འཇིགས་མེད་ནུབ་པ།
༡)
གཞན་གྱི་ས་རུ་ཁྱེད་ཉིད་ཆུང་།།
ཆུང་བ་དེ་ཡང་རྫོགས་ལ་ཉེ།།
ངོ་བོ་ངོ་བོ་ཟེར་བ་འདི།།
འཛིན་པར་དཀའ་ལ་གློད་ཀྱང་དཀའ།།
༢)
ལུང་གཞོང་ཡངས་མོ་དེར་།།
གྲྭ་ཤག་སྟོང་ཕྲག་འགའ།།
དད་པ་སྦོམ་པོ་གཅིག།
སྔར་ནས་ད་བར་བརྩིགས།།
༣)
རི་ཚོགས་གནམ་ལ་ཟུག་འདྲའི།།
སེར་ཆེན་སྤང་ལ་བཏིངས་འདྲའི།།
རི་མཐོ་ས་གཙང་འདི་རུ།།
ཨ་ཕས་ཁྱོད་ལ་སྒུག་ཡོད་།།
(གསལ་བཤད་།)
པར་བདག་དང་པོ། རིག་འབྱུང་དོན་གྲུབ་བཀྲ་ཤིས།
པར་བདག་གཉིས་པ། མི་ཤེས།
པར་བདག་གསུམ་པ། ཚེ་རིང་སྒྲོལ་དཀར།
དགོན་པ་འདིའི་ཁ་མདོག་དམར་པོ་ཁྲག་ནང་བཞིན་ཡིན་པས་ཅི་མཚོན། དཀར་པོ་དུང་ནང་བཞིན་ཡོད་ན་ཅི་སྐྱོན། གྲྭ་བ་དང་གྲྭ་ལོག་ཚང་མས་ལན་རྒྱག་རོགས་ཞུ།
མཆར་ལྡན་བུ་སྐྱེས་ཀྱི་ལས་ཁུངས་ཨ་མ་དག་གི་མཚོན་མདོག་འདི་རེད། དཀར་དམར་གཉིས་ལ་དེ་འདྲའི་ཁྱད་པར་འབྱེད་པ་ཅི་རེད།
གནམ་རང་གིས་དང་པོར་ལན་གཅིག་བརྒྱབ་ན་མ་གཏོགས་གྲྭ་ལོག་དང་གྲྭ་བས་རྒྱག་མིན་མི་ཤེས།
རབ་བྱུང་ན་ཐར་པའི་ལམ་སྣ་ཟིན་ས། མ་བྱུང་ན་ཡང་བུད་མེད་ཀྱི་མངལ་བཙན་གྱིས་ལེན་མི་དགོས་པར་རང་གིས་རང་གི་སྡོམ་པ་བསྲུང་ནས་འདུག་ས་དགོན་པ་ཅིག་རེད། དགོན་ཆེན་འདིའི་ཁ་ཏོག་ལ་སྐྱོན་ཅང་མི་འདུག་གོ སངས་རྒྱས་བསྟན་པའི་སྤུས་ཀ་དགེ་འདུན་ལ་རག་ལས། དགེ་འདུན་པའི་སྤུས་ཀ་ཁྲིམས་ལས་པ་རེད་དོ། ཁ་དོག་ལ་ཁྱད་ཅི་འདུག
དགོན་པའི་ཁ་དོག་དམར་པོ་ཁྲག་ནང་བཞིན་ཡིན་པ་འདི་ལ་ངས་སྤྱི་ཚོགས་རིག་པའི་(Sociology)ཕྱོགས་ནས་དཔྱད་པ་ཆུང་ངུ་ཞིག་གཏོང་།
༡)
