གནས་ཚུལ་མཁོ་གཏོང་བ། རིག་འཛིན་ལྷུན་གྲུབ།
སྤྱི་ཟླ་གཉིས་པའི་ཚེས་གཅིག་ལ་གསར་ཏུ་ཤེས་པའི་གནས་ཚུལ་ཏེ་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་བདག་པོ་རང་ཉིད་ལ་ཆོག་མཆན་མ་ཞུས་པར་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གོང་རིམ་འགོ་ཁྲིད་ལ་ཞུ་འབུལ་བྱས་པའི་དོན་ཚན་དགུ་བོ་དེ་རྒྱ་བོད་གཉིས་ཀྱི་ཡི་གེའི་ལམ་ནས་ཁྱབ་བསྒྲགས་བྱས་པར་མ་ཟད། རང་བསམ་གྱིས་ཁ་སྣོན་དང་དོན་དངོས་འཁྱོག་བཤད་བྱས་འདུག་པས་ཡིད་སྐྱོ་བའི་ངང་གསལ་བསྒྲགས་ཤིག་མི་བྱེད་ཐབས་མེད་གྱུར་བས་གྲོགས་པོ་རྣམས་ཀྱིས་ཐུགས་འཇགས་གནང་རོགས་ཞུ།
གཅིག བསམ་འཆར་དོན་ཚན་དགུ་བོ་དེ་རང་གི་སྐད་འཕྲིན་སྟེང་དུ་བཀོད་ནས་གྲོགས་པོ་ནང་ཁུལ་ལ་གཟིགས་འབུལ་ཞུས་པ་ཡིན་མོད། འགན་མི་འཁུར་བའི་རྒྱང་བསྒྲོག་ཁང་དང་གསར་འགོད་པ་ལ་ལས་རང་སྣང་གང་དྲན་གྱིས་དྲྭར་འགོད་དང་འཁྱོག་བཤད་གཡོ་འཁྲབ་བྱས་ཡོད་པས་ངས་འདིར་ཆེད་དུ་རྒོལ་ལན་སྤྲད་པ་ཡིན།
གཉིས། རང་ཉིད་ཨ་མེ་རི་ཁ་ལ་ཡོང་དོན་གཙོ་བོ་ནི་གངས་ལྗོངས་འབྲི་མོའི་སྤྲི་ཆུར་བྲིན་ཚོང་དང་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་ཀྱི་ཆེད་ཡིན་པ་ལས་གཞན་དམིགས་ཡུལ་གང་ཡང་མེད།
གསུམ། རང་ཉིད་ཨ་མེ་རི་ཁར་ཡོད་པའི་རིང་ལ་ཨ་མེ་རི་ཁའི་ཉོས་ཡོག་ཚགས་པར་གྱི་གསར་འགོད་པས་ཚོང་དོན་ལ་བཅར་འདྲི་བྱས་པ་ལས་གཞན་བསམ་འཆར་དོན་ཚན་དགུའི་ཐད་ནས་གསར་འགོད་པ་སུ་ལ་ཡང་ཁ་བརྡ་གཏན་ནས་བྱེད་མྱོང་མེད།
ཡིན་ན་ཡང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་འགོད་མཁན་ཏན་ཀྲིན་(丹珍)ཟེར་བས་རྒྱ་ཡིག་གི་དྲྭ་ཐོག་ཏུ་གཡོ་གཏམ་སྣ་ཚོགས་སྤེལ་ཡོད་པས། ངས་འདིར་ཆོད་སེམས་བརྟན་པོའི་སྒོ་ནས་རྫུན་གཏམ་ཕྲ་མའི་སྤྱོད་ངན་ལ་སྒྱུར་བཅོས་དང་སྐྱོན་ཆ་ངོས་ལེན་གྱི་བཟོད་གསོལ་བྱེད་དགོས་པར་རྒོལ་གཏམ་དྲག་པོ་བཏང་བ་ཡིན།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་སྤྱི་ཟླ་གཉིས་པའི་ཚེས་གཉིས་ཉིན་ཨ་རི་ཉོས་ཡོག་གནམ་ཐང་དུ་བོད་ཡིག་གིས་སྤེལ།
ཨ་རིའི་རླུང་འཕྲིན་དང་ཨེ་ཤའི་ནང་གི་མི་དེ་ཚོ་ལ་ཡོན་ཚད་དང་རྒྱུ་སྤུས། མི་གཞི་སོགས་རྩ་ནས་མི་འདུག་ལ། འཆར་གཞི་དང་ལྟ་བ། རྒྱབ་མདུན་སོགས་ལ་ལྟ་བའི་མི་ཤེས་ཀྱང་མི་འདུག ཁོ་ཚོར་ཡོད་པ་སྟེ་ཕྱོགས་རུས་དང་ནང་འཁྲུགས། སྐྱག་རྫུན་དང་ཀློའུ་བཤད་རྒྱག་རྒྱུ་དེ་རེད། དཔེར་མཚོན་མི་སྣ་ནི་སྐལ་ལྡན་བློ་གྲོས་དང་ཀེ་ཐོ། པ་སངས་དབྱངས་སྐྱིད་སོགས་རེད།
ཁྱོད་ཁག་མེད། རྒྱ་ཆ་བརྒྱ་ཐམ་པ་ཁྱོད་ལ་རྒྱབ་སྐྱོར་ཡོད།
ཁོང་གི་བྱ་བ་དང་དགོངས་པར་བར་ཆད་མི་ཡོང་བ་ཤོག བོད་ཀྱི་ལྷ་སྲུང་མ་རྣམས་ད་ཐོན་ཤོག རྨ་ལ་ཕན་ལ་རྐུབ་ཀྱི་ཚིལ་ཡང་སྐུས་ཟེར་བ་བཞིན། སྲུས་འཇོན་ནའང་། དེ་མགོན་པོར་བཀུར་བ་ཡིན། སུ་ཡིན་པ།
གནད་དོན་འདིར་འགན་མི་འཁུར་མཁན་དང་པོ་དེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་མ་རེད་། འཇིགས་མེད་རྒྱལ་མཚན་ཁོང་གི་གྲོགས་པོ་རྣམས་ཡིན་པས་ཁོང་གི་གྲོགས་པོ་རྣམས་ཀྱིས་གནད་དོན་འདིའི་འགན་ཁུར་དགོས།
བླ་རྒན་འདི་ཚོ་བཤད་རྒྱུ་མང་གི། ཁྱབ་བསྒྲགས་བྱས་ན་བྱས་ནས་མ་འགྲིགས་ཟེར། ཁྱབ་བསྒྲགས་མ་བྱས་ན་མ་བྱས་ནས་མ་འགྲིགས་ཟེར།
བླ་རྒན་ཨ་རི་ལ་འབྲི་སྤྲིའི་ཚོང་རྒྱག་ཏུ་ཡོང་བ་མ་གཏོགས་རང་དབང་རླུང་འཕྲིན་ཁང་དེ་ཚོས་བཤད་རིན་ཡོད་པ་ཞིག་གི་དོན་ལ་ཡོང་བ་ཡིན་བཟོ་མི་འདུག་པས་ད་བླ་རྒན་ལ་གུན་ངསབ་གྱི་དངུལ་འབབ་སྤྲད་ན་མ་གཏོགས་རང་དགལ་འཇོག་རྒྱུ་མ་རེད།
