གྲོང་ཁྱེར་ཞིག་གི་འདྲ་པར་མཐོང་རྗེས་རང་གི་མྱོང་ཚོར་གླེང་བ།
ཀླུ་སྨྱོན།
ལོ་ཆུང་དུས།
ངས་ནམ་ཞིག་ང་རང་ཁང་བརྩེགས་མཐོན་པོ་མང་སའི་གྲོང་ཁྱེར་ཞིག་ཏུ་སྡོད་ཐུབ་བམ་སྙམ།
ད་ལྟ་བསམས་དུས།
ཁང་བརྩེགས་རེ་རེའི་ནང་དུ།
གདོང་ལ་ཤི་མདོག་ཤར་བའི་མི་སྐོར་ཞིག་འཚོགས་ནས་ཚེ་སྲོག་གི་ཤི་གསོན་ཆེད་དམར་འཛིང་བྱེད་བཞིན་འདུག་པས།
ང་ངོ་མ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོ་དག་ལ་ཞེད་ཀི་འདུག
ང་ངོ་མ་ཕ་མཐའ་ཡས་ཤིང་རྩྭ་ལྗང་གི་རྦ་རླབས་གཡོ་བའི་སྤང་ཐང་ཞིག་ཏུ་བསླེབ་ན་འདོད།
གྲོང་ཁྱེར་གྱི་ཁང་བརྩེགས་རེ་རེ་ནི་བཙོན་མཁར་གྱི་ལྕགས་དྲ་རེ་རེ་དང་འདྲ་བར།
དེས་ཁྱོད་ལ་གྲང་ཤུར་ཤུར་དང་སྐྱོ་ལྷང་ལྷང་གི་ཚོར་བ་འཇིགས་སུ་རུང་བ་ཞིག་སྟེར་བར་བྱེད།
ས་སྟེང་གི་དམྱལ་བ་ནི་དགུན་ཁའི་གྲོང་ཁྱེར་རེད།
ས་སྟེང་གི་ལྷ་ཡུལ་ནི་དབྱར་ཁའི་རྩྭ་ཐང་རེད།
ཁང་བརྩེགས་མཐོན་པོ་འདི་དག་རིག་ན་ངོ་མ་མགོ་ན་གི
གྲོང་ཁྱེར་དུ་ཁང་བརྩེགས་མཐོ་དྲགས་པས།
ཉིན་དཀར་ཉི་འོད་མི་འཕོག
དགུང་མོར་ཟླ་འོད་མི་རིག
གྲོང་ཁྱེར་ན་མཛེས་མ་མང་རུང་།
གྲོང་ཁྱེར་ན་སྒོར་མོ་མང་ཡང་།
གྲོང་ཁྱེར་ན་འཚོ་བ་བཟང་མོད།
ང་ངོ་མ་གྲོང་ཁྱེར་ལ་ཞེན་པ་ལོག་སོང་།
ང་ངོ་མ་གྲོང་ཁྱེར་ལ་སུན་སྣང་སྐྱེས་སོང་།
ང་ངོ་མ་གྲོང་ཁྱེར་ལ་འཇིགས་སྣང་སྐྱེས་སོང་།
གྲོང་ཁྱེར་གི་ཕྱི་དབྱིབས་ལ་ཁྲ་ཁྲ་ཟང་ཟིང་ཇི་འདྲ་ཞིག་ཆེ་ཡང་།
དོན་ངོ་མར་དེའི་སྐྱུག་བྲོ་བའི་བཟོ་བཀོད་ནི།
སྒྲ་སྡུད་འཁོར་ལོ་ཞིག་གི་ཁ་ཕྱེ་བ་དང་འདྲ་བར་ཡི་ག་ཆད་པའི་ཚོར་བ་སྟེར་ཅིང་།
དེའི་ཀློང་གི་མི་དག་ནི་དེ་བས་ཀྱང་དབུགས་གཏོང་ལེན་ཡང་བྱེད་དཀའ་བའི་བྲན་གཡོག་རེ་རེ་ཡིན་པས།
ཨ་སྒོར་རྟགས་ཅན་གྱི་ལྕགས་སྒྲོག་རིང་མོ་ཞིག་གིས་མི་འདི་དག་ཡུག་གཅིག་ཏུ་སྦྲེལ་ཡོད་ཅིང་།
