རྨེ་རུ།
སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་པའི་སྐད་ཆ་འདི་སྤྱི་ལོ་ང་དགུ་ལོ་ནས་བཟུང་སྐྱབས་བཅོལ་བོད་པའི་སྤྱི་ཚོགས་གང་སར་མ་ཐོས་མཁན་བོད་མི་གཅིག་ཀྱང་ཡོད་མི་སྲིད། སྐད་ཆ་འདིའི་ནང་དོན་དངོས་ལ་བསམ་གཞིག་ལེགས་པར་བྱེད་མཁན་བོད་མི་ག་ཚོད་ཙམ་ཞིག་དང་། ཉིན་རེའི་རང་གི་འཚོ་བ་དངོས་ཀྱི་ནང་ལག་ལེན་བསྟར་མཁན་ག་ཚོད་ཙམ་ཞིག་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ང་ཚོས་མཐོང་ཐུབ། ལོ་མང་རིང་ང་ཚོས་རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོའི་བོད་ཡིག་གནས་ཚད་སྐོར་ལ་བསམ་ཚུལ་སྣ་ཚོགས་ཤིག་བྱུང་ཡོད།
རྒྱ་བལ་འབྲུག་གསུམ་ནང་གི་བོད་ཕྲུག་ཚོའི་བོད་ཡིག་གནས་ཚད་དེ་ཙམ་ལེགས་པོ་མེད་ཀྱང་། ཕྲུ་གུ་བརྒྱ་ཆ་དགུ་བཅུས་བོད་ཡིག་འབྲི་ཀློག་དང་། ལྷག་པར་བོད་སྐད་སྨྲ་བརྗོད་ལ་དཀའ་ངལ་རྩ་བ་ནས་མེད་མོད། ཡིན་ན་ཡང་། དེང་སང་ནུབ་ཕྱོགས་ཡུལ་གྲུའི་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོ་ནི་དེ་ལས་ལྡོག་པ་ཞིག་རེད།
ལོ་རབས་དྲུག་ཅུ་ནས་བཟུང་ནུབ་ཁུལ་གྱི་ཡུལ་གྲུའི་ནང་བོད་མི་སྐྱབས་བཅོལ་བ་འགྲོ་འགོ་བརྩམས་ཡོད། ལོ་རེ་ནས་ལོ་རེར་བོད་མིའི་གྲངས་འབོར་ཇེ་མང་དང་། བོད་ཕྲུག་བོད་སྐད་མི་ཤེས་མཁན་ཇེ་མང་ནས་
ཇེ་མང་ལ་འགྲོ་གིན་ཡོད། གནད་དོན་འདི་བཟོད་ཐབས་མེད་པའི་བོད་མི་རིགས་ཀྱི་གྱོང་རྒུད་ཞིག་དང་། ཛ་དྲག་གི་གནད་དོན་ཞིག་ལ་མཐོང་།
ཡིན་ན་ཡང་། ནུབ་ཕྱོགས་ཀྱི་བོད་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་དངོས་ཀྱི་ནང་ཞུགས་སྐབས། འདི་ལ་རེ་བ་མེད་པ་ཞིག་དངོས་ཡོད་སློབ་ཁྲིད་ཀྱི་ཉམས་མྱོང་ཁྲོད་ནས་བྱུང་། གང་ལ་ཟེར་ན། ནུབ་ཕྱོགས་ཡུལ་ལུང་ནང་འཚོ་གནས་བྱེད་པའི་བོད་པའི་ཕ་མ་མང་ཆེ་བ་ཞིག་གིས་རང་གི་ཕ་སྐད་ཀྱི་རིང་ཐང་འདི་མི་མཐོང་བ་དང་། དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་སྐད་ཡིག་འདི་ནི་ཆེད་རྗེས་ལུས་དང་། བེད་སྤྱོད་མེད་པའི་སྐད་ཡིག་ཞིག་ལ་ངོས་འཛིན་གནང་མཁན་བོད་པའི་ཕ་མ་ཉུང་ཉུང་ཏན་ནས་མིན།
