རེབ་གོང་ངོ་སྤྲོད་ཀྱི་གློག་བརྙན་ཞིག Posted on 2014-01-212014-01-22 By ཁ་བརྡ་ 10 Comments on རེབ་གོང་ངོ་སྤྲོད་ཀྱི་གློག་བརྙན་ཞིག གློག་བརྙན་།
སྔོན་བྱོན་ལྷ་བྲིས་ཀྱིས་བྲིས་བཞེངས་བྱས་པ་དག ཉར་ཚགས་བྱ་རྒྱུ་དེ་ཕྲལ་ཕུགས་རྒྱང་གསུམ་ལ་ཤིན་ཏུ་ཕན་ཐོགས་ཆེ། གལ་སྲིད་ལྡེབས་རིས་གསར་བཅོས་བྱ་དགོས་བྱུང་ཚེ། རྙིང་པ་དག་གི་པར་ཚོན་དེབ་གཟུགས་ཞིག་ཏུ་ངེས་པར་དུ་པར་བསྐྲུན་བྱ་རྒྱུ་གལ་ཆེའོ།།
སྔར་གྱི་དུས་སུ་བོད་སྨན་སྨན་པའམ། ཨམ་ཆི་སྒེར་པ་དང་། ལྷ་བྲིས་པ་སོགས་ཀྱིས་རང་གི་ཕྲུ་གུའམ། ཚ་བོ་ལ་མ་གཏོགས། དཔེ་དཁྱུད་བྱས་ནས་གཞན་ལ་མི་བསླབ་པར་སྲོལ་ངན་ཡོད་པར་གོ་མྱོང་བས། ད་ལྟ་འདིར་སྐུ་གསུང་ཐུགས་རྟེན་བཞེངས་སྟངས་འགོ་འཇུག་མཐའ་གསུམ་དུ་ཀུན་ཁྱབ་སློབ་སྟོན་གློག་བརྙན་ཟོ་རུ་བཅུག་པ་ཕན་ཐོགས་ཆེན་པོ་རེད། ད་བོད་མི་རྣམས་གུ་ཡངས་ཡར་རྒྱས་སུ་འགྲོ་བའི་རྟགས་མཚན་ཆེན་པོ་ཅིག་རེད་སྙམ་ལགས།
བཟོ་རིག་སྒྱུ་རྩལ་གྲོང་ཁྱེར་ཟེར་ན་ཤིན་ཏུ་འཐད། རེབ་གོང་མ་གཏོགས་ས་གནས་གཅིག་ན་འདི་འདྲའི་བཟོ་རིག་སྒྱུ་རྩལ་བ་སྣ་འཛོམས་པོ་ཞིག་ཡོད་ས་དཀོན་པོ་རེད་འདོད། ས་འདི་ལ་མཐོང་ཐོས་ཤིག་ལེན་དུ་འགྲོ་ངེས་ཡིན། སྐད་དེ་དེ་འདྲ་ཡག་རྒྱུ་མི་འདུག་པའི་བསམ་བློ་འཁོར། གང་ལྟར་མྱི་ཚེ་ནང་གི་འགྲོ་འདུན་ཡོད་པའི་ས་ཕྱོགས་ཀྱི་ཁ་བྱང་ལ་བཅུག་ཚར་ཡིན། རེབ་གོང་གོང་ནས་གོང་དུ་དར་བར་ཤོག། འདི་འདྲའི་བརྙན་ལེན་པ་དང་སྒྲིག་སྦྱོར་བ། ངག་འགྲེལ་མ་སོགས། སུ་ཡོད་ཚང་མ་ལ་བཀའ་དྲིན་ཞུ།
རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མིང་དོན་མཚུངས་བའི་གནས་རེད། ས་མདོ་སྨད་ནས་ཆབ་སྲིད་ཀྱི་གཉིད་ཐོག་མ་ཡང་འདི་ནས་སད་དེ།ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་འབབ་ཞེས་པེ་ཅིན་གྱི་གཏམ་དེ་དྲན་སོས་སུ་བཅུགས་སོང་།
