རྔ་བ་རྒྱལ་ཁམས་པ།
ནད་པའི་གཟུགས་པོ་སྤྱིའི་གནས་བབ་དང་། སྐྲན་ནད་གང་ཡིན། ལོ་ཚད་སོགས་ནད་པ་རང་ཉིད་ཀྱི་གནས་སྟངས་དང་ལོ་རྒྱུས་གཞི་ལ་བཞག་སྟེ། སྨན་པ་དང་ཁོང་གི་ལས་གྲོགས་དག་གིས། དུས་ཡུན་ག་ཚོད་ཅིག་ལ་སྨན་བཅོས་གཏོང་དགོས་པ། ཐེངས་མ་ག་ཚོད་ཅིག་ལ་སྨན་བཅོས་བྱེད་དགོས་པ། བདུན་ཕྲག་དང་། ཟླ་བ། ལོ་དུས་སོགས་སྨན་བཅོས་འཁོར་བསྐྱོད་ཀྱི་ལས་རིམ་འཆར་འགོད་ཆ་ཚང་ཞིག་གྲ་སྒྲིག་བྱེད་རྒྱུ་རེད། གཏན་ལ་ཕབ་ཟིན་པའི་སྨན་བཅོས་ཀྱི་བརྒྱུད་རིམ་དེ་ནད་པ་དེ་ཁོ་ནར་བེད་སྦྱོད་བྱེད་པ་ལས། སྐྲན་ནད་ཀྱི་རིགས་གཅིག་ཡིན་ཡང་གཟུགས་པོའི་གནས་སྟངས་མི་འདྲ་བས་སྨན་བཅོས་ཀྱང་མི་འདྲ་བ་ཡོང་སྲིད། དེ་ནི་རང་ཉིད་ཀྱི་ཕྲུ་གུས་སྨན་བཅོས་ཀྱི་ཤུགས་རྐྱེན་ལ་ཚུར་ལན་ཅི་ལྟར་སློག་མིན་ལ་རག་ལས་ཡོད།
སྨན་པ་དག་གིས་སྨན་བཅོས་ལས་བྱུང་བའི་ནད་པའི་རྣམ་འགྱུར་ལས། སྨན་བཅོས་ཀྱི་འཆར་འགོད་ལ་འགྱུར་བའང་གཏོང་དགོས་སྲིད། སྨན་བཅོས་ཀྱི་མགོ་དངོས་སུ་མ་ཚུགས་པའི་སྔོན་དུ། ཕྲུ་གུའི་སྨན་པས་ཕ་མ་ཚོ་དང་མཉམ་པོར་སྨན་བཅོས་ཀྱི་ཕན་ཡོན། ཉེན་ཁ། ཞོར་ཕོག་གི་ནད་སོགས། གནས་ཚུལ་ཞིབ་རྒྱས་ཤིག་འགྲེལ་བརྗོད་དང་དྲི་བ་དྲི་ལན་གྱི་ཐོག་ནས་ངོ་སྤྲོད། དེའི་འཕྲོར་ཕ་མ་ཐེ་བའི་སྨན་པ་སྨན་གྲོགས་དང་བཅས་པས། ཕྲུ་གུ་ལ་སྨན་བཅོས་ཀྱི་ནང་དོན་གསལ་བཤད་བྱེད། སྨན་མས་འགྲེལ་བཤད་ཆ་ཚང་ཞིག་བརྒྱབ་ཚར་རྗེས། དོན་དག་ཧ་མ་གོ་བ་དང་། དྭོགས་གནས་ཅན་དེ་འདྲ་ཡོད་ན་དྲི་བ་གཏོང་། དེ་ནས་ཡིག་ཐོག་ཏུ་ངོས་ལེན་གྱི་ཕྱག་རྟགས་རྒྱག་དགོས། ཕྲུ་གུའི་ལོ་ཚད་དང་སྨན་ཁང་གི་སྒྲིག་སྲོལ་དང་མཐུན་པར། ཅིག་ཐེངས་ན་ཕྲུ་གུ་རང་ཉིད་ཀྱིས་ཀྱང་ས་རྟགས་རྒྱག་དགོས་སྲིད།