མ་ཤི་བར་དུ་ལྕགས་སྒྲོག་འདིའི་ཨ་ལོང་ལས་འགུལ་ཙམ་བྱེད་ཕོད་མཁན་སུ་ཡང་མེད།
འཚང་ཁ་རྒོད་པའི་གྲོང་ཁྱེར་གྱི་མི་ཚོགས།
ཉེན་ཁ་ཆེ་བའི་གྲོང་ཁྱེར་གྱི་ཇག་རྐུན།
སྐད་ཅོར་ཚ་བའི་གྲོང་ཁྱེར་གྱི་འུར་ཟིང་།
སྲོག་ལ་གནོད་པའི་གྲོང་ཁྱེར་གྱི་མཁའ་དབུགས།
སྐྱུག་རྒྱུ་ཡོང་བའི་གྲོང་ཁྱེར་གྱི་འབག་བཙོག
མགོ་ཡོམ་འཁོར་བའི་གྲོང་ཁྱེར་གྱི་སྲང་ལམ།
སྟོང་བསམ་འཁྲིགས་པའི་གྲོང་ཁྱེར་གྱི་འཆར་ཡན།
ཡི་ག་ལྡོག་པའི་གྲོང་ཁྱེར་གྱི་འཁྲལ་འཁྲུལ།
དངོས་ཡོད་གནས་སྟངས་ལ་གཞིགས་ནས།
རང་སེམས་ལ་ཞི་བདེ་དགོས་པའི་མི་སུ་ཞིག་ཡིན་ཡང་།
རང་ཉིད་ལ་གུ་ཡངས་གཏོང་འདོད་པའི་མི་གང་ཞིག་ཡིན་ཡང་།
མི་ཚེ་འདི་ལྷིང་འཇགས་ཀྱི་ཀློང་ནས་སྐྱེལ་འདོད་མཁན་སུ་ཞིག་ཡིན་ཡང་།
མིག་གཉིས་འདི་འོད་སྣང་གི་ཁྲོད་ནས་རྒས་སུ་འཇུག་འདོད་པའི་མི་གང་ཞིག་ཡིན་ཡང་།
གྲོང་ཁྱེར་དུ་མ་ཡོང་རོགས།
གྲོང་ཁྱེར་ལ་མ་ཆགས་རོགས་ཞེས།
ངས་རང་གི་ལག་པ་གཉིས་ཐལ་མོ་སྦྱར་ནས།
ངས་རང་གི་པུས་མོ་གཉིས་ས་ལ་བཙུགས་ནས།
འབོད་སྐུལ་ལན་གཅིག་བྱས་པ་ཡིན།
གྲོགས་པོ་དག
ང་ཚོ།
ངེད་ཅག་གི་ལྟེ་ཁྲག་དྲོན་མོ་ས་རུ་འཐིམས་སའི།
རང་རང་གི་ཕ་ས་ཕ་ཡུལ་དུ་ལོག་འགྲོ
དེ་རུ།
དབྱར་དྲུག་པའི་སྤང་ཐང་ལྗང་ཁུ་ཞིག་ཏུ།
ཞོ་འོ་མ་བརྒྱགས་ཚད་ཅིག་འཐུངས་རྗེས།
སེམས་པ་ལྷོད་ལྷོད་ངང་གན་རྐྱལ་དུ་ཉལ་ནས།
ཆེས་སྔོ་ཞིང་དྭངས་པའི་ནམ་མཁའི་ཀློང་གི་སྤྲིན་དཀར་ཕོན་པོ་དེ་དག
ཕྱོགས་གང་ཞིག་ནས་ཡོང་སྟེ།
ཕྱོགས་གང་ཞིག་ཏུ་་སྐྱོད་པར་ལྟ་རྒྱུ་བྱེད་ཡ།
ལྟོས་ས་ལྟོས་འཇོག་གིས་སྐྱིད་པའི་ངའི་ཕ་ཡུལ་གྱི་རི་སྒང་།
ངས་་་སྐབས་མང་པོར་་་གྲོང་ཁྱེར་དང་བྲག་ཕུག་གཉིས་་་ལ་ཁྱད་པར་དེ་ཙམ་དི་འདུག་ཟེ་ཟེར་མྱོང་།
རྒྱུ་མཚན། གྲོགས་པོ་མང་པོས་ང་ལ་དུས་ཚོད་ཡོད་དུས་་གྲོང་ཁྱེར་གྱི་སྲང་ལམ་དང་ཁྲོམ་གཞུང་ལ་ལྟད་མོར་མི་འགྲོ་བར་ནང་དུ་འཛུལ་བསྡད་ནས་ཅི་བྱེད་དམ་ཟེར་བའི་ལན་དུ་དེ་ལྟར་བརྗོད་པ་ཡིན།
