ཚེ་འབར།
དེ་རིང་ཁ་སང་གི་གླེང་སྟེགས་ངོ་དེབ་དང་སྐད་འཕྲིན་དྲྭ་རྒྱ་སོགས་ཀྱི་བརྒྱུད་ལམ་ཁག་ཏུ། ཕྱི་ཚུལ་དུ་བཅོས་མའི་དད་པ་ཙམ་ལ་གློ་བ་མི་ཉེ་བའི་ཨ་ཚོགས་ཀླུ་མཁར་བྱམས་ཧ་ཅང་གི་གླེང་གཞི་ཆེན་པོ་ཞིག་ཏུ་འགྱུར་འདུག དེ་ནི་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོན་དཀར་ལྷ་མོས་སྤྱི་འཐུས་ལས་དགོངས་པ་ཞུས་ཏེ་ཚབ་གསར་ཞིག་འོས་འདེམས་དགོས་པའི་རྒྱུ་མཚན་གྱིས་ཡིན་མོད། སྐབས་དེར་སྐད་འཕྲིན་བརྒྱུད་ལམ་དུ་《མདོ་སྨད་གྲོས་རྭ》ཟེར་བའི་ཚོགས་མི་བརྒྱ་ལས་གྲུབ་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ་བར་མའི་འོས་བསྡུའི་སྐོར་ལ་བགྲོ་གླེང་བྱེད་བཞིན་འདུག་ལ། ང་ཡང་དྲྭ་གྲོགས་ཤིག་གིས་ཚོགས་པ་དེའི་ནང་དུ་བཅུག་འདུག་པས་ཁོང་ཚོའི་སྐད་ཆ་དང་ཡི་གེ་མང་པོ་ཞིག་ལྟ་ཉན་བྱེད་རྒྱུའི་གོ་སྐབས་ཐོབ། ཚོགས་མི་འགའ་ཤེས་ཀྱིས་བལ་ཡུལ་དུ་ཡོད་པའི་བཀྲིས་དོན་གྲུབ་ཟེར་བ་དེ་མདོ་སྨད་སྤྱི་འཐུས་ལ་འཚམ་ཤོས་ཡིན་སྐོར་ངོ་སྤྲོད་བྱས་སོང་།
རང་ཉིད་ཀྱིས་འོས་མི་འཚམ་ཤོས་མཐོང་བ་ནི་ཨ་ཚོགས་ཀླུ་མཁར་བྱམས་ཡིན་ལ། ཉིན་དེ་ལ་ཨ་ཚོགས་ཀླུ་མཁར་བྱམས་ངོ་སྤྲོད་དང་འབྲེལ་བའི་སྤྱི་འཐུས་སུ་བདམ་ན་འོས་ཤོས་ཡིན་ཚུལ་བཤད་པ་ཡིན། མི་བུ་འགའ་ཤེས་ཀྱིས་ཨ་ཚོགས་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་མང་པོ་གནང་གིན་འདུག་ལ་སྐྱོན་བརྗོད་དེ་ཚོ་མང་ཆེ་བ་ཞིག་ནི་གཞི་མེད་སྐྱོན་འཛུགས་རྐྱང་རྐྱང་རེད། ཀླུ་མཁར་བྱམས་རྒྱ་ནག་གཞུང་གི་བཙོན་དུ་ཚུད་དོན་གཡག་བརྐུས་ནི་ཡིན་ཚུལ་དང་རྡ་ས་ནས་ཁང་གླ་མང་པོ་ཆད་ཡོད་སྐོར་སོགས་ཀྱིས་སྐྱོན་བརྗོད་བྱས།
སྐད་ཆ་དྲང་མོར་ཞིག་བཤད་ན་ཨ་ཚོགས་ཀླུ་མཁར་བྱམས་རྒྱ་ནག་གཞུང་གིས་བཙོན་དུ་བཅུག་དོན་ནི། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་《མདོ་ཁམས་གཞོན་ནུའི་འཆི་ཕོད》ཚོགས་པ་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་བྱུང་བ་ཡིན། ད་དུང་ཁོང་གི་རོགས་པ་ཚེ་མགོན་དང་གནམ་ལོ་ཡག ཤ་བོ་རྒྱ་སོགས་དངོས་སུ་ཡོད་པ་མ་ཟད་གནམ་ལོ་ཡག་ཡང་བཙན་བྱོལ་ལ་འབྱོར་ནས་ད་ལྟ་ཨོ་སི་ཊི་ལི་ཡར་གཞིས་སྡོད་བྱས་ཡོད། དེ་ཚོ་ཚང་མ་ཀླུ་མཁར་བྱམས་དང་ལྷན་དུ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པའི་ནག་ཉེས་མཉམ་དུ་བཙུགས་ནས་ཡིག་ཆ་གཅིག་གི་སྟེང་ལ་ཁྲིམས་ཐག་མཉམ་པོར་བཅད་ས་ཤ་སྟག་རེད། ཁོང་གི་རྡ་སར་ཁང་གླ་མང་པོ་ཆད་ཡོད་རབས་བཤད་པ་དེ་བདེན་པ་ག་ལ་ཡིན།
སྐུ་ཞབས་ཀླུ་མཁར་བྱམས་ཀྱི་ཨ་ཞང་ལ་མཚོན་ན་མདོ་སྨད་གཞི་ཆགས་ནང་གི་རྒྱུ་འབྱོར་ཆེ་ཤོས་ཀྱི་གྲས་ཡིན་ལ། ཁོང་གི་ཨ་ཞང་གིས་ཀླུ་མཁར་བྱམས་ལ་ཁྱེད་བྷང་ལོར་ལ་ཤོག་དང་ངས་ཁྱེད་ལ་ཁང་པ་སྤྲད་སོགས་བཤད་པ་མ་ཟད་ཨ་ཞང་གཙོ་བོར་གྱུར་པའི་ཕྱི་རྒྱལ་ལ་ཡོད་པའི་སྤུན་ཟླ་དེ་ཚོས་ཀླུ་མཁར་བྱམས་ལ་དངུལ་སྒོར་འབུམ་ཕྲག་མང་པོ་གཏོང་གིན་ཡོད་པ་ཁོ་རང་ཉིད་ཀྱིས་ང་ལ་དངོས་སུ་བཤད་མྱངས། དེ་ལ་བསམས་ན་ཁོང་ཁང་གླ་ཙམ་གྱི་དཀའ་ངལ་ཡོད་མཁན་ཞིག་མིན་པ་གསལ་པོ་ཤེས་ཐུབ།
སྐུ་ཞབས་ཀླུ་མཁར་བྱམས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལོ་གསུམ་ལ་བསྡད་པའི་རྒྱུད་རིམ་ཁྲོད་ནས། ཅི་ཡང་མ་འཇོན་རབས་དང་མཐའ་མ་དགོངས་དག་ཅིག་ཞུས་ཏེ་སོང་ཚུལ་སོགས་བཤད་མཁན་འདུག་ལ། དོན་ངོ་མ་དེ་འདྲ་ཞིག་གཏན་ནས་མ་རེད། ཚོགས་གཞོན་ལོ་གསུམ་གྱི་རིང་ལ་འཐུས་ཤོར་འདི་ལ་སོང་འདུག་བསམ་པ་གཅིག་ཀྱང་མེད་པ་མ་ཟད། ད་དུང་ལས་འགུལ་གཅིག་པུ་མིན་པར་དཔལ་འབྱོར་མཁོ་སྒྲུབ་དང་ཚོགས་པ་ཡར་རྒྱས་སོགས་ཀྱི་ལས་གཞི་གང་མང་བསྒྲུབས་ཡོད་པ་མཐོང་ཐོས་སུ་གྱུར།
དེ་དོན་ཉུང་ཙམ་ཞུས་ན་རྡོ་གདན་དུས་དབང་སྐབས་དང་ཐེ་ཝན་སོགས་སུ་བོད་ཀྱི་གནས་སྟངས་འཁྲབ་སྟོན་སྐོར་སྐྱོད་གཙོ་བོར་གྱུར་པའི་ལས་འགུལ་གང་ཐུབ་སྤེལ་འདུག དེ་ཚོ་རེ་རེ་བཞིན་ཤེས་བར་འདོད་ན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བསྡོམས་ལ་གཟིགས་དང་གསར་པོར་མཁྱེན་ངེས། ཚོགས་པའི་ཐབ་ཚང་གསར་བཟོ་དང་ཚེམས་ཁང་འཁོར་ལོ་སུམ་ཅུ་མ་ཟིན་ཙམ་ཞིག་གསར་ཉོ། ལས་བྱེད་དང་སློབ་མའི་གློག་ཀླད་སོགས་ཆ་ཚང་གསར་ཉོ་བྱས། དཔལའབྱོར་སྐོར་ལ་གོང་གི་འགྲོ་སོང་ཚང་མ་ཕུད་པའི་སྔོན་གྱི་མ་རྩ་ལས་འབུམ་བཅུ་གྲངས་ཤིག་འཕར་མ་འདུག་ལ་རྩིས་ཁྲ་ཡང་རྒྱ་གར་དབུས་གཞུང་གི་ཁྲིམས་མཐུན་གྱི་འགྲོ་ལུགས་ལྟར་དུ་བཟོས་ཡོད།
མི་འགའ་ཤེས་ཀྱིས་ཨ་ཚོགས་ཀླུ་མཁར་བྱམས་ནི་ཁ་ཕོ་སྒྲོགས་མཁན་ཞིག་ལས་གཞན་གང་ཡང་འཇོན་མཁན་ཞིག་མིན་རབས་ཟེར་མོད། དེ་ལ་ངས་དཔེ་མཚོན་ཆུང་ཆུང་ཞིག་བཀོད་ན་ ༢༠༠༨.༡༠.༢༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རང་བཙན་བགྲོ་གླེང་སྟེང་།》《བོད་རང་བཙན་སྐྱ་ཐིག་དོན་ཚན་བཅོ་ལྔའི》གཏམ་བཤད་སྤེལ་བ་དེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་དོ་སྣང་སྤྲད་པ་མ་ཟད་རྒྱ་ནག་ནས་ཡེ་རྡེར་སོགས་ཀྱིས་དགག་ལན་བྲིས་པ་དང་ཨ་རིའི་ཕྱི་སྲིད་བློན་ཆེན་རྡ་སར་འབྱོར་ནས་སྐུ་ཞབས་ཀླུ་མཁར་བྱམས་ལ་ཐུགས་འཕྲད་ཀྱིས་བཅར་འདྲི་བྱས་པ་སོགས་བྱུང་ཡོད། ཁོང་གི་རྣམ་དཔྱོད་ཀྱི་ནུས་པ་ལ་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཨ་རྒྱ་གཉིས་ཀྱི་དོ་སྣང་བྱེད་ས་ཞིག་ཡིན་པ་དེ་ང་ཚོས་ངོས་ཟིན་ན་ལེགས། སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་”བླ་རྒན”ཟེར་བ་དེ་མི་འོས་ཚུལ་མང་པོ་བཤད་སོང་།
སྤྱིར་བླ་རྒན་ཟེར་བའི་བརྡ་ཆད་འདི་ཨམ་སྐད་ལ་དམའ་འབེབས་ཀྱི་ཚིག་ཅིག་ཡིན་པའི་གོ་བ་མེད་ལ། བླ་མ་རྒན་པ་ཞེས་པའི་བསྡུས་ཚིག་ལས་གཞན་གང་ཡང་མིན། ༧་གོང་ས་ཐམས་ཅད་མཁྱེན་པ་ཁོང་གིས་ཀྱང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་བླ་རྒན་མགོ་དཀར་ཞེས་གསུངས་འདུག་མོད་འདི་ལ་བསམ་ན་དམའ་འབེབས་ཀྱི་ཐ་སྙད་ཅིག་མིན་པ་ཤེས་ཐུབ། ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག ༢༠༡༠.༦.༡༡ ཉིན་སྤེལ་བས 《ཉི་མའི་སྲིབ་འཁྱག་གླེང་བ། 》ཞེས་པའི་ནང་དུ་”མ་གཞི་ཉི་མ་ནི་ས་གཞི་ལེབ་མོ་འདིའི་སྒང་ལ་ཉིན་སྲིབ་མེད་པར་དྲོད་ཁོལ་སྦྱིན་མཁན་ཞིག་ཡིན་པའི་དབང་དུ་བྱས་ཀྱང་། ཉི་མ་རང་སྟེང་དུ་སྲིབ་འཁྱག་གི་ཆ་མང་པོ་ཞིག་ཡོད་པ་གོར་མ་ཆག་ན། ཕྲན་གྱིས་ཀྱང་བླ་མ་ཉི་མ་འདྲ་བོའི་མཛད་པའི་སྲིབ་ངོས་ནས་གླེང་སློང་རྒྱའི་ཚོད་ལྟ་ཤིག་བྱས་པ་འདི་བཞིན་རྒྱ་མཚོའི་ནང་ལ་དཀར་ཐིགས་ཙམ་མོ།”ཅེས་བཀོད་འདུག་པ་ལ་དཔྱད་ན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་བརྩེ་བ་ཤ་གསེང་རུས་གསེང་དུ་ཐིམ་ཡོད་པར་གོར་མ་ཆག