སྨན་བཅོས་ཀྱི་འཆར་བཀོད་དེ་ཐོག་མར་མགོ་རྙོག་ཚ་བོ་འདྲ་ཞིག་ཡོད་ཀྱང་། སྨན་བཅོས་ཀྱི་འཁོར་བསྐྱོད་རེ་རེའི་མཚམས། སྨན་པ་དང་སྨན་ཞབས་ཚོས་གསལ་བཤད་ཡང་ཡང་རྒྱག་རྒྱུ་ཡིན་པས། ཕ་མ་ཕྲུ་གུ་དང་བཅས་པ་འགྲོ་སྟངས་དེར་རིམ་པས་གོམས་འགྲོ། སྨན་པས་སྨན་བཅོས་ཀྱི་འཆར་བཀོད་ཡི་གེ་ཆ་ཚང་ཞིག་ཁྱེད་ལ་སྤྲོད་ངེས་ཡིན་ལ། སྟབས་ཀ་ལྡན་ན་རང་ཉིད་ཀྱིས་འཆར་བཀོད་ཀྱི་ཡི་གེ་དེའི་ནང་དོན་གནད་བསྡུས་ཤིག་དང་། སྨན་གཏོང་བའི་དུས་མཚམས་ཀྱི་འཁོར་བསྐྱོད། སྨན་ཐུན། ཉིན་རེའི་སྨན་ཟ་ཐེངས་སྐོར་གྱི་ཐོ་ཡིག་ཅིག་གྲ་སྒྲིག་གིས་པར་ལོག་བརྒྱབ་སྟེ། ཐོ་ཡིག་གཅིག་རང་ཁྱིམ་དང་། གཅིག་སྨན་དང་མཉམ་པོར་ནད་པ་གང་དུ་འགྲོ་བ་དེ་རུ་འཁྱེར་བ། གཅིག་རང་གི་ཡིག་ཚང་དུ་ཉར་བོ་བྱས་ན་ཕན་ཆ་ཆེ། སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད། གལ་སྲིད་རང་གིས་ཕྲུ་གུར་དོན་དག་ཅི་ཞིག་འགྲིགས་མིན་གྱི་དྭོགས་པ་ཡོད་ཚེ། ངེས་པར་སྨན་པ་དག་ལ་དྲི་སྐོར་བྱ་རྒྱུ་གལ་ཆེ། སྨན་པ་ཚོས་ཁྱེད་ཀྱི་དྲི་སྐོར་ལ་བསམ་གཞིག་དང་ལན་འདེབས་གནང་ངེས་ཡིན།
སྐྲན་ནད་ཀྱི་གསོ་བཅོས་ལ་རིགས་ག་ཚོད་ཡོད་དམ།
ཡོངས་གྲགས་སྐྲན་ནད་གསོ་བཅོས་ཁྱབ་ཆེ་ཤོས་ཁག་ནི། གཅིག གཤགས་བཅོས། Surgery གཉིས། (སྨན་བསྟེན་སྐྲན་འཇོམས་གསོ་བཅོསchemotherapy)གསུམ། (ཟེར་བཅོས། radiation therapy )བཞི། (སྟོབས་བསྐྱེད་གསོ་བཅོསimmunotherapy) ལྔ། (རྐང་མར་གསོ་བཅོས་སམ་ཁྲག་རྐང་སྦུབས་ཕྲན་རྩ་བརྗེbone marrow or blood stem cell transplantation) གསོ་བཅོས་དེ་དག་ལས་གང་ཞིག་འོས་མིན་ནི། ནད་པར་ཕོག་པའི་སྐྲན་ནད་དེ། སྐྲན་ནད་རིགས་གང་ཞིག་ཡིན་མིན་ལ་གཞི་བཅོལ་བ་ཞིག་ཡིན། ཕྲུ་གུ་ལ་ལར་གསོ་ཐབས་གཅིག་ཉིད་དང་། འགའ་རེར་གསོ་ཐབས་གཅིག་ལས་མང་བའང་བེད་སྤྱོད་གཏོང་དགོས་སྲིད། ཕྲུ་གུ་ཕལ་ལ་(ཟུང་འབྲེལ་གསོ་ཐབསcombination therapy)ཞེས་པ་འདི་བེད་སྦྱོད་གཏོང་བཞིན་འདུག