མཆན་༣དེ་བཅོས་རོགས།
ནོར། རྨ་ལ་ཕན་ལ་རྐུབ་ཀྱི་ཚིལ་ཡང་སྐུས་
བཅོས། རྨ་ལ་ཕན་ན་རྐུབ་ཀྱི་ཚིལ་ཡང་སྐུས།
སུ་ཞིག་གིས་ག་རེ་བཤད་མིན་བདེན་པ་ཡིན་དང་མིན་དེ་དོན་དངོས་རྟོགས་པའི་སྒོ་ནས་བརྗོད་དགོས་པ་ཞིག་ལས་འུར་བཏམ་གྱིས་ཅང་མི་ཕན། ལར་ནས་ཁྱོག་བཤད་ཡིན་ན། དོན་ཚན་རེ་རེའི་སྟེང་གི་གནད་དོན་ཐད་ཁྱོག་བཤད་བྱས་ཡོམ་མིན་ར་སྤྲོད་བྱེད་དགོས་པ་ལས་སྨྱོ་གཏམ་སྤེན་ནས་ཅི་བྱེད།
གསལ་པོ་བྱུང་སོང་། ཁོ་པ་བདེ་བླག་ངང་ཨ་རིར་ཡོང་ནས་བདེ་བླག་ངང་ཕྱིར་ལོག་རྒྱུ་དེའི་ཆེད་དུ་རེད། གསལ་བསྒྲགས་དེའང་ཀྲུང་དབྱང་ལ་་ཕུལ་བའི་འཚམས་རྟགས་ཡིན་བཟོ་འདུག ཚོང་པ་ནི་ཚོང་པ་རེད་ དེའང་ཚོང་ཞིག་རེད་ ར་རྒྱ་ཟེར་བ་ཁོ་ལརིན་ཐང་བྱུང་མ་སོང་།
རྒྱ་ཁྲིམས་བཙན་ནི་རེད། ཁུར་ནོ་གཉོམ་ནི་རེད། ཁེ་ཕན་མེད་ས་ནས་ཁ་ཁྲིམས་དང་སྲོག་ཁྲིམས་བབས་ན། ང་ནི་སེམས་སྐྱོ། བློ་ཕམ།འཇིགས་མེད་རྒྱལ་མཚན་ལ་ཁག་མི་འདུག།
དྲ་འབུ་ཁ་གསོན་ཚོ་དང་རླུང་འཕྲིན་ལྟོ་ཟན་ཚོ་ལ་ཁར་བདག་པོ་ཞིག་མེད། མཚམས་མཚམས་ལ་རང་གིས་རང་བཀྱིག་ནས་རིལ་བུ་བྱེད། སྐབས་སྐབས་ལ་ཟུར་གྱི་གྲོགས་བཀྱིག་ནས་རིལ་བུ་བྱེད། བསྟོད་མ་ཤེས་བླ་མ་རྫུན་མར་བཟོ། གུར་མ་ཤེས་དཔོན་པོ་ཁྲམ་པར་བཟོ། འདི་ཚོར་གཞན་ལ་ལྟ་བའི་མིག་མེད། རང་ལ་ལྟ་བའི་དཔེ་མེད།
འཇིགས་མེད་རྒྱལ་མཚན་གྱི། ཅི་བྱེད་བྱ་བ་ཡར་ངོ་སྟར་འཕེལ་བར་ཤོག།
བོད་ལ་ཆབ་སྲིད་ཀྱི་གནས་སྟངས་ག་ཚད་ཅིག་ཛ་དྲགས་ཆགས་པ་ཡིན་ན། བཙན་བྱོལ་བ་ཁག་ཅིག་གི་སློང་ཚོང་དེ་ཚད་ཅིག་ཡག་པོ་ཡོང་གི་ཡོད་བཟོ་འདུག དེ་མིན་ན་རྭ་རྒྱ་འཇིགས་མེད་བདེ་འཇགས་ཡོང་ཐབས་བྱས་ན་དེ་ལ་ཚིག་པ་ཟ་དགོས་ཡག་མི་འདུག་ག
རྒན་འཇིགས་མེད་བློ་གྲོས་ལགས་ལ་ཐུགས་ཁག་མེད། གཅིག་བྱས་ན་མ་འོངས་པར་ཕྱི་རྒྱལ་ལ་བསྐྱོད་པའི་ལམ་ཁ་ཆ་ཚང་འགག་ཚར་བ་རེད། དེ་ནི་བྲོས་བྱོལ་སྤྱི་ཚོགས་ཀྱི་སྲིད་དོན་པ་ཚོར་ཕན་གྱི་ཡོད་པ་ལས་བོད་མི་རིགས་ལ་གནོད་པ་ཆེན་པོ་ཞིག་རེད།
འཇིགས་མེད་བློ་གྲོས་མ་རེད། འཇིགས་མེད་རྒྱལ་མཚན་ལ་བཅོས་རོགས།
གོ་མ་མྱོང་གསར་འགོད་པས་གསར་འགྱུར་འགོད་སྐབས་ཚང་མ་ཆོག་མཆན་ཞུ་དགོས་ན་མི་བསད་པའི་གསར་འགྱུར་འགོད་སྐབས་ལག་དམར་ལ་སྐད་ཆ་འདྲི་དགོས་རྒྱུ་རེད།
ཚོང་པ་ནི་ཚོང་པ་རང་རེད། བོད་ཀྱི་བཤད་སྟངས་ལྟར་ན་མི་མགོ་གཉིས་མ། རྒྱ་ཡིས་བཤད་སྟངས་ལྟར་ན་གྲུ་གཉིས་ནང་རྐང་པ་བཙུགས་པ་རང་རེད།
ར་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ལ་འཚམས་འདྲི་དང་། སྐབས་དེོན་ཞུ་རྒྱུར།
༡ ཁྱེད་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་གསར་འགོད་པས་འཁྱོག་བཤད་དང་རང་བཟོ་མང་དག་བྱས་ཡོད་ལུགས་གསུངས་འདུག
འོན་ཀྱང་། འགྲོ་ལུགས་ལྟར་ན་འཁྱོག་བཤད་དང་རང་བཟོ་གང་དང་གང་བྱས་ཡོད་མེད་དོན་ཚན་རེ་རེ་བཞིན་དུ་ཐེར་དོན་གནང་དགོས་པ་ལས་རང་གར་དེ་ལྟར་གསུང་ན་སླར་ཡང་འཁྱོག་བཤད་ལ་གྱུར་པ་མ་་རེད་དམ།
༢ གསར་འགོད་པས་གནས་ཚུལ་སྤེལ་ཚད་ལ་ཆོག་མཆན་ཞུ་དགོས་ན་གསར་འགོད་པས་རང་དབང་དང་དྲང་བདེན་གྱི་གནས་ཚུལ་སྤེལ་ཐུབ་ཐབས་མེད་པ་མ་ཟད། ཕྱིའི་རང་དབང་དམངས་གཙོའི་ལུང་པར་དེ་འདྲའི་ལུགས་སྲོལ་ཡང་ཡོད་པ་མ་རེད།