བསམ་བློ་ཞིབ་ཏུ་གཏོང་དགོས་ས་ཞིག་ལ་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་བླ་མ་ཉི་མ་འདྲ་བོ་ཞེས་རྩོམ་ཡིག་བྲིས་པ་འདི་ཚོ་ཟུར་དུ་བཞག་སྟེ་དུས་བབ་དྲྭ་ཚིགས་ནང་ལ་”བླ་རྒན་”ཞེས་མཆན་བུ་ཞིག་བཀོད་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས་ནས། བོད་པའི་སྤྱི་ཚོགས་ཁྲོད་ནས་ཨ་ཚོགས་ཀླུ་མཁར་བྱམས་ནག་པོ་བཟོ་གང་ཐུབ་བྱེད་བཞིན་པ་འདི། མི་ག་གེ་མོ་ཞིག་གི་དམིགས་ཡུལ་མ་འགྲུབ་པས་ཡིན་ནམ། གནས་ལུགས་མེད་བཞིན་དུ་འདི་ལྟར་སྐྱོན་བརྗོད་བྱེད་དགོས་དོན་གང་ཡིན་ནམ། ཁྱེད་ཀྱི་རྒྱབ་ལོག་གི་མི་ཆེན་ལ་ངོ་སོ་བྱེད་ཆེད་ཡིན་ནམ།
དཔོན་ཆེན་ལ་རྐུབ་སྟེགས་སློང་ཆེད་ཡིན། ཁྱེད་ཀྱིས་མི་ངོ་དང་གནས་ལུགས་གཉིས་ཅིའི་ཕྱིར་བརྗེ་དགོས་བྱུང་སོང་ངམ། ཞེས་དོགས་པ་ཅན་གྱི་དྲི་བ་འགའ་རང་ཤུགས་ཀྱི་ཡོང་གིན་ལ། དོན་ངོ་མ་སྐུ་ཞབས་ཀླུ་མཁར་བྱམས་ལ་སྤྱི་ཚོགས་ནས་རྒྱང་ཕུད་གཏོང་དགོས་པ་དང་དམ་ཉམས་ཟེར་སོགས་ཀྱིས་མཚོན། ཚེ་འདི་ཕྱི་གཉིས་ལ་འགྲོ་ས་མེད་པ་བཟོ་དགོས་པའི་རྒྱུ་མཚན་ཞིག་གཏན་ནས་མ་ངེས། ཁོང་ལ་མཚོན་ན་རང་གི་ཚེ་སྲོག་དང་ལ་རྒྱ་གཉིས་བརྩི་མཐོང་དོ་མཉམ་འཛིན་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣལ་མ་ཞིག་ལས་གཞན་ནག་ཉེས་གང་ཡང་ཁོ་བོས་མ་རྙེད།
སྤོབས་པ་བླ་རི་ལས་མཐོ་བའི་རྒྱལ་གཅེས་དཔའ་བོ་ཞིག་འདི་ལྟར་ནག་པོ་བཟོ་བ་ནི་འོས་ཤིང་འཚམ་པ་ཞིག་ག་ལ་ཡིན་ཏེ་མ་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་གྱི་མི་རིགས་ཤིག་གི་བྱེད་སྟངས་དེ་བས་ཀྱང་མ་ཡིན་སྙམ། ཁོང་གིས་རང་ཉིད་ལ་སྐྱོན་བརྗོད་ཅི་ཙམ་བྱས་ན་དེ་དཀར་འདོན་བྱ་ཐབས་ལ་མི་འབད་པར་བོད་མི་རིགས་དང་རྒྱལ་ཁབ་ལ་མ་འདང་སའི་ཆ་གང་དུ་ཡོད་པ་དེ་ལ་མཛུབ་མོ་བཙུགས་ཏེ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན། འདི་ནི་རྒྱལ་གཅེས་དཔའ་བོའམ་ཡང་ན་བསམ་བློ་བའི་བྱེད་སྟངས་ཟེར་བ་དེ་ལོས་ཡིན་སྙམ་པ་བྱུང་། ངོ་བསྟོད་སྤྲེལ་ལད་ལ་བྱང་ཆ་མེད་པའི་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཉག་གཅིག་གླེང་ནས་ཕྱི་རྒྱལ་ལ་མི་འགྲོ་བར་རྡ་རམ་ས་ལར་བཞུགས་པ་དེ་ཡིད་སྨོན་སྐྱེ་གཞི་ཞིག་ལས་མ་འདས་པར་སེམས་སོ།།
2014.1.28
ཀླུ་མཁར་བྱམས་ལ་ནག་ཉེས་ཡོད་མ་རེད་ལ་ཞིབ་འཇུག་བྱས་ན་ཡང་ཀླུ་མཁར་བྱམས་ཀྱི་ནག་ཉེས་འདི་རེད་ཟེར་བ་ཞིག་ལ་ས་ལ་འབུད་རྒྱུ་ཡོད་མ་རེད་། ཀླུ་མཁར་བྱམས་ལ་ནག་ཉེས་འདུག་ཟེར་མཁན་ཚོ་ནི་ནག་ཉེས་ངོ་མ་བསགས་མཁན་ཚོ་རེད་།
ཀླུ་མཁར་བྱམས་ནི་ཤེས་འབྱོན་གཉིས་ལྡན་དང་། གཏད་སོ་ཡོད་པའི་གཏམ་དང་། མིའི་རང་གཤིས་གཉིས་ཀ་ཡོད་མཁན་ཞིག་རེད། ཤར་ཁུག་ཟེར་བ་དེ་ཆོས་ལུགས་དང་། ཆོལ་ཁའི་བར་ལ་དཀྲུག་ཤིང་བཞག་པ་ལས། རྙོག་དྲ་བསླང་བ་ལས་ཕན་ཐོགས་པའི་གཏམ་བཤད་མཁན་ཞིག་གཏན་ནས་མ་རེད། ཁོ་བོར་ཁུར་སྟངས་མེད་ཀྱང་ཀླུ་མཐར་བྱམས་ཀྱི་རང་གཤིས་ལ་ཡིད་སྨོན་ཤོར་ནས་ཡིན།
དེ་རིང་འདིར་ཚེ་འབར་ཟེར་པས་ཆེད་མངགས་དཀྲུགས་ཤིང་རྒྱག་གི་ཡོད་པ་འདི་ཚང་མས་ཤེས་དགོས་པ་རེད། འདིའི་ཚིག་སྦྱོར་ལ་བལྟས་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྟག་ལྷ་རྒྱལ་ཡིན་པ་ནི་ཐག་བཅད་ཆོག་པ་ཞིག་རེད། ཁོང་གི་གསར་འགྱུར་དབྱེ་ཞིབ་དང་དྲི་བ་དྲིས་ལན་ཚོར་ཉན་མྱོང་མཁན་ཞིག་ཡིན་ན་ཤེས་གསལ་རེད། བྱས་ཙང་ཀླུ་མཁར་བྱམས་དང་འབྲེལ་ནས་ཨ་རི་ནས་ངྷ་སར་ཁ་ལག་བསྐྱངས་པ་ཉུང་ཚོད་ཁྱོན་ནས་མིན་པ་འདི་ཡུལ་ངྷ་རམ་ས་ལའི་ཆེ་ཕྲ་ཚང་མས་ཀྱང་ཤེས་ཡོད་པ་རེད་ལ། ལྷག་དོན་བཀུར་འོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་ཨ་མདོའི་སྡེ་ཚན་གྱི་འགན་འཛིན་དཔལ་ལྡན་རྒྱལ་རྣམ་པ་གཉིས་ཀྱིས་འདི་ཚོའི་བྱེད་སྟངས་ལ་ཅིག་མ་གཟིགས་དུས། མི་གསོད་ཁྲག་སྦྱོར་ཚུན་ཆད་ཀྱི་སྣ་མི་འདྲེན་པའི་ངེས་པ་གཏན་ནས་མི་འདུག་པས་ཞུ་རྒྱུ་གཅིག་དེ་དང། གཉིས་ནས་སེར་བྱེས་གྲྭ་ཚང་ནས་༼ མེ་ཕྲེང་ ༽ཟེར་པའི་དཔེ་དེབ་ཅིག་བཏོན་སྟེ། དེའི་ནང་འཇམ་ནོར་དང་ཀླུ་མཁར་བྱམས་སོགས་ཀྱི་སྐུར་འདེབས་ལ་དྲང་པོའི་ལན་འདེབས་བྱས་འདུག་པས། ང་ཚོས་ཀླུ་མཁར་བྱམས་ལ་ངོ་མ་ནག་ཉེས་ཡོད་མེད་རྩོད་པ་བྱེད་དགོས་དོན་མི་འདུག གདན་ས་གྲྭ་ཚང་ཁག་གཙོས་རྒྱ་གར་ནང་ཡོངས་ཁྱབ་ཆགས་ཟིན་པའི་གནས་ཚུལ་ཞིག་ཚེ་འབར་རམ་སྟག་ལྷ་རྒྱལ་གྱིས་ཤེས་བཞིན་མི་ཤེས་ཁུལ་གྱི་ཁྱད་གསོད་བྱས་པ་འདི་རིག་རྩལ་ཐབས་ཆག་ཅིག་ཡིན་བསམ་གི་ཡོད་ཀྱི་རེད་མོད། བོད་མི་ས་ཡ་དྲུག་གི་ཡིད་ཆེས་བློ་གཏོད་ཀྱི་མཐུས་ཀྱང་ལས་རྒྱུ་འབྲས་ལྟར་སོང་ན་ཏན་ཏན་ཁྱེད་ལ་ཁྱེད་ཀྱི་རིག་པ་ཐབས་ཆག་འདི་ནོར་སོང་བསམས་པའི་ངེས་ཤིག་བརྒྱ་ཆ་བརྒྱ་ཐམ་པ་སྐྱེ་གི་རེད་འདོད། དེས་ནས་ཀླུ་མཁར་བྱམས་ཀྱི་དག་ཐབས་མེད་པའི་གཏམ་རྫིག་ཁ་ཤས་འོག་ཏུ་འདྲེན་ན། ཞིབ་ཏུ་༼ མེ་ཕྲེང་༽ལས་ཤེས་པར་འཚལ།།
༡ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས ༼ དེ་རིང་གི་ཏྰ་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་༽དང༼ བླ་རྒན་ལ་དགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་༽ཅེས་དང། །
༢ ཡང་ཁོས། ༼ ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།།
༣ ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས༡༡ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང། ༼ ༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་ཚུལ་ལ་བལྟས་ཚེ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག༽
༤ ཕྱི་ལོ་༢༠༠༨ཟླ་༦ཚེས༣༠ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས། ༼ རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་༽ཅེས་བཤད།
༥ ཡང་ཁོ་པས། ༼ ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་༽ཅེས་དང།
༦ཡང་ཁོས་༼གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད༽ཅེས་བཤད།
དབུ་མའི་ལམ་ལ་འགྱུར་བ་གཏོང་མི་ཆོག་ཅེས་སུས་ཀྱང་ལབ་མྱོང་མེད་ཀྱང་ཀླུ་མཁར་བྱམས་ཀྱིས་མཐོང་ཆུང་ཁྱད་གསོད་ཀྱིས།།
༼ རྒྱ་མིའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེང་སང་ལྟ་གྲུབ་ཅིག་གི་གནད་དོན་མ་ཡིན་པར། ཁེ་ཕན་ཤོག་ཁག་གི་འབུ་སྲིན་འཚངས་སའི་རྫབ་དོང་ཞིག་ཆགས་ཡོད། སོང་ཙང་ཤོག་ཁག་དེས་ཡོད་ཚད་ལ་བཅོས་བསྒྱུར་གཏོང་ཆོག་མོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་མི་ཆོག་ལུགས་བརྗོད་ཀྱིན་ཡོད་ལ། དེ་བཞིན་འདི་གར་ཡང་གནམ་ས་བླ་འོག་བརྗེ་ཆོག་ཀྱང་། ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་ཟེར་བ་ཡག་རྟགས་ཤིག་མིན།༽
ཡང་ཁོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་བརྒྱབས་ཚུལ་བཤད་པ།