སྐྲན་ནད་སྨན་བཅོས་ལ་བརྟེན་ནས་ཞོར་ཕོག་གི་ནད། ཞེན་ཁ་ལོག་པ། སྐྲ་ལྷུང་བ། ཁྲོད་ཁོག་བཤལ་བ། རྒྱུས་ཚུགས་ལྷོད་སོགས་འབྱུང་གི་རེད། རྒྱུ་མཚན་ནི། སྨན་བཅོས་འདིས་ནད་པའི་ལུས་ཀྱི་སྐྲན་ཕྲན་གསོད་པ་ཙམ་དུ་མ་ཟད། རྒྱུན་ལྡན་བདེ་ཐང་ཡིན་པའི་སྦུབས་ཕྲན་གཞན་རྣམས་ཀྱང་གསོད་ཀྱིན་ཡོད་པས་རེད། སྨན་བཅོས་མགོ་བརྩམས་པ་དང་ཆབས་ཅིག སེམས་ནང་ཉར་
དགོས་པའི་དོན་ཚན་གལ་ཆེན་ལྔ་ཡོད།
༡༽ ཞོར་ཕོག་ཀྱི་རིགས་དང་དེའི་ཤུགས་རྐྱེན་གྱི་ངན་འབྲས་ཅི་ཡིན། གཏོང་བཞིན་པའི་སྨན་སྣ་དང་དེའི་ཐུན་ཚད་ཆེ་ཆུང་། དེ་ལ་ནད་པའི་གཟུགས་པོའི་རྣམ་འགྱུར་ཐོན་སྟངས།
༢༽ སྨན་པའི་གསོ་བཅོས་ཀྱི་འཆར་བཀོད་ལས། ནད་པ་ལ་ཞོར་ཕོག་གི་ཤུགས་རྐྱེན་འབྱུང་སྲིད་པ།
༣༽ སྨན་པ་དང་ལས་གྲོགས་དག་ལ་ཞོར་ཕོག་གི་ཤུགས་རྐྱེན་གཅོག་འཕྲུ་བྱེད་པའི་ཐབས་ལམ་ཡོད་པས། ཁོང་ཚོ་དང་མཉམ་པོར་སྨན་བཅོས་ཀྱི་སྔོན་ནམ། སྨན་བཅོས་ཀྱི་རིང་། ཡང་ན། སྨན་བཅོས་ཀྱི་རྗེས་སུ་བྱ་དགོས་པའི་རིགས་གསལ་བོར་བཤད་ནས། ནད་པའི་སེམས་ཚོར་སྐྱིད་ཐབས་བཟོ་དགོས།
༤༽ སྨན་བཅོས་ཀྱི་ཐུན་ཚད་ཉུང་ངུར་བཏང་བ་ལ་བརྟེན་ནས། ཞོར་ཕོག་རིགས་ཉུང་ངུར་འགྲོ་བ་ལ་ཕན་ཐོགས་ཡོད། དེས་ནད་པའི་སྐྲན་ནད་སྦུབས་ཕྲན་མེད་པར་བཟོ་བ་དང་། ནད་གཞི་དྲག་སྐྱེད་འབྱུང་བ་ལ་འགོག་རྐྱེན་མི་བཟོ།
༥༽ སྨན་བཅོས་གྲུབ་རྗེས་ཞོར་ཕོག་གི་ཤུགས་རྐྱེན་ཕལ་ཆེར་རང་བཞིན་གྱིས་མེད་པར་ཆགས་འགྲོ། ཐུགས་སྣང་གནང་དགོས་པ་ཞིག་ལ། ཕྲུ་གུ་ཚང་མར་ཞོར་ཕོག་འབྱུང་བའི་ངེས་པ་མེད་ལ། ཁ་ཤས་ལ་ཞོར་ཕོག་ཉུང་ངུ་དང་། ཁ་ཤས་ལ་ཞོར་ཕོག་འགངས་ནས་མེད་པའང་འབྱུང་གི་ཡོད། སྨན་བཅོས་ཀྱི་ལག་ལེན་དང་ནད་པའི་ངོ་བོ་གཅིག་མཚུངས་ཡིན་ནའང་། ཞོར་ཕོག་གི་ཤུགས་རྐྱེན་ཐེབས་སྟངས་སྣ་ཚོགས་ཡོང་སྲིད། སྨན་པ་དང་སྨན་ཞབས་དག་གིས་ཁྱོད་ལ་ཕྲུ་གུར་ཞོར་ཕོག་གང་ཞིག་འབྱུང་གི་ཡོད་མེད་དང་། དེ་ཇི་ལྟར་བྱས་ནས་སྔོན་འགོག་ལག་བསྟར་བྱེད་ཐུབ་མིན་ཐད། གསལ་བཤད་རྒྱུས་སྟོན་བྱེད་ཐུབ་པས། གལ་སྲིད་ཕྲུ་གུར་ཞོར་ཕོག་གང་ཞིག་བྱུང་བ་ཡིན་ན། རང་ཉིད་ཀྱིས་སྔ་བོ་ནས་ཞོར་ཕོག་དེ་དག་ངོས་འཛིན་བྱེད་ཐུབ།