ནང་པའི་ཆོས་འདི་བོད་ལ་རྒྱ་ཆེ་བ་ཞིག་སྤེལ་ཆེད་བོན་གྱི་བསྟན་པ་བསྣུབས། བོན་གྱི་ཆོས་བྱེད་མི་སྣ་མང་པོ་དམར་གསོད་བཏང་། ཐ་ན་བཙན་པོའི་བློན་པོ་བོན་ལ་བློ་དཀར་བ་དེ་འདྲ་རྒྱང་ཕུད་ལ་བཏང་། དེར་བརྟེན། ཐོག་མའི་ཡོང་སྟངས་དེ་ནི་ཁྲག་དང་འབྲེལ་བ་ཡོད་། དེ་ནི་བོད་ཀྱི་བླ་མ་དང་དགེ་ལུགས་པའི་མཁས་བ་ཚོས་བཤད་སྟངས་ལྟར་། ལོ་ཙཱ་བ་ཚོ་ཕར་རྒྱ་གར་ལ་སོང་ནས་ལེགས་སྦྱར་སྐད་ལ་སྦྱངས་བ་མཐར་ཕྱིན་པ་བྱས། ཚུར་ཡོང་ནས་ནང་ཆོས་བོད་ལ་སྤེལ་ཟེར་བ་ལྟ་བུའི་སྒྲུང་སྙན་མོ་དེ་འདྲ་ཞིག་མིན། ནང་ཆོས་ཡོང་ལ་ཡོང་སྟངས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱེད་རྒྱུ་གལ་ཆེ།
༢)
ནང་ཆོས་བོད་ལ་སླེབས་ནས་དུས་ཡུན་གང་འཚམས་བྱུང་བའི་རྗེས་སུ་གྲུབ་མཐའ་དང་ཆོས་བརྒྱུད་ཟེར་བ་སོགས་བྱུང་ཞིང་། དེའི་འཕེལ་རིམ་ལ་བལྟས་ན་ཡང་གྲུབ་མཐའ་ཕན་ཚུན་གྱི་དབར་ལ་དམར་རོ་ཁྲག་གི་འཁོར་ལོ་བསྐོར་བ་ཉུང་ཉུང་མ་རེད་། དེར་བརྟེན། གྲུབ་མཐའ་ཁག་བོད་ལ་གཏིང་ཚུགས་སྟངས་དེ་ཡང་ཁྲག་དང་འབྲེལ་བ་ཡོད་།
སྐུ་མཁྱེན་གང་ཡང་མི་ཤེས་ན་ཅི་ཡང་བཤད་ལོས་དགོས། དམར་མདོག་དུང་མདོག་གང་ཡིན་གྱང་ཁྲག་དང་འབྲེལ་བ་ཡོད་ཤག་རེད།
སྙིང་གི་མདོག་ནི་དཀར་པོ་ཡོང་མི་ཤེས་ཅུང་ཙམ་འོངས་པ་དེ་མཐའ་བསྐོར་ཀྱི་ཚིས་མདོག་དཀར་པོ་དེ་རེད། བློ་སྙིང་གཏོད་ས་གཅིག་ཡིན་པ་མཚོན་དོན་དུ་དམར་མདོག་བྱུག་པ་ཡིན་ཤག་རེད། དེང་གི་ཆར་ཡང་སྙིང་ཉེ་བའི་མཚོན་མདོག་དམར་པོ་སྤྱོད་བཞིན་པ་དེ།
ཅི་དྲན་དྲན་མིན་པར་གནའ་ནས་ད་བར་དུ་སྤྱད་པའི་གནའ་ཤུལ་གཅིག་ཅི་སྟེ་མིན། འདི་ལྟར་དཔྱོད་དང་།
དགོན་ཁྲ་ཁྲ་འབྲས་དཀར་སྤུངས་འདྲའི།།
ངའི་བླ་རུང་ཆོས་སྒར་ཕྱུག་མོ།།
སྐྱབས་བསླུ་མེད་བླ་མའི་གདན་ས།།
ང་ཤི་དུས་བསྔོ་སྨོན་གསུང་ས།།
དེ་འདྲ་ཞིག་གོ་མྱོང་།
དྲན་དཀར་དང་འཇིགས་མེད། ཁྱེད་གཉིས་ཀྱིས་བཤད་པ་ཚང་མ་དེ་ག་ཞིག་རེད། བཤད་རྒྱུ་མེད་ན་བརྫུན་བཟོ་མ་བྱེད། ཤེས་འི་མེད་ན་མཁྱེན་མདོག་མ་གནོངས་ལོ།