༼༼ སྲིད་པའི་ཁམས་འདིར་ཅི་ཡང་སྲིད་ལ་ཅི་ཡང་ཆོག ལོ་བཅུ་འདིའི་ནང་ཚུན་ལ་རྒྱ་ཆེ་སར༼༌༌༌་་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་༽གྲོས་ཚོགས་ལ་མ་བསྟན་པར་རྒྱ་མིར་སྤྲད་པ། མང་ཚོགས་ཀྱི་རེ་འདུན་ལ་མ་བལྟས་པར་བོད་གཞུང་གི་མིང་བྱང་བརྗེ་བ། གཞུང་གཉེར་ཁེ་ལས་ཚང་མ་ལྟ་གྲུབ་དང་མ་མཐུན་ན་ནང་ཁུལ་བརྒྱུད་ཚོང་བྱས་ཆོག་པ། ལྷ་འདྲེ་གདོན་འགེགས་རྩ་མེད་བྱ་ཆེད་གཞུང་རྒྱུ་བཏང་ནས་ལས་འགུལ་སྤེལ་བ། ད་དུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་བརྒྱབས་པ་དང་། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་སོགས༽༽
ཀླུ་མཁར་བྱམས་ཀྱི་ཉེས་པ་རྫོགས་མཐའ་མི་འདུག ༸གོང་ས་མཆོག་ཐུགས་ཕམ་བྱུང་དོན་ཡང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་བརྒྱབས་པ་ཞེས་པ་འདིའི་སྐོར་རེད།
དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་ཁ་ལོ་བསྒྱུར་མཁན་དགའ་ལྡན་ཕོ་བྲང་མཇུག་བསྡུ་བྱས་པ་མ་གཏོགས་དེའི་སྲིད་དབང་རྒྱུན་གནས་མུ་མཐུད་འགྲོ་བཞིན་ཀྱང། ཁོས་སྲིད་དབང་སྒོ་བརྒྱབས་པ་རེད་ཅེས་བཤད་པ་སོགས་གང་ལྟར་མི་དེའི་བཤད་བཤད་ཅིག་གླེང་ན་ཉེས་པ་དག་ཐབས་ག་ལ་ཡོད།།
ད་དུང་སློབ་དཔོན་ཟམ་གདོང་རིན་པོ་ཆེར་དོལ་རྒྱལ་ལས་ཀྱང་ཐབས་རྡུག་པའི་ཐ་སྙད་ཚུན་ཆད་བཙོག་པ་དེ་འདྲ་བེད་སྤྱོད་བཏང་ཡོད་པ་རེད་ལ། རྒྱ་མི་ལ་དགོས་པ། དཔེར་ན་བཀའ་ཤག་སྔོན་མའི་ལོ་བཅུ་ནི་སྲིད་དབང་སྒེར་གཅོད་དུས་ཡུན་ལྟ་བུ་ཞིག་རེད་ཅེས་བཤད་ཡོད།
ཁཽ་པས། ༼ ་་་་་་་བཀའ་ཤག་གིས་ཁྱོན་ཡོངས་ནས་ལམ་དབུ་མ་འདི་བཞིན་དབང་བསྒྱུར་གྲལ་རིམ་ཀྱི་ཁེ་ཕན་ངོ་བོ་ཁོ་ནར་བསྒྱུར་བའི་ལོ་བཅུ་ཡིན།༽དང། ༼ གོ་སྐབས་སྣ་ཚོགས་ཀྱི་ཟུར་མཇལ་དེ་དག་བསམ་ཚེ། གནམ་ཟམ་གདོང་ལ་དབང་བའི་འོག་གི་ལོ་བཅུ་འདི་ཐུང་སྐྱོན་མེད་འགྲོ༌༌༌༌༌ ཡིན་ནའང་། ལོ་བཅུ་འདིའི་ནང་ཆབ་སྲིད་བསམ་བློའི་ཁྱབ་ཁོངས་ལ་ལྷ་སྒྲུང་ལག་ཆར་སྤེལ་བ་དང་། བོད་རང་བཙན་རྩོད་མཁན་ཚོ་དོལ་རྒྱལ་བརྟེན་མཁན་ལས་ཀྱང་ཉེན་ཁ་ཆེན་པོ་རེད་ཟེར་ནས་དྲིལ་བསྒྲག་པ། གཞུང་ཞབས་རྣམས་ཚོགས་སྐྱིད་ཁག་གི་ལས་འགུལ་ནང་ཞུགས་མི་ཆོག་ཁར། གཞུང་དང་ལྟ་བ་མི་མཐུན་སར་ཞལ་འདེབས་ཡན་ཆད་སྤྲོད་མི་ཆོག་པའི་བཀོད་ཁྱབ་བཏང་ལུགས་སོགས་༌༌༌༌ནང་མཚང་བཤད་དགོས་བྱུང་ན། ངོ་མ་རྟ་ལམ་བོང་བུའི་འགག་པའི་ལོ་བཅུ་བོ་རིང་དྲགས་སོང་ཡཱ༌༌༌༌༌༽སོགས་དམ་པ་རྣམས་ལ་བོང་བུའི་གཟུགས་སུ་བཀོད་པ་དང། ཆབ་སྲིད་བཤད་ཁུལ་གྱིས་དྲང་བདེན་མིན་པའི་སྐྱག་རྫུན་རྐྱང་རྐྱང་བཤད་ཡོད་པ་ཀུན་གྱིས་མཐོང་གསལ་འདི་རེད།
ཀླུ་མཁར་བྱམས་ལ་ཤར་ཕྱོགས་ཁུག་རྟ་ནང་བཞིན་མེད་པའི་ལོ་རྒྱུས་དགུ
༡)
ཤར་ཕྱོགས་ཁུག་རྟ་ནང་བཞིན་༧རྒྱལ་བ་རིན་པོ་ཆེ་དང་སྐུ་སྒེར་ཡིག་ཚང་ལ་མགོ་སྐོར་བཏང་བའི་ལོ་རྒྱུས་མེད་།
༢)
ཤར་ཕྱོགས་ཁུག་རྟ་ནང་བཞིན་དགེ་ཆོས་སྤྲུལ་སྐུ་ཡིན་ཟེར་ནས་སྐུ་སྒེར་ནས་ཁེ་ཕོགས་བླངས་མེད་བའི་ལོ་རྒྱུས་མེད་།
༣)
ཤར་ཕྱོགས་ཁུག་རྟ་ནང་བཞིན་ས་ར་མཐོ་སློབ་གྱི་མཐུན་རྐྱེན་སྤྱོད་ཆེད་གྲྭ་ཆས་བསྣབས་པའི་ལོ་རྒྱུས་མེད་།
༤)
ཤར་ཕྱོགས་ཁུག་རྟ་ནང་བཞིན་རང་བཙན་རྩོད་མཁན་དང་དབུ་མའི་བསམ་བློ་འཛིན་མཁན་གཉིས་ཀྱི་དབར་ལ་དབྱེན་དཀྲུགས་བྱས་བའི་ལོ་རྒྱུས་མེད་།
༥)
ཤར་ཕྱོགས་ཁུག་རྟ་ནང་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་ལ་སྡང་ཟུག་བྱས་པའི་ལོ་རྒྱུས་མེད་།
༦)
ཤར་ཕྱོགས་ཁུག་རྟ་ནང་བཞིན་ཟམ་གདོང་བླ་མར་སྦྲེལ་ལད་འཁྲབ་པའི་ལོ་རྒྱུས་མེད་།
༧)
ཤར་ཕྱོགས་ཁུག་རྟ་ནང་བཞིན་རང་གི་ཕ་མེས་ཡང་མེས་ཚོའི་གཅེས་བའི་ཁྲག་འཇིབས་མཁན་གྱི་རྒྱ་དམར་གྱི་དར་ཆ་དམར་པོ་དེ་རང་གི་མགོ་ལ་འཕྱར་བའི་ལོ་རྒྱུས་མེད་།
༨)
ཤར་ཕྱོགས་ཁུག་རྟ་ནང་བཞིན་བཀག་ཤག་ནས་ཕུད་ཅིང་ལན་འདེབས་ཚོགས་ཆུང་ནས་ཕུད་ཐ་ན་དབུ་མའི་ལས་འགུལ་ཁང་ནས་ཕྱི་ལ་གཡུགས་པའི་ལོ་རྒྱུས་མེད་།
༩)
ཤར་ཕྱོགས་ཁུག་རྟ་ནང་བཞིན་༧སྐྱབས་མགོན་་རིན་པོ་ཆེ་ལ་མགོ་སྐོར་དང་ཟམ་གདོང་སྤྲུལ་སྐུར་སྤྲེལ་ལད་། བློ་སེང་བཀའ་ཤག་ལ་སྡང་ཟུག་སོགས་བྱས་བའི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མེད་།
ད་ལྟད་མོ་འདུག་ཡ
ཀླུ་མཁར་བྱམས་ལ་ཡོད་པའི་དཀའ་ངལ་དྲུག
༡) གང་བསམ་པ་དེ་སུ་གང་ལ་མི་བསྟུན་པར་ཁ་རུ་ཁ་ཐུག་ལ་བཤད་ཕོད་པ་དང་སྒྲུབ་ཕོད་པའི་བློ་སྟོབས།
༢) རང་བཙན་གྱི་ལྟ་བ་དེ་མ་འཆི་བར་དུ་ཉར་ཐུབ་པའི་དཔའ་སྤོབས།
༣) བླ་མ་དང་དཔོན་པོ། སྐུ་དྲག་སོགས་ལ་སྤྲེལ་ལད་སྣ་གཅིག་འཁྲབ་མི་ཤེས་བའི་དཀའ་ངལ།
༤) བོད་དོན་ཐད་བསམ་ཚུལ་གང་ཡོད་པ་དེ་དཔྱད་ཞིབ་བྱས་ནས་འབྲི་བ་མ་གཏོགས་གཞན་གྱི་བཀོད་ཇུས་འོག་མི་འགྲོ་བའི་གཤིས་ཀ
༥) ༧སྐྱབས་མགོན་རིན་པོ་ཆེ་དང་ཟམ་གདོང་སྤྲུལ་སྐུ་སོགས་ལ་སྤྲེལ་ལད་དང་མགོ་སྐོར་སོགས་གཏོང་འདོད་ཀྱི་བསམ་པ་ཏིལ་འབྲུ་ཙམ་ཡང་མེད་པའི་སྤྲང་བོ།
༦) རང་གི་ལྟ་བ་གཙོ་བོར་འཛིན་པ་མ་གཏོགས་རང་གི་ལྟོ་གོས་གཙོ་བོར་མི་འཛིན་པའི་གླེན་པ།
རེད་ཡ། རྡ་སའི་ལྷ་འཁྲུགས་ཤོག་ཁག་གིས་དད་པ་མེད་པའི་ཀླུ་མཁར་བྱམས་ཀྱི་སྒོ་བརྡུང་པའི་མཇུག་འབྲས་འདི་རེད། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་འདི་དད་གཙོ་མ་རེད། ལོ་སྒྱུས་རང་བཞིན་དང་འབྱུང་འགྱུར་མི་རིགས་འདི་གནས་དགོས་ཙང་མི་རབས་གཅིག་གིས་ཡོངས་རྫོགས་མཇུག་བསྒྲིལ་རྒྱུ་ཞིག་མིན་ཙང་ཆབ་སྲིད་ཀྱི་རྩ་དོན་གཙོ་བོར་འཛིན་རྒྱུ་ལས་ལྷག་མེད་པ་རེད། ཀླུ་མཁར་བྱམས་ལགས་ཀྱིས་བརྗོད་ཚད་ཚང་མ་བདེན་པ་མིན་ཡང་གང་ལ་གང་ཙམ་བདེན་པའི་ཆ་འདུག། མ་ཟད་ཁོང་མི་རིགས་ཀྱི་དོན་དུ་རྒྱའི་སྡུག་སྦྱོང་སྣ་ཚོགས་མྱང་མྱོང་བའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པའི་ཆ་ནས་གུས་བརྩི་ཡོད་ལ། བཙན་བྱོལ་གྱི་གུང་ཁྲན་དང་སྐརྨ་གཅིག་གི་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་པའི་སྲིད་ཚོང་པའི་ཤོག་ཁག་དེ་ཚོ་དང་གཏན་ནས་འདྲ་ཡི་མ་རེད། དམངས་གཙོ་དང་སྨྲ་བརྗོད་རང་དབང་གསོལ་བརྩལ་གནང་བ་དོན་ལ་གནས་ཡོད་ན་འདིའི་་རྒྱ་ལས་བརྒལ་མི་འདུག་པས་དགོངས་བཞེས་གནང་རྒྱུ་གལ་ཆེན་པོ་རེད། གཞི་རྩའི་ཀླུ་མཁར་བྱམས་ལགས་ཀྱི་བསྐོར་མ་རྩོམ་ནང་གསལ་པོ་དག་པོ་བྲིས་འདུག་ལ་ཁོང་རང་བཙན་ལྟ་གྲུབ་པ་ཞིག་གིས་ལམ་དབུ་མའི་འགལ་ཟླར་གྱུར་པ་རྒྱུ་མཚན་དུ་བྱས་ནས་ཉེས་པ་འདི་ཚོ་བཙན་གྱིས་བཀལ་གྱིན་ཡོད་ན་ནོར་བ་རེད། མ་གཞི་བོད་མི་རིགས་འདི་དུས་རབས་ཉེར་གཅིག་ལ་སླེབས་ནས་རྒྱུན་རིང་སོང་ཡང་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེག་འཛིན། རྨོངས་དད་ཀྱི་རྒྱ་ལས་གྲོལ་མེད་ཙང་རྙོག་འཛིང་སྣ་མང་རང་བཞིན་ཅན་འདི་རྫོགས་མཐའ་མེད་ཡ།