༣ གསར་འགོད་པས་གསར་འགྱུར་སྤེལ་སྐབས་ཆོག་མཆན་ཞུ་དགོས་པ་དེ་ནི་རང་དབང་མེད་པའི་རྒྱ་ནག་ནང་གི་གསར་འགོད་པའི་གནས་སྟངས་ཤིག་རེད། བྱས་ཙང་སྐུ་ཉིད་རྒྱུན་དུ་རང་དབང་མེད་པའི་རྒྱ་ནག་གི་སྲིད་ཇུས་འོག་མཚར་ལོངས་བྱུང་བ་ཡིན་སྟབས་ཕྱི་ཕྱོགས་འཛམ་གླིང་ལ་གཟིགས་རྒྱང་ཆུང་དྲག་པའི་སྐྱོན་མིན་ནམ་སྙམ་པ་བྱུང་།། གོང་གི་དོན་ཚན་དེ་དག་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན་ལགས།།
ང་ཚོས་ཤེས་དགོས་པ་དང་འགན་ཁུར་དགོས་པ་ཞིག་བོ་ནང་གི་བོད་རིགས་ཚོའི་བདེ་འཇག་དང་མདུན་ལམ་སོགས་ཡིན་སྟབས་་ཚིག་ཡག་ཉེས་དང་རྣམ་འགྱུར་སོགས་ལ་བརྟེན་ནས་སྐད་ཆ་མང་པོ་མ་གླེང་ན་དགེ ལྷག་དོན་བོད་ནང་གི་བོད་མིའི་སྐོར་གླེང་མང་ན་འཇུག་ལ་ཅི་ཡོང་མཁྱེན་དགོས་གལ།
ཨེ་ཤ་ཡ་ནང་གི་སྐལ་ལྡན་བློ་གྲོས་ཟེར་བ་དེ་མི་ཡག་པ་ཞིག་མ་རེད། གསར་འགོད་ར་བ་ལས་བརྒལ་ཏེ་དུས་དབང་སྐབས་གཞོན་ནུ་ཚོགས་པ་ལ་ཁ་གཏད་ལངས་པ་རེད། ཉེ་སྔོན་ཨེ་ཤ་ཡའི་ནང་གི་འགན་འཛིན་རྒྱ་མོ་དང་དགའ་རོགས་བསྒྲིགས་ནས་ང་ཕོད་འཇིགས་མེད་ཕྱིར་འབུད་བཏང་རེད། ད་དུང་བོད་རང་བཙན་རྩོད་མཁན་རྣམས་ཨེ་ཤ་ཡའི་ནང་བཅར་འདྲི་བྱེད་རྒྱུ་བཀག་རེད། མི་འདི་འདྲས་ཨེ་ཤ་ཡ་སྒེར་གཅོད་ཧམ་པ་བཅིངས་ནས་བཟུང་ཡོད། བོད་མི་ཚོས་འདི་ཚོའི་བྱེད་སྟངས་ཨ་རིའི་གཞུང་ལ་སྙན་ཞུ་དང་ཁྲིམས་ལ་གཏུགས་དགོས་རེད།
མང་པོ་ཞིག་ཧ་གོ་མ་སོང་། གང་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་གསར་འགོད་པ་རྒྱང་བསྒྲག་ཁང་ཡོད་ཚད། ཧ་ཅང་གུ་དོག་གི་ལྟ་བ་ལས་ཐར་མེད། ཁོ་ཚོས་གསལ་བསྒྲག་དང་རྒྱང་བསྒྲག་གང་བྱས་ཀྱང་། དམང་དང་མི་མང་ལ་རྒྱབ་སྐྱོར་དཀོན་པོ་རེད། ཨ་རོབ་དང་རྒྱ་ནག་དམར་ཕྱོགས་ཀྱི་རྒྱང་བསྒྲག་ཁང་ནང་བཞིན་དུ། དུས་གཏན་དུ་མི་གཅིག་ལ་བསྟོད་པ་ཞུ་ནས་སྡོད་རྒྱུ་རེད།
དབང་འདུས་ལགས་ཀྱིས་བཤད་པ་ངོ་མ་རྒྱུ་མཚན་བདེན་གི
ག་རེ་རེད། རྒྱ་མི་ཁྱུ་གཅིག་གིས་མཆན་རྒྱག་གི་ཡོད་པ་འདྲ་པོ་འདུག
ཡུལ་གྱར་བའི་གླུད་ཚོགས་ཚོ། ཁྱི་ཁ་བཙུམས་ན་ཡག ར་རྒྱ་ལ་ཁག་མེད།
ཁོ་རེ་དབང་འདུས། མི་གཅིག་ལ་བསྟོད་པ་ཞུ་སྡོད་པ་ཟེར་བ་གསལ་པོ་བཤད་ན་༧གོང་ས་མཆོག་ཡིན་པས། ཁྱོད་དོལ་རྒྱལ་འདྲ་པོ་འདུག
དྲ་འབུ་སྥོབས་མཐའ་ཟེར་བ། རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ནི་ཁྱོད་ལྟ་བུའི་རང་ལ་དངུལ་སྒོར་དང་གཞན་ལ་དཀྲུགས་ཤིང་ཁོ་ནར་བསམ་བློ་གཏོང་མཁན་ཞིག་མ་ཡིན་པར། ཁོང་ནི་ནམ་ཞར་མི་རིགས་དང་རིགས་གཞུང་ཁོ་ན་ཐུགས་ལ་བཟུང་ཡོད་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་རེད།
དྲ་འབུ་ཁྱོད་ཀྱིས་དེ་འདྲའི་རང་རིགས་ལ་ཞབས་འདེགས་ཞུ་མཁན་གྱི་དམ་པ་ཞིག་ལ་དམའ འབེབ་དང་ཟུར་ཟ་བྱེད་དགོས་དོན་ཅི་ཡིན།
“རང་བསམ་གྱིས་ཁ་སྣོན་དང་དོན་དངོས་འཁྱོག་བཤད་བྱས་འདུག་པས་ཡིད་སྐྱོ་བའི་ངང་གསལ་བསྒྲགས་ཤིག་མི་བྱེད་ཐབས་མེད་གྱུར་བས་་་”
༡༽ཁ་སྣོན་དང་འཁྱོག་བརྗོད་ཅི་བྱས་ཡོད་མེད་སུས་གསལ་བཤད་ཐུབ་ན་གནང་རོགས།
༢༽ སྤྱིར་བཏང་ཚོགས་ཆེན་གང་ཞིག་ཏུ་སྙན་སྒྲོན་དང་འགྲེམས་སྤེལ་གནང་བའི་རྩོམ་ཡིག་ནི་གསར་འགོད་པ་སོགས་ཀྱིས་བེད་སྤྱོད་ཆོག་པ་ཡིན།
༣༽རྩོམ་པ་པོ་རྣམ་པས་ཀྱང་སླད་མར་རྩོམ་ཡིག་བརྒྱུད་འགོད་ཆོག་མིན་དང་ནང་ཁུལ་ཡིག་ཆ་སོགས་གསལ་བཤད་ལྷན་དུ་འགོད་རྒྱུ་གལ་ཆེ།
༤༽ དམིགས་བསལ་བོད་ནས་ཕེབས་མཁན་རིགས་ལ་བཅར་འདྲི་སོགས་གནས་ཚུལ་བརྒྱུད་བསྒྲགས་ལ་གཟབ་ནན་གནང་དགོས། ཐལ་ཆ་ཤོར་མ་གཏན་ནས་མི་འགྲིགས།
