བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྩམས།
ལོ་ངོ་༢༥ གོང་གི་ཕྱི་ཟླ་༡ ཚེས་༢༨ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༥༡ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། སྤྱིར་བཏང་བོད་མི་ཚོས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༠ མཆོག་རྣམ་གཉིས་ལ་གནམ་ལ་ཉི་མ་དང་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན། ཞེས་ཡོངས་གྲགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྲོག་ལྟ་བུར་ངོས་འཛིན་ཐོག་བོད་མི་ཙམ་མ་ཟད། བོད་རིགས་མིན་པའི་གདུལ་བྱ་ས་ཡ་མང་པོས་དད་གུས་ཧ་ཅང་ཞུ་བཞིན་ཡོད།
འཕྲོས་འབྲེལ་ཐག་འདིར་གཟིགས།http://bod.asia/2014/01/ཀུན་གཟིགས་པཎ་ཆེན་སྐུ་ཕ-2/
གཞུང་ཞབས་ལས་སྣེ་ཞིག་གི་ངོས་ནས་བོད་ཡིག་བཀོལ་སྤྱོད་ཀྱིས་རྩོམ་ཡིག་ཅིག་བྲིས་པ་ཙམ་ལ་དགའ་བསུ་ཡོད།
གནམ་ལ་ཉི་མ་ཟླ་བ།
ས་ལ་རྒྱལ་བ་པཎ་ཆེན།
རྒྱང་མིག་གིས་རྒྱང་ཞིག་རིག་གི་ཡོད་ཚོད་མི་འདུག། རྩོམ་འདི་དབྱིན་ཡིག་ནས་བོད་སྒྱུར་བྱས་བ་ཞིག་རེད། དགའ་བསུ་དེ་ས་སྟོང་ལུང་སྟོང་ཞིག་ལ་ཞུས་ཡོད་པ་འདྲ། ཧ་ཧ་ཧ།
གནམ་འདི་ས་གར་ཁེབས་ཀྱི་གནམ་འདྲ་བོ་ཞིག་ཡོད་ས་རེད། ཧཧཧ ཁྱེད་བདེན། ངས་ཆེས་རྒྱང་རིང་ཞིག་ནས་བལྟས་ཏེ་ལས་སྣེ་ཞིག་གིས་བོད་ཡིག་བཀོལ་འདུག་བསམ་ནས་དགའ་ཞོར། གཤོང་སའི་ནང་གི་འགྲེལ་བཤད་དེ་མ་མཐོང་ཐལ། མཚམས་རེར་ཁྱེད་ལྟ་བུར་གནམ་ནས་བལྟ་དགོས་ས་རེད།