ཤར་ཁུག་གི་ཨ་ཁུ་སུད་སིར་ཡོད་པའི་ཚུལ་ཁྲིམས་ཀྲས་སེར་ཡིན་རབས་དང་ཁོས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཤར་ཁུག་དགེ་ཆོས་ཀྱི་སྤྲུལ་རྫུན་བཟོས་རབས། སཱ་རར་སློབ་སྦྱོང་གི་གོ་སྐབས་རག་རབས། ཐེ་ཝན་དུ་རྒྱ་ཡིག་སྦྱོང་རྒྱུའི་གོ་སྐབས་རག་རབས་མང་པོ་ཞིག་གོ་རྒྱུ་འདུག་པས་བདེན་མིན་མི་ཤེས། འདིའི་བསྐོར་མཁྱེན་མཁན་ཡོད་ན་ངོ་སྤྲོད་གཅིག་གནང་རོགས། གལ་ཏེ་བདེན་པ་ཡིན་ན་དཔེ་བསགས་པ་རེད། ཚུལ་ཁྲིམས་ཀྲས་སེར་གྱིས་མངོན་སུམ་འཛེམ་མེད་ཀྱིས་ལོ་ལྟར་ཀྲུང་གོའི་གཞུང་ཚབ་ཀྱི་ལོ་གསར་རྒྱས་སྟོན་ལ་འགྲོ་བ་སུད་སི་མི་དམངས་ཀྱིས་གསལ་གསལ་དག་དག་ཤེས་ཀྱི་ཡོད་པ་རེད། ང་ཚོས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེག་མཚོན་པའི་དམར་གསོད་དང་བཙོན་འཇུག་སོགས་གདུག་རྩུབ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་འོག། མི་ཆོས་ལས་འདས་པའི་མནར་གཅོད་མྱང་དང་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱི་ལོ་གསར་གཏོང་གི་མེད། འོན་ཀྱང་མི་འདི་ཚོའི་བྱ་བྱེད་ལས་གསུམ་ལ་ཞེ་མེར་ལངས་ཀྱི་འདུག་ལ་བོད་མི་རིགས་ཀྱིས་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་དགོས་ངེས་དེ་འདི་ཚོ་རེད།
གོང་གི་འཕྲིན་ལས་ལྷུན་གྲུབ་ཟེར་བ་དེ་ཤར་ཁུག་རེད་ད། དེ་ཚང་མས་ཤེས་དགོས་ཡ་གལ་ཆེན་པོ་རེད། ཁོས་དེང་སང་ངོ་དེབ་དང་དྲྭ་མཆན་སོགས་ལ་མིང་འདྲ་མིན་བཀོད་ནས་ཁོ་རང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཟེར། ཁྱི་རྒན་དེའི་ལས་སཉཏངས་ལ་ལྟོས་དང་ཁོ་མི་ག་འདྲ་ཞིག་ཡིན་མིན་ཧ་གོ་གྱི་མི་འདུག་གམ། ཀླུ་བྱམས་ཟེར་བ་དེ་ལ་ཆ་རྒྱུས་ཅི་ཡང་མེད། བཏང་སྙོམས་ཡིན།
གང་ལྟར་ཡང་བརྗོད་གཞིར་གྱུར་བའི་ཀླུ་མཁར་དང་ཤར་ཁུག་གཉིས་ལ་སོ་སོའི་སྐྱོན་དང་དགེ་མཚན་གཉིས་ཀ་ཡོད་པ་རེད། སྐྱོན་གྱི་ཆ་ནས་བཤད་ན། སྐྱོན་འགའ་རེ་གང་ཟག་སྒེར་གྱི་སྐྱོན་རེད། དེར་ང་ཚོས་དེ་ཙམ་སྐྱོན་ལ་ལྟ་མི་རུང་། འོན་ཀྱང་། གཞན་ཆ་འགའ་རེ་སྤྱི་ཚོགས་ཁྱོན་ཡོངས་ལ་ཕོག་ཐུག་འགྲོ་བའི་ཞན་ཆ་རེད། དེ་ནི་ཧ་ཅང་གི་གནད་འགག་ཅན་ཞིག་རེད། དེའི་ཐད་ཕྱོགས་གཉིས་ཀར་ཞན་ཆ་འདུག ཀླུ་མཁར་ལ་མཚོན། སྐད་ཆ་འགའ་ཞིག་རང་ཉིད་སྔོན་མཐོན་པར་རློམ་ཆེད་དུ་བཤད་པའི་བཟོ་ལྟ་འདུག དེར་བརྟེན་ན་རྡ་སར་ཀླུ་མཁར་འབྱམས་གླེང་བ་སོགས་བླུན་པོ་རྗེས་འཇུག་པའང་འགའ་བྱུང་ཡོད། དེ་བཞིན་དུ། ཤར་ཁུག་དེ་འང་ཆབ་སྲིད་མི་ཤེས་པའི་གླན་པ་ལུག་ལྟ་བུ་ཞིག་རེད། ཁོ་པས་སྤྱི་ཚོགས་ཧྲིལ་པོའི་གནས་བབ་ལ་མ་བལྟས་པར་རྒྱ་དམར་རྒྱ་དར་དཔུང་པར་ཁྱེར་ནས་རྒྱ་གཞུང་གི་གཞུང་ཚབ་མདུན་དུ་ཕྱིན་པ་རེད། བྱེད་རིགས་དེ་དག་ནི་ཚད་ལས་འདས་པའི་ཞན་ཆ་ཁག་རེད། གང་ལྟར་མི་དེ་གཉིས་ཀ་ལ་སྤྱི་པའི་རྐུབ་སྟེགས་སྟེང་བསྡད་དེ་སྤྱི་མང་སྣེ་ཁྲིད་པའི་འོས་བབ་དང་།་ཆ་རྐྱེན་དེ་ཚང་མེད་པར་ངས་འདོད་ཀྱི་ཡོད།
ཁུག་རྟ་ལ་སྐུ་སྒེར་ཡིག་ཚང་ནས་བདག་དོན་དེ་ཁོ་ལ་དམིགས་བསལ་གྱི་ཁྱད་ཆོས་དང་སློབ་སྦྱོང་ཡག་པོ་ཡོད་པས་གང་ཡང་མ་རེད། ཁོའི་ཕ་རྒན་གྱིས་ཚུལ་ཁྲིམས་བཀྲས་སེར་ལ་མངགས་བཅོལ་བྱས་པ་ལྟར་ཚུལ་ཁྲིམས་བཀྲས་སེར་ཀྱིས་སྐུ་སྒེར་དང་འབྲེལ་ཡོད་ག་གེ་མོ་ཞིག་བརྒྱུད་ནས་སློབ་ཡོན་སོགས་བདག་སྐྱོང་གནང་བ་ཞིག་ཡིན་འདུག ཡིན་ནའང་། བདག་སྐྱོང་གནང་བ་འགྲིག་མི་འདུག་ཟེར་གྱི་མེད། ད་རུང་སྤྱི་འཐུས་ལ་འཚམ་པོ་མི་འདུག རྗེས་མ་མི་ཤེས། མདོ་སྨད་སྤྱི་འཐུས་ལ་ནོར་གླིང་སྐུ་དངོས་ཟུར་བ་སྒྲོལ་མ་སྐྱབས་འཚམས་ཤོས་རེད།
ཆབ་སྲིད་པར་ག་དུས་ཡིན་ནའང་། ཁ་གཡོག་སའི་འབེན་ཞིག་དགོས། དེ་མེད་ན། ཁྱོད་ཀྱི་སྐྱོན་ཆ་རྣམས་སུ་ལ་འགེལ་ལམ། དབུ་མ་རྩོད་མཁན་རྣམས་ལ་རྒྱ་ནག་གལ་ཆེན་པོ་མ་རེད། གཙོ་བོ་ཁ་གཏད་རང་བཙན་པ་རྣམས་རེད། རང་གིས་མ་འཇོན་པའི་སྐབས། གཞན་ལ་མཛུབ་མོ་སྐེལ་ས་ཞིག་དགོས། བྱས་ཙང་དབུ་མ་པ་ལ་ཀླུ་མཁར་བྱམས་བརྙེད་པ་འདི་ཁོང་ཚོའི་བསོད་ནམས་རེད།
རྒྱ་ནག་ལ་མཚོན་ན། ཁ་བྲལ་རིང་ལུགས་པ་དང་སིམ་འཛུལ་རིང་ལུགས་པ་དང་། འཇིགས་སྐུལ་རིང་ལུགས་པ་སོགས་ལ་ཁ་བསྐོར་ནས། དོན་དངོས་ལྐོག་ཟ་དང་ལྐོག་རྒྱོ། ལྐོག་གསོད་ཤ་སྟག་བརྒྱབ་ནས་དམར་ཚོགས་འདི་རུལ་བ་རེད།
རང་བཙན་པ་ཚོས་ཀྱང་རྒྱ་ནག་ལ་ཁ་མི་གཏད་པར། འཇམ་ནོར་ལྟ་བུས་རྒྱལ་བ་རིན་པོ་ཆེར་ཁ་གཏད་ནས་རང་བཙན་གྱི་རྙོག་ཁྲ་བཙོང་བ་འདི་ཡང་གོང་གི་ཐབས་ཤེས་རེད། རྒྱལ་བ་རིན་པོ་ཆེ་དགོངས་པ་ཞུས་པའི་ཉིན་མོ་དེར་གྱོང་གཙོ་བོ་གཅིག་འཇམ་ནོར་ལ་རགས་ཡོད། ད་སྐྱོན་སུ་ལ་འཛུགས་སམ། གོང་ས་མཆོག་བོད་གཞུང་གི་དབུ་ཁྲིད་ནས་དགོངས་ཞུས་གནང་བའི་ཉིན་མོ་དེ་ནས་འཇམ་ནོར་གྱི་རྩོམ་ཡིག་ཀློག་མཁན་ཡང་ཇེ་ཉུང་རེད། ཁོང་གིས་བྲིས་པ་ཡང་ཇེ་ཉུང་རེད། བསམ་བློ་ཐོངས་དང་།
དགོད་བྲོ་བ་ཞིག་ལ་སྔོན་ན་པ་ལེ་སི་ཏན་གྱི་མགོ་ཁྲིད་ཨར་ར་ཕག་ཀྲིར་སྐྱོན་བརྗོད་མཁན་གཙོ་བོ་ཨེ་སི་རལ་མ་རེད། པ་ལེ་སི་ཏན་གྱི་ཆབ་སྲིད་ཤོག་ཁག་གཞན་པ་རྣམས་རེད། བར་སྐབས་ཤིག་ལ་པ་ལེ་སི་ཏན་ནང་ཁུལ་གྱི་རྒལ་བ་དེ་མེ་ལྟར་འབར་ནས་ཧ་ལམ་ཕན་ཚུན་གསོད་རེས་བྱེད་གྲབས་ལ་བསླེབས་སྐབས། ཨེ་སི་རལ་གྱིས་ཨ་རིར་ཞུ་བ་འཐེན་ནས། ཁོང་གཉིས་ཀྱི་འགལ་ཟླ་དེ་ཏོག་ཙམ་ཆུང་རུ་གཏོང་རོགས། དེ་ལྟར་མ་བྱས་ན། ཨར་ར་ཕ་ཀྲི་ཤི་ན། པ་ལེ་སི་ཏན་སྤྱི་ཡོངས་ཀྱི་མགོ་པ་མེད་པར་གྱུར་ནས། དྲག་སྤྱོད་སླར་ཡང་མགོ་འཛུགས་སྲིད་ཟེར།
རང་བཙན་གླེང་ནས་༧རྒྱལ་བའི་དགོངས་པ་དང་མ་བསྟུན་ནའང་རྒྱལ་བ་རིན་པོ་ཆེ་ལ་རྩིས་བཀུར་མེད་པའི་མིང་ཚིག་བཀོལ་སྤྱོད་བྱེད་པ་དེ་ནི་ཀླུ་མཁར་བྱམས་ཀྱི་མཚང་ཡིན་པ་གོར་མ་ཆག ཀླུའི་རང་བཙན་གྱི་ལྟ་བ་བཟང་མོད། ཡིན་ནའང་རྒྱལ་བ་རིན་པོ་ཆེར་ཚིག་ངན་བེད་སྤྱོད་བྱས་པ་དེར་ཇི་སྲིད་དགོངས་དག་མ་ཞུ་བར་དུ་ཀླུ་མཁར་བྱམས་ལ་ལུས་ངག་ཡིད་གསུམ་གྱི་རྒྱབ་བསྐྱོར་མེད།
ཨོ་སི་ཌི་ལི་ཡའི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དེ་ཀླུ་མཁར་བྱམས་ཀྱི་སྦྱིན་བདག་རེད། ཧཧཧཧཧ
རེད་རེད་རེད། ང་ཤར་ཕྱོགས་ཁུག་རྟ་ཡིན་ངེས་རེད། ཧཧཧཧཧཧ ཀླུ་མཁར་བྱམས་ཀྱི་སྐྱོན་བཏོན་པས་ང་ཤར་ཕྱོགས་ཁུག་རྟར་གྱུར་སོང་བ་ཡིན་ངེས་རེད། ངོ་ནས་དགོད་ཀྱི་ཡོང་གི བོད་ཕྱི་ནང་གཉིས་དང། ལྷག་པར་བཙན་བྱོལ་བོད་མིའི་དགོན་སྡེ་གྲྭ་ཚང་གི་ཁག་གི་བླ་ཆེན་མཁན་པོ་ནས་འོག་གྲྭ་རྐྱང་ཡན་ཆད། གཞིས་ཆགས་ཁག་གི་གཞིས་མགོ་ནས་མི་མང་དཀྱུས་མ་ཡན་ཆད། ཚོགས་པ་ཁག་གི་ཚོགས་གཙོ་ནས་ཚོགས་མི་དཀྱུས་མ་ཡན་ཆད། ༸རྒྱལ་བ་རིན་པོ་ཆེ་རང་ཉིད་ནས་གཞུང་ཞབས་དཀྱུས་མ་ཡན་ཆད་ཚང་མས། ཀླུ་མཁར་བྱམས་ཀྱིས་ད་བར་མཚན་སྨོད་ཅི་ཞུས་མཁྱེན་གྱི་ཡོད་སྟབས། འོ་ན་དེ་ཚང་མ་ཤར་ཕྱོགས་ཁུག་རྟས་བྱས་པ་ཡིན་རྒྱུ་རེད་ཝ། ཧཧཧཧཧ ཀླུ་མཁར་བྱམས་ལ་ཁ་འཁྱེར་ནས་རྙོག་དྲ་སློང་བ་འདི་ལ་ང་འདོད་པ་ཁྱོན་ནས་མེད། དམིགས་བསལ་མདོ་སྨད་ནང་འཁྲུངས་སློང་མཁན་ཀླུ་མཁར་བྱམས་ཡིན་པ་མ་ཤེས་སམ།