གནད་དོན་འདའི་ཐད་ངས་ཀྱང་ཉེ་ཆར་ཨ་རིའི་རང་དབང་རླུང་འཕྲིན་ཁང་ནས་རྒྱང་བསྒྲགས་བྱས་མ་ཐག་ཏུ་བསམ་ཚུལ་ཞིག་ངོ་དེབ་ཐོག་ལ་བྲིས་ཡིན། ཡིད་སྐྱོ་བ་ཞིག་ལ་གསལ་གང་ཡང་བྱས་མ་བྱུང། ངས་བསམ་ཚུལ་ཅི་ཞིག་བཤད་ཡིན་ལབ་ན་་་ཁྱེད་ཚོས་ཁོང་གིས་བཏོན་པའི་བསམ་ཚུལ་དོན་ཚན་དགུ་ལ་ཅི་ཞིག་ལ་བཅོས་སྒྲིགས་བྱས་པ་ཡིན་ལབ་པ་ཡིན། བཅོས་སྒྲིགས་ཅི་ཞིག་བྱས་འདུག་ལབ་ན། གཅིག་་་་་ཁོང་གི་རང་ཉིད་ཀྱིས་བཏོན་པའི་བསམ་ཚུལ་དོན་ཚན་དགུ་ཅེས་སྒེར་གྱི་སྐད་འཕྲིན་ཐོག་བཞགས་འདུག། ཨ་རའི་རླུང་འཕྲིན་ཁང་འདི་ལྟར་བསྒྲགས་བྱས་སོང། བོད་ཀྱི་སློབ་གསོ་བ་ཞིག་གིས་རྒྱ་གཞུང་ལ་ཕུལ་བའི་སྙན་ཞུ་དོན་ཚན་བརྒྱད་ཞེས་བཀོད་འདུག། དེ་མིན་ཡིག་ཐོག་ངག་ཐོག་གཉིས་ནས་ཁོང་གིས་བཏོན་པའི་བསམ་ཚུལ་དོན་ཚན་དགུ་ལས་མདོར་བསྡུས་ཙམ་རྒྱང་བསྒྲགས་དང་ཡིག་ཐོག་ལའང་བཀོད་མི་འདུག། དེ་ནོར་འཁྲུལ་རེད་ལ་མ་རེད། གཉིས་་་་པར་ངོས་མཚོ་སྔོན་བོད་ཡིག་ཟིན་བྲིས་ནས་ཞེས་བཀོད་འདུག། དེ་མ་ཐག་ངས་མཚོ་སྔོན་བོད་ཡིག་ཟིན་བྲིས་ལ་བལྟས་དུས་་་་མཐོང་རྒྱུ་གང་ཡང་མི་འདུག། གསུམ་་་ ཁོང་དང་ལྟ་བུའི་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་ཁ་ཚ་དགོས་གཏུགས་ཀྱིས་ཞབས་འདེགས་སྒྲུབས་མཁན་ཉུང་བ་ལས་མང་བ་ཡོད་མེད་ཟུར་བལྟས་ལེབ་མཐོང་ཡིན་པ་ཚང་མིས་མཐོང་གསལ་རེད། དེ་བས་མྱི་བུ་འདི་ཚོའི་་རིགས་ཀྱི་མདུན་ལམ་དང་བདེ་འཇགས་ལ་ཅི་ལྟར་བྱས་ཏེ་སྲུང་སྐྱོབ་བྱེད་ཐབས་ལ་འབད་བརྩོན་ལས་ཡོད་ཚད་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་གཅིག་པོ་ལ་སྐྱབས་བཅོལ་ཏེ་བསྡད་ན་ཁ་ཡོད་ལག་ཡོད་ཀྱིས་མི་རིགས་འདི་སྐྱོབ་ཐུབ་མིན་ལ་བསམ་གཞིགས་གནང་དགོས་པ་གལ་ཆེན་མཐོང། གང་ཞིག་བསྒྲགས་ན་ཡག་པོ་འདུག་་ཅི་ཞིག་མ་བསྒྲགས་ན་ཕན་གྱིན་འདུག། དོན་ངོ་མའི་བསྒྲགས་དགོས་ས་བཤད་དགོས་ས་རྒྱ་ནག་སྲིད་གཞུང་རེད་མིན་ནུབ་ཕྱོགས་བརྒྱུད་ལམ་ཁེག་དང་བཙན་བྱོལ་ནང་མ་རེད་འདོད། བསྒྲགས་ཀྱང་མགོ་རྔ་ཚང་ནི་ཞིག་བྱེད་རྒྱུ་གལ་ཆེན་མཐོང།
ཁ་བརྡ་ཚང་གི་ཞབས་མཆན་ཚོ་རླབས་ཆེན་གྱི་སྐྱེས་བུ་ཁོང་ལ་ཕྲག་དོག་བྱེད་རྒྱུ་ལས་གཞན་ཅི་ཤེས།
ཚང་མས་མཆན་བུ་ཧ་ཅང་ཡག་པོ་བརྒྱབ་འདུག
“་་་་་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གོང་རིམ་འགོ་ཁྲིད་ལ་ཞུ་འབུལ་བྱས་པའི་དོན་ཚན་དགུ་བོ་དེ་་་”
ཁོང་གིས་ཚོགས་ཆེན་ཐོག་ནས་གོང་རིམ་ལ་ཞུ་འབུལ་གནང་འདུག
དེས་ན་་་་”བོད་ཀྱི་སློབ་གསོ་བ་ཞིག་གིས་རྒྱ་གཞུང་ལ་ཕུལ་བའི་སྙན་ཞུ་དོན་ཚན་བརྒྱད་” ཟེར་བ་འདི་གཉིས་ལ་མིང་འདོགས་ཀྱི་ཆ་ནས་ཧེ་བག་དེ་ཙམ་མི་འདུག
དོམ་ངོ་མ་ཚོགས་ཆེན་ཐོག་ནས་གོང་རིམ་ལ་ཕུལ་ཟིན་པ་དང་སྐད་འཕྲིན་ནང་དུ་ཡང་སྤེལ་ཡོད་ན། འདི་གསར་འགོད་པ་ཚོས་ངེས་པར་དོ་སྣང་གནང་དགོས་པ་ཞིག་ལོས་ཡིན། གལ་ཏེ་འདིའི་སྐོར་ལ་ཅི་ཡང་མ་བཤད་ན་ང་ཚོས་གསར་འགོད་པ་ཚོར་མིག་མི་འདུག ལྕེ་ཆད་འདུག་ཟེར་ངེས།
ང་ཚོས་ངེས་པར་གླེང་རིན་ཡོད་པའི་ཁོང་གི་སློབ་གསོའི་ཞུ་སྐུལ་ལམ་བསམ་ཚུལ་འདི་ལ་བརྒྱུད་ལམ་སྣ་ཚོགས་ནས་གླེང་སློང་བྱས་ན་ཕན་ཐོགས་ཆེ་སྙམ།
གཙོ་བོ་དོ་བདག་ཁོང་སེམས་སྐྱོ་དགོས་པའི་་་ཁ་སྣོན་དང་འཁྱོག་བརྗོད་ཟེར་བ་དེ་གང་ཡིན་ངས་ད་དུང་ཧ་གོ་མ་སོང།
སྐབས་དོན་དོ་བདག་ཚོང་དོན་ཆེད་ཡིན་པ་དེ་ཡང་དོན་ཚན་དགུ་དང་འབྲེལ་བའམ་ཡང་ན་་སྲིད་དོན་གྱི་རྣམ་པ་ལྟ་བུར་བཟོས་ཡོད་ན་དེ་ཧ་ཅང་མ་འོས་པ་རེད།