སྤྱིར་་་བོད་ལ་ཡོད་དུས་དད་པ་དག་སྣང་ཙམ་ཞིག་ཡོད་པ་ལས་ཆོས་ཀྱི་སྙིང་དོན་དང་རིག་པའི་གཞུང་ལུགས་སོགས་ལ་སྦྱོང་བའི་སྐལ་བ་ཐོབ་མྱོང་མེད།
ཡིན་ན་ཡང་་་རྒྱ་གར་དུ་སླེབས་རྗེས་༧གོང་ས་མཆོག་གི་ཐུགསརྗེའི་བཀའ་དྲིན་ལས་ཆོས་ཀྱི་སྙིང་པོར་བག་ཆགས་ཕྲ་མོ་ཙམ་བཞག
དེ་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་ཁྲ་ཁྲ་ཟང་ཟིང་གི་འདུ་འཛིའི་ཁྲོད་ཀྱིདེང་གི་
དགོངས་དག
བྲིསམ་ཚར་གོང་ལ་་་ལག་པ་ཤོར་སོང་ཐལ།
ཆོས་ཀྱི་སྙིང་པོར་བག་ཆགས་ཕྲ་མོ་ཙམ་བཞག་པ་དེས་ནུབ་ཕྱོགས་ཀྱི་ཆེས་འདུ་འཛི་འཁྲུགས་པའི་གྲོང་ཁྱེར་གྱི་སྤྱི་ཚོགས་འདི་ནས་འཚོ་བ་རོལ་རྒྱུ་དེ་ནི་ཀླུ་སྨྱོན་གྱིས་གསུངས་པ་ལྟར་དངོས་ནས་མགོ་ན་བོ་དང་ཞེ་སྣང་ཚ་བོ་ཅིག་ཡིན་པ་ནི་སོ་སོ་གྲོང་ཁྱེར་ལ་དངོས་སུ་སླེབས་ན་མ་གཏོགས་ཚོར་མི་ཐུབ་པ་ཞིག་རེད།
ཡིན་ན་ཡང་། ཆོས་ལ་བག་ཆགས་ཅུང་ཙམ་བཞག་པ་དེས་ཡིན་ནམ་གང་ཞིག་གིས་ངེས་འབྱུང་གི་རྒྱུ་ཕྲ་མོ་ཙམ་གསོག་པའི་ཆ་རྐྱེན་ཕུན་སུམ་ཚོགས་པའང་་གནས་འདི་ལྟ་བུ་ཞིག་ལ་མ་སླེབས་གི་བར་དུ་ཡིད་ལ་ཤར་མ་མྱོང་ཟེར་ན་ར་མི་ཆོག་རྒྱུ་མེད་ཚོད་དུ་གདའ།
དེའི་སྟབས་ཀྱིས་འཁོར་བའི་འཇིག་རིམ་ལ་བསམ་མཁན་ཞིག་ཡིན་ན་འཁྲུག་ཆ་དོད་པའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་དུ་གནས་སྤོས་ན་ཕྱོགས་སྣ་སྒོ་མོ་ནས་འཁོར་བར་ངེས་འབྱུང་གི་འཁོར་ཡུག་ཧ་ཅང་བཟང་ཞེས་ཞུས་ན་འདོད།
གྲོང་ཁྱེར་དུ་བསྡོད་མཁན་དག་ནི་རྩ་ཐང་ལ་ཆགས་པ་དང་། རྩྭ་ཐང་དུ་བསྡོད་མཁན་དག་ནི་གྲོང་ཁྱེར་ལ་ཆགས་བཞིན། འཇིག་རྟེན་གྱི་སྐྱེ་འགྲོ་ཚང་མ་ཤི་རེག་བར་དུ་གཅིག་གིས་གཅིག་ལ་ཆགས་ནས་དལ་ལྷོད་མེད་པར་འདུར་དགོས་པ་མ་རེད་དམ། གང་ལྟར། མི་རེ་ངོ་རེ་ནས། རང་་རང་གི་འཚར་ལོངས་བྱུང་རིམ་གྱི་རྒྱུད་རིམ་མི་འདྲ་བའི་དབང་གིས་དགའ་ཕྱོགས་ཀྱང་དེ་ག་སྣང་བཞིན་ཡོང་གི་ཡོད་དུས། ཀུན་མཐུན་གྱི་བསམ་བློ་གཅིག་དུ་སྤུངས་ཐུབ་རྒྱུ་དེ་ནི་གནམ་ས་མགོ་མཇུག་ལྡོག་ན་མ་གཏོགས་ཁག་པོ་རེད། ཡིན་ཡང་། དངོས་བྱུང་གི་ཚོར་བ་དག་གིས་མི་དག་ལ་ཚོར་བ་ཏན་ཏན་ཞིག་སྤྲོད་ངེས་ཡིན།
གྲོང་ཁྱེར། མིས་བཞེངས་པའི་དམྱལ་བ་དང་ལྷ་ཡུལ་གྱི་འདྲ་རིས།
མི། མི་འདྲ་བའི་འདྲ་རིས་གཉིས་ལ་རེས་མོས་སུ་རོལ་མཁན་གྱི་སྒྱུ་རྩལ་བ།
ངེས་འབྱུང་བའམ་ཡིད་ཆད་པ་དག་ནི། ཚོན་མདོག་གཅིག་ཁོ་ནས་མ་གཏོགས་རི་མོ་འབྲི་མི་ཤེས་མཁན་དང་། སྒྲ་གདངས་གཅིག་ཁོ་ནས་མ་མ་གཏོགས་གཞས་གཏོང་མི་ཤེས་མཁན་དག་ཡིན།
དམྱལ་བའི་ཐང་དུ་ངུ་འབོད་བྱེད་པར་མི་སྤྲོ་ན།
ལྷ་ཡི་ཡུལ་དུ་ཧབ་ཆ་རྒྱག་པའི་གོ་སྐབས་སྤྲད།
ད་ཨ་ལགས་ཉིན་འདི་དག་ནང་དུ། གྲོང་ཁྱེར་ལ་ཉོབ། གྲོགས་མོ་ལ་གནོད། ཅི་བྱས་ལོག་པ་རུ་སོང་། ཅི་བསམ་སྟོང་པ་རུ་གྱུར། ཧཧསྐུ་རྩེད་ཡིན་ད
སྙན་ངག་སྙན་མོ་ཞིག་རེད་དེ། གཤམ་གྱི་འདྲ་པར་དེས་མགོ་ཡོམ་འཁོར་བཅུག་སོང་། གཞི་ནས་ཁ་བརྡ་ཚང་ནས་པར་ཚང་མ་རང་དབང་ལ་མི་ཡོང་པ་འདི་ཅི་ཡིན་ནམ།
རྩོམ་ངོ་མ་འཇིགས་གི་ཡ།
དགུན་ཁ་གྲོང་ཁྱེར་སྐྱིད། དབྱར་ཁ་རྩྭ་ཐང་སྐྱིད།
ཡ་ད་ངོ་མ་ཨ་ལགས་ཚང་གིས་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ཟེར་ནོ་དོན་གྱིས་རྟོགས་ཡོད་ས་རེད།
ང་ཚོ་བོད་ཀྱི་གཏམ་དཔེ་ལ། ཀོ་ངན་མ་གནས་ལ་དགའ་གནས་ངན་མ་ཀོ་ལ་དགའ་ཟེར།
༼ཁྱིམ་དུ་བསྡོད་མཁན་གྱི་བུ་མོ་མནའ་མར་འགྲོ་རྒྱུར་དགའ་བ་དང་མནའ་མར་གཞན་ཁྱིམ་དུ་སོང་བའི་བུ་མོ་སྟེ་ཡང་ཕྱིར་ཕ་མའི་ཁྱིམ་དུ་ཞེ་ཆགས་པའི་དོན་ཡིན༽
འཇིག་རྟེན་འདིའི་རང་གཟུགས་ཡིན་ས་རེད། ཅི་ཞིག་བཙལ་བཙལ་བ་མཐའ་མ་ཞིག་ལ་ལག་ཏུ་སོན་རུང་དེས་ཀྱང་ཡིད་ཚིམས་པར་མ་ནུས་པ་ཡང་བསྐྱར་གཞན་ཞིག་འཚོལ་དགོས་པའི་བསམ་འདུན་ངང་གིས་འཕེལ་ཡོང་གི