ཁོས་ཞིང་གཤེགས་ཨ་ལགས་འཇིགས་མེད་ཚང་༸གོང་ས་མཆོག་གི་སྐུ་ཚབ་ཏུ་མངགས་སྐབས་ནང་དོ་ན༸པཎ་ཆེན་རིན་པོ་ཆེར་ངོ་རྒོལ་བྱ་འགུལ་སྤེལ་རྒྱུར་མངགས་ཆ་བྱས་ཡོད་ཚུལ་བྲིས་ཡོད་པ་རེད། ཨ་ལགས་འཇིགས་མེད་༸གོང་ས་མཆོག་གི་སྐུ་ཚབ་རེད་གདའ། བསམ་བློ་ཐོངས་དང། ༸གོང་ས་མཆོག་ལ་བརྩི་བཀུར་ག་ཚོད་བྱེད་ཀྱི་འདུག་གམ། གཉིས་ནས། ཨ་ལགས་འཇིགས་མེད་ཚང་ཡང་བདག་མེད་དེ་འདྲ་མ་རེད་ཝ། རྣམ་པ་ཚོས་གཙོ་བོ་ངས་གོང་དུ་བཤད་པ་ལྟར། སེ་ར་ནས་བཏོན་པའི་༼ མེ་ཕྲེང་༽ལ་གཟིགས་དང། ཧ་གོ་གི་རེད། དེ་མིན་འདི་འདྲར་ཆུ་ཚོད་འཕྲོ་བརླག་ལ་བཏང་ན་ཆོ་མེད། དེ་ལས་ཡུལ་གྱི་སྤྱི་དོན་ལ་མི་འཇོན་ཡང་རང་གི་རང་དོན་ལ་འབུངས་དང་དེས་ཕན་གི་རེད།།
ངས་བལྟས་ན་དོན་ངོ་མའི་ནག་ཉེས་འདུག
རྒྱུ་མཚན་ནི། བལ་ཡུལ་ལ་༧པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་དུ་མངགས་པའི་བོད་གཞུང་གི་སྐུ་ཚབ་རྣམ་པ་ནི་སྐུ་ཉིད་ལ་ངོ་རྒོལ་བྱེད་དུ་མངགས་པ་ཞིག་ཀླུ་མཁར་བྱམས་ཀྱིས་བཤད་ཡོད་པ་རེད།
སྐད་ཆ་འདི་ལ་མཐའ་འདེད་ཅིག་བཏང་ཚེ། དེར་དཀྲོགས་གཏམ་བཟོས་པ་མིན་རུང་བསྒྲགས་པའི་ནག་ཉེས་ནི་འབབ་ཁོ་ཐག་རེད། བྱས་ཙང་དོན་མའི་ནག་ཉེས་འདུག་བསམ་བཞིན་ཡོད། ལྷག་བསམ་རྣམ་དག་དང་སྐད་ཆ་དྲང་མོ་ཡིན།
ཀླུ་བྱམས་དང་ཤར་ཁུག་སུ་ཡིན་ཡང་བོད་མི་མང་སྤྱི་འཐུས་ཤིག་གི་འོས་ཆོས་ཚང་མེད་པས་རེ་བ་བྱེད་རན་མི་འདུག ངོ་མ་ཡིན། གཞན་པ་རེ་ངོ་སྤྲོད་བྱེད་རྒྱུ་མེད་དམ། མེད་ན་སྤྲོ་ཚིགས་རང་ལ་རེ་བ་བྱེད་རྒྱུ་ཡིན། ངོ་མ་ཡིན།
ཚང་མས་བསམ་ཚུལ་ཤོད་དང་མུ་མཐུད་ཀློག་བཞིན་ཡོད།
ཀླུ་མཁར་བྱམས་ཀྱི་ཡོན་ཏན་ཆེན་པོ་བརྒྱ་རྩ་བརྒྱད།།
༡ ༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྲོག་ལས་ཀྱང་རྩ་ཆེར་བརྩི་བ་ཀླུ་མཁར་བྱམས་ལ་མེད།།
༢ དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ལས་བྱེད་སུ་ལའང་གུས་བཀུར་ཙམ་ཡང་མི་བྱེད་པ་ནི་ཀླུ་མཁར་བྱམས་ཡིན།
༣ ༸རྒྱལ་བ་རིན་པོ་ཆེས་ལྷ་རེད་མདོག་མདོག་བྱེད་ཀྱི་འདུག་ཟེར་མཁན་ཀླུ་མཀར་བྱམས་རེད།
༤ གནས་ཆུང་དང་དཔལ་ལྡན་ལྷ་མོར་དྲིས་ནས་དོལ་རྒྱལ་ཚད་ལྡན་མ་རེད་ལབ་ན་ནོར་བ་རེད་ཟེར་མཁན་ཀླུ་མཀརབྱམས་རེད།
༥ རྒྱ་ནག་གི་རྒྱལ་ཆོས་ཆོས་གཅེས་དང་དོལ་རྒྱལ་གཏན་འགོག་གཉིས་གཞི་རྩའི་ཆ་ནས་གཅིག་རེད་ཟེར་མཁན་ཀླུ་མཁར་བྱམས་རེད།
༦ དབུ་མའི་ལམ་ནི་དབང་བསྒྱུར་གྲལ་རིམ་གྱི་ཁེ་ཕན་ཐོབ་བྱེད་ཀྱི་ཚོང་རྫས་རེད་ཟེར་མཁན་ཀླུ་མཁར་བྱམས་རེད།
༧ དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་རྒྱབ་སོང་ཟེར་མཁན་ཀླུ་མཁར་བྱམས་དང་དོན་གྲུབ་ལྷ་དར་རེད།
༨ ༸གོང་ས་མཆོག་གི་སྐུ་ཚབ་པཎ་ཆེན་རིན་པོ་ཆེར་མཇལ་བ་དེར་ངོ་རྒོལ་བྱེད་དགོས་པའི་ནང་དོན་མངགས་ཆ་བྱས་ཡོད་པ་རེད་ཟེར་མཁན་ཀླུ་མཁར་བྱམས་རེད།
༩ དབུ་མའི་ལམ་ལ་ཞུགས་མཁན་ཚོར་རྒྱལ་ཚོང་པ་རེད་ཟེར་མཁན་ཀླུ་མཁར་བྱམས་རེད།
༡༠ ཀླུ་མཁར་བྱམས་ལ་དྲ་ལམ་ཁག་ཏུ་རྒྱབ་སྐྱོར་བྱེད་མཁན་རྣམས་སྤྲུལ་སྐུ་དབང་ཆེན་སོགས་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཞེ་གཅིག་ཡིན་པ་ཚང་མས་ཤེག་གསལ་རེད།
༡༡ ངོ་དེབ་ནང་གི་ཕུང་དཀྲུགས་པ་བཞི་ཞེས་ཚང་མས་གད་སྙིགས་ནང་གཡུགས་བཞིན་པ། དོལ་རྒྱལ་ལ་བསྟོད་ར་གཏོང་མཁན་དེ་ཚོས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་རྐྱང་རྐྱང་བྱས་བསྡད་ཡོད།
༡༢། གང་ན་དྲ་འབུ་དབུ་མའི་ལམ་དང་༸གོང་ས་མཆོག ཟམ་གདོང་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞིག་ཡོད་ན་དེས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བསྟོད་ར་རྐྱང་རྐྱང་བཏང་ནས་བསྡད་ཡོད།
༡༣ ་འ
བྲིས་ན་མི་རྫོགས་ཀི
ཧཧཧཧ ད་རྩོད་པ་ཆོ་མེད་རེད། ཤར་ཕྱོགས་ཁུག་རྟ་དང་ཀླུ་མཁར་གཉིས་ཀ་སངས་རྒྱས་མིན་ཙང་སྐྱོན་ཡོད་པ་རེད། ཡིན་ནའང། ༸གོང་ས་མཅོག་ལ་མཚན་སྨོད་མ་ཞུས་ན་འགྲིག སྤྱི་འཐུས་ནི་ཤར་ཁུག་ཏིན་ཡིན་པ་རེད།
ཀླུ་མཁར་བྱམས་རྒྱལ་གཞེན་དང་ལྷག་བསམ་ དེ་བཞིན་ཡོན་ཏན་དང་ཕོ་རྒོད་ཞིག་ཡིན་ན་ལ་ཕར་ཕྱོགས་ཡོད་པའི་དགྲ་རྒྱ་དམར་ལ་ཁ་གཏད་མ་བཅག་པར་རང་གི་བླ་མ་དང་རང་གི་གཞུང་་རང་གི་དབུ་འཁྲིད་རྣམས་ལ་དམའ་འབེབས་དང་དོན་མེད་སྐྱོན་བརྗོད་བྱེད་རྒྱུ་མེད།
རྟ་སྲས་ཚུལ་ཁྲིམས་ཀྱི་ལག་ཆ་ཤར་ཁུག་གི་རང་མདོག་ཇེ་གསལ་རེད། ད་དུང་འཁྲབ་སྟོན་བྱེད་དང་སྤྱི་འཐུས་ལ་རེ་བ་ཡོད།
དཔལ་འབྱོར་ཚེ་རིང་གི་གསོ་ཕྲུག་ཀླུ་ཀར་ཅམ།
ཀླུ་མཁར་བྱམས་འདི་སྤྱིའི་འཐུས་ལས་མ་འོངས་སྲིད་སྐྱོང་ལ་ལངས་ན་ཡག་པོ་མེད་འགྲོ ཨ་མདོའི་ནང་དུ་ཁོང་ལས་སྲིད་སྐྱོང་གནང་ཐུབ་མཁན་ཞིག་མེད་པ་གསལ་པོ་དག་པོ་རེད།
འཕྲིན་ལས་ལྷུན་གྲུབ་འབོད་པ་དེས་ཉོན། ངའི་སྙུག་མིང་ལ་ཚེ་འབར་དང་དངོས་མིང་ལ་བསྟན་པ་དར་རྒྱས་ཟེར་གྱིན་ཡོད། ཕ་ཡུལ་འགུ་ལོག་གི་ཡིན་ལ། དེང་སང་རྡ་སར་ཡོད། རྗེས་མར་ཚོད་དཔག་གིས་མྱི་གཞན་དང་གཞན་ལ་ནག་ཉེས་མ་འགེལ། གསར་འགོད་པ་སྟག་ལྷ་རྒྱལ་གྱི་ཚིག་སྦྱོར་རེད། ཁོ་ཡིན་པ་ཐག་ཆོད་ཅེས་ཟེར་བ་ནི་ཁྱོད་རྨོངས་འདུག རྨོངས་པ་ནི་ཤེས་པར་གྱིས། འོ་དྲ་གྲོགས་གཞན་རྣམས་ལ་ཆེད་ཞུ། རྩོམ་ཐུང་འདི་ཐད་གར་བྲིས་ནས་དྲ་ཐོག་ཏུ་བཀོད་པ་ཡིན་སྟབས་ཡིག་ནོར་འགའ་ཤོར་ཡོད་པས་བཟོད་པར་གསོལ།
དྲ་གྲོགས་ཚོ་རྒྱུ་མཚན་ལྡན་ལ་དོན་དངོས་དང་མ་འགལ་ན་ཁྱོད་ཚོས་དཔྱད་གཏམ་སྤེན་ན་འགྲིག་མོད། དོན་མེད་མི་དཀར་ལ་ཞ་ནག་གཡོག་ན་དེ་ནི་ཆེས་ནོར་འཁྲུལ་ཡིན་པས་ཟབ་ན་ལེགས། འོད་དམ་མུན་ནག་གང་ཡིན་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་མཇུག་ཞིག་ངེས་པར་དགོས་སྟབས། ཀླུ་བྱམས་དང་དཔར་འབྱོར་ཟེར་བའི་མི་དེ་གཉིས་ཀྱི་འགྲེལ་བ་དེ་ཁ་གསལ་འགྲེལ་དགོས་ངེས། མ་ནི་ཀླུ་བྱམས་ཀྱིས་ལན་ངེས་པར་ཡོད་སྲིད།
མཚན་སྨོད་ཟེར་བ་དང་གཅིག་ལྷ་འདྲེ་གདོན་བགེགས་དང་གཉིས་འདི་གཉིས་དད་མེད་རིང་ལུགས་དང་དད་གཙོ་སྨྲ་བའི་ནང་ཁུལ་གྱི་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་འགལ་འདུ་དྲག་པོ་ཞིག་རེད། འདི་གཉིས་ཀྱིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་མཐུན་སྒྲིལ་དང་རྩ་དོན་འཐབ་རྩོད་ལ་བག་ཆགས་ངན་པ་ཞིག་འཇོག་བཞིན་ཡོད་པ་རེད་ལ། རྩ་དོན་འཐབ་རྩོད་བྱེད་རྒྱུར་འགོག་རྐྱེན་བཟོ་བཞིན་པ་མ་ཟད་ནུས་མེད་དུ་བཏང་ནས་མཐའ་འཇུག་མུག་ཤི་འཐེབ་རྒྱུ་དེ་རེད།