༢༠༠༦་ལོར་རེབ་གོང་དུ། ཞག་གཉིས་ཙམ་ལ་དགོན་པ་སོགས་མཇལ་རྒྱུ་མང་པོ་བྱུང་། དགོན་པ་དང་ལྷ་ཁང་སོགས་ཀྱི་མིང་ཐོ་མ་བཀོད་པར་ད་ལྟར་འགྱོད་པ་ཡོད། ཤར་སྐལ་ལྡན་རྒྱ་མཚོའི་ཞབས་དང་། དགོན་པ་ཞིག་ན་དགེ་བའི་བཤེས་གཉེན་ཞིག་གིས་སློབ་མ་དག་ལ་དཔེ་ཁྲིད་མཛད་པ་དང་། ཐུགས་རྗེའི་ཆེན་པོའི་གསེར་ཟངས་ཀྱི་སྐུ་འདྲ་སོགས་མཇལ་བ་ཡིད་ལ་མཆིས། མདང་དགོངས་རེབ་གོང་གི་བཟོ་རྩལ་དང་། དགོན་པ་མི་མངས་བཟོ་པ་བཅས་ཀྱི་བཤད་པ་བྲིས་མ་དེ་ཡི་གེ་རེ་གཉིས་མ་གཏོགས། ཡི་གེ་ཤིན་ཏུ་དག་པས། བོད་པ་རྣམས་ཀྱི་མིག་དཔེར་འོས་པ་ཞིག་སྟེ། བོད་པ་ཡོངས་ཀྱིས་གོ་ཐུབ་པ་ཞིག་ཡོད་པ་དང་། དེ་ཡི་སྒྲོགས་པ་པོ་བུ་མོ་ཁོང་གི་སྒྲ་གདངས་མཉན་ནས། བོད་ལུང་པ་སོ་སོའི་ཀློག་ཚུལ་ལ་སྦྱོང་དགོས་པ་ཞིག་ཡིད་ལ་ཤར་ཏོ།
གློག་བརྙན་འདི་ཚང་མ་མཐོང་དུས་་་དངོས་གནས་སེམས་ཤུགས་དང་དགའ་བ་ཚོད་མེད་ཞིག་བྱུང་་་བོད་མི་རིགས་ཀྱི་རིག་གནས་ཆ་ཚང་ཞིག་མི་ཉམས་བརྒྱུད་འཛིན་གནོང་འདུག་་་རིག་གནས་བརྒྱུད་འཛིན་གཏམ་བཤད་སྙན་པོ་དང་ཡང་ན་ཡིག་ཐོབ་ནས་བཟོ་བ་རྩམ་གྱི་བྱེད་ག་ཐུབ་བམ་་གནས་འདི་ནི་མཆོག་འཕགས་པའི་ཡུལ་ཞིག་རེད་་དངོས་གནས་མིང་འདི་ཡག་པོ་འདུག་དྲན་༼རེ་སྐོང༽
རེབ་གོང་ངམ་རེ་སྐོང་ཟེར་བ་འདི་ལ་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་བ་ལ་རྒྱུ་མཚན་ཁ་ཤས་མཐོང་བ་གཤམ་གསལ། ༡) རེབ་གོང་གི་མི་རྣམས་བོད་སྟོད་ནས་མཆེད་པ་དང་སོག་པོ་ནས་མཆེད་པ། རྒྱ་ནས་མཆེད་པ་སོགས་མཆེད་ཁུངས་སྣ་ཚོགས་པ་རེད་། ༢) རེབ་གོང་དུ་སྐད་ཡིག་ལ་ཡང་བོད་སྐད་སྤྱོད་མཁན་དང་རྒྱ་སྐད་སྤྱོད་མཁན། སོག་སྐད་སྤྱོད་མཁན། དོར་སྐད་སྤྱོར་མཁན་སོགས་སྣ་མང་། ༣) རེབ་གོང་ཁུལ་གྱི་ཆོས་ལུགས་ཀྱང་སྣ་མང་སྟེ་བོན་པོ་དང་རྙིང་མ། ས་སྐྱ། བཀའ་རྒྱུད་། དགེ་ལུགས་སོགས་བོད་ཀྱི་གྲུབ་མཐའ་ཚང་མ་འདུས། ༤) རེབ་གོང་ཁུལ་གྱི་འཚོ་བ་སྐྱེལ་སྟངས་ལ་ཡང་ཞིང་པ་དང་འབྲོག་པ། རོང་མ་འབྲོག