འདྲེན་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མིང་ཚིག་བེད་སྤྱོད་གནང་ཕྱོགས་སྐོར་གྱི་གནས་འཕྲིན་ཕེབས་པ།
ཕྱི་ལོ་༢༠༡༤ ཟླ་༡ ཚེས་༢༧ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བརྒྱུད་ལམ་ཁག་གི་ལས་འཛིན་རྣམ་པར་མིང་ཚིག་བེད་སྤྱོད་གནང་ཕྱོགས་ཐོག་དཔྱད་གཞིའི་གནས་འཕྲིན་གནང་བའི་ནང་འཁོད་དོན། མཚུངས་མེད་བོད་སྐད་དང་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་འཛིན་པ་ལྷན་རྒྱས་ལ། ཆེེད་འབུལ། དགོངས་གསལ་རྒྱ་ཕྱོགས་ནས་ཡིག་ངག་གཉིས་ཐོག་ནས་ཡང་ནས་ཡང་དུ་བོད་སྐད་ཀྱི་སྐད་ཡིག་ཐོག་བཙན་འཛུལ་ལྟ་བུས། བོད་སྐད་ལ་གཟའ་ཉི་མ་ཞེས་མིང་ཡོད་མུས་ལ་”ཤིན་ཅི་”ཞེས་འབྲི་འབོད་བྱེད་པ་དང་། འཕྲོས་འདི་ནས་གཟིགས། http://bod.asia/2014/01/དགའ་ལྡན་ཕོ་བྲང་ཡིག་ཚང་-2/
གསལ་བརྡ་འདི་འདྲ་གནང་བ་ཡག་པོ་རེད། ཡིན་ན་ཡང་། དགའ་ལྡན་ཕོ་བྲང་ཚང་ཡང་ད་ལྟ་གཞི་ནས་གཉིད་སད་པ་འདྲ་ཞིག་རེད། མ་གཞི་ནས་བོད་ཡིག་ཐད་ཀྱི་གནད་འགག་འདི་འདྲ་ལ་གཞུང་འབྲེལ་རང་གིས་ལས་དོན་གནད་སྨིན་ཞིག་གནང་དགོས་ཚོད་ཡིན་མོད་ཀྱང་། དེའི་ལས་ཀྱི་སྣེ་མོར་གཏོགས་པ་ཕལ་ཆེ་བ་བོད་རང་གི་སྐད་ཡིག་ཐོག་ལ་ཡིག་རྨོངས་པ་ལྟ་བུའམ། ཡང་ན་ཚོར་སྣང་དང་ལར་ཞེན་མེད་མཁན་ཤ་སྟག་རེད།
ད་དུང་བྱུང་ན་དགའ་ལྡན་ཕོ་བྲང་ཚང་གིས་སྣེ་ཁྲིད་དེ་བོད་ཀྱི་སྐད་ཡིག་གཅིག་གྱུར་དང་ཐ་སྙད་གཅིག་གྱུར་ཕྱོགས་ལ་དགོངས་བཞེས་གནང་སྨིན་རེ་གནང་བར་འབོད་སྐུལ་ཞུའོ།།
དགའ་ལྡན་ཕོ་བྲང་སྒོ་ཚར་བ་རེད། ད་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཞེས་པ་དེ་གང་ནས་བསླེབ་པ་རེད། ཧཧཧཧཧཧཧཧཧཧཧ
དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཟེར་བ་འདིས་བོད་ནས་རྒྱ་སྐད་སྨྲ་བཞིན་པ་ལས། རྒྱ་གར་དང་། བལ་ཡུལ། ནུབ་ཕྱོགས་ཀྱི་ལུང་པ་འདྲ་མིན་ནང་དུ་ཡོད་པའི་བོད་པ་ཚོས་བོད་སྐད་དང་མཉམ་དུ་ལུང་པ་དེའི་སྐད་བསྲེས་ཏེ། འབྲི་བ་དེ་དག་མ་ཤེས་པ་ཡིན་འདྲ།
དགའ་ལྡན་ཕོ་བྲང་མ་གཏོགས་སྔོན་ཆད་ནས་ད་ལྟ་བར་དུ་སྒ་སྐྱེ་རྒུ་ལ་དགའ་སྐྱེ་རྒུ་ཞེས་འབྲི་མཁན་མཐོང་མ་མྱོང་། ཐོག་མར་ཕོ་བྲང་གི་ལས་ཀྱི་སྣེ་མོ་བ་ཚོས་བཀའ་འབེབ་རྒྱུར་བྲེལ་བ་མ་གནང་བར་བོད་ཀྱི་ས་མིང་གྲགས་ཅན་ཚོ་དག་ཆའི་སྐོར་ལ་སློབ་སྦྱོང་ཕྲན་བུ་རེ་གནང་རྒྱུ་ངའི་རེ་བ་ཡིན། དེ་འདྲ་མ་བྱས་ན་བོད་མི་དམངས་དང་རྒྱ་གཞུང་གཉིས་ཀའི་མདུན་ལ་ངོ་ཚ་ཉོ་ཐག་ཆོད་རེད།
བོད་ཀྱི་ས་ཁུལ་གྱི་མིང་མང་པོ་རྒྱ་སྐད་དུ་བསྒྱུར་དུས། སྒྲ་མ་དག་ནས་ནོར་བ་མང་པོ་རེད། དཔེར་ན། མངའ་རིས་ལ་ཨ་ལི་ཟེར། དེས་རྒྱུ་མཚན་ནི་རྒྱ་སྐད་ལ་མངའི་སྒྲ་གདངས་དང་ང་འི་སྒྲ་གདངས་མེད་པའི་དེ་དག་ལ་ཨ་སྦྱར། དེ་བཞིན་་དུ་རྒྱ་སྐད་ལ་རའི་སྒྲ་གདངས་མེད་པའི་ལ་སྦྱར་ནས་མངའ་རིས་ལ་ཨ་ལི་ཟེར། དེ་འདྲའི་དོན་དག་མ་ཤེས་ནས་འགའ་ཞིག་གི་མངའ་རིས་ལ་་ཨ་ལི་Ali ཟེར་བ་ཡིན་་ཙང་། ཁ་ཆེའི་ལུང་པ་ཡིན་འགྲོ་བསམ་མཁན་ཡང་འདུག དེ་བཞིན་དུ་གཞིས་ཀ་རྩེ་་ལ་རྒྱ་སྐད་ཀྱི་སྒྲ་་གདངས་གཞན་ཞིག་འདུག
སྒ་སྐྱེས་རྒུ་དང་ཡུའུ་ཧྲུའུ་གཉིས་ཀྱི་བར་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད།སྤྱི པུའུ་ཀྲང་དང་བཀའ་བློན་བར་ནའང་ཁྱད་པར་ཆེ་བས་སོར་བཞག་བྱས་ན་གོ་བདེ།