ཡང་གཅིག་བཤད་ན་ཨ་ལགས་འཇིགས་མེད་༧པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས་བཙན་བྱོལ་གཞུང་གིས་དར་ཆ་ནག་པོ་འཁྱེར་ནས་ངོ་རྒོལ་བྱེད་དུ་མངགས་པ་ཡིན་རབས་བསྐོར་དེ། ཀླུ་མཁར་བྱམས་ལ་སྐབས་དེ་དུས་ཀྱི་བཙན་བྱོལ་གཞུང་འཛིན་མི་སྣ་གལ་ཆེན་ཞིག་གིས་བཤད་རབས་འདུག། འོན་ཀྱང་སྒྲོལ་མ་རྒྱ་རི་དང་བདེ་བསྲུང་བློན་ཆེན་གྱིས་ཀླུ་མཁར་བྱམས་འབོད་འགུག་གིས་འདྲི་རྩད་བྱས་པ་རེད། ད་དུང་ཁྲིམས་ཐོག་སླེབས་རྒྱུའི་ཉེན་བརྡ་བཏང་བ་རེད། ཀླུ་བྱམས་ཀྱིས་ཁྲིམས་རར་སླེབས་རྒྱུར་བསྒུག་བསྡད་ཡོད་སྐབས་དེ་དུས་ཁྲིམས་ཐོག་ནས་འགྲེལ་བཤད་གསལ་པོ་བརྒྱབ་ཆོག་ལབ་པ་རེད། དེས་ན་ཁྲིམས་ཐོག་ནས་ཐག་གཅ྄ོད་ཡང་དག་པ་ཞིག་བྱུང་ཚེ་སྐབས་དེ་དུས་ང་ཚོས་སུ་བདེན་སུ་བརྫུན་གྱིས་བསམ་ཚུལ་བཤད་ན་ལུགས་དང་མཐུན་པ་རེད།
མ་གཞི་༧རྒྱལ་བ་པཎ་ཆེན་གཉིས་ནང་ཕན་ཚུན་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཡིན་རྒྱུ་རེད་ལ་ཡིད་ཆེས་ཡང་ཡོད། འོན་ཀྱང་བོད་བྱུང་རབས་ལ་ཕྱིར་མིག་ཞིག་བལྟ་དུས་གཤམ་འོག་གི་ལས་བྱེད་དེ་ཚོས་གཅིག་དཀྲུགས་བཞག་དུས་མི་སྲིད་པའི་བྱ་བ་མང་པོ་མཐོང་ཆོས་མྱོང་འགྱུར་རེད། དེ་དེ་བཞིན་པཎ་ཆེན་ནང་མ་དང་སྡེ་པ་གཞུང་དབར་འགལ་ཟླ་ཞིག་ཡོད་པ་བདེན་པ་རེད། བྱས་ཙང་སྐབས་དེ་དུས་༧པཎ་ཆེན་རིན་པོ་ཆེ་མཚོ་སྔོན་ལ་བཞུགས་པ་མ་གཏོག་དབུས་ལ་བཞུགས་ཀྱིན་མེད་པ་རེད། ༧རྒྱལ་བ་པཎ་ཆེན་གཉིས་སངས་རྒྱས་མྱ་ངན་འདས་ལོ་དྲན་གསོའི་ཚོགས་ཆེན་ལ་རྒྱ་གར་དུ་ཕེབས་དུས་༧པཎ་ཆེན་རིན་པོ་ཆེ་ཐུགས་མི་བདེ་བ་འདྲ་ཞིག་གནང་གི་འདུག་ཟེར་༧རྒྱལ་བ་རིན་པོ་ཆེས་ཞལ་དྲོན་མོ་ནས་གསུང་གིན་འདུག། མ་ཟད་ཕྱིས་སུ་པཎ་ཆེན་རིན་པོ་ཆེས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དེེའི་ཐད་ཞལ་གསལ་པོའི་ཐོག་ནས་བཀའ་སློབ་ཞིག་ཕེབས་པ་དེ་བཀའ་སློབ་དེར་ཉན་ཡོད་ན་གསལ་པོ་དག་པོ་ཤེས་ཚོད་རེད།
གཞི་རྩའི་༧པཎ་ཆེན་རིན་པོ་ཆེ་དང་འབའ་པ་ཕུན་དབང་ལྟ་བུ་བོད་ཀྱི་གསར་རྗེའི་མི་སྣ་རེད། འོན་ཀྱང་ཁོང་གཉིས་པོས་ནང་ཁུལ་གྱི་གསར་བརྗེ་མ་བྱས་པར་ཕྱི་ནས་ནང་འདྲེན་བྱས་པ་རེད། རྒྱུ་མཚན་༥༩ལོར་བོད་ཀྱི་རྒྱལ་ས་ཤོར་དུས་ཁོང་གཉིས་ཀྲུང་གོའི་འཐབ་གྲོགས་རེད། འདི་ཁོང་གཉིས་ཀྱིས་བྱས་ཉེས་གང་ཡང་མ་རེད། མའོ་ཡི་བཀས་བཀོད་བོད་སྐྱོད་བཅིངས་གྲོལ་དམག་བོད་དུ་སླེབས་དུས་ཡར་རྒྱས་དང་འཛུགས་བསྐྲུན་རོགས་སྐྱོར་གྱིས་བསྟོད་གླུ་བགྱེར་བཞིན་སླེབས་པ་རེད། མཐའ་འཇུག་བཅིངས་གྲོལ་གང་འདྲ་བཏང་ཡོད་མེད་༧པཎ་ཆེན་རིན་པོ་ཆེ་པེ་ཅིང་ནས་མཚོ་སྔོན་བྱང་བརྒྱུད་དུ་གཟིགས་བསྐོར་ཐེངས་དང་པོ་དེས་ར་སྤྲོད་གསལ་པོ་བྱུང་ནས། སྐུ་རླུང་དང་སྦྲགས་ལམ་བར་དུ་མེ་འཁོར་ནང་ཡིག་འབྲུ་ཁྲི་བདུན་མ་བྲིས་འགོ་བཙུགས་ནས་མི་རིང་ཀྲུང་དབྱང་སྲིད་གཞུལ་ཕུལ་ཡོད་ཀྱང་མཇུག་འབྲས་ཀྲུང་དབྱང་སློབ་གྲྭ་ཆེན་མོར་འཐབ་འཛིང་བཞེས་དགོས་བྱུང་བ་མ་ཟད་མི་ལོ་བརྒྱད་ལྷག་ཙམ་བཙོན་དུ་བཞུགས་དགོས་ཀྱི་འོ་རྒྱལ་ཆེན་པོ་བྱུང་བ་རེད། མུ་འགོད།
མཁྱེན་ལྡན་རྣམས་གཉིས་ཀྱི་ལོ་རྒྱུས་ཁྱད་པར་ལ་གཟིགས་དང་།
༡༽ཨ་ཚོགས་ཀླུ་མཁར་བྱམས་རྒྱ་ནག་གཞུང་གིས་བཙོན་དུ་བཅུག་དོན་ནི། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་《མདོ་ཁམས་གཞོན་ནུའི་འཆི་ཕོད》ཚོགས་པ་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་བྱུང་བ་ཡིན། ད་དུང་ཁོང་གི་རོགས་པ་ཚེ་མགོན་དང་གནམ་ལོ་ཡག ཤ་བོ་རྒྱ་སོགས་དངོས་སུ་ཡོད་པ་མ་ཟད་གནམ་ལོ་ཡག་ཡང་བཙན་བྱོལ་ལ་འབྱོར་ནས་ད་ལྟ་ཨོ་སི་ཊི་ལི་ཡར་གཞིས་སྡོད་བྱས་ཡོད། དེ་ཚོ་ཚང་མ་ཀླུ་མཁར་བྱམས་དང་ལྷན་དུ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པའི་ནག་ཉེས་མཉམ་དུ་བཙུགས་ནས་ཡིག་ཆ་གཅིག་གི་སྟེང་ལ་ཁྲིམས་ཐག་ས་ཐག་མཉམ་པོར་བཅད་ས་ཤ་སྟག་རེད།
༢༽ཤར་ཁུག་དེ་འང་ཆབ་སྲིད་མི་ཤེས་པའི་གླན་པ་ལུག་ལྟ་བུ་ཞིག་རེད། ཁོ་པས་སྤྱི་ཚོགས་ཧྲིལ་པོའི་གནས་བབ་ལ་མ་བལྟས་པར་རྒྱ་དམར་རྒྱ་དར་དཔུང་པར་ཁྱེར་ནས་རྒྱ་གཞུང་གི་གཞུང་ཚབ་མདུན་དུ་ཕྱིན་པ་རེད། བྱེད་རིགས་དེ་དག་ནི་ཚད་ལས་འདས་པའི་ཞན་ཆ་ཁག་རེད།
གོང་དུ་དྲྭ་མིང་འཕྲིན་ལས་ལྷུན་གྲུབ་འབོད་པ་ཞིག་གིས་༼མེ་ཕྲེང་༽ཟེར་བའི་དཔེ་དེབ་དེ་སེར་བྱེས་གྲྭ་ཚང་ནས་བཏོན་པ་བཤད་པ་དེ་ནོར་བ་རེད། མེ་ཕྲེང་ཞེས་པའི་དེབ་འདི་ནི་སེར་བྱེས་བྱ་བྲལ་ཁང་ཚན་གྱིས་བཏོན་པའི་དཔེ་དེབ་ཤིག་ཡིན་པའི་གསལ་བཤད་དུ་དྲྭ་གྲོགས་རྣམས་ལ་ཕུལ།
དེ་སྔ་འཐབ་གྲོགས་བློ་མཐུན་པཎ་ཀྲང་ཁོང་གི་བོད་དང་བོད་མི་རིགས་ལ་འཛུགས་སྐྲུན་དང་ཡར་རྒྱས་རོགས་ཕན་ཡང་དག་པའི་ཐུགས་རེ་ལས་ཡོངས་སུ་འགལ་ཏེས་ལྡོག་ཕྱོགས་ཀྱི་རིག་གནས་གསརབརྗེའི་མུན་ནག་གི་ཡོ་ལངས་འཚུབ་པ་རེད། དེར་བརྟེན་ཁོང་གི་སྙིང་སྟོབས་ས་བོན་དགུ་འགྱུར་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་རྨང་ནས་སད་དེས་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། མི་རིགས་ཀྱི་གདུང་ཞེན་སྔར་ལས་རྒྱས་ཏེས་བོད་ཡོངས་ལ་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་མ་ཟད། མཐའ་ན་སྐུ་སྲོག་ཀྱང་མི་རིགས་ཀྱི་དོན་དུ་ཤོར་སོང་བ་རེད། དེས་ན་ང་ཚོས་དུས་རྟག་ཏུ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་རེད་ལ་ཁོང་རྒྱ་དམར་གྱིས་དཀྲོངས་ནས་མི་ལོ་ཉེར་ལྔ་ཏག་ཏག་འཁོར་བའི་དུས་འདིར། རྗེས་དྲན་མྱ་ངན་ཞུ་རྒྱུ་ལས་ལྷག་མེད་པ་ནི་ཡིད་སྐྱོ་དགོས་པ་རང་རེད།
ཀླུ་མཁར་བྱམས་ཀྱི་རང་བཙན་གྱི་ལྟ་བ་དེ་འགྱུར་བ་བཏང་པ་རེད་དམ། སྤྱི་འཐུས་སུ་སླེབས་ཚེ་གྲོས་ཚོགས་ཀྱི་སྒྲིགས་གཞི་ལྟར་འགྲོ་རྒྱུ་ཡིན་ནམ། ཁོ་སྔོན་ལྟར་རང་བཙན་གྱི་ལྟ་གྲུབ་ཁྱེར་ནས་འགྲོ་རྒྱུ་རེད།སྒྲིགས་གཞི་ལྡན་པའི་ ཚོགས་པ་ཞིག་གི་ནང་འཛུལ་ཚར་དུས་སྒྲིགས་གཞི་དེ་བརྩི་དགོས་ཀྱི་རེད། དེ་ལས་ཁོ་རང་གཞོན་ནུ་ལྷན་ཚོགས་ནང་ཞུགས་ན་ལྟ་གྲུབ་དང་ཕྱོགས་ཡོངས་ནས་མཚུངས་སྙམ།
ཨ་ལས། ད་བྱས་ན་སྤྱི་མཐུས་སུ་དབུ་ལམ་པ་མ་གཏོག་ཞུགས་ཆོག་མེད་པ་ཨེ་རེད། སྒེར་གྱི་ལྟ་གྲུབ་རང་བཙན་ཡིན་མི་ཆོག་པའི་རྒྱུ་མཚན་ཅི་རེད། བྱས་ན་སྤྱི་མཐུས་ལྷན་ཚོགས་གཅིག་བསྡུས་རིང་ལུགས་པར་འགྱུར་བར་ཐལ། དཔེར་ན་ཀྲུང་དབྱང་སྲིད་གཞུང་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་མ་གཏོག་སླེབས་མི་ཆོག་པས་ཕྱིར། དེ་ཡིན་ན་དམངས་གཙོ་མ་ཡིན་པར་ཐལ་ལྟ་གྲུབ་གཞན་གཅིག་ཀྱང་འགྲོ་ཁུངས་མེད་པས་ཕྱིར། ཧ་ཧ། དེ་ལྟར་ན་སྔར་ཟམ་གདོང་བླ་མ་ཡང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་བཀའ་ཁྲི་ལས་གཤོལ་དགོས་ཏེ་བདེན་པའི་དབུ་ཚུགས་ཀྱི་ལྟ་གྲུབ་ཡིན་པས་ཕྱིར།
