ཀླུ་སྨྱོན་ཧེ་རུ་ཀ
ཏག་ཏག་ཉིན་གུང་ཞིག་ལ།
ཆར་བ་བབས་མཚམས་བཞག་པའི་ཉིན་གུང་ཞིག་ལ།
རི་ཀླུང་ཐང་གསུམ་སྨུག་ཤིག་གེ་ཡིན་པའི་ཉིན་གུང་ཞིག་ལ།
གློག་ཞགས་ཤིག་གི་རྗེས་སུ་འཇའ་ཚོན་སྣ་ལྔ་འཕྲོ་རིམ་འཕྲོར་ཤར་བྱུང་།
ཚོ་དཔོན་དང་ཡུལ་མི་ཚང་མ་རྐང་རྗེན་ཡིན་ལ།
རྒན་རྒོན་དང་བྱིས་པ་ཚང་མའི་ངོ་གདོང་དྲེགས་པས་འཚོས་ཡོད།
གློ་བུར་དུ།
ནམ་མཁའི་དབྱིངས་ནས་མེ་ཏོག་གི་ཆར་བ་བབས་བྱུང་།
ཆེ་བ་ཤིང་རྟའི་འཕང་ལོ་དང་ཆུང་བ་བྱིས་པའི་རྐང་རྗེས་ལྟ་བུའི་མེ་ཏོག་གི་ཆར་བ་བབས་བྱུང་།
ཆར་བ་འདི་འབབ་ཡུན་ཅུང་རིང་བས།
རྡོ་ཁང་དང་སྦྲ་ནག་དག་གི་སྟེང་དུ་ཡང་དྲི་བསུང་འཐུལ་བཞིན་ཡོད་ལ།
གཡག་རོག་དང་རྟ་རྒོད་ཚོའི་སྒལ་གཞུང་དུའང་བྱིན་རླབས་འཁྱིལ་བཞིན་འདུག
སྐབས་དེར། གློ་བུར་དུ།
ཆེས་མཐོ་བའི་བར་སྣང་ཁམས་ནས།
མེ་ཏོག་གི་ཆར་བའི་ཀློང་ནས།
རིན་པོ་ཆེ་ལས་གྲུབ་པའི་སྐས་གདངས་རིང་པོ་ཞིག་ཐུར་དུ་བརྐྱངས་བྱུང་།
གཏིང་མཐའ་བྲལ་བའི་ནམ་མཁའི་མཐའ་དབུས་ཤིག་ནས་བརྐྱངས་བྱུང་།
མི་ཚོགས་ལ་གཡོ་འགུལ་དྲག་པོ་ཞིག་ཐེབས་བྱུང་།
མི་ཚོགས་ལ་དད་གདུང་དྲག་པོ་ཞིག་སྐྱེས་བྱུང་།
ཁོ་ཚོའི་ཟུམ་པ་མེད་པའི་མིག་ཟུང་གིས་ངོ་མཚར་བའི་རྐང་གདངས་དེ་དམ་དུ་བཟུང་།
མི་སུ་གཅིག་གིས་སྐད་ཆ་མ་བཤད་ན་ཡང་།
ཚང་མའི་རེ་སྨོན་ནམ་ཡིད་ཆེས་ཉག་གཅིག་ནི།
ད་སོ་མར་གནམ་ནས་ས་རུ་བརྐྱངས་པའི་སྐས་གདངས་འདི་བརྒྱུད་དེ།
གནམ་ས་ཁ་ལོ་སྒྱུར་ཐུབ་པའི་སྐྱེས་བུ་ངོ་མཚར་ཅན་ཞིག
མགོ་ནག་དབང་དུ་བསྡུ་ཐུབ་པའི་མི་བུ་ཡ་མཚན་ཅན་ཞིག
ནམ་མཁའི་ཕྱི་རོལ་གྱི་དག་ཞིང་གང་ཡང་རུང་བ་ཞིག་ནས།
གནས་འདི་རུ་ཐོགས་མེད་དུ་འབྱོན་རྒྱུ་དེ་རེད།
ལོ་ངོ་དུ་མ་ཞིག་འགོར་སོང་།
མཛེས་ཤིང་ལྟ་ན་སྡུག་པའི་སྐས་གདངས་རིང་པོ་དེར་ས་རྡུལ་ཆགས་སོང་།
མི་ཚོགས་ཀྱི་མིག་མཐའ་རུ་ཡང་རྒས་གཉེར་བབས་སོང་།
ཡིན་ན་ཡང་།
ཁོ་ཚོའི་སེམས་ཁོང་ན་གཟི་བརྗིད་འབར་བའི་སྐྱེས་བུ་དེ་ད་དུང་འབྱོན་རྒྱུ་མ་བྱུང་།
