ཆབ་མདོ་ངག་ཕུན།
གནས་མི་ཡུལ་ས་མཐའ་ལུང་པ་ནས།།
དྲིན་ཆེ་བའི་ཨ་མ་དྲན་པའི་གཏམ།།
དྲིན་ཨ་མའི་གསན་པའི་རེ་མེད་ཀྱང་།།
རང་སེམས་པ་གསོ་བའི་མཚོན་བྱེད་དུ།།
སེམས་མ་བཟོད་ཤོག་དཀར་སྟེང་ལ་ཕབ།།
དྲིན་ཆེ་བའི་ཨ་མའི་ཁོག་ནང་དུ།།
ཟླ་དགུ་དང་ཞག་པོ་བཅུ་ཙམ་འཁུར།།
ཟས་གང་ཞིམ་ཟ་སྙིང་འདོད་ན་ཡང་།།
ཟ་མ་ཕོད་ཁོག་ནང་ཕྲུ་གུ་ལ།།
གནོད་དྭོགས་ནས་ཡིད་གཟབ་གང་དགོས་གནང་།།
དྲིན་ཆེ་བའི་ཨ་མའི་ཞལ་རས་དྲན།།
གནས་འཇིག་རྟེན་སྟེང་ལ་སྐྱེས་མ་ཐག།
དྲིན་ཨ་མར་དཀའ་སྡུག་མྱོང་ན་ཡང་།།
དབུགས་ཧེར་གྱིས་ང་ཡི་ཕྲུ་གུ་ཞེས།།
ཞལ་འཛུམ་གྱིས་ཁེངས་བཞིན་ཕྱག་གིས་བཟུང་།།
རྐྱེན་བར་ཆད་མི་འབྱུང་སྨོན་ལམ་འདེབས།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
རས་གང་འཇམ་བུ་ཆུང་ཟེར་བཞིན་གཡོག།།
ཟས་གང་ཞིམ་བུ་ཆུང་ཟེར་བཞིན་སྟེར།།
མི་གཞན་གྱིས་རྡུང་དྭོགས་སེམས་ཁྲལ་གནང་།།
དུས་ནམ་ཁོམ་པང་ཁར་བླངས་ནས་འཁུར།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
ཉིན་གང་པོར་ལས་ཀ་གནང་ན་ཡང་།།
དུས་ད་དུང་ངལ་བ་ཁྱད་བསད་ཀྱིས།།
མ་ང་ཡི་སྙིང་གི་གཅེས་ཕྲུག་ཅེས།།
ཞལ་འཛུམ་གྱིས་ཁེངས་བཞིན་བརྩེ་བས་བསྐྱངས།།
གནས་ཙག་བཙོག་མེད་པར་སྣ་ཆུ་འཇིབ།།
གཅིན་བཙོག་པའི་མལ་ས་གང་ན་ཡང་།།
དེ་རྣམས་ལ་བཙོག་མེད་གཙང་མར་བཟོ།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
དུས་ནམ་ཁོམ་དྲིན་ཆེན་མ་ལོ་ཡིས།།
མི་གཞན་ལ་མཐོང་ཆུང་དམའ་འབེབས་དང་།།
ལས་ངན་པའི་བྱ་བ་སྤོང་དགོས་ཟེར།།
གྲོགས་ངན་པའི་མཉམ་དུ་མ་འགྲོ་ཟེར།།
མི་རྒན་པའི་ཞལ་ལ་ཉན་དགོས་ཟེར།།
ཕན་ཐོགས་པ་མེད་པའི་མ་འཁྱམས་ཟེར།།
བློ་འཕེལ་འབྲས་མེད་པའི་ཁ་བརྡ་སོགས།།
དུས་ནམ་ཡང་འགོ་བོ་མ་འཁོར་ཟེར།།