ད་རེའི་འདིར་ཁོང་གིས་རྒྱའི་གསར་འགོད་པས་གནས་ཚུལ་སྒང་ལ་གཡོ་འཁྱོག་བྱས་པའི་གསར་བསྒྲགས་སྤེལ་ནའང་འུ་ཚང་གི་ཁ་ལག་པ་རིང་ཐུང་གཉིས་ཀས་བོད་ནང་གི་རྩོམ་ཡིག་དང་གནས་ཚུལ་ཁག་དྲ་ལམ་ནས་བཤུ་འཁྱེར་བྱས་ཏེ་རང་དབང་ལུང་པའི་དྲ་ཐོག་ལ་འགོད་རྐྱང་བྱེད་ཀྱི་ཡོད་པས་དེས་ཕ་ཡུལ་བོད་དུ་བཞུགས་པའི་རྒྱལ་ཞེན་ཅན་དང་བོད་རིག་གནས་ལ་དང་དོད་ཆེ་བའི་མི་བུ་གང་མང་ཞིག་སྡུག་ལ་སྦྱར་ཀི་ཡོད་པས་རང་དབང་ལུང་པར་ཁ་ལག་གཉིས་ཀ་རྒོད་ལ་ཤོར་བའི་རིགས་ཀྱིས་གཟབ་ཙམ་གནང་ན་ཡག་པོ་འདུག
དོན་ཚན་དགུ་པོ་དེ་ཡིག་ཐོག་ལ་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པའི་ངོ་སྤྲོད་ལྟར། སྒྲ་དང་ཡིག་ཐོག་གཉིས་ལ་གཞི་བཞག་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་ཡིག་ཐོག་ལ་ཕབ་བསྒྱུར་བྱས། གསལ་འགྱུར་གྱི་དུས་ཚོད་ལ་ཚད་ཡོད་པའི་རྐྱེན་གྱིས་གསར་འགྱུར་ནང་དོན་སྙིང་བསྡུས་ཤིག་ལས་དོན་ཚན་ཞིབ་ཏུ་བཀོལ་མ་ཐུབ། རྒྱ་ཡིག་ཤེས་མཁན་དག་གིས་བོད་ཡིག་ཐོག་གི་དོན་ཚན་དགུ་ཅན་དེར་གཟིགས་ནས་རྒྱ་ཡིག་གི་སྙིང་བསྡུས་དེ་དང་མི་མཐུན་པའི་གཡོ་གཏམ་སྣ་ཚོགས་་གང་དང་གང་སྤེལ་ཡོད་མེད་གསལ་བཤད་ཡོད་པ་མཁྱེན
སྤྱིར་དོན་ཚན་དགུ་བོ་དེ་དུས་བབ་དྲ་ཐོག་དང་ཁ་བརྡ་དྲ་ཐོག་ནས་མཐོང་སོང་།ཡིན་ཡང་འདྲེན་ཁུངས་སོགས་བཀོད་ཡོད་མེད་གསལ་བོ་ཞིག་མི་དྲན་མོད།འོན་ཀྱང་དྲ་ཐོག་དེ་གཉིས་ནས་ཅི་བཞིན་བཀོད་ཡོད་མེད་ལ་གསལ་བོར་ཤེས་གལ་ཆེ།སྤྱིར་དོན་ཚན་དགུ་བོ་དེ་གཞུང་ལ་བསམ་ཚུལ་ཕུལ་ཟིན་པས་དེ་ཙམ་སྐྱོན་ཨེ་ཡོད་སྙམ།ཡིན་ན་ཡང་ཨེ་དབང་རླུང་འཕྲིན་ཁང་དང་ཨ་རིའི་ཀུན་གླེང་ཚང་གཉིས་ཀྱིས་ཁ་སྣོན་རྒྱབ་ཡོད་ཚེ། དེ་ནོར་འཁྲུལ་ཡིན་པ་མ་ཟད། གསར་འགོད་ཀྱི་ཉམས་མྱོང་དང་བོད་ནང་གི་བོད་རིགས་ཚོའི་བདེ་འཇགས་ལ་བསམ་གཞིགས་མེད་པའི་རྣམ་པ་གསལ་བོ་རེད། སྤྱིར་གསར་ཁང་དེ་གཉིས་ཀྱི་གསར་འགོད་པ་ཚོས་གསར་འགྱུར་མ་རེག་པར་སྣེ་མོ་ཅུང་ཟད་རེག་ཚེ་ཡལ་ག་མང་པོ་འདོགས་རྒྱུ་དགའ་བོ་ཡོད། འདི་ཚོ་གསར་འགྱུར་འཚོལ་བསྡུའི་ཉམས་མྱོང་མེད་པས་དུས་རྒྱུན་དྲ་ཐོག་ཁོ་ན་ལས་འཚོལ་བཞིན་པའི་རྟགས་རེད།མ་གཞི་ནས་གསར་འགོད་པ་ཚད་ལྡན་གཅིག་ཀྱང་མེད་པའི་རྟགས་རེད།
གཞན་དབང་སྟབས་བསྟུན་འོག་ཁ་ཡོད་ལག་ཡོད་ཀྱིས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པའི་རླབས་ཆེན་གྱི་མི་སྣ་དག་རྩ་མེད་མ་བཟོས་ན་བསམ་གི། དེ་ཙམ་ཡིན།
དྲ་གྲོགས་མང་པས་འཇིག་མེད་རྒྱལ་མཚན་ལགས་ཀྱི་བདེ་འཇགས་སྐོར་འགན་འཁུར་མེད་པས་གསར་འགོད་བྱས་རབས་གསུངས། འོ་ན་གསར་ཁང་གཉིས་ཀྱིས་ཁོང་གི་བདེ་འཇགས་ལ་གནོད་སྐྱོན་གྱི་གསར་འགྱུར་གང་ཞིག་སྤེལ་བ་རེད། ཁོང་གི་སྐོར་ཀྲུང་གོ་ལ་མི་དགའ་བའི་དོན་དག་གང་ཞིག་བཤད་པ་རེད། ལོག་བཤད་དང་འཁྱོག་བཤད་ཅི་འདྲ་བྱས་འདུག། ལར་ནི་ཁོང་གིས་བསམ་ཚུལ་དོན་ཚན་དགུ་ཅན་དེ་ཁོང་སྒེར་གྱི་སྐད་འཕྲིན་ཐོག་ཏུ་ཡོད་ན་ཆོག། སྤྱི་ཚོགས་ཀྱི་དྲ་ཐོག་ཏུ་ཡོད་ན་ཡང་ཆོག། གང་ལྟར་དྲ་གནས་དེ་སྤྱི་ཚོགས་སམ་མི་སུ་རུང་གིས་ལྟ་ཀློག་ཐུབ་པའི་དྲ་ཐོག་ཏུ་ཡོད་ན་གསར་འགོད་པས་གནས་སྤེལ་མི་ཆོག་ཅེས་བཤད་ན་གསར་འགོད་རང་དབང་ལ་ཐུགས་སྣང་མེད་པའམ་གསར་འགོད་རང་དབང་གི་གོ་དོན་མི་རྟོག་པས་རང་རྟགས་རེད། གལ་སྲིད་བོད་ནང་གི་བོད་མིའི་སྐོར་ཕྱིར་སྡོད་བོད་མིས་གསར་འགོད་བྱས་པས་རྒྱ་ནག་ལ་མི་དགའ་བ་འགྱུར་བ་དང་བོད་མི་དེ་དག་གི་བདེ་འཇགས་ལ་གནོད་གཞི་ཞིག་ཏུ་ཡིན་སོང་ན་རྒྱ་བོད་བར་གྱི་སྐད་ཆ་བཤད་རྒྱུ་ཞིག་མེད་སོང་བ་རེད། དེས་ན་ཞི་མཐུན་དང་མཉམ་གནས་སོགས་བཤད་བཞིན་པ་ནི་སྟོང་སྐད་ཞིག་ལས་མ་འདས་པ་རེད།།
