འབའ་སྲས།
ཁྱེད་ཀྱི་བྲང་གཞོང་ན་མི་དྲོད་ཡོད་ཟེར།།
ང་ཡི་སེམས་གཏིང་གི་འཁྱག་རོམ་མཐུག་གོ །
ཁྱེད་ཀྱི་ཕྱག་མཐིལ་ན་བདེ་སྐྱིད་མངའ་ཟེར།།
ང་ཡི་སྙིང་དབུས་ཀྱི་མྱ་ངན་ལྕི་འོ།།
ཁྱེད་ཀྱི་སྤྱན་ཟུང་གི་ཟུར་མིག་རྣོ་ཟེར།།
ང་ཡི་རུས་རྐང་འདི་མ་ཕུག་ལྷག་ཡོད།།
ཁྱེད་ཀྱི་ཕྱག་ཟུང་གིས་འཇིག་རྟེན་ཕྱེས་ཟེར།།
ང་ཡི་ལུས་སྟེང་ན་དྲི་མ་མང་ངོ་།།
ཁྱེད་ཀྱི་སྐྲ་ལོ་ཡིས་རི་བོ་འཁེབ་ཟེར།།
ང་ཡི་ལུས་པོ་ནི་གཅེར་བུ་ཡིན་ནོ།།
ཁྱེད་ཀྱི་མིག་ཀོང་ལ་འོད་སྣང་འཁྱིལ་ཟེར།།
ང་ཡི་སེམས་པ་ལ་མུན་ནག་འཐིབས་ཡོད།།
དེ་བས་ཁྱེད་ཉིད་གོར་གོར་མ་གནང་།།
ང་ཡང་ནར་ནར་དབྱིབས་སུ་མི་འདུག །
ཁྱེད་རང་ཤར་ཤར་བུད་དེ་མ་འགྲོ །
ང་རང་སྐྱོ་སྐྱོའི་གནས་སུ་མ་འཇོག །
ཁྱེད་ཀྱིས་ང་རང་ཤོག་ཤོག་བོས་དང་།།
ང་ཡིས་ཁྱེད་ལ་མིན་མིན་མི་ཟེར།།
ཁྱེད་ནི་གཡས་འགྲོ་གཡོན་འགྲོ་གང་ཞིག །
ང་ཡང་དེ་རུ་དལ་གྱིས་ཡོང་ཆོག །
༢༡/༠༡/༡༤
མི་དྲོད། མེ་དྲོད་ལ་བཅོས།
འབའ་སྲ་ཀྱིས།
ཁྱེད་ཀྱིས་ང་རང་ཤོག་ཤོག་བོས་དང་།།
ང་ཡིས་ཁྱེད་ལ་མིན་མིན་མི་ཟེར།།
ཁྱེད་ནི་གཡས་འགྲོ་གཡོན་འགྲོ་གང་ཞིག །
ང་ཡང་དེ་རུ་དལ་གྱིས་ཡོང་ཆོག །
ཀརྡོས།
ཁྱེད་ཀྱིས་ཤོག་ཅེས་བོས་དང་། །
ང་ཡང་དེ་རྗེས་དེད་ཡོང་། །
ཁྱེད་ཀྱིས་གཡས་གཡོན་ཟུར་དང་། །
ང་ཡང་གསང་ནས་འཛོམས་ཆོག །
འདིས་ཀྱང་བོད་ཀྱི་བླ་ན་མེད་པའི་བླ་ཆེན་ཞིག་ལ་ཁ་གཏོང་གིན་འདུག པ་འགོ
(ང་ཡང་དེ་རྗེས་དེད་ཡོང་།) ག་རེ་ཟེར་གི་ཡོད། དགོས་ངེས་ཀྱི་ཕྲད་དག་རྐུན་མས་རྐུས་སམ། ཀ་རྡོ་ལག་མི་དལ། ཧ་ཧ࿒ཧ།
བརྐུས་སམ། འདས་ཚིག་ལ་བཅོས།
རྗེ་བཙུན་སྒྲོལ་མར་འཁང་ས་བྱེད་ཀྱིན་པ་འདྲ། ཧཧཧཧཧ
ཁྱེད་ཀྱིས་ཤོག་ཅེས་བོས་དང་། །
ང་ཡང་དེ་རྗེས་དེད་ཡོང་། །
ཁྱེད་ཀྱིས་གཡས་གཡོན་ཟུར་དང་། །
ང་ཡང་གསང་ནས་འཛོམས་ཆོག །
གནམ་ལགས་སུ།
ཁྱེད་ཀྱིས་ཤོག་ཅེས་བོས་དང་། །
ང་ཡང་དེའི་རྗེས་དེད་ཡོང་། །
ཁྱེད་ཀྱིས་གཡས་གཡོན་ཟུར་དང་། །
ང་ཡང་གསང་ནས་འཛོམས་ཆོག །