གནས་རིག་པ་ཁག་ལ་བརྩོན་དགོས་ཟེར།།
རིན་བྲལ་བའི་བསླབ་བྱ་གནང་ན་ཡང་།།
ཉན་མ་ཤེས་ཁྲོ་བའི་རྣམ་པར་སྟོན།།
དུས་ད་ལྟ་དྲན་དུས་སེམས་རེ་སྐྱོ།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
ང་བསམ་ཤེས་ཐོབ་དུས་དྲིན་ཆེན་མ།།
གནས་འདི་རུ་མ་བཞུགས་ཕྱི་མའི་ལམ།།
བཞུད་ཟིན་པའི་ཡིད་སེམས་དབང་མེད་སྐྱོ།།
དྲིན་ཨ་མ་བསླབ་བྱ་ཉན་མ་ཤེས།།
དྲིན་ཨ་མ་དཀའ་སྡུག་རྟོག་མ་ཐུབ།།
དྲིན་ཨ་མའི་སེམས་ཚོར་ངས་མ་ཤེས།།
ཡིད་སྐྱོ་ཞིང་བྲང་ཁོག་ཟུག་གཟེར་ཁེངས།།
ལས་ངན་པའི་བུ་ཆུང་ང་ལས་སུ།།
དྲིན་ཆེ་བའི་ཨ་མ་དེ་ཉིད་ལ།།
སྐུ་སྨྱུང་ནས་མལ་སར་ལྷུང་དུས་སུ།།
སྨན་ཕོར་ཆུ་གང་ཞིག་བླུགས་མ་ཐུབ།།
དུས་ད་ལྟ་བསམ་དུས་བློ་ཕམ་སྐྱེ།།
དུས་ད་རེས་དྲིན་མཇལ་མ་ཐུབ་ཀྱང་།།
ཚེ་ཕྱི་མར་དྲིན་འཇལ་ཐུབ་པ་སྨོན།།
ཞེས་པ་འདི་ནི་རྨིང་ལམ་ཞིག་གི་རྐྱེན་བྱས་ཏེ་བྲིས།།
ས་མཐར་འཁྱམས་པའི་བུ་ཕྲུག་གཅིག་གི་སྐྱོ་ངག་སེམས་ཁོངས་ནས་བརྡོལ་ཏེ་དྲིན་ཅན་ཕ་མར་ཕུལ་བའི་ཤུགས་གླུ་ཧ་ཅང་ཡག་པོ་ཞིག་བྲིས་འདུག མུ་མཐུད་ནས་འབྲི་རོགས་གནོངས།
(ཕན་ཐོགས་པ་མེད་པའི་མ་འཁྱམས་ཟེར།།)
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
(དྲིན་ཨ་མ་བསླབ་བྱ་ཉན་མ་ཤེས།།)
(དྲིན་ཨ་མ་དཀའ་སྡུག་རྟོག་མ་ཐུབ།།)
བརྡ་སྤྲོད་མེད་པའི་ཚིག་འདི་ཚོས་ཅི་ཟེར་རེད། གོ་ནི་ཡོད་ན། ཐེངས་རྗེས་མའི་ཀླུ་སྨྱོན་བྱ་དགའ་སྩོལ་ཐག་ཆོད་ཡིན།
འོ་ལགས་སོ། གང་དུ་ནོར་འདུག་ན་ནོར་བཅོས་གནང་ན་དགའ་བསུ་ཡོད། ཚིག་རྩུབ་བརྗོད་ན་ཅི་ཕན་གྲོགས་མཆོག
(ཕན་ཐོགས་པ་མེད་པའི་མ་འཁྱམས་ཟེར།།) མེད་པས་ཡིན་དགོས། ཕན་མི་ཐོགས་པའི་རྒྱུ་མཚན་གྱིས། ས་མཐར་མ་འཁྱམས་ཟེར་བ་ཡིན་པས། བྱེད་སྒྲ་སྦྱོར་དགོས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