ཚོང་ལས་རྐྱང་པ་ཅན་སོགས་སྣ་ཚོགས་ཡིན། ༥) མི་རིགས་སྣ་འདུས་དང་ཆོས་ལུགས་སྣ་འདུས། སྐད་ཡིག་སྣ་འདུས། འཚོ་བ་སྐྱེལ་སྟངས་སྣ་མང་ཡིན་པ་འདི་དག་ལ་བརྟེན་ནས་སྒྱུ་རྩལ་དང་རིག་གནས་ཀྱང་སྣ་འདུས་ཅན་ཆགས་པ་རེད་ལ་སྣ་འདུས་མང་པོའི་ཁོངས་ནས་རིག་པ་ཅན་མང་པོ་བྱུང་བ་རེད་། དེར་བརྟེན། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་ན་དོན་ལ་གནས་། ཞོར་ནས་འཕྲོས་ན། གོང་གི་གནས་སྟངས་འདི་ཚོའི་དབང་གིས་རེབ་གོང་ཁུལ་གྱི་མིའི་གཤིས་ཀ་དང་སྤྱོད་པ། གདོངས་དབྱིབས་སོགས་ཀྱང་སྣ་ཚོགས་པ་མ་ཟད་། རེབ་གོང་གི་ས་ཆ་ཁ་ཤས་སུ་ཕོ་རྣམས་སྟོབས་ཆེ་བ་དང་དཔའ་ངར་ལྡན་པ། ས་ཁུལ་ཁ་ཤས་སུ་ཕོ་རྣམས་གཟུགས་ཐུང་བ་དང་སྟོབས་ཆུང་བ། སྡར་མ་ཤས་ཆེ་བ། རེབ་གོང་གི་ས་ཆ་ཁ་ཤས་སུ་མི་རྣམས་ཆོས་དད་ཆེ་བ་དང་དྲང་བདེན་སྐྱོང་ལ་དགའ་བ། ཡང་ས་ཁུལ་ཁ་ཤས་སུ་མི་རྣམས་གཡོ་སྒྱུ་ཅན་དང་ཕྲག་དོག་ཅན་། རང་གི་ཁེ་ཕན་གཅིག་པོ་སྐྱོང་ལ་དགའ་བ། རེབ་གོང་གི་ས་ཆ་ཁ་ཤས་སུ་མི་རྣམས་བོད་ཀྱི་རིག་གནས་ལ་དགའ་བ་དང་རིག་གནས་སྲུང་སྐྱོབ་ལ་བརྩོན་པ། ཡང་ས་ཁུལ་ཁ་ཤས་སུ་བོད་རང་གི་རིག་གནས་ཕར་ཟད་བོད་སྐད་ཀྱང་ཡག་པོ་ཞིག་མི་འཁྲོལ་བ་སོགས་གནས་སྟངས་སྣ་མང་ཡིན།
རེབ་གོང་འདི་ངོ་མཚར་ཆེ།།
རེབ་གོང་འདི་ལ་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མཚན་བསྟོད་གནང་བ་དོན་ལ་གནས།
སྔོན་བྱོན་ལྷ་བྲིས་ཀྱིས་བྲིས་བཞེངས་བྱས་པ་དག ཉར་ཚགས་བྱ་རྒྱུ་དེ་ཕྲལ་ཕུགས་རྒྱང་གསུམ་ལ་ཤིན་ཏུ་ཕན་ཐོགས་ཆེ། གལ་སྲིད་ལྡེབས་རིས་གསར་བཅོས་བྱ་དགོས་བྱུང་ཚེ། རྙིང་པ་དག་གི་པར་ཚོན་དེབ་གཟུགས་ཞིག་ཏུ་ངེས་པར་དུ་པར་བསྐྲུན་བྱ་རྒྱུ་གལ་ཆེའོ།།
སྔར་གྱི་དུས་སུ་བོད་སྨན་སྨན་པའམ། ཨམ་ཆི་སྒེར་པ་དང་། ལྷ་བྲིས་པ་སོགས་ཀྱིས་རང་གི་ཕྲུ་གུའམ། ཚ་བོ་ལ་མ་གཏོགས། དཔེ་དཁྱུད་བྱས་ནས་གཞན་ལ་མི་བསླབ་པར་སྲོལ་ངན་ཡོད་པར་གོ་མྱོང་བས།
ད་ལྟ་འདིར་སྐུ་གསུང་ཐུགས་རྟེན་བཞེངས་སྟངས་འགོ་འཇུག་མཐའ་གསུམ་དུ་ཀུན་ཁྱབ་སློབ་སྟོན་གློག་བརྙན་ཟོ་རུ་བཅུག་པ་ཕན་ཐོགས་ཆེན་པོ་རེད། ད་བོད་མི་རྣམས་གུ་ཡངས་ཡར་རྒྱས་སུ་འགྲོ་བའི་རྟགས་མཚན་ཆེན་པོ་ཅིག་རེད་སྙམ་ལགས།