དེ་ལྟ་བས་གཞུང་འབྲེལ་གྱི་སྲིད་ཇུས་ལམ་དབུ་མ་ཡིན་ཡང་སྒེར་གྱི་ལྟ་བ་ཡིན་ཅིག་དབུ་མ་ཡིན་པའི་ཁྱབ་པ་མེད་དེ་གྲོས་ཚོགས་ར་བའི་ནང་ལྟ་གྲུབ་གཞན་རང་ཐག་རང་གཅོད་སོགས་མང་པོ་ཡོད་ངེས་ལ་ཡོད་ཀྱང་དགོས་ངེས་རེད། དེ་ཡང་སྐྱོན་མེད་དེ་གཞུང་འབྲེལ་གྱི་མཛད་ཕྱོགས་དབུ་མའི་སྲིད་ཇུས་འོག་ནས་གཏན་ལ་ཕབས་ཏེས་ཐག་གཅོད་བྱེད་ཀྱི་རེད། དེས་ན་མི་ཐམས་ཅད་བསམ་བློ་གཅིག་ཡིན་མི་སྲིད་ལ་ལྟ་གྲུབ་གཅིག་རང་གཅིག་ལས་མེད་ན་ཉེན་ཁའི་རང་བཞིན་རེད།
བསྟན་པ་དར་རྒྱས་ནི་ལྷག་བསམ་རྣམ་དག་གི་མི་ཅིག་ཡིན།ཁྱེད་ལ་ཡིད་རང་ཡོད།ཡིད་ཆེས་ཀྱང་ཡོད།འོན་ཀྱང་།ཁྱེད་རང་ཀླུ་མཁར་ལ་རྒྱུས་མི་འདུག ཀླུ་མཁར་ནས་དང་པོ་རྒྱལ་བ་རིན་པོ་ཆེས་སོ་སོའི་ཁེ་ཕན་ཆེད་རང་བཙན་བཙོང་རེད་ཅེས་སྐད་མང་པོ་བརྒྱབས་སོང་།དེ་ནས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་རེད་ལོ་རྒྱུས་སྟེང་ནག་ཉེས་ཅན་རེད་ཅེས་ཉི་མ་སློབ་གྲ་ནང་བཤད་པ་རླུང་འཕྲིན་ཁ་ཤས་ནང་དུའང་བཏང་སོང་།དེ་རྗེས་རྒྱལ་བ་རིན་པོ་ཆེ་བོད་མི་རིགས་ཀྱི་མཐུན་སྒྲིལ་གཏོར་མཁན་རེད།ཤུགས་ལྡན་བསྟེན་གསོལ་བཀག་པ་ནི་ཆོས་དད་རང་དབང་དང་འགལ་རེད་སོགས།རྒྱ་ནག་གིས་བཤད་རྒྱུ་དང་གཅིག་པ་བཤད་སོང་།བར་སྐབས་ཀླུ་མཁར་ལགས་གཞོན་ནུ་ཚོགས་པ་དང་མང་གཙོ་ཚོགས་པ།རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་ཟབ་ཁྲིད་པར་ཁ་གཡར་ཏེ་བེད་སྤྱོད་མང་པོ་བཏང་སོང་།རྒྱུ་མཚན་དེ་སྔའི་ཚོགས་པ་དེ་ཚོའི་ཚོགས་གཙོ་འགའ་ཤས་རྒྱལ་བ་རིན་པོ་ཆེར་གཏིང་ནས་མི་དགའ།དེ་ངོས་རང་ལ་རྒྱུས་ཡོད།འོན་ཀྱང་།སོ་སོ་གདོང་པ་སྤྱི་ཚོགས་ནང་སྲུང་སྐྱོབས་ཆེད་ཁ་ནས་གང་ཡང་བཤད་ཐུབ་ཀྱི་མ་རེད་དེ།ཀླུ་མཁར་གྱིས་ཁོ་ཚོའི་ཚབ་བྱས་ཏེ་ཁོ་ཚོར་དགོས་པ་དེ་བཤད་ཀི་ཡོད་ཙང་།ཁོང་བེད་སྤྱོད་ཐེངས་མང་བཏང་ནས་ཀླུ་མཁར་སྐད་གྲགས་དེ་ནས་ཆགས་པ་རེད་དེ།
སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུ་སྐབས་སུ་གཞོན་ནུ་དང་རང་ཙན་སློབ་ཚོག་མང་གཙོ་ཚོག་པ་གང་གིས་ཀྱང་ཆོལ་གསུམ་སྤྱི་འཐུས་འོས་གཞི་ནང་དུ།ཆེད་མངགས་ཀླུ་མཁར་བཏོན་མེད་པ་རེད།ཁོང་ཚོས་ཀླུ་མཁར་བེད་སྤྱོད་ནི་བཏང་ཚར་རེད།ད་ཁོ་རང་ཚོར་ཁ་རྡུང་མི་ཕོག་ཆེད་ཆབ་སྲིད་དེ་འདྲ་རྩིས་རེད་ད།
ད་དུང་སྐུ་ཞབས་ཀླུ་ཁོ་རང་གི་ལོ་རྒྱུས་དང་མི་གཞི་སོགས་ཁྱད་མཚར་པོ་མང་པོ་ཤེས་ཀི་ཡོད་མོད།བོང་བུའི་ནང་ཁྲོལ་ཚང་མ་ཁྲོམ་ལ་བཀྲམས་འདོད་མེད།གཙོ་བོ་ཁོ་རང་གིས་བཤད་ཙམ་གཞིར་བྱས་ནས་བྲིས་ཡིན།
གནད་འགག་གཞན་ཅིག་ནི།སྤྱི་འཐུས་ནང་གི་ནམ་རྒྱུན་༧གོང་ས་མཆོག་ལ་གུས་བརྩི་གཏན་ནས་མེད་པར།གཏོར་བཤིག་རྐྱང་འཁྲབ་བསྡད་པའི་སྐོར་ཅིག་ཡོད་པ་རེད།ཁོང་ཚོ་དང་ཀླུ་མཁར་ཧ་ཅང་འཁྱམས་པོ་དང་གྲོགས་པོ་ཡག་པོ་རེད་འདུག་པ་ཤེས་སོང་།དེ་འདྲ་སོང་ཙང་།ཁོང་ཚོར་གྲོས་ཚོགས་ནང་ཀླུ་མཁར་དཔུང་སྒྲིག་རོགས་སུ་དགོས་མཁོ་ཡོད་པས།ད་རེས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་བསྐྱོན་གནང་གི་ཡོད་ས་རེད།
གང་ལྟར།ངོས་རང་མི་མདོ་སྨད་པ་ཅིག་མིན་པས་ཇུས་མེད་ཇུས་གཏོགས་འདྲ་བོ་ཆགས་སོང་སྟེ།མདོ་སྨད་པ་ཚོ་ཧོལ་རྒྱུགས་མ་བྱས་ན་ཡག་ས་རེད།
ད་བསམ་བློ་གཏོང་དུས། གོང་གི་འདྲི་བ་དང་སྐད་ཆ་དེ་ཚོ་ཚང་མ་རླུང་འཕྲིན་ཁང་དེ་ཚོའི་ལས་ཀ་རེད། ཁོང་ཚོས་ཀླུ་ཤར་གཉིས་སྐད་བཏང་ནས། འདྲི་བ་བཏང་ན་ལེགས་ཚོད། ཀུན་གླེང་ལ་ཞུ་གཏུགས་བརྒྱབ་ནས་ཁོང་གཉིས་ལ་བཅར་འདྲི་ཞིག་བྱེད་ཐུབ་ན་ལེགས་ཚོད།
དེ་མིན། གནས་ཆུང་གདན་འདྲེན་ཞུས་ནས། ཁོང་གཉིས་སུ་རྒྱལ་བཙོང་བ་དང་སུ་རྒྱལ་བཞེན་པ་ཡིན་མིན་ཡེ་ཤེས་དཔྱད་པ་འབུལ་རྒྱུ་རེད།
ཁ་བརྡ་ཚང་དང་དྲྭ་གྲོགས་རྣམ་པ་ལ་ཞོགས་པ་བདེ་ལེགས། མདོ་སྨད་གྲོས་ར་ནང་ན་རྔ་བ་དང་འགོ་ལོག་གཉིས་འཁྲུག་པ་རེ་བརྒྱབ་ནས་བསྡད་འདུག །ངོ་མ་སེམས་པ་སྐྱོ་ཡ་རེད་ཤ
མདོ་སྨད་གྲོས་ར་དེ་སྐད་འཕྲིན་གྱི་སྟེང་དུ་ཉེ་ཆར་བཟོས་བའི་གླེང་སྟེགས་ཆུང་ཆུང་་ཞིག་རེད་ཟེར་བ་དེ་རིང་དཔེ་མཛོད་འགྲམ་གྱི་ཇ་ཁང་དེ་ནས་གོ་སོང་། གླག་རྒོད་ཁྱེད་རང་སེམས་པ་མ་སྐྱོ། གྲོས་ར་དེའི་ནང་དུ་འཁྲུག་པ་རྒྱག་མཁན་དེ་ཚོས་སྐད་འཇོག་པ་མ་གཏོགས་ཡི་གེ་འབྲི་ཀློག་མི་ཤེས་མཁན་མཁན་རྐྱང་རྐྱང་རེད། ཡི་གེ་འབྲི་ཀློག་མི་ཤེས་མཁན་ཚོ་ལ་མཚོན་ལ་ཁ་དམག་རྒྱག་པ་མ་གཏོགས་གཞན་པའི་ལས་ཀ་མེད་བ།
དཔྱོད་ལྡན་ཉམས་ཞིབ་པའི་གསུང་དེ་བདེན་པ་རེད། གྲོགས་པ་ལགས་བཀའ་དྲིན་ཆེ།
པོ་་
ཨ་མདོ་ནང་འཁྲུག་སློང་མཁན་ནི་འགོ་ལས་ཚོ་རེད། དེ་ཙམ་མ་ཟད་རྒྱལ་བ་རིན་པོ་ཆེ་གཙོ་བོ་ཞིག་དང་པཎ་ཆེན་རིན་པོ་ཆེར་ཕལ་བ་ཞིག་ལ་འཇོག་གིན་པའང་འགོ་ལས་ཚོའི་བྱ་སྤྱོད་རེད། དེ་མ་གཏོགས་རྒྱལ་བ་རིན་པོ་ཆེ་གྱ་སྟོན་ཟེར་བ་ཞིག་དགོས་ན། པཎ་ཆེན་རིན་པོ་ཆེར་བསྔོ་སྨོན་བྱེད་མི་དགོས་སམ། འདི་ལྟར་ལྟོས་ཡོང་ན། ཀླུ་མཁར་འདི་ཨ་མདོ་བ་སྐྱོ་བོ་དང་འཁོས་ཆུང་ཚོའི་ཕྱོགས་རེད།
དེས་ན་ཀླུ་ཤར་གཉིས་ཆར་སྐྱོན་ཞིག་ཡོད་ནོ། ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་ཟུར་ཟ་བྱས་རབས་དང་། ཤར་ཕྱོགས་ཁུག་རྟས་རྒྱ་དམར་གྱི་རྒྱལ་དར་གནམ་ལ་འཕྱར་ནས་དབུ་མའི་ལམ་གྱི་ཐབས་བྱུས་ཡིན་མདོག་མདོག་གིས་ཐལ་ཆ་བསླངས་པ་དེ་གཉིས་ཡིན་ས་རེད། བོད་མི་རིགས་ཀྱི་མདུན་ལམ་ལ་གང་གིས་གནོད་ཆེ་བ་འདུག་དེ་ལ་བསམ་བློ་ཐོངས།
ཀླུ་དང་ཁུག་རྟ་གཉིས་ལ་དཔྱད་ཞིབ་ཞིག་བྱས་པ་ཡིན་ན། ཤར་ཁུག་ནི་བོད་དོན་ལ་ལྷག་སེམས་དང་སྤྱི་སེམས་ཅན་ཞིག་ཡིན་མིན་མི་ཤེས་མོད། ཁོང་གི་བཤད་སྟེང་ལ་ལྟོས་ན། ཁོང་ནི་མི་སེམས་པ་གུ་ཏོག་པོ་ཞིག་དང་། ཕྲག་ཏོག་ཚ་བོ། མི་སྒེར་གྱི་ལས་དོན་ལ་སྐྱོན་འཛུགས། ཕར་ཕྱོགས་ཀྱི་མི་ཏེ་ནག་པོ་བཟོ་འུ་ཐུབ་ལྟ་བ། མི་ཁོག་རྒྱ་ཅན་ཞིག་དང་སེམས་དཀར་ཅན་གྱི་ཆབ་སྲིད་པ་ཞིག་མ་རེད། ཀླུ་བྱམས་ནི་མི་དྲང་མོ་གཞན་ལ་ཕྲག་དོག་མི་བྱེད་མཁན་ཞིག་དང་བཟོད་སེམས་ཅན་ཞིག་རེད། ཁོང་ལ་གཞན་གྱིས་སྐྱོན་བརྗོད་ག་ཚོད་བྱས་ན་ཡང་དེ་ལ་མི་དགའ་བས་དགག་ལན་མི་འདེབས་པ། ཚར་སྐྱོན་བརྗོད་བཤད་ན་ཕར་སྐྱོན་བརྗོད་བཤད་མ་ཤེས་བ་ཡིན་རྒྱུ་མ་རེད། འདི་ཚང་མ་ལྟོས་ཡོང་ན་ཁོང་མི་གཤིས་རྒྱུད་བཟང་པོ་ཞིག་དང་ཁོག་རྒྱ་ཡང་བོ་ཅན་གྱི་མི་ཞིག་ཡིན་པ་རེད། ཁོང་གཉིས་ལ་མི་འདྲ་སའི་ཁྱད་པར་འདི་ཞིག་ཡོད།
བུ་རྒོད་པོ་ཡིན་ན་འཕུཨར་རྩལ་དགོས།
ལ་ལས་སེམས་ཀྱི་ནག་ཕྱོགས་པ། འགའ་རེའི་མིག་ལ་དཀར་ཕྱོགས་པ།
ཁམས་དང་མོས་པའི་སྣང་ཚུལ་འདིས། ང་ནི་བཏང་སྙོམ་གནས་སུ་བཀོད།
ཤར་ཕྱོགས་ཁུག་རྟས་དམངས་ལ་ཅུང་རེ་བསྟུན།
ཀླུ་མཁར་བྱམས་ཀྱིས་གོང་ལ་བཀུར་ཤེས་བྱོས།
རང་རང་ཞན་ཆ་རང་གིས་ངོས་འཛིན་གྱིས།
མ་འོངས་མདུན་ལྗོངས་ཡངས་ཤིང་མཛེས་པར་མཛོད།
སུ་ཞིག་རང་སྐྱོན་ཤེས་བཞིན་མི་འདོར་བ། དེ་ལ་དེ་ལས་ལྷག་གི་བར་ཆད་མེད།
སུ་ཞིག་ནོར་འཁྲུལ་ཡོ་བསྲང་བྱེད་ནུས་པ། དེ་ལ་དེ་ལས་ལྷག་གི་མཐུན་རྐྱེན་མེད།