སྐབས་འགར་འདོད་པ་བཙལ་ཀྱང་ལག་ཏུ་མི་འོང་བར་མི་འདོད་པ་ཞིག་རང་བཞིན་གྱིས་ཐོག་ཏུ་བབས་ཡོང་དུས་ངོ་མ་ལས་རྒྱུ་ཅང་མེད་ཀི ཐུབ་ན་སྔོན་དམ་པ་རྣམས་ཀྱིས་གསུངས་པའི་གནས་ལུགས་ཀྱི་བསྡོམས་ཆེན་པོ་དག་ལ་བསམ་གཞིགས་རེད་བྱེད་ཐུབ་ན་ཕན་ས་རེད་དེ་མ་གཏོགས་གཞན་པའི་སྨན་ཞིག་རེད་ས་མ་རེད།
མཆན་ཞིག་འབྲི་ཞོར་དུ་ཡང་བསམ་བློའི་ནང་ལ་གཞན་ཞིག་འཁོར་ཡོང་ཐཱ གྲོང་ཁྱེར་ན་འཛོམས་པའི་གྲང་དུས་ཚ་བོ་བཟོ་བྱེད་དང་ཚ་དུས་གྲང་མོ་བཟོ་བྱེད། ཟས་རིགས་སྣ་མང། ད་དུང་མི་རིགས་སྣ་འདུས་ཀྱི་མཛེས་མང་བོ། གཞན་དང་གཞན་པའི་ཆ་རྐྱེན་མང་མང་བོ་ཞིག་རྩ་ཐང་དུ་འཛོམས་ན་ད་དངོས་མ་བཟང་སོང་ནི་རེད། ངའི་སྐྱབས་བཅོལ་བའི་གནས་བབས་བོར་ན་ད་སྐྱིད་རྒྱག་གི་རེད་ཡ། ཧཧཧཧཧ
ཨ་རོག་རྩ་ཐང་འདི་མོ་འདི་པར་རིས་མ་སྟོན་ན་བཟང་གི ང་འདིར་སྡོད་མི་ཚུགས་ཀི་ཡ།
ཧ་བོ་རྒྱ་དམར་ཚང་་་་་་་་་
རྩྭ་ཐང་འདི་མཐོང་ན་ངོ་མ་ཕ་ཡུལ་དྲན་གི། རྒྱ་འདྲེ་དེ་ཚོ་་་་་་་་། ཡ་ཨ་ཁུ་ཀླུ་སྨྱོན་ཨ་རིའི་གྲོང་གསེབ་དུ་ཕེབས་དོན་དེ་ཡང་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོའི་ནང་བཞུགས་རྒྱུར་སྐྲག་ནས་གྲོང་གསེབ་དུ་བྲོས་པ་ཞིག་རེད་འདུག་གཱ། ངོ་མ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན་དཱ།
ཨ་རོག་ཀླུ་སྨྱོན་ཁྱོད་ངོ་མར་གྲོང་ཁྱེར་ལ་སུན་སྣང་སྐྱེས་པ་བདེན་ན་ཕར་རྒྱ་གར་ལྷོ་ཕྱོགས་སུ་ཕྱིར་ཕེབས་ན་ག་འདྲ་འདུག་ལགས། ཧ་ཧ་ཧ་རྩེད་མོ་ཡིན་ད།
གོ་སྐབས་རག་ན་འགྲོ་རྒྱུའི་གྲ་སྒྲིག་ཡིན། ང་རྒྱ་གར་དང་བལ་བོའི་གྲོང་གསེབ་ཀྱི་འཚོ་བར་དགའ། ལྷག་པར་དུ་ནོར་གླིང་ནས་གསོག་སྒར་སློབ་གྲྭར་འགྲོ་སའི་ལམ་ཁ་དེ་དག་ལ་ང་ཧ་ཅང་དགའ།
ཁྱེད་རང་འཁྲུག་ཆ་དོད་པའི་ནེའུ་ཡོག་གྲོང་ཁྱེར་ན་མཛེས་མའི་ལོངས་སྤྱོད་ལ་རོལ་བཞིན་དེ་གར་མ་ཡོང་ཞེས་ལབ་ན་བོད་པའི་ཕོགསར་མོ་གསར་དེ་ཚོས་ཉན་གྱི་ཨེ་རེད། ཧཧཧཧཧ་