སྤོབས་མཐའ་ཟེར་བའི་སེམས་ཅན་འདི་འདྲ་བ་དག་གིས་མི་རིགས་ཀྱི་སློབ་གསོ་དང་བདེ་སྡུག་ཟེར་ན་ཅི་གང་མི་ཤེས། སེམས་ཅན་འདི་ཚོས་ཤེས་བ་ནི་མི་རིགས་དང་རྒྱལ་ཁབ་ལ་བརྩེ་བའི་མྱི་དག་ལ་ཕྲག་དོག་འདྲ་བྱེད། ཐན་སྐད་རང་ལས་ཆེ་བ་རེ་སྒྲོག་ནས་འདུག་རྒྱུ་དེ་ཡིན། མང་གཙོའི་ལུང་བ་ཡིན་ན་རེད། གསར་འགོད་པའི་ཐོབ་ཐང་ཟེར་ན་རེད། འགན་འཁུར་མི་དགོས་པའི་རང་དབང་དང་ཐོབ་ཐང་ཟེར་བ་དེ་འདྲ་གང་ན་འདུག འཇིགས་མེད་རྒྱལ་མཚན་ཚོང་བ་ཡིན་དུ་འཆུག ཚོང་བ་འདིས་བོད་ཕྲུག་སྟོང་ཕྲག་མང་པོའི་འདས་མ་ད་གསུམ་ལ་འགན་འཁུར་ཡོད། སྤོབས་མཐའ་ཁྱོད་དག་གིས་ཐ་ན་རང་ཁ་རང་གསོ་ཙམ་བྱེད་མི་ཐུབ་ཀྱི་མེད་པ་དེ་རིང་ཁྱོད་གང་ན་ཡོད་པ་དེ་ལས་འགྲེལ་བཤད་ཅིག་མི་དགོས། བོད་ནང་གི་མི་ཞིག་གིས་མི་རིགས་ཀྱི་ལས་དོན་ལ་ཕན་པའི་བྱ་བ་ཕྲན་ཙམ་བྱེད་ན་རྒྱ་གཞུང་གིས་འབུར་འཇོམས་བྱེད་ཅི་ཐུབ་བྱེད་ཀྱིན་པ་དེ་ཁྱོད་དག་གི་རྣ་ལ་སྐྱག་པ་འཚང་ནས་མིག་ལ་ཐལ་བ་འཛུལ་མེད་ན་གོ་ཚོད་རིག་ཚོད་ཡིན། འཇིགས་མེད་རྒྱ་མཚན་ལ་རང་གི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་མེད་པ་ཡིན་ནམ། ཨེ་རླུང་ཚང་ན་ཀླད་རྡིབ་མང་སོང་བས་འདི་ཚང་ལ་རེ་བ་རྒྱག་རྒྱུ་ཅི་གང་ལྷག་ཡོད་པ་མ་རེད། འོན་ཀྱང་གཞིས་ལུས་མི་མང་གི་བདེ་འཇགས་ཙམ་ལ་དོ་འཁུར་བྱེད་མི་ཤེས་བས་ཀླད་རྡིབ་དེ་ཚོའི་ཁ་ལ་ནུབ་ལ་སྐོར། ད་དུང་ཁག་ཅིག་གིས་ཁོང་རྗེས་ཕྱོགས་ཕྱི་རྒྱལ་ཁག་ཏུ་ཡང་བསྐྱར་འགྲོ་བདེ་བའི་ཆེད་རེད་ཟེར། ཁྱོད་སྙིང་རྗེ། ཕྱི་རྒྱལ་ལྷ་ཡུལ་དུ་སྒོམ་མཁན་བླ་རྐང་བོར་བའི་ཡུལ་གྱར་ཐ་ཤལ་འུ་ཚོ་ཡིན་པ་ལས་གཞིས་ལུས་ཤ་དང་རུས་བ་ཅན་དེ་ཚོ་མིན། ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་གི་ཆེད་ཚོང་ལས་ཀྱི་ཆེད་ཡུལ་སྐོར་སྤྲོ་འཆམ་པ་ལོ་ནས་ལོ་བོད་ནས་ཡོང་མཁན་མང་དུ་འགྲོ་བཞིན་མོད་ཁོང་ཚོ་ཕྱིར་ཕ་ཡུལ་དུ་ལོག་པར་བྲེལ་ནས་བསྡད་ཡོད་པ་ལས་འུ་ཚོ་ནང་བཞིན་མི་རིགས་ཀྱི་བླ་བཙོང་ཚོགས་པའི་མིང་གཡུགས། མི་སྒེར་གྱི་ཁྲེལ་དང་ངོ་ཚ་མེད་པའི་མི་ངན་ཁྱི་རྔ་མེད་པ་ཤ་སྟག་རེད་བསམ་བཞིན་ཡོད་ན་ཁྱོད་རྦད་དེ་ནོར་བ་རེད། འཇིགས་མེད་རྒྱ་མཚན་ལགས་ལ་ཀླད་རྡིབ་དེ་ཚོའི་བསྟོད་མ་ཤེས་པའི་བསྟོད་པའི་སྲོལ་དེ་ལས་ཁོང་གི་མ་འོངས་བྱ་བཞག་རླབས་པོ་ཆེ་དག་གལ་ཆེ་བ་ཡིན།
གནད་དོན་འདིའི་རིགས་བྱུང་སྐབས་ཚང་མིའི་བསམ་ཚུལ་དང་རྩོམ་ཡིག་མཆན་སོགས་འབྲི་དུས་ཧ་ཅིང་གཟབ་དགོས་བར་མཐོང། གང་ཡིན་ཞེ་ན། འདི་ནི་ཐད་གར་བོད་ཕྱི་ནང་གཉིས་ཀྱི་ཆིག་སྒྲིལ་དང་ཡིད་ཆེས་རྩ་དོན་མང་པོ་ཞིག་ལ་དོ་ཕོག་འགྲོ་བའི་ལག་ཆ་ལྟ་བུར་ཡིན་པས། སོ་སོས་ངོས་ནས་དྲང་ཕྱོགས་གཙོ་འཛིན་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་མཐོང། དེ་མིན་ཁ་ནང་གང་ཡོང་དང་སེམས་ནང་ཅི་དྲན་བྲིས་ན་ཕམ་ཁ་བོད་སྤྱི་ལ་རེག་པ་ལས་མི་སྒེར་རེ་ཟུང་གི་བདེ་སྡུག་གྱི་གནད་དོན་གང་ཡང་མ་རེད་འདོད། ལྟོས་དང་ཁ་ཤེས་ཀྱིས་དོན་མེད་འབྲེལ་མེད་ཀྱི་འཇིགས་མེད་རྒྱ་མཚན་ལ་ཟུར་ཟ་བསྐུར་འདེབས་བྱེད་པ་དང་ཡང་འགའ་རེས་ཕྱི་སྡོད་བོད་མི་ཚོས་མི་འཇོན་མ་མཐུས་རབ་བཤད་ཏེ་ཡོད་ཚད་གཡུག་པ་ལེབ་རྡུང་བྱེད་པ་ནི་ང་ཚོའི་དབུགས་རྟ་རྔ་འདྲ་བོ་གཅོད་བྱེད་ཀྱི་ར་གྲི་དགྲ་བོར་སྤྲད་པ་དང་གཅིག་མཚུངས་རེད། ཁྱོད་ཚོས་འཇིགས་མེད་རྒྱལ་མཚན་ལ་ཟུར་ཟ་སྒྲོ་འདོགས་བྱས་ན་རང་བཞིན་གྱི་གཞིས་ལུས་སྤུན་ཟླ་མང་པོ་ཞིག་དང་དམིགས་བསལ་བོད་ཀྱི་ཤེས་ཡོན་གྱི་སྡེ་ཁེག་མང་པོ་ཞིག་གི་སེམས་ལ་མི་འདོད་བཞིན་ཕོག་ཐུག་བཏངས་པ་དང་གཅིག་རེད། འདི་ལྟར་སོང་ན་ཕམ་པ་སུས་རེག་པ་མ་བཤད་ན་ལོས་ཤེས་འདོད། དེ་བས་ལྷག་བསམ་དང་སྤྱང་གྲུང་ཡོད་ན་གནད་དོན་འདིའི་རིགས་ཕྱི་ཆད་གླེང་ན་བཟང་ཀ་མ་གླེང་ན་ཕན་གི། དོན་ངོ་མ་ཨ་རིའི་རླུང་འཕྲིན་དང་ཨེ་རླུང་ཚང་གི་ཅི་ཞིག་ནོར་འདུག་དང་གང་བཅོས་འདུག། ཅི་ཞིག་ལ་འཇིགས་མེད་རྒྱལ་མཚན་གྱིས་གློ་བུར་འདི་གསལ་བསྒྲགས་བྱེད་དགོས་བྱུང་བ་རེད། འདི་དག་ང་ཚོས་ཚོད་དཔག་བྱས་ན་དེ་ཙམ་ཧ་མི་གོ་ཀྱང་ཡོད་ནི་མ་རེད་འདོད། གང་ལྟར་ཅང་མི་རིགས་འདིའི་མདུན་བསྐྱོད་ལ་མི་གནོད་པ་ཞིག་ཚང་མའི་བསམ་པར་འཚལ།
མང་པོ་ཞིག་བཤད་དགོས་མི་འདུག ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ཚང་གི་རྒྱ་ཡིག་གི་དྲ་ངོར་སོང་དང་ཏན་ཀྲིག་མིང་ཅན་གྱིས་དྲྭ་ཐོག་ཏུ་བཀོད་འདུག་ཟེར། དེ་མིན་སྐལ་ལྡལ་བློ་གྲོས་སོགས་མང་པོ་ཞིག་གི་མིང་བརྗོད་དགོས་དོན་འདུག་གམ། རང་དབང་དང་དམངས་གཙོ་སོགས་སྐད་འདྲ་ཆགས་པོ་རེ་བརྒྱབ་བསྡད་ལེ་ཆས། བྱུང་ཁ་བརྡ་ཚང་གི་ཞབས་མཆན་པ་ཁ་ཤས་ཤིག་གི་ཁྱི་ཁ་དེར་དངོས་གནས་ཟུག་ཚོད་ཅིག་མི་འདུག
བཙན་བྱོལ་གསར་འགོད་པ་མང་ཆེ་བས་གླ་ཆ་ཁོ་ན་བསམ་པ་མ་གཏོགས། གསར་འགྱུར་གྱི་སྤུས་ཚད་དང་ཤུགས་རྐྱེན་ལ་བསམ་བློ་གཏོང་ནི་མ་རེད། ཁ་སུ་སྔ་བྱས་ནས་བསྒྲག་རྐྱང་བྱེད་པ་ལ་སྟངས་འཛིན་དང་གནོན་ཤུགས་སྤྲོད་མི་མེད་པས། སྐབས་རེར་རྫུན་གཏམ་ཡང་སྒྲོག་གིན་འདུག
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རླུང་འཕྲིན་ཁང་གིས་བཙན་བྱོལ་གྱི་དབང་སྒྱུར་བ་ཁ་ཅིག་གི་ཁེ་ཕན་ལ་ལྟོས་ནས་བཙན་བྱོལ་གྱི་གསར་འགྱུར་སྒྲོག་གི་རེད། ད་མི་བཤད། མི་བཤད། སུན་ནི་ཞིག་རེད།
ཨ་ལེས། ད་ཡིན་ན་དཔེ་ཟད་སོང་།
ད་བརྩོད་པ་དོར། འཇིགས་མེད་རྒྱལ་མཚན་ལགས་ཀྱང་ཁོ་རང་གི་མདུན་ལམ་གྱི་ཁེ་དབང་བསྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་པ་རེད། ཨ་རླུང་དང་ཨེ་རླུང་གཉིས་ཀྱང་རང་དབང་ལུང་པར་ཡོད་ཙང་གསར་འགོད་རང་དབང་གི་ཐོབ་ཐང་ཡོད་ད་ཡོད། འོན་ཀྱང་ཕྱོགས་གཉིས་ཀས་བསམ་གཞིགས་ནན་མོས་སྔ་འདང་ཕྱི་འདང་དང་བབ་བརླིང་བརྟན་གསུམ་གྱིས་ལས་དོན་བསྒྲུབ་རྒྱུ་གལ་ཆེན་དོན་ཆེན་རེད།
མ་གཞི་ཨེ་རླུང་ཚང་གི་རྒྱ་མོ་དེ་བྱེད་རྒྱུ་མང་གི། མ་ཟད་གསར་ལམ་འདི་བཙན་བྱོལ་གྱི་དབང་འཛིན་པའི་ལག་ན་ཤོར་ཡོད་པར་དྭོགས།
གསར་འགོད་རང་དབང་ཟེར་བ་ནི་དོན་དག་གང་རུང་དྲང་མོར་བརྗོད་རུང་ཅེས་པར་གོ་བ་ལས་དོན་དག་གང་རུང་འགོད་རུང་མིན་ཚུད་མེད། དེ་བས། རྒྱུགས་ཆེ་བའི་གསར་འགྱུར་འགོད་སྟངས་རིགས་གསུམ་ཙམ་ཡོད་པ་རེད། ༡ གསར་འགོད་གསལ་བསྒྲགས་སྤེལ་བ་ནི་རིན་མེད་དང་ཆོག་མཆན་སྤྲད་ཟིན་པའི་གསར་འགྱུར་ཡིན། ༢ ཆོག་མཆན་ཞུ་བའི་གསར་འགྱུར་ནི་རིན་ཡོད་གསར་འགྱུར་ཏེ། གསར་འགྱུར་ལེན་ཡུལ་ལ་ཆོག་མཆན་དང་རིན་དོད་མཉམ་ཕུལ་གྱི་གསར་འགྱུར་རིགས་རེད། ༣ ཉམས་ཞིབ་གསར་འགྱུར་ནི་ཞིབ་འཇུག་རིམ་པའི་གསར་འགྱུར་ཡིན་པས། གནས་ཚུལ་ལེན་ཡུལ་ཆ་ཚང་ལ་འདོད་པ་ཡོད་མེད་འདྲི་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད།
