས། །རྣམ་རྟོག་རང་སར་གྲོལ་ཙ་ན། །མཆོག་གི་མྱ་ངན་འདས་པ་ཡིན། །དེ་ལས་གཞན་དུ་འཁོར་བ་ཡིན། །མྱ་ངན་འདས་པ་གང་ཞིག་ཡིན། །མ་གྲོལ་བ་ནི་གཅིག་ཀྱང་མེད། །འཁོར་འདས་མཉམ་ཞེས་དེ་ལ་བྱ། །སྤྱིར་གྲུབ་ཐོབ་བླ་མའི་གདམས་ངག་ཡིན། །སེམས་རིག་པ་རང་ངོ་ཤེས་ཙམ་ན། །བལྟ་རྒྱུ་བལྟས་པས་ཡུལ་དང་བྲལ། །དམིགས་པས་དམིགས་པའི་ཡུལ་དང་བྲལ། །བཟུང་བས་ཅིར་ཡང་བཟུང་དུ་མེད། །སྒོམ་པས་དམིགས་པའི་ཡུལ་དང་བྲལ། །མཐའ་དང་བྲལ་བ་ཆོས་ཀྱི་སྐུ། །འདུས་མ་བྱས་པས་ལྷུན་གྱིས་གྲུབ། །འགྱུར་བ་མེད་པ་སེམས་ཉིད་ཡིན། །འཁོར་འདས་ཁྱབ་པ་ཕྱག་རྒྱ་ཆེ། །ཅི་ལྟར་སྣང་བའི་རིག་པ་དང་། །སྐྱེ་མེད་སྟོང་པའི་ངོ་བོ་ལ། །ཐ་དད་མེད་པའི་ལྷན་ཅིག་སྐྱེས། །དེ་ལྟ་བུ་ཡི་གནས་ལུགས་ལ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། །ཆོས་ཀྱི་སྐུ་ཞེས་བཤད་པ་ཡིན། །སྣང་བ་ལྷན་ཅིག་སྐྱེས་པ་ནི། །ཆོས་སྐུའི་འོད་དུ་བླ་མས་གསུངས། །སེམས་ངོ་ཆོས་སྐུ་གོ་བ་དེ། །བླ་མའི་དྲིན་གྱིས་མཐོང་བ་ཡིན། །ཉམས་སུ་བླངས་ན་སྐལ་ལྡན་རྣམས། །མཐའ་བྲལ་ཉམས་སུ་མྱོང་བ་བྲལ། །མིང་ནི་ཆོས་སྐུ་བདེ་བ་ཆེ། །དོན་ནི་རང་གི་སེམས་སུ་གདའ། །དེས་ནི་ནམ་མཁའ་ལྟ་བུར་གནས། །ཐུགས་ཉམས་ལ་ཤར་བ་ཞུ་གསུངས་པས། །རང་གིས་ཇི་ལྟར་གོ་བ་དང་། །དམ་པའི་གསུང་ལ་བརྟེན་ནས་སུ། །ཟབ་མོ་ཟུར་ཙམ་ཡི་གེར་བཀོད། །སྒོམ་ཆེན་པ་ཀུན་ཐུགས་དགྱེས་མཛོད། །བླ་མ་མཁའ་འགྲོས་བཟོད་པར་གསོལ། །མྱལ་བའི་དོན་དུ་མཛད་པའོ།།
མ་བིའི་ཚིག་མཛོད། ཀླུ་སྨྱོན་ལགས་ཀྱི་དམོད་ཚིག་ཚིག་མཛོད་ལ་མིང་འདི་ཡག་ག
麻痹的,狗日的,他妈的
འགྲོ་འོང་བྲལ་བའི་རང་སེམས་དེ། །ཆགས་སྡང་གཉིས་ཀྱི་ལས་བསགས་ནས། །ཁམས་གསུམ་འཁོར་བའི་བདེ་སྡུག་འབྱུང་། །མ་རིག་པ་ཞེས་དེ་ལ་བྱ། །བདག་འཛིན་ནམ་མཁའ་ལྟ་བུ་ལ། །གཉིས་སུ་འཁྲུལ་པ་ངོ་མཚར་ཆེ། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །མཉམ་པ་ཉིད་ཀྱི་རང་བཞིན་ལ། །བཟུང་འཛིན་བག་ཆགས་བརྟས་པ་ཡི། །ཆགས་སྡང་རྣམ་རྟོག་གློ་བུར་པ། །གདོད་ནས་སངས་རྒྱས་ཡིན་པ་ལ། །མ་རྟོགས་འཁོར་བར་འཁྱམས་པ་ཡིན། །བླ་མའི་མོས་གུས་རྐྱེན་དག་གིས། །རྣམ་རྟོག་རང་སར་གྲོལ་ཙ་ན། །མཆོག་གི་མྱ་ངན་འདས་པ་ཡིན། །
རྣམ་པ་ཚོར་ཞུ་རྒྱུ། དམོད་ཚིག་དང་མཚང་འདྲིའི་ཚིག་གཉིས་ངོ་བོ་ཐ་དད་རེད། དམོད་ཚིག་གི་གོ་དོན་ནི་གཞན་ལ་མི་དགའ་བར་དམོད་པར་བྱེད་པ་སྟེ་སྐྱེས་པ་འདི་དང་ཕྱི་མ་སོགས་ལ་མི་ལེགས་པ་ཡོང་བའི་དམོ་འདེབས་པའམ་སྨོན་ཚིག་ངན་པའི་རིགས་ཤིག་རེད། མཚང་འདྲིའི་ཚིག་ནི་སྐྱེས་པོ་གང་ཞིག་ལ་མི་དགའ་བར་སྨད་པར་བྱེད་པའི་ངན་སྨྲས་ཡིན་པ་ལས་སྨོན་པའི་ཚིག་མཚོན་འདེབས་ཀྱི་མེད། དེར་བརྟེན་ཚིག་རེ་རེའི་གོ་དོན་མི་འདྲ་བས་ཉ་ཉོག་མཉམ་བསྲེ་བྱས་ན་མི་ལེགས་སྙམ།
ལགས་རེད། ཚིག་ངན་དང་། དམོད་ཚིག་གཉིས་སོ་སོར་བྱེད་དགོས་ས་ཡང་ཡོད་རེད།
སེམས་ ཅན་ཚང་མ་སྡུག་བསྔལ་གྱིས་མནར་བ་ལ། སྨོད་དགོས་མིན་འདུག བློ་ཡུལ་ལས་འདས་པའི་སྡུག་བསྔལ་མྱོང་བཞིན་འདུག
སེམས་འཁུར་བྱེད་རོགས། ཨ ་ཙི་སྙིང་མ་རྗེ་ངའི་དྲིན་ཆེན་མ་ལོ།
ཀློང་ཆུང་བདེན། ཚིག་ངན་ཤེས་དགོས་ཀྱང་། ཚིག་ངན་སྨྲ་བར་མི་བྱའོ།།