གཤམ་ནས་གོང་དུ་བཤད་པའི་སྐྲན་ནད་བཅོས་ཐབས་གཙོ་ཁག་ལྔའི་འགྲོ་སྟངས་ཅུང་ཞིབ་མོའི་ལུགས་སུ་བཤད་རྒྱུ་ཡིན།
༡༽ གཤགས་བཅོས་ཀྱི་ལམ་ནས་སྐྲན་ནད་བཅོས་ཐབས།
གཤགས་བཅོས་ནི་གཟུགས་པོའི་ཆ་ཤས་ཀྱི་སྐྲན་རྡོག་སྔོག་འདོན་བྱེད་པའི་གསོ་བཅོས་གལ་གནད་ཅན་ཞིག་ཡིན། གཤགས་བཅོས་སྐབས་སྐྲན་རྡོག་མཐའ་འཁོར་གྱི་ཕུང་གྲུབ་དང་། རྨེན་མདུད་དང་ཉེ་བའི་ཕུང་གྲུབ་དག་ཀྱང་ཕྱི་ལ་འདོན་སྲིད། སྐབས་དེར་གཤགས་བཅོས་སྟབས་བདེར་དམིགས་ནས། ཐོག་མར་ཁེ་མོ་ཐི་རབ་བམ། འོད་ཟེར་འཕྲོ་འབྱེད་ཀྱི་བཅོས་ཐབས་གང་རུང་བེད་སྤྱོད་ཀྱིས་སྐྲན་རྡོ་བཅུམས་ནས་ཕུང་ཚད་ཆུང་ངུར་བཏང་སྟེ། གཞི་ནས་གཤགས་བཅོས་གཏོང་བ་དེ་འདྲའང་ཡོད།
༢༽ (སྨན་བསྟེན་སྐྲན་འཇོམས་གསོ་བཅོསchemotherapy)སྐྲན་ནད་བཅོས་ཐབས།
ཁེ་མོ་ཐི་རབ་ཕེ་ནི་སྐྲན་ནད་ཀྱི་ལྡོག་སྨན་བེད་སྤྱད་ནས་སྐྲན་ནད་བཅོས་ཐབས་ཀྱི་ལག་ལེན་ཞིག་ཡིན། བཅོས་ཐབས་འདིས་ནི་ནད་པའི་ཁྲག་རྒྱུན་བརྒྱུད་སྐྲན་ཕྲན་གང་དུ་གནས་སྲིད་པའི་ལུས་ཀྱི་ཆ་ཤས་ཧྲིལ་བོར་སྨན་བཏང་སྟེ་སྐྲན་གྱི་སྦུབས་ཕྲན་གསོད་བཞིན་ཡོད། སྐྲན་སྨན་འགའ་ཞིག་རང་ཉིད་གཅིག་པུར་གཏོང་བ་ལས། སྨན་གཞན་དང་མཉམ་འབྲེལ་བྱས་ན་ཡག་པོ་ཡོད་སྟབས། སྨན་སྣ་གཅིག་ལས་མང་བ་གཏོང་བཞིན་འདུག བཅོས་ཐབས་དེ་ལ༼མཉམ་འབྲེལ་སྐྲན་བཅོས༽(combination chemotherapy)ཞེས་བརྗོད་ཀྱིན་ཡོད། འདི་ལ་ཁ་ནས་བཟའ་དགོས་པའི(ཟ་སྨནoral medication)དང་། སྨན་ཁབ་བརྒྱུད་ལུས་ཀྱི་སྡོད་རྩ་ནས་གཏོང་དགོས་པའི་སྨནintravenously(IV) ། སྨན་ཁབ་བརྒྱུད་ལུས་ཀྱི་ཤ་གནད་ནས་གཏོང་དགོས་པའི་སྨན(intramuscular injection)(IM)། སྨན་ཁབ་བརྒྱུད་ལུས་ཀྱི་ལྤགས་ཞབས་སུ་གཏོང་དགོས་པའི་སྨན(subcutaneous injection)(SC)། སྨན་ཁབ་བརྒྱུད་ལུས་ཀྱི་སྒལ་སྦུབས་གཤེར་གཟུགས་ནང་གཏོང་དགོས་པའི་སྨན་སོགས་ཡོད།