ཨེ་རླུང་དང་ཨ་རླུང་གཉིས་ཀྱི་གསར་འགྱུར་འགོད་སྟངས་རིགས་གང་ལ་གཏོགས་ཀྱི་འདུག་གམ། འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གོང་རིམ་ལ་ཕུལ་བའི་བསམ་འཆར་ཁག་གསར་འགྱུར་གང་ལ་གཏོགས་ཀྱི་འདུག་གམ། དེ་ནས་ཏན་ཀྲིན་གྱིས་རྒྱ་ཡིག་ནང་སྤེལ་བའི་གསར་འགྱུར་དེ་གསར་འགོད་རང་དབང་ལ་མཐུན་མིན་གསལ་བོ་མ་རེད་དམ།
1. To respect truth whatever be the consequence to himself, because of the right of the public to know the truth.
2. To defend freedom of information, comment and criticism.
3. To report only on facts of which he knows the origin, not to suppress essential information nor alter texts and documents.
4. Not to use unfair methods to obtain news, photographs or documents.
5. To restrict himself to the respect of privacy.
6. To rectify any published information which is found to be inaccurate .
7. To observe professional secrecy and not to divulge the source of information obtained in confidence.
8. To regard as grave professional offences the following : plagiarism, calumny, slander, libel and unfounded accusations, the acceptance of bribe in any form in consideration of either publication or suppression of news.
9. Never to confuse the profession of a journalist with that of advertisements salesman or a propagandist and to refuse any direct or indirect orders from advertisers.
10. To resist every pressure and to accept editorial orders only from the responsible persons of the editorial staff.
གོང་གི་དོན་ཚན་བཅུ་བོ་འདི་རྒྱལ་སྤྱིའི་གསར་འགོད་རིག་པའི་ཡོངས་ཁྱབ་འགན་འཁྲི་རེད། འདི་ཡག་པོ་ཞིག་ཀློགས་དེ་ནས་འུ་ཚང་གི་གསར་འགོད་པ་ཚོས་འགན་འཁྲི་འདི་དག་འཁུར་གྱི་འདུག་གམ་མི་འདུག་སོམས། ཉེ་སྔོན་གསར་འགོད་པ་དེ་ཚོས་སྐད་ཆ་ས་ཁྱབ་རྡོ་ཁྱབ་བཏང་ཚར་རྗེས་འཇིགས་མེད་རྒྱ་མཚན་ལགས་ཀྱི་ཁོང་གི་སྐུ་སྒེར་གྱི་བདེ་འཇགས་ཡང་ན་ཁོང་དང་འབྲེལ་བའི་བྱ་བཞག་རླབས་པོ་ཆེ་དག་ལ་ཁག་ཁུར་ག་ཚོད་ཅིག་བྱེད་ཐུབ་པའི་གདེང་ཚོད་ཡོད། མེད་པ། མེད་པ་རང་བློ་ལ་ལྐོག་ཏུ་མ་གྱུར་བ་ཡིན་བཞིན་དུ་ཅིག་རྙེད་སོང་མདོག་མདོག རླབས་པོ་ཆེ་ཞིག་བཤད་ཡོད་བསམ་བསམ། གསར་འགོད་རིག་པ་ནི་ཉེན་ཁ་ཅན་ཞིག་ཡིན་པར་འདོད་པའི་གནད་འདི་རེད། མིང་རྫིག་ནང་སྟོང་ཡིན་པས་ད་གཟོད་ཉེན་ཁ་ཅན་ཞིག་ཡིན་པར་འདོད་པ་རེད། འུ་ཚང་གི་གསར་འགོད་པ་ཚོའི་ནང་ན་གསར་འགོད་རིག་པའི་ཆེད་མཁས་པ་ག་ཚོད་ཅིག་ཡོད། ད་དུང་ཁ་ཤས་ཤིག་གིས་ཧ་ཅང་གི་དཀྱེལ་ཡངས་ཤིག་ཡིན་པའི་ཟོལ་གྱིས་གཏིང་བསྔོགས་ཀྱི་ཡིན་པའི་སྐད་ཆ་དེ་ཚོ། བསམ་བློ་སྔོན་དུ་བཏང་ནས་སྐད་ཆ་ཤོད་ཅིག
ཡོང་རྐྱེན་རྡོག་རྡོག་ཨེ་ཤི་ཟེར་རྒྱུ་དེ་ཚང་ཁ་རྒྱབ་སོས་མི་སོས་བོད་ནང་གནས་ཚུལ་ཡོད་མེད་རག་ལས་དུས་ཁོང་ཚོས་གནས་ཚུལ་གོ་ལོ་ཐོས་ལོ་ཙམ་བྱུང་ན་ལམ་སེང་དེ་སྐོར་ཤ་འཐེན་པགས་འཐེན་བྱེད་ཀྱི་ཡོད་པ་དེས་ལན་པ་རེད།