དགའ་ལྡན་ཕོ་བྲང་གི་ཕྱོགས་ནས་གསལ་བསྒྲགས་འདི་སྤེལ་པ་ཐུགས་རྗེ་ཆེ། འོན་ཀྱང་། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ཉིད་བལྟ་ན་མེ་ལོང་དགོས་ཤེས་པ་བཞིན་ཐོག་མར་དགའ་ལྡན་ཕོ་བྲང་གིས་ཕྱོགས་ནས་གོང་གི་གསལ་བསྒྲགས་ཐུང་ངུ་དེའི་ནང་དུ་ནོར་འཁྲུལ་དང་ཚིག་དོན་ཅི་ཡོད་ངོ་ཤེས་ན་ཕན་པར་སེམས། དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་གི་ལས་བྱེད་མི་སྣའི་ནང་དུ་བོད་ཡིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་ཡོད་མཁན་ག་ཚོད་ཡིན། རང་སྐད་རིན་ཐང་ཆེ་རབ་དང་དགོས་རབ་བཤད་ནས་འདུག་པ་ལས་ལག་བསྟར་ལ་ཕབ་ན་བཟང་། རྒྱ་མིས་འུ་ཚོའི་སྐད་ཡིག་ལ་མཐོང་ཆུང་བྱེད་ཚུལ་ལས་ང་ཚོས་རང་གི་སྐད་ཡིག་ལ་མཐོང་ཆེན་ཞིག་གང་ནས་བྱས་མྱོང་ཡོད། ཐ་ན་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཟུར་བ་ རྗེ་བཙན་པདྨས་སྐད་ཆ་ཞིག་ལ་བོད་ཡིག་གི་རྩོམ་ཡིག་དང་བོད་ཡིག་ཀློག་རྒྱུ་སུན་སྣང་ཆེ་གི་ཟེར་བའི་སྒྲུང་གཏམ་སྙན་མོ་ཞིག་གོ་རྒྱུ་མང་གི འདི་དག་ནི་རང་ཉིད་ཀྱི་སྤྱི་ཚོགས་སུ་རང་ཉིད་ཀྱི་སྐད་ཡིག་ལ་དུངས་པའི་གྲུ་ཟུར་ཙམ་ཞིག་ཡིན།
ངས་བསམས་ན་འདི་༸དགའ་ལྡན་ཕོ་བྲང་ཡིག་ཚང་མཆོག་ལ་སྙན་ཞུ་ཞབས་སྐུལ་འབྱོར་བ་ལྟར་བསྩལ་བ་མིན་འགྲོ་སྙམ། ད་གང་ལྟར་མཛད་འཕྲིན་འདི་རིགས་ནི་བོད་མི་རིགས་ལ་འཕྲལ་ཕུགས་གང་སར་དགེ་བ་ཡིན་པ་ནི་སྨྲས་མེད་ཡིན་དུས། སྐད་ཡིག་བཀོལ་སྤྱོད་ཐད་དམིགས་བསལ་བཙན་བྱོལ་སྤྱི་ཚོགས་ནང་དུའང་བཀོད་ཁྱབ་བཀའ་ནན་འདི་ལྟར་གནང་རོགས་ཞུ། གཉིས་ནས་བཀའ་ཡིག་འདི་ལྟ་བུར་མཚོན་ན་༸གོང་ས་ཆེན་པོར་སྤྱན་བསྟར་ཞུས་མེད་པའི་ཚོར་བ་ཞིག་ཀྱང་འདུག དེ་ཞུ་དགོས་དོན་ཀྱང་མི་འདུག གཤམ་འོག་ཏུ་ལས་བྱེད་སྐུ་ངོ་ཆེ་ཕྲ་དེ་འདྲའི་མང་པོ་ཞིག་ཡོད་པ་རེད། རྣམ་པ་ཚོས་འགན་བླངས་ན་ཡག་ཐོག་རྒྱན་རེད་བསམས། འོན་ཀྱང། བཀའ་ཡིག་མ་ཕེབས་གོང་ནང་དོན་དང་དག་སྡེབས་ཚུན་ལ་ཞུ་དག་སྤུས་གཙང་མ་གནང་དུས། འདི་ཉམས་མྱོང་གཅིག་རེད། དེ་སྔ་༸གོང་ས་མཆོག་གི་ཡིག་ནོར་ཟེར་བའི་རྩོམ་ཞིག་ཐོན་པ་རེད། ད་ཐེངས་འདི་ཀུན་གྱིས་མ་ཚིམས་པའི་བསམ་འཆར་བཤད་ཀྱི་འདུག