སྨན་གཏོང་སྐུད་ལམ་སྟབས་བདེ་ཤོས་ཤིག་ནི། (iv chemotherapy)ཞེས་པ། སྦུབས་ཅན་གྱི་སྒམ་ཆུང་སྲབ་མོ་ཞིག་ལུས་ཀྱི་སྡོད་རྩ་ཆེ་ཤོས་ཤིག་ཏུ་བཞག་སྟེ། དགོས་མཁོ་གང་ཡོད་ལ་སྐུད་ལམ་དེ་བེད་སྤྱོད་བྱེད་ཆོག དེའང་ནད་པའི་བྲང་ངོས་གཡས་གཡོན་གང་རུང་གི་པགས་པ་ཁ་ཕྱེ་ནས་ལྤགས་ཞབས་སུ་འཇོག རྩ་དེ་ནི་མཆིན་པའི་རྩ་ཆེན་བརྒྱུད་ནས་སྙིང་ལ་ཐད་ཀར་ཟུག་པའི་སྡོད་རྩ་ཤིག་རེད།
རྔ་བ་རྒྱལ་ཁམས་པས་བོད་གངས་ཅན་གྱི་ལྗོངས་ལ་ཐ་སྙད་གང་བྱུང་མང་བྱུང་གི་ཞལ་འདེབས་ཤིག་གནང་སོང་། བྱས་ཙང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ཡང་བསྐྱར་ག་སལ་སྒྲག་ཅིག་བྲིས་ནས་དགག་ན་ཐང་། དེར་བསམ་བློ་གྲ་སྒྲིག་བྱོས།
རུས་རྐང་ངམ་རྐང་མར་ལ་པོན་མེ་རོ་ཟེར་གིན་འདུག འདི་ཟོ་གྲུབ་རྟགས་སྟོན་རྒྱུ་ཅིག་ཅིག་མང་སོང་ཟིག
(ཡོངས་གྲགས་སྐྲན་ནད་གསོ་བཅོས་ཁྱབ་ཆེ་ཤོས་ཁག་ནི། གཅིག གཤགས་བཅོས། Surgery གཉིས། ཁེ་མོ་ཐི་རབ་ཕེ། (chemotherapy)གསུམ། རེ་སྒྲི་ཡེ་ཤོན་ཐི་རབ་ཕེ། (radiation therapy )བཞི། འེམ་མོ་ནོ་ཐི་རབ་ཕེ། immunotherapy ལྔ། བྷོན་མེ་རོ་བཅས་ཡིན།( bone marrow or blood stem cell transplantation) གསོ་བཅོས་དེ་དག་ལས་གང་ཞིག་འོས་མིན་ནི། ནད་པར་ཕོག་པའི་སྐྲན་ནད་དེ། སྐྲན་ནད་རིགས་གང་ཞིག་ཡིན་མིན་ལ་གཞི་བཅོལ་བ་ཞིག་ཡིན། ཕྲུ་གུ་ལ་ལར་གསོ་ཐབས་གཅིག་ཉིད་དང་། འགའ་རེར་གསོ་ཐབས་གཅིག་ལས་མང་བའང་བེད་སྤྱོད་གཏོང་དགོས་སྲིད། ཕྲུ་གུ་ཕལ་ལ་ཟུང་འབྲེལ་གསོ་ཐབས(combination therapy)ཞེས་པ་འདི་བེད་སྦྱོད་གཏོང་བཞིན་འདུག )