ངེད་ཀྱིས་འདི་རུ་རྫུན་བཤད་མེད་། ངས་རང་གི་རིག་ལམ་ཞིག་བེད་སྤྱོད་བཏང་ནས་ལོ་རྒྱུས་ཀྱི་ཟུར་ཞིག་བསྟན་པ་ཙམ་ཡིན། དེ་མཁྱེན་པ་གནང་རོགས།
དྲི་བ་གནམ་གྱིས་བཏང་སོང་།།
བཀའ་བཀྱོན་གནམ་གྱིས་གནང་སོང་།།
གནམ་ཀྱི་ངོ་གདོང་དེ་ལ།།
སྤྲིན་པ་ཡར་འཁྲུགས་མར་འཁྲུགས།།
ནུབ་པས་སྦོམ་བཤད་བརྒྱག་ས།
གནམ་གྱིས་ཁ་དོག་རྩོད་ས།
སྣང་ཚུལ་དཀར་མིན་ནག་མིན།
སེམས་པས་འཆར་ཚུལ་ཡིན་འགྲོ
གནམ་ནི་མྱི་རྒོད་ཁ་རྒོད།
འཇིགས་མེད་ཁ་བྱང་ལག་བྱང་།
དྲན་པའི་ཀ་ཆེན་རྣམ་གཉིས།
བཞེངས་ས་མེད་པ་ཡིན་འགྲོ
དྲ་འབུ་ང་ཡིན་ཁྱོད་ཡིན།
ཆོས་སྲིད་གྱོད་ཀྱི་གཞི་མ།
དྲ་འབུ་སྣང་བ་སྐྱིད་པོ།
ལས་མེད་ནང་གི་ལས་ཅན།
དྲི་བ་གནམ་གྱིས་བཏང་སོང་།།
བཀའ་བཀྱོན་གནམ་གྱིས་གནང་སོང་།།
གནམ་གྱི་ངོ་གདོང་དེ་ལ།།
སྤྲིན་པ་ཡར་འཁྲུག་མར་འཁྲུག།། འདི་སྙན་པོ་འདྲ་ཟིག་བྱུང་།
རིག་ལམ་ཁུངས་མེད་ཞིག་ལ།།
ལོ་རྒྱུས་ཟུར་ཞྭ་གཡོག་པ།།
བྲིས་ཉེས་བསགས་པ་མིན་ན།
ཁྱི་ཁ་སྨྱོས་ནི་ཨེ་ཡིན།
ཧ་ཧ་ཧ།
ཞྭ་མོ་དཀར་པོ་མཐོང་བས།
ཁ་ཆེ་ཨེ་ཡིན་དྲིས་ཡོད།
ཨ་ལན་མེད་པའི་སྒང་ལ།
དྲི་བར་ཟུར་ས་གནང་བྱུང་།
ཁ་ཆེ་ཡིན་མིན་གྱི་དྲིས་བ་ཞིག་གང་ཟིག་ན་ཡོད། མ་རིག་ཐལ།
ཟུར་ས། ཟུར་ཟ།
དཔེ་དེབ་ཁྱེད་ཚོས་མི་ཀློགས།།
ལོ་རྒྱུས་ཁྱེད་ཚོས་མི་སྦྱངས།།
ཁྱེད་ཚོ་ངར་བ་གཅིག་ཡོད་།།
རྡུང་རེས་བྱེད་རྒྱུ་དེ་ཡིན།།
གནམ་དེ་བྱིས་བ་སྣབས་ལུག།
“འབྲི་གུང་གླིང་ལོག་”ཟེར་བ།།
“སྟག་ལོའི་སྡེ་གཟེར་ཆེན་མོ”།།
ཁྱོད་ཀྱིས་གོ་མྱོང་ཡོད་དམ།།
གནམ་ངོ་གནག་པའི་སྒང་ལ།
གློག་འཁྱུག་ནུབ་པའི་འཇིགས་པ།
ཏན་ཏན་ཏག་ཏག་མེད་པ།
ལས་མེད་ལས་འཕྲོ་ལྷག་བྱུང་།
དྲི་བ་ནུབ་པས་བཀོད་བྱུང་།
ལན་ཡང་འཇིགས་པས་བཏབ་སོང་།
གནམ་ངོར་ཉི་མ་ཤར་ཤར།
བསམ་པ་གནག་ནས་བྱས་མེད།