སོང་ཙང། དོན་དག་འདི་ཚོ་སྐུ་ངོ་རྣམ་པ་ཚོས་ངེས་པར་དུ་ཐུགས་སྣང་གནང་རོགས་གནང་ཞུ་རྒྱུ་དེ་ཙམ་ཡིན།།
དགའ་ལྡན་ཕོ་བྲང་གི་བོད་སྐད་ལ་ཐུགས་ཁུར་གནང་གི་ཡོད་ན། དང་པོ་བཙན་བྱོལ་ནང་གི་གཞིས་ཆགས་ཚོ་དང་ཡང་ན་བོད་ཁྱིམ་ཁག་གི་སློབ་མ་ཚོའི་ཁ་ལ་བཟོ་བཅོས་ཤིག་བཏང་ན་ཅི་མ་རུང་། ངོ་མ་ཁོང་ཚོའི་བཤད་པའི་ར་མ་ལུག་སྐད་ལ་ཐང་རེ་ཆད་གི
གར་ཞར། གྲོང་གསེབ་ཆེ་ཤོས་དེའི་མིང་ལ། བོད་སྐད་དུ། སྐྱིད་ལུང་། ཡིན་པ་ལ། རྒྱ་གར་གཞུང་གིས། ཨིན་སྐད་དུ།
Keylong ཞེས་བཏགས་ནས། ད་ལྟ། སྐྱིད་ལུང་དེ། ཀེ་ལོང་ཞེས་ཀུན་གྱི་ངག་འཇགས་པ་རེད། འདི་ལ་ཐོག་མའི་མིང་བསྒྱུར་བྱས་པའི་དུས་སུ་ཤེས་སྦྱང་དམན་པ་ཙམ་ལས། ཆབ་སྲིད་པའི་གཡོ་འཇུས་མེད་སྙམ་ཡང་། དོན་དག་བོད་སྐད་ཀྱི་མིང་ཚིག་དེ་ཉམས་པ་རེད།
བོད་ནང་རྒྱ་སྐད་ཀྱི་ས་མིང་དེ་དག་བོད། རྒྱ་ཁོངས་སུ་རང་བཞིན་གྱིས་ཆགས་འགྲོ་བས། བོད་རིགས་རང་གི་ལ་རྒྱ་ཡོད་ན། དེ་ཡང་གཟབ་དགོས་པ་བདེན་པ་རེད།
དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོར་ཞུ་རྒྱུར། ཁྱེད་རྣམ་པའི་བེད་སྤྱོད་གཏོང་བཞིན་པའི་གཟའ་འཁོར་༼ཧབ་རྡ།༽དང་ཚེས་གྲངས་ལ་༼ཏ་རེས་༽དེ་མིན་གུང་གསེང་༼ཆུ་ཀྲི་༽ཟེར་བ་སོགས་ཀྱང་བོད་སྐད་ལ་བསྲེས་ལྷད་རེད་འདུག་པས་དེ་ཚོ་བེད་སྤྱོད་མི་གཏོང་རོགས་རྒྱུ་ཡིན། རང་གི་ལུས་པོ་མི་གཙང་བས་ཁེངས་བཞིན་དུ་གཞན་གྱི་རྔ་རྩེ་མི་གཙང་བ་འདུག་ཅེས་པ་དང་གཉིས་སུ་མཆིས་སོ། །
དགའ་ལྡན་ཕོ་བྲང་ཚང་ནས་རྒྱ་སྐད་ཅིག་པུ་ཙམ་མིན་པར་དབྱིན་སྐད་ཀྱི་སྲེ་སླད་འདི་དག་ལ་ཡང་ཐུགས་ཁུར་གནང་དགོས་ཀྱི་འདུག