(དྲིན་ཨ་མ་བསླབ་བྱ་ཉན་མ་ཤེས།།) ཨ་མའི་ཡིན་དགོས།
(དྲིན་ཨ་མ་དཀའ་སྡུག་རྟོག་མ་ཐུབ།།) ཨ་མའི་ཡིན་དགོས།
དྲིན་ཡོད་པ་དེ་ཨ་མ་ཡིན། ཨ་མ་དེ་དཀའ་སྡུག་ཡིན་ཟེར་སྲོལ་མེད་པས། དེ་ན་ཨ་མ་ལ་ཡོད་པའི་དཀའ་སྡུག་མ་རྟོག་ཟེར་དགོས་ན། འབྲེལ་སྒྲ་བཀོལ་དགོས།
ཐོན་མི་བཀའ་དྲིན་ཅན་པོས། དབྱིབས་འཇོག་བྱེད་མ་དགོས་པར། གསལ་གསལ་ཐང་ཐང་བྱེད་སྤྱད་ཀྱི་རྩ་བ་བསྟན་ཡོད། དེ་མིན། ངས། དྲིན་ཨ་མས་དཀའ་སྡུག་རྟོག་མ་ཐུབ་སོགས། གོ་བ་ག་རེ་ལེན་ལེན་རེད། སྐྱོན་དུ་མི་མཐོང་བའི་མི་ཡོད་ཚོད་རེད། ཡིན་ན་ཡང་། ངས་ནི་བརྡ་སྐྱོན་ཆེན་པོ་ཡོད་པར་ངོས་འཛིན། ལགས་སོ། དེ་ཙམ་བྱས།
ཆབ་མདོ་ངག་ཕུན།
གནས་མི་ཡུལ་ས་མཐའ་ལུང་པ་ནས།།
དྲིན་ཆེ་བའི་ཨ་མ་དྲན་པའི་གཏམ།།
དྲིན་ཨ་མའི་གསན་པའི་རེ་མེད་ཀྱང་།།
རང་སེམས་པ་གསོ་བའི་མཚོན་བྱེད་དུ།།
ཀརྡོས།
གནས་གཞན་ཡུལ་ས་མཐའི་ལུང་པ་ནས། །
འདིར་དྲིན་ཆེན་ཨ་མ་དྲན་པའི་གཏམ། །
སྐད་ཨ་མས་གསན་རེ་མེད་ན་ཡང་། །
རང་རང་སེམས་གསོ་ཕྱིར་འདི་རུ་བྲིས། །
ཡང་ན།
གཞན་ཡུལ་ས་མཐའི་ལུང་པ་ནས། །
དྲིན་ཆེན་ཨ་མ་དྲན་པའི་གཏམ། །
ཨ་མས་གསན་རེ་མེད་ན་ཡང་། །
རང་སེམས་གསོ་ཕྱིར་འདི་རུ་བྲིས། །
གནམ་གྱི་ཀླུ་སྨྱོན་བྱ་དགའ་ཐོབ་ཕྱིར་བྱས་པ་འདི་ཡང་ཀུ་རེ་ཡིན་ནོ། གནམ་ལགས།
འོ་ལགས་སོ། ལམ་སྟོན་གནང་བར་སྙིང་ནས་བཀའ་དྲིན་ཆེ། དེ་འདྲ་ལམ་སྟོན་གནང་ན་མ་འོངས་པར་ཕན་ཐོགས་ཡོང་ས་རེད། དྲ་གྲོགས་ལགས།
ཆབ་ཕུན་ལགས། ཡག་ཐག་གཅོད་འདུག མུ་མཐུད་ནས་འབྲི་རོགས་གནོངས།
ཡག་ཐག་གཅོད་འདི། ཡག་ཐག་ཆོད་ལ།
དྲིན་ཨ་མ་བསླབ་བྱ་ཉན་མ་ཤེས།།
དྲིན་ཨ་མ་དཀའ་སྡུག་རྟོག་མ་ཐུབ།།
དྲིན་ཨ་མའི་སེམས་ཚོར་ངས་མ་ཤེས།།
ཡིད་སྐྱོ་ཞིང་བྲང་ཁོག་ཟུག་གཟེར་ཁེངས།།