བཟོ་རིག་སྒྱུ་རྩལ་གྲོང་ཁྱེར་ཟེར་ན་ཤིན་ཏུ་འཐད། རེབ་གོང་མ་གཏོགས་ས་གནས་གཅིག་ན་འདི་འདྲའི་བཟོ་རིག་སྒྱུ་རྩལ་བ་སྣ་འཛོམས་པོ་ཞིག་ཡོད་ས་དཀོན་པོ་རེད་འདོད། ས་འདི་ལ་མཐོང་ཐོས་ཤིག་ལེན་དུ་འགྲོ་ངེས་ཡིན། སྐད་དེ་དེ་འདྲ་ཡག་རྒྱུ་མི་འདུག་པའི་བསམ་བློ་འཁོར། གང་ལྟར་མྱི་ཚེ་ནང་གི་འགྲོ་འདུན་ཡོད་པའི་ས་ཕྱོགས་ཀྱི་ཁ་བྱང་ལ་བཅུག་ཚར་ཡིན། རེབ་གོང་གོང་ནས་གོང་དུ་དར་བར་ཤོག།
འདི་འདྲའི་བརྙན་ལེན་པ་དང་སྒྲིག་སྦྱོར་བ། ངག་འགྲེལ་མ་སོགས། སུ་ཡོད་ཚང་མ་ལ་བཀའ་དྲིན་ཞུ།
རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མིང་དོན་མཚུངས་བའི་གནས་རེད། ས་མདོ་སྨད་ནས་ཆབ་སྲིད་ཀྱི་གཉིད་ཐོག་མ་ཡང་འདི་ནས་སད་དེ།ལྷ་ས་ནས་འབྲུག་གྲགས་ན་རེབ་གོང་ནས་ཆར་འབབ་ཞེས་པེ་ཅིན་གྱི་གཏམ་དེ་དྲན་སོས་སུ་བཅུགས་སོང་།
“ལྷ་ས་ནས་འབྲུག་གྲགས་ན། རེབ་གོང་ནས་ཆར་འབབ།” ཨ་ཨ་་་གཏམ་དཔེ་གསར་བ། ངོ་མ་ཡག་གི་ཡ་་་་
༢༠༠༦་ལོར་རེབ་གོང་དུ། ཞག་གཉིས་ཙམ་ལ་དགོན་པ་སོགས་མཇལ་རྒྱུ་མང་པོ་བྱུང་། དགོན་པ་དང་ལྷ་ཁང་སོགས་ཀྱི་མིང་ཐོ་མ་བཀོད་པར་ད་ལྟར་འགྱོད་པ་ཡོད། ཤར་སྐལ་ལྡན་རྒྱ་མཚོའི་ཞབས་དང་། དགོན་པ་ཞིག་ན་དགེ་བའི་བཤེས་གཉེན་ཞིག་གིས་སློབ་མ་དག་ལ་དཔེ་ཁྲིད་མཛད་པ་དང་། ཐུགས་རྗེའི་ཆེན་པོའི་གསེར་ཟངས་ཀྱི་སྐུ་འདྲ་སོགས་མཇལ་བ་ཡིད་ལ་མཆིས།
མདང་དགོངས་རེབ་གོང་གི་བཟོ་རྩལ་དང་། དགོན་པ་མི་མངས་བཟོ་པ་བཅས་ཀྱི་བཤད་པ་བྲིས་མ་དེ་ཡི་གེ་རེ་གཉིས་མ་གཏོགས། ཡི་གེ་ཤིན་ཏུ་དག་པས། བོད་པ་རྣམས་ཀྱི་མིག་དཔེར་འོས་པ་ཞིག་སྟེ། བོད་པ་ཡོངས་ཀྱིས་གོ་ཐུབ་པ་ཞིག་ཡོད་པ་དང་། དེ་ཡི་སྒྲོགས་པ་པོ་བུ་མོ་ཁོང་གི་སྒྲ་གདངས་མཉན་ནས། བོད་ལུང་པ་སོ་སོའི་ཀློག་ཚུལ་ལ་སྦྱོང་དགོས་པ་ཞིག་ཡིད་ལ་ཤར་ཏོ།
གློག་བརྙན་འདི་ཚང་མ་མཐོང་དུས་་་དངོས་གནས་སེམས་ཤུགས་དང་དགའ་བ་ཚོད་མེད་ཞིག་བྱུང་་་བོད་མི་རིགས་ཀྱི་རིག་གནས་ཆ་ཚང་ཞིག་མི་ཉམས་བརྒྱུད་འཛིན་གནོང་འདུག་་་རིག་གནས་བརྒྱུད་འཛིན་གཏམ་བཤད་སྙན་པོ་དང་ཡང་ན་ཡིག་ཐོབ་ནས་བཟོ་བ་རྩམ་གྱི་བྱེད་ག་ཐུབ་བམ་་གནས་འདི་ནི་མཆོག་འཕགས་པའི་ཡུལ་ཞིག་རེད་་དངོས་གནས་མིང་འདི་ཡག་པོ་འདུག་དྲན་༼རེ་སྐོང༽