༡༩༨༥ ལོར་ངོས་རྒྱ་གར་ལ་སླེབ་དུས་གོང་ས་མཆོག་ནས་ཡང་ཀྲུང་གོ་ཞེས་མ་ལབ་གསུངས་གི་འདུག། ད་ལྟ་ནི་ཀྲུང་ཧ་མི་དམངས་སྤྱི་མཐུན་ཁབ་ཀྱི་འོག་ལ་དབུ་མའི་ལམ་ལ་འགྲོ་དགོས་དུས་ད་ང་ཚོ་ནི་མགོ་འཐུམ་རུ་འགྲོ་གི་འདུག། རྒྱ་གར་ནང་ལ་ཡོད་པའི་བོད་མི་ཚོས། སྒོ་པེད་ད། ཁེ་མཚར་ཚ་སི་འདུག། ལབ་དགོས་པས། སྦར་ཛར་ལ་འགྲོ་། སྦར་ར་སྦ་ཇིའི་ཟ་ལྟ་བུའུ་མང་པོ་ཡོད་དོ།
ད་དགའ་ལྡན་ཕོ་བྲང་གི་རླུང་རྟ་ཆག་པ་ཡིན་ས་རེད། ཡི་གེ་འདི་འདྲ་ཉུང་ངུང་ཞིག་གི་ནང་ལ་སྒྲ་ནོར་དོན་ནོར་འདི་འདྲ་མང་པོ་ཞིག་བྲིས་འདུག འདི་འདྲ་ཞིག་ལས་འབྲི་མ་ཤེས་ན་རྒྱ་བོད་གཉིས་ལ་ཁ་འཁོར་ནས་གསལ་བསྒྲགས་ཚོ་སྤེལ་རྒྱུ་མཚམས་བཞག་ན་དགའ་ས་རེད།
རྒྱ་སྐད་དུ་ཤིན་ཅི་ཟེར་བ་དེ་གཟའ་ཉི་མ་ཞེས་པའི་དོན་མ་རེད། ཤིན་ཅི་ནི་གཟའ་འཁོར་གཅིག་གམ་གཟའ་ཟླ་བ་ནས་ཉི་མའི་བར་གྱི་བདུན་ཕྲག་ཧྲིལ་པོའི་དོན་རེད། དགའ་སྐྱེ་རྒུ་མ་རེད། རྒ་སྐྱེ་རྒུ་རེད། རྒ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་སྐད་གྲགས་ཆེ་བའི་བོད་ཀྱི་རུས་ཆེན་ཞིག་གི་མིང་རེད། ཡུལ་ཤུལ་ལམ་ཡུའུ་ཧྲུའུ་ནི་རྒྱ་སྐད་ཟུར་ཆག་པ་གང་ཡང་མ་རེད། དེ་བོད་སྐད་རེད། མ་གཞི་རྒ་སྐྱེ་རྒུ་དང་ཡུལ་ཤུལ་ས་ཆ་ལོག་ཁ་རེད། རྒ་སྐྱེ་རྒུ་ལ་ཡུལ་ཤུལ་ལབ་མཁན་རྒྱ་བོད་གཉིས་ཀ་སུ་གཅིག་ཀྱང་མེད།
ང་ཚོ་བོད་ལ་ཡོད་དུས་། རྒྱ་འདྲེས་བ་ཏ་ལའི་དང་། ཏ་ལའི་རུ་ཚོགས་ལབ་དུས་སྙིང་ལ་གྲི་གཙུགས་པ་ལྟ་བུའུ་ཁོང་ཁྲོ་ལང་སྨྱོང། ད་འདིར་ཕྱོགས་སུ་ཏ་ལའི་བླ་མའི་དགེ་རྩ་དང་ མཐོ་སློབ་སོགས་ལབ་དུས་སྔོན་གྱི་རྒྱ་རོས་ལབ་པ་དེ་དྲན་འགྱུར་་བྱི་བའི་དུག་ལྟར་གཞན་མྱོང་བ་དང་འབྲེལ་ཡོང་གི་འདུག།