ཁོ་ཚོའི་མིག་ལམ་ན་ཡལ་བ་མེད་པའི་རྨི་ལམ་དེ་ད་དུང་རྨི་མཚམས་མ་བཞག
ཀླུ་སྨྱོན་ལགས་སུ་ཞུ་རྒྱུར།
དེ་ནི་གནམ་ནས་ས་ལ་བརྐྱངས་པའི་སྐས་གདངས་ཤིག་མ་ཡིན་པར་ས་ནས་གནམ་ལ་དྲངས་པའི་ཁྱེད་ཀྱི་དབུ་སྔས་འགྲམ་ནས་ཐོག་སྐྲམ་དུ་ཕེབས་སའི་བཟུང་སྐས་རིང་པོ་དེ་ཡིན་སྲིད།
དེ་ལྟར་ན་ཕལ་ཆེར་ཁྱེད་ཀྱིས་གནམ་མཐོང་གི་མཛོད་ཁང་དུ་ཨ་སྒོར་ཁྲི་ཆག་བརྩེགས་འཇོག་བྱས་པ་དེར་ཐུགས་འཕྲེང་ནས་དགོངས་ལམ་འཁྲུགས་པ་ཏན་ཏན་རེད། འོད་གསལ་ཀྱི་གཉིད་ལས་བཞེངས་མ་ཐག་གཟིམ་ཁྲིར་རྡོ་རྗེ་དཀྱིལ་ཀྲུང་ཐོག་དགོངས་པ་ནོར་དབྱིངས་སུ་བཞག་སྟེ་དཀོར་བདག་ལ་འཕྲིན་བཅོལ་གང་མང་མཛད་ན་མ་གཏོགས་ཁྱེད་ཀྱི་ཕྱག་རྒྱུ་སྐུ་རྫས་ལ་ནོར་གོད་འབྱུང་ཉེན་ཆེ།
ཧ་ཧ་ ཀུ་རེ་ཞུས། ཀུ་རེ་ཞུས།།།
ཀུ་རེ་ཞུས། ཀུ་རེ་ཞུས། བོད་སྐད་འདི་འདྲ་ཞིག་གོ་ཡང་མ་མྱོང་།
ཞུས་ནི་སྐུལ་ཚིག་ཡིན་ན། དེ་ཡང་འབྲེལ་མེད་དོན་གཞན་གྱི་སྐད་ཆ་བཤད་སྟངས་ཤིག་རེད།
ཞུས་ནི་འདས་ཚིག་ཡིན་ན། ཀུ་རེ་ཞུས་བ་ཡིན། ཡང་ན་ཞུས་ཡིན་ཟེར་དགོས། རྩེ་རྒྱལ་ལ་བསྐུར་རོ།
དུད་ནག་མང་ཙམ་ཐོན་དང་། རི་མོ་འདི་མོ་དང་སྐད་ཆ་འདི་མོ་མང་པོ་ཚོད་ཚོད་ལ་འབབ་ནི་རེད། ཀླུ་སྨྱོན་ལ་བསྐུར་རོ། ཧ་ཧ་ཧ།
ཧ་མ་གོ་ན་ཐུགས་ཁག་མི་འདུག འོན་ཀྱང་སྔར་ཆོས་རར་གསར་དུ་ཞུགས་པའི་དགེ་ཕྲུག་གཉིས་ཀྱིས་རྟགས་གསལ་གཏོང་སྐབས། ངའི་རྒན་ལགས་ཀྱིས་དངོས་པོའི་མཚན་གཞིར་བུམ་པ་གསུངས་སོང་། ཁྱོད་ཀྱི་དགེ་རྒན་གྱིས་དངོས་པོའི་མཚན་གཞིར་ཀ་བ་བཞག་ན་དེ་ནི་འཁོར་གསུམ་རེད། ཟེར་ཏེ་གཏམ་རྒྱུད་གྲགས་པ་ལྟ་བུ་མ་གསུངས་ཤིག
གནམ་ལགས་སུ་སྤྲིངས།
(ངའི་རྒན་ལགས་ཀྱིས་དངོས་པོའི་མཚན་གཞིར་བུམ་པ་གསུངས་སོང་།)
བུམ་པ་གསུངས་སོང་། ཧ་ཧ་ཧ། བོད་སྐད། ཆོས་སྐད་ཆག་རྒྱོ་དེ་འདྲ་སུས་གསུངས་བ་རེད།
རྒན་གྱིས་དངོས་བོའི་མཚན་གཞིར་བུམ་པ་རེད་ཟེར་ནས་གསུངས་བ་རེད་ཟེར་ཆོག་པ་ལས། བུམ་པ་གསུངས་སར་མི་འགྲོ་བས་སོ། རྒྱལ་རྩེ་ལ་གཏད་དོ།
རྒྱལ་རྩེ་ལགས། ཕྱིར། ཕྱིར། ཕྱིར།