སྤྱིར་ཕྲུ་གུའིᨋཉིན་རེའིᨋསློབ་གྲྭའིᨋདུས་ཚོད་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་སྦྱོང་དགོས་པ་འདི་ནི་ལྡོག་ཏུ་མེད་པའི་ལས་འགན་ཞིག་རེད། ཕྲུ་གུ་ཁྱིམ་དུ་ཡོད་སྐབས་ཕ་མ་གཉིས་ཀ་བོད་པ་ཡིན་ན། བོད་སྐད་ཤོད་རྒྱུར་དཀའᨋངལ་མེད་ཀྱང་། ཕ་མས་མི་རིགས་དང་སྐད་ཡིག་ལ་འགན་འཁུར་གྱི་བསམ་བློ་རྩ་བ་ནས་མེད་པར། གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྐྱང་བྱེད་ཀྱིན་ཡོད་སྟབས། ཕྲུ་གུས་ཀྱང་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་བྱས་ཏེ། གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྐྱང་བྱེད་ཀྱིན་ཡོད།
དེར་བརྟེན་ནུབ་ཁུལ་གྱི་བོད་ཕྲུག་ཚོ་ནི་ཤ་ཁྲག་རུས་གསུམ་བོད་པ་ཡིན་ཀྱང་། ལྟ་སྤྱོད་སྐད་གསུམ་གྱི་ཐོག་ནས་བོད་པ་ཡིན་མཁན་བོད་ཕྲུག་ཉུང་ཉུང་རེད། འདི་ལྟར་བཟོ་མཁན་ནི་གནས་ཡུལ་རྒྱལ་ཁབ་མིན་ལ་རྒྱ་ནག་གུང་ཁྲན་ཡང་མིན། དེ་བཟོ་མཁན་ནི་ནུབ་ཁུལ་ཡུལ་གྲུའིᨋནང་འཚོ་གནས་བྱེད་བཞིན་པའི་བོད་པའི་ཕ་མ་ཚོ་རེད། རང་ཉིད་ཀྱི་ལོ་གསུམ་ཙམ་རིང་ཨོ་སི་ཀྲི་ལི་ཡ་གི་གྲོང་ཁྱེར་མལ་སྦོན་དུ་དང་བླངས་ཐོག་ནས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ཁ་ཤ་གཉིས་མེད་ཐོག་ནས་སློབ་ཁྲིད་བྱས་པ་ཡིན། ལོ་གསུམ་གྱི་རིང་ལ་སློབ་ཚན་དང་སློབ་ཁྲིད་ཐབས་ལམ་ཐོག་ནས་ཐབས་ཤེས་ཡོད་དགུ་སྩལ་དྲུག་ངང་འབད་བརྩོན་བྱས་ཡོད་ཀྱང་། ད་ཆ་ལོ་གསུམ་རིང་གི་ཕྲུ་གུ་ཚོའིᨋགྲུབ་འབྲས་ལ་ཕྱི་མིག་ལྟ་སྐབས་སེམས་པ་སྐྱོ་དགོས་པ་ཞིག་དང་། ཡིད་ཐང་ཆད་དགོས་པའི་གནས་སྟངས་ཤིག་ཏུ་ལྷུང་།
ཕྲུ་གུ་ཚོའིᨋསྐད་ཡིག་ཡར་རྒྱས་མེད་པའི་རྒྱུ་མཚན་གཙོ་བོ་ནི་ཕ་མས་འགན་འཁུར་མེད་པ་དང་། ཕ་སྐད་ཀྱི་ཕྲུ་གུ་ཕུགས་རྐྱང་རིང་པོའᨑᨋསློབ་སྦྱོང་ཐོག་ཕན་ནུས་གང་འདྲ་ཐོན་གྱི་ཡོད་མེད་སོགས་ལ་དགོངས་པ་བཞེས་ཀྱི་མེད། གཉིས་ནས་ནུབ་ཕྱོགས་ཀྱི་ཡུལ་ལུང་མང་ཆེ་བའི་ནང་བོད་མི་མང་ཆེ་ཤོས་ཁ་ཐོར་ལ་གནས་ཡོད་སྟབས། བོད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་རེ་གཟའ་ཉི་མ་ལ་བཟོ་སཀྱང་དེས་གྲུབ་འབྲས་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་གཏན་ནས་མི་འདུག་སྙམ།
མ་སྐྱེས་ཞིང་ལ་སོ་ནམ་བྱས་པ་ལས། ཀོ་བ་སྐམ་པོ་ལག་པས་མཉེད་པ་དགའ་ཞེས་པའི་དཔེ་ལྟར་སྤྱི་ཚོགས་དང་ཕ་མ། ཕྲུ་གུའི་གོམས་གཤིས་སོགས་ཆ་རྐྱེན་མང་པོ་དབང་གིས་ནུབ་ཕྱོགས་ཡུལ་ལུང་ནང་གི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་ནས་དོན་སྙིང་ལྡན་པའི་གྲུབ་འབྲས་ཡོང་རྒྱུ་དཀའ་བར་བརྟེན། དེ་ལས་ང་ཚོའི་མི་འབོར་མང་ཆེ་བ་བོད་དང་རྒྱ་གར་ནང་ཡོད་སྟབས། བོད་དང་རྒྱ་གར་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱས་ན་འགྲུབ་འབྲས་བཟང་སྙམ།
ནུབ་ཕྱོགས་ཀྱི་ཡུལ་གྲུ་འདྲ་མིན་ནང་གི་བོད་རིགས་ཚོགས་པའི་འོག་ལ་ཡོད་པའི་གཟའ་ཉི་མའི་བོད་ཡིག་སློབ་གྲྭའི་འགྲོ་གྲོན་དང་། དང་བླངས་དགེ་རྒན་ཚོས་ཀྱང་ཉིན་དེའི་དུས་ཚོད་དེར་ལས་ཀ་བྱས་ཏེ་དངུལ་གང་བྱུང་བ་དེ་བོད་དང་རྒྱ་གར་ནང་ཡོད་པའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་བཏང་ན། འཕྲལ་ཕུགས་རྒྱང་གསུམ་གང་ལ་བལྟས་ཀྱང་དོན་སྙིང་ཆེ་བར་སྙམ།
རེ་གཟའ་ཉི་མའི་བོད་ཡིག་སློབ་གྲྭ་དེ་དག་གིས་དངོས་ཡོད་གནས་ཚུལ་ལ་ཕྲུ་གུའི་ཀུན་སྤྱོད་དང་། རིགས་ཞེན། སྐད་ཡིག་སོགས་ལ་དོན་སྙིང་ལྡན་པའི་གྲུབ་འབྲས་མི་ཐོན་ན་ཡང་ཨུ་བཙུགས་བརྒྱབ་པ་ལས། དེ་ལས་རྒྱ་གར་ལ་དཔེ་སྟོན་སློབ་གྲྭ་སོགས་ལ་བཏང་ན་གྲུབ་འབྲས་ལེགས་པ་འདུག་སྙམ།
གཟའ་ཉི་མའི་བོད་ཡིག་སློབ་གྲྭ་དེ་བོད་རིགས་ཚོགས་པའི་ཆ་རྐྱེན་ཙམ་དང་། དེ་མིན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་ཁག་ཕེབས་སྐབས་བོད་ཡིག་སློབ་གྲྭ་ཡོད་ཟེར་རྒྱུ་ཙམ་ལས། དེས་བོད་ཕྲུག་ཚོར་དོན་སྙིང་ལྡན་པའི་གྲུབ་འབྲས་མི་འཐོན་ན་སྒོ་བརྒྱབ་ཏེ། ང་ཚོས་ལམ་ཀ་གཉིས་པ་ཞིག་ལ་གོམ་ཁ་བསྒྱུར་ན་ལེགས་སྙམ། །