སྤོབས་པས་བཤད་པ་དེ་བདེན་པ་རེད་འདོད། རྒྱ་སྐད་རྒྱ་ཡིག་ག་འདྲ་མ་འདྲ་ཞིག་བྲིས་ཡོད་ན་ཡང་། བོད་ས་ཁུལ་གྱི་རྒྱ་མྱིང་དེ་ཚོ་ནི་བོད་སྒྲ་མ་དག་པ་ཞིག་ནས་ཐོན་དགོས་བ་ལས། རྒྱ་གཞིས་མིན་ས་ན་རྒྱ་མྱིང་ཞིག་ཡོད་མི་སྲིད་པ་རེད། ཡུལ་ཤུལ་ནི་ཡུལ་ཤུལ་ཡིན་དགོས་བ་ལས་གཞན་ཡིན་སར་མི་འགྲོ།
ཧིན་སྐད། བོད་སྐད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཧབ་ཏ། བདུན་ཕྲག
ཆུ་ཀྲི གུང་གསེང་།
ཏ་རི། ཚེས་པ།
པུ་ར། ཚང་མ། སྒང་ག
“ བོད་ནང་བཙན་དབང་འོག་ཡོད་པའི་བོད་མི་ཚོ་ཧ་ཅང་གཟི་བརྗིད་ཆེན་པོ་དང་རླབས་ཆེན་པོ། སྙིང་སྟོབས་ཆེན་པོ་རེད། སྲོག་གི་ཉེན་ཁ་ཡོད་ཀྱང་རང་གི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་བྱས་པར་འཛེམས་ཟོན་བྱེད་ཀྱི་ཡོད་པ་མ་རེད། བཙན་བྱོལ་ནང་སྐྱིད་དྲགས་པའི་དབང་གིས་རང་གི་སྐད་ཡིག་དང་། རང་མི་རིགས་ཀྱི་ངོས་འཛིན་དག་ལ་བོད་ནང་སྲོག་ལ་བརྟེན་ནས་སྲུང་སྐྱོབ་བྱེད་ཀྱིན་པ་མཐོང་བཞིན་དུ་ང་ཚོས་དགའ་སྤོབས་ངང་བློས་གཏོང་དང་། བསམ་བློའི་ཁྱེར་ཕྱོགས་ཀྱི་དབང་གིས་སོ་སོའི་སྐད་ཡིག་དང་ལེགས་བྱང་དེ་གལ་ཆེན་མ་ཡིན་པ་དང་། མི་ཚེའི་ནང་ཕན་ཐོགས་མེད་པ། ང་ཚོའི་སྐད་ཡིག་དང་ལེགས་བྱང་རྗེས་ལུས་ཐེབས་པའི་རྣམ་པ་ཡོད་པ། དུས་རབས་ ༢༡ ནང་འཇིག་རྟེན་ཁྱོན་ཡོངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་བྱས་ཏེ་འགྲོ་དགོས་ཚེ། ངེས་པར་དུ་ཕྱི་རྒྱལ་གཞན་གྱི་སྐད་ཡིག་སྦྱོང་བ་དང་དེ་ཚོའི་གོམ་ཚད་རྒྱག་ན་མ་གཏོགས། བོད་པའི་ཆོས་དང་རིག་གཞུང་གིས་འདང་གི་མེད་པ། བསམ་ཚུལ་ཡང་དག་པ་མིན་ཡང་། བོད་པའི་ཁྲོད་དེ་འདྲ་ཞིག་བསླེབས་བསྡད་ཀྱི་ཡོད་པ་རེད། བསམ་ཚུལ་དེ་མཆོག་ཞན་ཚང་མའི་ནང་བསླེབས་ཀྱི་ཡོད་པ་རེད། ཡིན་ནའང་། དཔལ་འབྱོར་གྱི