རས་པ།
བྱང་ཕྱོགས་ཀྱི་རི་བོར
བལྟ་འདོད་མེད་པའི་སྤྲིན་པས་འཚང་
སྨུག་པར་གྱུར་བའི་སྤྲིན་པ་ནི་གྲ
དགུན་ལྗོངས སེམས་ཀྱིས་ཐེག་དཀའ་བའི་དེ་རིང
སྨུག་པ་དེ་ད་གཟོད་ངས་ཀྱང་གྲང་རླ
བདག་རང་གི་ཁེ་ཕན་གཅིག་པུར་ལུས་
ཁ་སྟབས་ཕྲན་བུ་དེའང་དེ་ཉིད་ཡིན་
དུས་ཚོད་འདི་དག་དག་ལ
གདུང་ཚོར་ཅན་གྱི་མར་མེ་ལྷེམ་ལྷེ
ཡལ་ཉེ་བའི་ཉི་ཟེར་ཕྲ་མོ་དེ་དང་
ཡང་ན དུས་མཐའི་དཔའ་བོ་ཞིག་གི
བྲལ་ཁའི་གྱེས་ཕྱག་གི་སྣང་བརྙན་
དོན་དངོས་སུ་སྨུག་པ་དེ་འཐིབས་
ཡལ་ནས་ཡང་བསྐྱར་ཚོར་འོངས་པའི
ཕྱི་དྲོ་འདིར་ངས ཅིས་ཀྱང་རང་ཉིད་ཀྱི་གདུང་ཚོར་ཕྲ
ནམ་ཡང་མཐོང་མི་ཐུབ་པའི་ནང་མ་སྦུ
༢༠༡༤།༡།༢༡ཉིན།
“ནམ་ཟླ་དགུན་ལ་མ་སླེབས
སེམས་ལ་ཁ་བ་བབས་བྱུང”
འདི་ཡང་དགུན་དུས་མིན་པའི་དགུན་གྱི་ས་སྲོད་ཀྱི་སྨུག་པ་དེ་དང་འདྲའམ
“ནམ་ཟླ་དགུན་ལ་སླེབས་སོང
སེམས་པ་འཁྱགས་པས་གས་སོང” ཞིག་ཀྱང་བྱུང་སོང
དགུན་ཁྲོད་ཀྱི་དགུན་ཁ་འདིར
དཔའ་བོ་དྲན་པའི་ཁེར་རྐྱང་གི་གླིང་འབུད་པ་ཞིག
ས་སྲོད་ཀྱི་གྲང་སྨུག་དང་འདྲེས་པ་མཐོང་བྱུང
གླིང་བུ་གྲང་མོ་འདི
ས་སྲོད་ཅིག་གི་ཚེ་སྲོག་གི་མར་མེ་འབར་ཚུལ་ཞིག