བོད་མི་དཀྱུས་མ་ཚོ་ཡིན་དང་ཡིན། གོང་ས་མཆོག་གི་ཚ་བོ་ཚ་མོའི་གྲས་ན་བོད་སྐད་ཡིག་གི་ཆུ་ཚོད་ཧ་ཅང་ཞན་པོ་མང་གི། གོང་ས་མཆོག་གིས་ཀྱང་བཙན་བྱོལ་ལ་ཕེབས་ཚུན་ནས་ལོད་ཡིག་གི་སྟེང་ནས་ཕྱག་རྩོམ་ཤོག་ལྡེབས་བརགྱ་ཁར་ལོངས་པ་ཞིག་ཀྱང་མཛད་མེད་ཕ་འདྲ། མིག་དཔེ་ལྟ་ས་་་་་་
ཨ་ཏ་ཨུལླ་ཞེས་པའི་ལ་དྭགས་ཁ་ཆེའི་མི་རིགས་ཤིག་ཡོད། ཨ་རི་རྒྱལ་ས་ཝ་ཤིང་ཊན་གྱི་ཉེ་འགྲམ་ཞིག་ཏུ་སྔོན་མ་བཞུགས ད་ལྟ་གསོན་པོར་བཞུགས་ཡོད་མེད་མི་ཤེས། རྒྱ་གར་དུ་འོས་བབས་ཀྱི་ལས་བྱེད་མ་རག་པའི་རྐྱེན་གྱིས། པ་ཀི་སཏ་གྱི་ལས་བྱེད་པར་ཆགས་ཏེ། རྒྱལ་ཁབ་དེའི་སྐུ་ཚབ་ཏུ་ཕྱི་རྒྱལ་ཁག་ལ་ཕྱིན། ལོ་གཞོན་སྐབས་བོད་དུ་ཕྱིན་པས། བོད་སྐད་ཀྱང་ཤེས། ཁོང་གི་ནང་མི་ཡོངས་ཀྱིས་ལ་དྭགས་་ཀྱི་སྐད་ཆུ་རྒྱུག་རྒྱུག་རྒྱབ་པར་མཐོང་། དེ་ནི་ནང་དུ་རང་སྐད་བཀོལ་བ་ལས་བྱུང་། འདི་ཉིད་ལ་དཔེ་སློང་དགོས་པ་ཞིག་གོ།
ཨ་རི་གཙོས་བའི་ནུབ་ཕྱོགས་རྒྱལ་ཁབ་ནང་འཚར་ལོངས་བྱུང་བའི་བོད་པའི་ཕྲུ་གུ་ཚོའི་བོད་སྐད་བོད་ཡིག་གི་ཁ་སྟབས་སྐྱོ་བོ་ཡིན་པར་རྩོད་པ་མེད།
ཨ་རི་ལྟ་བུར་མཚོན་ན། བོད་ཕྲུག་ཚོས་རང་ཉིད་ཨ་རི་བ་ཡིན་པ་ལས་བོད་གངས་ཅན་ལྗོངས་ཀྱི་ཡུལ་མི་ཡིན་པ་དང་ཡུལ་ལུང་དེའི་སྐད་ཡིག་དང་རིག་གཞུང་བཅས་པ་ནི་ཁོང་ཚོའི་ཆ་ཤས་ཤིག་ཡིན་པར་འདོད་ཀྱིན་མེད་ལ་ དེ་ལྟར་ཡིན་ཀྱི་ཡང་མེད།
ཁོང་ཚོའི་སྐད་དང་པོ་དེ་དབྱིན་ཇི་དང་བོད་ཡིག་ནི་སྐད་ཡིག་གཉིས་པ་བྱས་ནས་སྦྱང་གི་ཡོད་ལ། མང་པོ་ཞིག་ནས་ཕ་མ་བོད་སྐད་བཤད་མཁན་ཡིན་ན་ཕ་མའི་ཁ་ནས་ཏོག་ཙམ་ཏོག་ཙམ་གོ་ཐོས་ལས། ཆེད་དུ་སྦྱང་གི་ཡང་མེད།