རྣམ་དཔྱོད་རིག་པའི་ཁོ་ལག་རྒྱས་པ་དང། སྤོབས་པའི་ང་རོ་སྒྲོག་པའི་བུ་རྒོད་གཉིས།
གཅིག་ཏུ་འཆམ་ནས་ཁྱིམ་འདི་སྲུང་བ་ཡི། རེ་བའི་མིག་གིས་ད་ནི་ཅེར་ཏེ་ཡོད།
ཤན་འདན་སྟག་སེང་འཐབ་པའི་གཡུལ་ས་ན། ཝ་དང་འཕར་སྤྱང་མང་པོས་ཀུ་ཅོ་འདོན།
ད་ནི་སྟག་སེང་མཇིང་སྣོལ་འགྱིངས་བག་གིས། རྡོ་ལ་གདར་རིའི་གཟི་བརྗིད་མཐོ་རུ་སྟོད།
གླུ་གར་ཇམ་དང་ཤར་ཁུག་གཉིས་ལ་གནམ་སའི་ཁྱད་པར་ཡོད་གླུ་གར་ཇམ་ནི་བོད་ནང་རྒྱ་དམར་ལ་ངོ་རྒོལ་བྱས་ནས་མནར་བཅོས་ལུས་ཐོག་ལ་མྱང་བ་དང་རང་གི་མི་རྒྱུ་ཟོག་གསུམ་ལ་གྱོང་རག་ནས་བསྐྱབ་ཅོལ་དུ་སླེབ་པ་ཞིག་རེད་ཁོང་མི་གཤིས་རྒྱུད་བཟང་པོ་ཞིག་དང་ཁོག་རྒྱ་ཡང་བོ་ཅན་གྱི་མི་ཞིག་རེད་
ཤར་ཁུག་ནི་བོད་ནང་ལ་རྒྱ་དམར་གི་མནར་བཅོས་མྱང་མྱོང་མེད་པ་མ་ཟས་བཙམ་བྱོལ་ནང་ལ་རྒྱ་དམར་གི་དར་ཆ་འཁྱེར་ནས་སྐད་བཟང་ཐོ་པོ་འགྲོ་མཁན་ཞིག་རེད་
ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ནག་ཉེས་ཟེར་ན་འགྲིག་གི་ཡོད་པ་མ་རེད། ནག་ཉེས་ཟེར་བའི་ཚིག་གི་གོ་དོན་གྱི་ནང་ན་རང་རེའི་ཁྲིམས་ལ་འགལ་བའི་ནག་ཉེས་པ་ཞིག་བསགས་ཡོད་པར་གོ་ལ། ཁོས་ཁྲིམས་དང་འགལ་བའི་ནག་ཉེས་ཤིག་ཕལ་ཆེར་བསགས་མེད་ཚོད་ཡིན། སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཁོ་ནས་ངན་སྨྲོས་སྐྱོན་བརྗོད་བྱེད་ཀྱིན་ཡོད་ན་གཉའ་གནོན་ཐུབ་ཚོད་རེད།
དད་པ་མེད་ན་སྤྱི་འཐུས་ལ་མི་འོས་ན་སྲིད་དབང་གཅིག་བསྡུ་རིང་ལུགས་པ་ལས་གཞན་གྱི་འགྲེལ་བཤད་མེད། འོན་ཀྱང་། དེ་ལས་ལྷག་པའི་རྒྱུ་མཚན་ཡོད་ན་ཐ་དད་རེད།
གནད་དོན་གཙོ་བོ་ཞིག་ནི། ཤར་ཁུག་གིས་ཁྲག་དར་དམར་པོ་ཡར་ཕྱར་བ་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡིན་པ་མཚོན་ཐུབ་ན། བོད་ནང་ནས་བོད་མི་ཚོས་ཁྲག་མར་དམར་པོ་ཕབ་པ་དེ་དབུ་མའི་ལམ་ལ་ངོ་རྒོལ་ཡིན་པའི་མཚོན་བྱེད་ཅིག་ཡིན་པ་འདྲ། །
མར་མར་ཀློག་ཡོང་དུས། ཤར་ཁུག་དེ་མཐོ་རིམ་དབང་སྒྱུར་བའི་ཕྱོགས་ཁག་གི་མི་སྣ་དང་། དབང་འཛིན་པའི་སྲིད་དབང་རྒྱུན་འཁྱོངས་བྱེད་མཁན་གྱི་ཆབ་སྲིད་པ་གུ་དོག་པོའི་འགྲས་སུ་ཚུད། གཟིགས་དང་། ཁོང་སྤྲུལ་སྐུ་རེད། སྐུ་སྒེར་གྱི་གྲོགས་པོ། ཟམ་གདོང་རིན་པོ་ཆེའི་བློས་འཁེལ་བའི་གྲོགས་པོ། དབུ་མའི་ལམ་ལ་ཤར་སྐྱོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་ལ་མི་ཙམ་དོ་སྣང་མེད་མཁན་དང་། དེ་བཞིན་བཙན་བྱོལ་ནང་ལ་རྒྱ་དམར་གྱི་དར་ཆ་འདྲེན་མཁན་སོགས་རེད། གལ་ཏེ་རྒྱ་མིས་ཀླུ་བྱམས་དང་ཤར་ཁུག་གཉིས་ལག་ཏུ་ཐེབས་ན། གཏན་གཏན་ཀླུ་བྱམས་གསོད་ཀྱི་རེད། ཤར་ཁུག་ལ་བསྟོད་པ་དང་དམིགས་བསལ་ལྟ་རྟོག་བྱེད་ངེས། རྒྱུ་མཚན་ཁྱེད་ཀྱི་གཟིགས་དང་།
ཀླུ་བྱམས་ནི། དབང་འཛིན་པ་ལ་ཁ་གཏད། མི་དམངས་ཀྱི་ཐོབ་ཐང་རྩོད་མཁན། མཐོ་དམན་ལ་ཇི་མི་སྙམ་པར་བདེན་པའི་རྗེས་སུ་རྒྱུག་མཁན། མི་དྲང་པོ་དང་ཁ་རི་ཁ་ཐུག
གལ་ཏེ་ང་ཆུ་བོ་ཞིག་གི་ནང་ལ་ལྷུང་ནས་ཀླུ་བྱམས་དང་ཤར་ཁུག་གཉིས་སྟེང་ནས་བལྟས་ཡོད་ན། ཕལ་ཆེར་ཀླུ་བྱམས་ལ་སྐྱབས་ཅོལ་ས་རེད། ཤར་ཁུག་དེ་ལག་ལ་ཁ་པར་ཞིག་འཁུར་ནས། པར་འདྲ་མིན་བརྒྱབ། ལྟས་མོ་ལྟ་མཁན་ཞིག་དང་། ཀླུ་བྱམས་དེ་གདུང་སེམས་མཉམ་སྐྱེལ་བྱས་ནས་ཆུའི་ནང་ལ་མཆོངས་ཡོང་མཁན་ལྟ་བུ་འདུག
ཁྱེད་རང་གི་བྱས་ན།
ད་དུང་བསམ་ཤེས་ལ་ང་ཉམས་ཞིབ་པས་ཁ་སྣོན་ཞིག་བྱས་ན།
གལ་སྲིད་༧རྒྱལ་བ་རིན་པོ་ཆེ་དང་བོད་བསྟན་པ་ཆབ་སྲིད་གཉིས་ཀྱི་སླད་དུ་སང་ཉིན་ཅིག་ལ་རང་སྲོག་བློས་བཏང་ནས་མཆོངས་དགོས་ཀྱི་འདུག་ཟེར་ན། ཀླུ་མཁར་འདི་སྔོན་ལ་མཆོངས་མཁན་དང་ཤར་ཁུག་འདི་བྲོས་འགྲོ་ཉེན་ཆེ།
དེང་སོང་འཛམ་གླིང་འདིའི་ཐོག་ དྲང་པོ་དང་བདེན་པའི་མི་ལ་རྒྱལ་ཁ་ཐོབ་པ་ཉུང་ཉུང་རེད་ དེ་ལས་ལྡོག་ཏེ་མགོ་བདེ་དྲན་འཕྲུལ་སྤྲེལ་ལེབ་ཅན་དག་ལ་རྒྱལ་ཁ་ཐོབ་ནི་རེད་ ལུགས་སྲོལ་ངན་པ་འདི་ང་ཚོ་བོད་ལའང་དར་ཟིན་ དྲང་པོར་བཤད་ན་ཀླུ་མཁར་བྱམས་ཀྱིས་བླ་རྒན་ཞུས་ན་ལོ་མགའ་ཤས་རྒན་རུ་འགྲོ་བ་དང་ ཤར་ཕྱོགས་ཁུག་རྟས་དད་པ་ཆེ་རབས་ཞུས་ན་ལོ་མགའ་ཤས་གཞོན་དུ་འགྲོ་གི་ཡོན་ན་ནི་གནས་ཚུལ་གཞན་ཞིག་རེད་ དེ་ནི་མེད་པ་གསར་པོར་རེད་
བོད་ནས་རྒྱ་དར་མར་ལ་གཡུག་པ།།
ཡར་ལ་འདེགས་མཁན་ཤར་ཕྱོགས་ཁུག་རྟ།།
ཡིད་བཞིན་ནོར་བུར་ཟ་དང་ཟུར་ནས།།
ཁ་ལོག་གཏོང་མཁན་ཀླུ་མཁའ་བྱམས་སོ།།
སྤོབས་པ་འདི་ད་ཡིན་ན་དུག་ཆང་ཕོར་བ་གང་གིས་མྱོས་ཚར་ཤག སྔོན་མ་ཞིག་ལ་༧གོང་ས་མཆོག་དྲྭ་རྒྱའི་ནང་ལ་བདེན་འདྲེན་ཞུ་དགོས་རབས་དང་་་གློག་ཀླད་བེད་སྤྱོད་གནང་མི་ཤེས་ན་ངས་ལབ་ཆོག་ཅེས་བཤད་མྱོང་བ་རེད། དེ་རིང་ཡང་མདོ་སྨད་སྤྱི་འཐུས་ལ་བདམ་ན་བསམ་འཆར་ཨེ་ཡོད་ཅེས་དྲི་བ་བཀོད་འདུག དེ་འདྲ་མཐོང་ཆུང་མ་གནང་རོགས་་་དྲིན་ཆེན་པོ།
སྐུ་ཞབས་འདྲེ་རྐང་ཏོ་ལགས། སྐུ་ཞབས་ཏཱ་ལའི་བླ་མ་ལ་ཡང་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པའི་ཆ་ནས་མདོ་སྨད་སྤྱི་འཐུས་ལ་འོས་མི་ལ་ལངས་བར་དགག་བྱ་གང་ཡང་མཐོང་མ་སོང་ལགས།
ཨ་རོ་སྤོབས་པ་ལགས། སྐྱབས་མགོན་༧གོང་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཚང་རྙོག་དྲ་འདིའི་ནང་ལ་འདྲུད་མ་ཡོང་སྐུ་ཚེ་རིང་། བླ་མ་བླ་མའི་ས་ནས་འཇོག་རོགས་བྱོས། གལ་ཏེ་མདོ་སྨད་སྤྱི་འཐུས་ལ་༧གོང་ས་མཆོག་འོས་འདེམ་བྱས་ནའང་ཕྱེད་དམར་ཤག་དང་ཕྱེད་མང་གཙོའི་ལྟ་གྲུབ་ཅན་ཞིག་ལ་འོས་ཆོས་ཡང་ཚང་གི་མ་རེད་བསམ།
སྐུ་ཞབས་ཏཱ་ལའི་བླ་མས་བོད་ལ་རྒྱལ་ཁབ་སླར་གསོ་སོགས་མ་བྱུང་ན་ཡང་རྒྱལ་ཁའི་ངང་ནས་དམངས་གཙོ་གསོལ་རས་བསྩལ་བའི་རྗེས་སུ་ཁོང་རང་ཉིད་ཀྱང་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་དང་འགན་འཁུར་ཞུས་ནས་འཁྲུངས་ཡུལ་ཐོབ་ཁོངས་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་བཞེངས་ཐུབ་་པ་བྱུང་ན་ངེས་པ་དོན་གྱི་དམན་ས་བཟུང་བའི་དམངས་གཙོའི་དབུ་ཁྲིད་ངོ་མ་ཞིག་ཏུ་གྱུར་པ་ཡིན་པས་ང་ཚོ་ཚང་མས་དགའ་བསུ་དང་གཞོགས་འདེགས་ཞུ་འོས་པ་ཞིག་ཏུ་མཐོང་གི་ཡོད་ལགས།
ད་ལྟའི་ལོ་གསར་འདི་ཨམ་མདོ་བ་ཚོར་མཚོན་ན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགུང་ལོ་བརྒྱ་ཅུར་བཞེས་བའི་ལོ་གསར་ཡིན་པས། ༧རྒྱལ་བ་མཆོག་གི་སྐུ་ཚེ་ཡུན་རིང་གནས་བ་དང་། མཛད་རྗེས་བྱམས་སྐྱོང་ལ་གུས་གསོལ་བྱེད་བཞིན། ཚང་མོས་དགའ་དགའ་སྤྲོ་སྤྲོའི་ངང་གྱ་བསྟོན་གྱི་བསྟོན་མོ། རང་ཁྱིམ་གྱི་རྒྱལ་བའི་སྐུ་དཔར་མདུན་དུ་གཏོང་བཞིན་པའི་སྒང་རེད་ཟེར། ངས་ཡང་ཆང་ཞིག་མཐོང་བཞིན། གླུ་ཞིག་འགུག་བཞིན། སྐྱིད་པོ་བྱས་ནས་བསྡད་ཡོད། ཁྱེད་དྲ་གྲོགས་ཚོས་ཅི་བྱེད་ཀྱིན་ཡོད་དམ།
ཨ་ཚོག་ཀླུ་མཁར་བྱམས་ལས་མདོ་སྨད་ལ་སྤྱི་འཐུས་མ་རེག་ན་ཡིད་ཐང་སྤྱད་རེད་ཀོ།
བཙན་བྱོལ་བོད་ནང་ལ་་་ཀླུ་མཁར་ལྟ་བུ་་་མི་མང་ཙམ་ཡོད་ན་ཡང་ཡང་བསམ་གྱི་འདུག