རང་ལུས་དཔེར་བླངས་མ་གཏོགས།
དཔེ་དེབ་གཅིག་གྱང་བལྟས་མེད།
རང་ངར་བགྱིས་པའི་སྒང་ལ།
བརྡུང་བས་རྟ་ཕོ་བསད་དོ།
པར་བཏབ་སྙན་ངག་འདི་ཡིས།།
རྩོད་འགོ་ཆུང་ཙམ་བསླངས་སོང་།།
འོན་ཀྱང་ནང་པའི་ཆོས་ན།།
དགག་བཞག་སྤོང་གསུམ་ཟེར་བའི།།
སྲོལ་ཞིག་ཡོད་པ་མ་བརྗེད་།།
ཨོ་ཙེ།
ཕྱི་མར་ཐར་བའི་དོན་ཅན།
དཔེ་ཀློག་བྱེད་པར་མི་དགའ།།
འཇིག་རྟེན་མི་འཁྱོལ་ས་ནས།།
ཕྱི་མ་ཕ་རིའི་ལ་རེད།
དད་པ་བརྟན་པོ་ཞིག་གིས།།
སེམས་པ་དཀར་པོའི་མྱི་ཡིན།
དད་མགོ་གཏུག་ས་ཡོད་མེད།
འཚོལ་བའི་འདུན་པ་མི་འདུག།
ཆོས་ནི་ང་ཡིས་མི་ཤེས།།
དེབ་ནི་ངས་ཡང་མི་ཀློག།
འཇིགས་མེད་ནུབ་པའི་ན་ཚ།།
ང་ལ་གསོ་ཐབས་མི་འདུག།
མྱིང་ལ་འཇིགས་མེད་གསོལ་རུང་།།
ཕྱི་མར་འཇིགས་ཀི་ཡོད་ཚོད།
དྲན་དཀར་བསམ་དཀར་ཡིན་ན།
འཇིགས་མེད་དག་ཞིང་འདྲེན་རོགས།།
སྐྱེ་རྒྱུ་ང་ཡིས་མ་ཁོགས།།
འཆི་བ་ཁྱོད་ཀྱིས་མི་ཁོགས།།
དོན་མེད་སེམས་ཁྲལ་མ་ཆེ།།
གནམ་བུ་་སྣབས་ལུག་ལོ་ལོ།།
སུ་དང་གང་ལ་མི་འཇིགས།།
དེར་བརྟེན་འཇིགས་མེད་བཏགས་ཡིན།།
སྡོད་ས་ནུབ་ཀྱི་ཕྱོགས་ཡིན།།
དེར་བརྟེན་ནུབ་པ་བཏགས་ཡིན།།
འཇིགས་ཞུམ་ཆེ་བའི་སྒང་ལ།
འཇིགས་མེད་མིང་ཡང་བསྣུབ་པོ།
ལུག་ཁྱུའི་ནང་གི་ར་བཞིན།
གནམ་ངོར་འབའ་འབའ་གནང་བྱུང་།
གནམ་གྱིས་མྱི་སྐད་སྒང་ལ།
ར་མའི་འབའ་སྒྲ་ཐོས་པས།
རྒྱ་ལོའི་ལོ་གསར་ཚེས་མགོར་།
ར་ར་སོང་བ་དྲན་བྱུང་།
སྐྱེ་འཆིའི་བར་ཁྱད་བཤད་པས།
ཆོས་ནི་ཤེས་པ་ཤེས་བྱུང་།
སུ་དང་གང་གི་འབྲོ་སར།
བྲོས་པའི་འཇིགས་མེད་མྱི་ངར།
ར་རྫར་སོང་བ་དྲན་བྱུང་།
དྲན་དཀར་དཔལ་ཡོན་དང་གནམ་ཞུ་བ་གཉིས་ཀྱིས་སྙན་ངག་གྲངས་མང་པོ་སྤེལ་སོང་། ཁ་ཤས་ནི་ངེད་ཀྱི་གོ་བ་ལོན་པ་འདུག ཁ་ཤས་ནི་ཚིག་དོན་གཉིས་ཀས་ཅི་བཤད་ཤེས་ཀྱི་མི་འདུག གང་ལྟར། རྗེས་སུ་མཇལ་ཡོང་།