ཨ་རི་ནང་མཐོ་སློབ་ཏུ་སླེབས་སྐབས་སྐད་ཡིག་གཉིས་པ་ཞིག་ལ་ཆེད་སྦྱོང་བྱེད་པའི་ལམ་སྲོལ་ཡོད་པ་བཞིན། མ་འོངས་པར་བོད་སྐད་བོད་ཡིག་སྐད་ཡིག་གཉིས་པའི་ངོ་བོར་ཆེད་སྦྱོང་བྱེད་མཁན་ཞིག་ཡིན་ཚེ། གཟའ་འཇུག་བོད་ཡིག་སློབ་ཚན་དང་བོད་སྐད་བོད་ཡིག་ཤེས་མཁན་ནང་མི་དང་ལྷན་བོད་ཡིག་བོད་སྐད་ཐོག་གང་ཡོང་ཅི་ཡོང་འབད་བརྩོན་གནང་ན་ཕན་ཐོགས་ཆེན་པོ་ལྡན་པ་སྨོས་ཅི་དགོས།
ནུབ་ཕྱོགས་བོད་ཕྲུག་ཚོས་བོད་ཡིག་བོད་སྐད་མི་སྐྱོབ་ཀྱང་། བོད་ཡིག་བོད་སྐད་ལ་ཅུང་ཙམ་འདྲིས་ན་བོད་ཡིག་བོད་སྐད་བཤད་མཁན་གྱི་ཕ་མ་དང་བོད་ན་ཡོད་པའི་ནང་མི་གཉེན་ཉེ་ལ་འབྲེལ་འདྲིས་ལེགས་པོ་དང་། རང་ཉིད་བོད་པའི་མི་རྒྱུད་ཡིན་པའི་འདུ་ཤེས་ཉར་པར་ཕན་ཐོགས་དང་བོད་སྐད་བཤད་མཁན་མི་ཐོག་དང་པོ་ཕ་མ་ཚོ་ངོ་ཚ་དང་འཚེར་སྣང་ལས་སྐྱོབ་པར་ཡང་ཕན།
ད་བོད་ཡིག་བོད་སྐད་སྐྱོབ་དགོས་ན། ཕྱི་རྒྱལ་བོད་པ་ཚོའི་ཐོག་ངུ་སྐད་བརྒྱབ་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། གཙོ་བོ་དེ་ཆུ་འགོ་མ་རྙོག་པར་སྲུང་ཐུབ་རྒྱུ་དེ་མེད་དུ་མི་རུང་བ་ཡིན།
འདས་ད་ལྟ་མ་འོངས་གོ་རིམ་བཞིན།
སྐྱེས་བུ་དང་པོར།
༡༽ངས།
་་་པ་ཡིན།
་་་་བགྱིད་ཡོད།
་་་་བགྱི་ཡིན།
སྐྱེས་བུ་གཉིས་པར།
༢༽ཁྱོད་ཀྱིས།
་་་པ་རེད།
་་བགྱིད་རེད།
་་་་བགྱི་རེད།
སྐྱེས་བུ་གསུམ་པར།
༣༽ཁོས་དང་མོས།
་་་་པ་རེད།
་་་བགྱིད་རེད།
་་་་བགྱི་རེད།
ཡིན་མིན། རེད་མ་རེད།
ང་ཡིན། ང་མིན།
ཁྱོད་རེད། ཁྱོད་མ་རེད།
ཁོ་རེད། ཁོ་མ་རེད།
འདི་རེད། འདི་མ་རེད།
ཡོད་མེད་དང་། འདུག་མི་འདུག
ང་ལ་ཡོད། ང་ལ་མེད།
ཁྱོད་ལ་འདུག ཁྱོད་ལ་མི་འདུག
ཁོ་ལ་འདུག ཁོ་ལ་མི་འདུག
དེ་ལ་འདུག དེ་ལ་མི་འདུག
འདས་ད་ལྟ་མ་འོངས་གསུམ་ལ།
༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།
འདིར་ཕྱི་རྒྱལ་བོད་མིའི་འཁྲབ་ཚན་ཞིག་གི་རྫུན་རྐུབ་བརྟོལ་འདུག འདི་ནི་རྒྱལ་ཁབ་དང་མི་རིགས་ཞེས་ངར་ངར་འདྲ་བྱེད་མཁན་གྱི་སྐུ་ངོ་ཚོའི་སྐད་པོ་ཆེ་དེའི་ངོ་གདོང་རེད།
ཁ་སྔོན་ར་རྒྱའི་སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་སྐར་ལྔའི་དར་དམར་གང་སར་གཡོ་བཞིན་པའི་ཚོགས་ཁང་ཆེན་པོ་ཞིག་གི་ནང་དུ་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་དོན་ཚན་དགུ་འཇིགས་པ་མེད་པར་བཤད་འདུག ཁ་སྔོན་ཤེས་རིག་ཚོགས་ཆེན་གྱི་མཇུག་སྡོམ་སྐབས་གངས་སེང་གི་དར་ཆ་གཡོ་བཞིན་པའི་ཚོགས་ཁང་ནང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས་བོད་སྐད་བོད་ཡིག་བསླབ་ནས་གྲུབ་འབྲས་ག་རེ་བྱུང་ཡོད་མེད་ལྟས་ན་ཤེས་ཀྱི་རེད་ཅེས་སྐད་ཤུགས་ཆེན་པོས་བཤད་འདུག གལ་སྲིད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཞུགས་ཡོད་ན་ཁོ་པར་འགྲམ་ལྕགས་ཚ་ཐག་གཅོད་ཅིག་རྒྱག་རྒྱུར་ཐེ་ཚོམ་ཅི་དགོས།
དེང་སང་ཕྱི་རྒྱལ་དུ་བོད་ཕྲུག་ཚོར། དབྱིན་ཇི་མིང་ཡོད་མཁན་མང་དུ་འགྲོ་བཞིན་འདུག
དེང་སང་ལ་དྭགས་ནང་དྲ་རྒྱའི་ངོ་དེབ་སོགས་བརྒྱུད་ནས་གནས་ཚུལ་མཁོ་གཏོང་བ་མང་པོ་ཞིག་ཡོད། ཡིན་ཀྱང་བོད་ཡིག་ནང་ལ་གནས་ཚུལ་སྤེལ་བར་མཛད་མཁན་གཅིག་ཀྱང་མ་མཐོང་། གལ་ཏེ་གནས་ཚུལ་དེ་དག་ལ་མཆན་འགྲེལ་དང་བསམ་འཆར་སོགས་བོད་ཡིག་ནང་ལ་བཀོད་ན། མགོ་བརྗོད་ཙམ་ཡང་མ་བཀླག་པར་སུབ་ཀྱིན་འདུག དཔེར་ན་ངས་ལ་དྭགས་གསར་ཤོག་པ་ Ladakh in the media ཞེས་པའི་ངོ་དེབ་ལ་མཆན་འགྲེལ་སོགས་མང་པོ་ཞིག་བྲིས་ལ་མ་འོངས་པར་ཡང་དེ་བཞིན་དུ་འབྲི་རྒྱུ་གཏན་འཁྱོལ་བ་ཡིན། རྣམ་པ་ཚོས་ལ་དྭགས་གསར་འགོད་པ་ Ladakh in the media ཞེས་པའི་ངོ་དེབ་དེ་བཀླགས་ནས་བོད་ཡིག་ནང་ལ་མཆན་ཞིག་བཀོད་པ་མཛད་དང་མཁྱེན་ཐུབ།
སྤོབས་མཐའ་ལགས་འཁང་ར་དེའམ་ཟུར་ཟ་དེ་འདྲ་བྱེད་འོས་སམ། ངས་བལྟས་ན་ཉི་མ་རེ་རེའི་ནང་དུ་བོད་ཡིག་དང་བོད་སྐད་བེད་སྤྱོད་མང་ཤོས་གནང་མཁན་དེ་ཡིད་བཞིན་ནོར་བུ་ཡིན་ངེས། ཁོང་གི་ནམ་རྒྱུན་གྱི་དཔེ་གཟིགས་རིགས་ཕར་ཕུད། གསུང་ཆོས་དང་བཀའ་སློབ་གནང་བའི་རིགས་གཅིག་པུ་ཡང་ཀློག་ནས་མི་ཚར་བ་ཞིག་མི་འདུག་གམ། ཡང་གཅིག་བཤད་ན་ཁོང་ཚང་ལྷོད་ལྷོད་ཀྱིས་བཞུགས་ཁོམ་ཆུ་ཚོད་ཕྱེད་་ཙམ་ཡང་མེད་ས་ནས་ཕྱག་རྩོམ་གནང་ནས་བཞུགས་ཁོམ་ཞིག་གང་ན་ཡོད།