་མཐུན་རྐྱེན་མེད་མཁན་ཚོས་སོ་སོའི་ཕྲུ་གུ་བོད་ཡིག་སློབ་སར་མི་མངགས་རང་མངགས་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱི་སློབ་གྲྭ་ཆེན་མོར་གཏོང་བའི་དཔལ་འབྱོར་འདང་གི་ཡོད་པ་མ་རེད། དཔལ་འབྱོར་ཡོད་མཁན་ཚོས་རང་གི་ཕྲུ་གུ་བོད་ཀྱི་སྐད་ཡིག་དང་ལེགས་བྱང་ལ་འབྲེལ་བ་གཅིག་ཀྱང་མེད་པའི་སློབ་གྲྭ་ཁག་ལ་བཏང་བ་དེས་ག་རེ་མཚོན་གྱི་འདུག་ཅེ་ན། ང་རང་ཚོའི་སྐད་ཡིག་དང་ལེགས་བྱང་དེས་མ་འོངས་པའི་ཕྲུ་གུའི་མདུན་ལམ་ལ་ཕན་ཐོགས་མེད་པ་ཞིག་དང་ཕྲུ་གུ་དེའི་མདུན་ལམ་གྱི་ཁོ་རང་གི་མི་ཚེ་རྐྱང་མ་གཏོགས། བོད་རྒྱལ་ཁབ་དང་བོད་མི་རིགས་ལ་འགན་འཁྲི་གང་ཡང་མེད་པའི་བསམ་ཚུལ་འཁུར་ནས་འགྲོ་བསྡད་ཀྱིན་པ་དེ་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་རེད། ” མཁས་དབང་ཟམ་གདོང་རིན་པོ་ཆེས། དེ་རིང་ཁོང་གི་འཁྲུུངས་སྐར་ཉིན་མོར་གནང་བའི་གསུང་བཤད་ལས་འདྲེན་བཀོལ་བྱས། འདྲེན་ཁུངས། བོད་ཀྱི་དུས་བབས།
ལར་ནས་བོད་པས་བོད་སྐད་ནང་དུ་སྐད་རིགས་གཞན་དང་མཉམ་དུ་བཅུག་པ་དེ་སྔར་ནས་ཡོད་མོས་རེད་།། བོད་ཀྱི་བསྟན་བཅོས་ཀྱི་རྒྱ་གར་སྐད་ཞེས་པ་དང་། འདོན་ཆོག་སྐད་ཨརྒྷཾ། པདྱཾ། ཞེས་པ་ལྟ་བུ་དང་མཐའ་ཡས་་སོ། གལ་ཏེ་ཆོས་ཡོང་ཁུང་རྒྱ་གར་ཡིན་པས་སོ་ཟེར་ན། གཞན་ལ་ཡང་མཚུངས་སོ།
ཏ་ལའི་བླ་མ་ཞེས་པ་དེ་ཡང་སོགས་སྐད་རེད། སྔར་བོད་ཀྱི་བླ་ཆེན་ཚོས་ཧོ་ཐོག་ཐོག་ཞེས་པའི་མིང་ལ་དགའ་པོ་ཡོད། ད་སྐབས་བོད་སྐད་་མཉམ་དུ་བསེ་ནས་བེད་སྤྱོད་གཏང་མུལ་ཡིན། བོད་སྐད་གཙང་མ་དགོས་གལ་ཆེ། ད་ང་ཚོ་ལ་ས་མཚམས་ཅིག་དགོས་གལ་ཆེ། འདི་ཕར་ཆོད་བོད་སྐད་གཙང་མ་མ་རེད། འདིའི་ཚུར་ཆད་བོད་སྐད་གཙང་་མ་རེད་ཟེར་ཡག་གི་མཐའ་ཞིག་དགོས། ཡང་ན་ལེགས་སྦྱར་སྐད་དམིགས་གསལ་རེད། དེ་མིན་མཉམ་དུ་རྒྱབ་མི་ཆོག་ཟེར་བ་དང་། ཡང་ན་སོགས་སྐད་དམིགས་གསལ་རེད་ཟེར་བ་དང་། ཡང་ན་བླ་ཆེན་མི་ཆེན་ཚོ་དམིགས་གསལ་རེད་། ཉམ་ཆུང་དམན་པ་ཚོས་སྐད་རིགས་གཞན་དུ་མཉམ་དུ་རྒྱབ་ན་བོད་སྐད་གཙང་མ་མ་རེད་ཟེར་དགོས་སམ། མཐའ་དོན་ལ་མགོ་ལ་བཞུགས་མཁས་ཅིག་གིས་དབུ་ཁྲིད་ནས་སྐད་རིགས་ཐ་སྙད་ཅིག་གྱུར་ཞིག་ཡོང་བ་གལ་པོ་ཆའོ།
་་་་་་་་་་ མཐའ་དོན་ལ་མགོ་ལ་བཞུགས་མཁས་ཅིག་གིས་དབུ་ཁྲིད་ནས་སྐད་རིགས་ཐ་སྙད་ཅིག་གྱུར་ཞིག་ཡོང་བ་གལ་པོ་ཆའོ། ་་་་་་་་་་
ཡང་འདིར་དགོན་པ་དང་ལྷ་སྡེ་རང་མལ་དུ་གནས་མ་བཅུག་ནས་འཕྲོག་རེས་བྱས་པའི་ལོ་རྒྱུས་འདུག ། ང་ཚོའི་འདས་པའི་ལོ་རྒྱུས་གང་ཞིག་ཡག་པོ་རྩ་བ་ཉིད་ནས་མི་འདུག་གོ །
http://www.tibetebook.com/lo_rcgxyus/yulshul_zong/yulshul-4.htm
བོད་ཀྱི་བརྡ་ཚིག་་་་རས་་་་ཟེར་བ་དེ་རྒྱ་གར་སྐད་ཀྱི་་་་कपड़ा་་་་ཡང་ན་་་कपड़े་་་་ཀབ་ཊ་་་ཀབ་ཊེ་་་ཟེར་བའི་མིང་ཚིག་འདིའི་རྗེས་ཚིག་དེ་ལས་བྱུང་བ་ཞིག་ཡིན་ནམ། ཡི་གེར་ड़ा་་་ཊ་་་བྲིས་ཀྱང་ཁ་ལྕེ་ནས་་ར་་སྒྲ་དོད་པ་འབོད་ཀྱིན་འདུག རྒྱ་གར་སྐད་ཀྱི་མིང་ཚིག་རྣམས་ཚིག་མཇུག་དེ་སྒྲ་གདངས་ཤུགས་ཆེ་བ་འབོད་སྲོལ་ཡོད། དེ་འདྲ་ཡིན་དུས་སྔོན་དུས་བོད་པས་་་ཊ་་འམ་་་་ར་་་་སྒྲ་དེ་གསལ་ཆ་དོད་པོ་གོ་ཡོང་དུས་་་་རས་་་་ཟེར་བའི་མིང་ཚིག་འདི་ངང་ངམ་ཤུགས་ཀྱིས་འབོད་སྲོལ་བྱུང་བ་ཡིན་ནམ།
བསོད་ནམས་ཀྱི་ཉི་རི་འོད་པོ་ཆེ། སྤྲིན་དཀར་ནག་གཉིས་ཀྱིས་བསྒྲིབས་ལེ་རེད། སྤྲིན་དཀར་ལ་ཨ་གསར་དད་དྲག་ནས། མེས་པོ་ལ་ཁྱད་གསོད་སྣ་དགུ་བྱས། སྤྲིན་ནག་ལ་རེ་བ་ཆེ་དྲག་ནས། རང་ཡུལ་གྱི་རིན་ཐང་ཡལ་བར་དོར། ད་དེང་སང་བོད་ལ་ལུས་པ་དེ། སྨྲེ་སྔགས་དང་འོ་དོད་ཁོ་ནའོ། །