རེབ་གོང་ངམ་རེ་སྐོང་ཟེར་བ་འདི་ལ་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་བ་ལ་རྒྱུ་མཚན་ཁ་ཤས་མཐོང་བ་གཤམ་གསལ།
༡)
རེབ་གོང་གི་མི་རྣམས་བོད་སྟོད་ནས་མཆེད་པ་དང་སོག་པོ་ནས་མཆེད་པ། རྒྱ་ནས་མཆེད་པ་སོགས་མཆེད་ཁུངས་སྣ་ཚོགས་པ་རེད་།
༢)
རེབ་གོང་དུ་སྐད་ཡིག་ལ་ཡང་བོད་སྐད་སྤྱོད་མཁན་དང་རྒྱ་སྐད་སྤྱོད་མཁན། སོག་སྐད་སྤྱོད་མཁན། དོར་སྐད་སྤྱོར་མཁན་སོགས་སྣ་མང་།
༣)
རེབ་གོང་ཁུལ་གྱི་ཆོས་ལུགས་ཀྱང་སྣ་མང་སྟེ་བོན་པོ་དང་རྙིང་མ། ས་སྐྱ། བཀའ་རྒྱུད་། དགེ་ལུགས་སོགས་བོད་ཀྱི་གྲུབ་མཐའ་ཚང་མ་འདུས།
༤)
རེབ་གོང་ཁུལ་གྱི་འཚོ་བ་སྐྱེལ་སྟངས་ལ་ཡང་ཞིང་པ་དང་འབྲོག་པ། རོང་མ་འབྲོག ཚོང་ལས་རྐྱང་པ་ཅན་སོགས་སྣ་ཚོགས་ཡིན།
༥)
མི་རིགས་སྣ་འདུས་དང་ཆོས་ལུགས་སྣ་འདུས། སྐད་ཡིག་སྣ་འདུས། འཚོ་བ་སྐྱེལ་སྟངས་སྣ་མང་ཡིན་པ་འདི་དག་ལ་བརྟེན་ནས་སྒྱུ་རྩལ་དང་རིག་གནས་ཀྱང་སྣ་འདུས་ཅན་ཆགས་པ་རེད་ལ་སྣ་འདུས་མང་པོའི་ཁོངས་ནས་རིག་པ་ཅན་མང་པོ་བྱུང་བ་རེད་། དེར་བརྟེན། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་ན་དོན་ལ་གནས་།
ཞོར་ནས་འཕྲོས་ན། གོང་གི་གནས་སྟངས་འདི་ཚོའི་དབང་གིས་རེབ་གོང་ཁུལ་གྱི་མིའི་གཤིས་ཀ་དང་སྤྱོད་པ། གདོངས་དབྱིབས་སོགས་ཀྱང་སྣ་ཚོགས་པ་མ་ཟད་། རེབ་གོང་གི་ས་ཆ་ཁ་ཤས་སུ་ཕོ་རྣམས་སྟོབས་ཆེ་བ་དང་དཔའ་ངར་ལྡན་པ། ས་ཁུལ་ཁ་ཤས་སུ་ཕོ་རྣམས་གཟུགས་ཐུང་བ་དང་སྟོབས་ཆུང་བ། སྡར་མ་ཤས་ཆེ་བ། རེབ་གོང་གི་ས་ཆ་ཁ་ཤས་སུ་མི་རྣམས་ཆོས་དད་ཆེ་བ་དང་དྲང་བདེན་སྐྱོང་ལ་དགའ་བ། ཡང་ས་ཁུལ་ཁ་ཤས་སུ་མི་རྣམས་གཡོ་སྒྱུ་ཅན་དང་ཕྲག་དོག་ཅན་། རང་གི་ཁེ་ཕན་གཅིག་པོ་སྐྱོང་ལ་དགའ་བ། རེབ་གོང་གི་ས་ཆ་ཁ་ཤས་སུ་མི་རྣམས་བོད་ཀྱི་རིག་གནས་ལ་དགའ་བ་དང་རིག་གནས་སྲུང་སྐྱོབ་ལ་བརྩོན་པ། ཡང་ས་ཁུལ་ཁ་ཤས་སུ་བོད་རང་གི་རིག་གནས་ཕར་ཟད་བོད་སྐད་ཀྱང་ཡག་པོ་ཞིག་མི་འཁྲོལ་བ་སོགས་གནས་སྟངས་སྣ་མང་ཡིན།