འདི་ཡང་གནམ་གྱི་ཆེད་དུ།
ངས་དྲིན་ཆེན་ཨ་མའི་དཀའ་སྡུག་བསམ་མ་ཐུབ། །
ངས་དྲིན་ཆེན་ཨ་མའི་སེམས་ཚོར་ངས་མ་ཚོར། །
ངས་དྲིན་ཆེན་ཨ་མའི་བསླབ་བྱ་ངས་མ་གོ །
ངས་དྲིན་ཆེན་ཨ་མའི་དྲན་གདུང་འདི་ནས་ལྡང་། །
གནམ་གྱི་བྱ་དགའ་དེ། ཧཧཧ།
ཚིག་བཅད་འབྲི་དུས། ང་ཁྱོད་ཁོ་འདི་དེ་ནི་སོགས་སྐྱུར་དགོས་ཟེར། སུས་ཟེར་ན་བདག་གི་བླ་མས་ཟེར། ཁྱོད་སྔོན་ལ་ཚོད་ལྟ་གྱིས་དང་། དེ་ནས་ངས་བླ་མའི་མཚན་འདོན་ཆོག
ངས་དྲིན་ཆེན་ཨ་མའི་སེམས་ཚོར་ངས་མ་ཚོར། །
ངས་དྲིན་ཆེན་ཨ་མའི་བསླབ་བྱ་ངས་མ་གོ །
ངས་དྲིན་ཆེན་ཨ་མའི་དྲན་གདུང་འདི་ནས་ལྡང་། །
གནམ་གྱི་བྱ་དགའ་དེ། ཧཧཧ།
ཀརྡོ་ལགས།
ཀླུ་སྨྱོན་བྱ་དགའ་བཞེས་འདོད་ན། འདི་ལྟར་ཕྲིས།
ངའི་དྲིན་ཆེན་ཨ་མའི་སེམས་ཚོར་ངས་མ་ཚོར། །
ངའི་དྲིན་ཆེན་ཨ་མའི་བསླབ་བྱ་ངས་མ་གོ །
ངས་དྲིན་ཆེན་ཨ་མའི་དྲན་གདུང་འདི་ན་ལྡང་། །
ངས་དང་ངས་ཟེར་དགོས་དོན་ཞིག་གང་དུ་བཙལ་ཡང་རྙེད་རྒྱུ་མེད། ཨུ་ཚུགས་བྱེད་ཀྱི་ན། ངས་དེ་ཚིག་ལྷག་རེད་ཟེར་རྒྱུ་ཡིན། ངའི་བཞག་པ་ཡིན་ན། སྙན་པོ་རང་མེད་རུང་། ཚིག་སྦྱོར་དང་བརྡ་དོན་ལ་འཁྲུག་པ་མེད། ཧ་ཧ་ཧ།
མེ་ཏོག་སྡུམ་རྭའི་ནང་ནས།
འཛུམ་ཁ་ཤིག་ཤིག་བྱེད་དུས།
ཕ་ཡུལ་ཕྱོགས་སུ་ཡོད་པའི།
ཨ་མ་ཁོང་གིས་འཛུམ་དྭངས།
ཡིད་ལ་ལྷང་ལྷང་དྲན་བྱུང།
སྐྲ་ལོ་དུང་ལྟར་དཀར་བའི།
དྲན་ཆེན་སྐྱེས་མ་རྒན་མོ།
བདེ་ཐང་ཅི་འདྲ་ཡོད་ན།
ས་ཐར་འཁྱམ་པའི་བུ་མོར།
ལན་གཅིག་གསུང་བ་གནང་དང།
སྐྱེས་མ་དྲན་པའི་མིག་ཆུ།
རྒྱུགས་ཆུ་ལས་ཀྱང་རིང་སོང།
ཨ་མ་ཨ་མ་འབོད་བཞིན།
སྐད་གཅིག་ཙམ་ཡང་མ་བཟོད།
ཅི་བྱེད་གང་བྱེད་མེད་དུས།
རང་ཉིད་སེམས་བསོའི་ཆེད་དུ།
སྙན་བྱ་མེད་པའི་རྩོམ་ཐུང།
ཤོག་དཀར་འདི་ཡིས་སྟེང་དུ།
སྨྱུ་གུའི་རྩེ་ནས་ཐལ་འགྲོ།