ཡ་གྲོགས་པོ། ཡང་ངའི་ཁ་འདི་འདུག་མ་ཐུབ་ཐལ། ཉོན་ཨ། དབྱིན་ཚིག་དག་ལ་སྒྲ་བསྒྱུར་འདྲ་ཟིག་བྱས་འདུག་པ་འདི་ནོར་བ་རེད། མིང་རང་སྟེངས་ན་གོ་བ་མེད་པའི་མིང་ལ་སྒྲ་བསྒྱུར་བྱས་ན་དོན་དང་མཐུན་པ་ལས། དེ་མིན་པའི་སྨན་གཞུང་གི་མིང་འདི་ཚོ་ལ་མིང་རང་སྟེངས་ན་གོ་བ་དང་དེའི་ནུས་བ་མཚོན་པའི་སྡུས་ཚིག་དང་། སྦྱར་ཚིག། ཚིག་གསར་སོགས་སྣ་མང་བས། སྒྲ་བསྒྱུར་བྱས་བའི་བོད་ཡིག་ལ་གོ་དོན་མཚོན་པའི་མིང་དོན་ཅི་ཡང་མེད་པས། དེ་ནི་ཁྱེད་རང་གི་ཚེགས་སྡུག་རེད་ཟེར་བ་ཡིན། འདིའི་རིགས་བོད་ཡིག་ལ་ཕབ་རུང་། དབྱིན་དོན་མ་རྟོག་པར་དུ། གོ་རྒྱུ་ཚོར་རྒྱུ་མེད་པའི་ཚིག་རོ་ཙམ་རེད་ཟེར་རྒྱུ་ཡིན། འདིའི་རིགས་སྒྲ་བསྒྱུར་བྱེད་མི་ཉན། དོན་བསྒྱུར་བྱོས། དེ་འདྲ་བྱས་ན། དགེ་ཕན་ཡོད་པ་ཡིན།
ཡག་ས་ནས་ཡག་སར་ཁྲིད་པའི་བློ་ལས། ངན་སྨྲོས་དང་ཁྱད་གསོད་མིན་པས། ང་ལ་ཐུགས་རྗེ་ཆེ་ཞིག་ཞུ་རོགས་ཞུ། ཧ་ཧ་ཧ།
ཁྱེད་གཉིས་ཕེབས་ནས་དོ་སྣང་གནང་བ་ཡག་བྱུང་། གསོ་རིག་གི་མིང་ཚིག་འདི་དག་དོན་སྒྱུར་བྱ་རྒྱུ་ལས་སླ་བོ་ཞིག་མ་རེད། གསོ་རིག་ལ་ཆ་རྒྱུས་ཡོད་མཁན་ཞིག་གིས། མྱོང་བ་དང་འབྲེལ་ནས་བསྒྱུར་ན་འགྱུར་ཡག་པོ་ཞིག་ཡོང་སྲིད། ངས་གཤམ་གྱི་མིང་ཚིག་འགའ་དོན་སྒྱུར་བྱས་ཡོད།
༡༽སྨན་བསྟེན་སྐྲན་འཇོམས་གསོ་བཅོསchemotherapy།
༢༽ཟེར་བཅོས་སམ་འོད་ཀྱི་སྐྲན་བཅོསradiation therapy།
༣༽ སྟོབས་བསྐྱེད་གསོ་བཅོས། འགོ་ནད་སྔོན་འགོག་གསོ་བཅོས། སྐྱེ་ལྡན་གསོ་བཅོས། སྐྱེ་ལྡན་ཚུར་ལྡོག་སྒྱུར་བཅོས immunotherapy།
༤༽རྐང་མར་གསོ་བཅོས་སམ། ཁྲག་རྐང་སྦུབས་ཕྲན་རྩ་བརྗེའམ། རྩ་སྤོ bone marrow or blood stem sell transplantation། ལྟ་བུའོ།།
གནམ་ལགས། ཁྱོད་ཀྱི་མཆན་ནང་ཡིག་ནོར་ཤིན་ཏུ་མང་བོ་རེད། དག་ཆ་མེད་པའི་མཆན་ལ་ལན་གདབ་རྒྱུའི་ཡི་ག་མི་འདུག རྗེས་སོར་དག་ཆ་ལ་གཟོབ་རོགས་ཞུས་པ་ཡིན།
རང་སྟེང་། བསྡུས་ཚིག། གཉིས་ནི་བཅོས་སོ། གོང་གི་མཆན་དེའི་ཕྱེད་ཀ་ཁྱོའི་རེད། ཕྱེད་ཀ་ངའི་རེད། དེ་ན་ཡིག་ནོར་རྣམས་ངེད་གཉིས་ཀྱི་སྤྱི་མ་མ་རེད་ནེ། ཧ་ཧ་ཧ།
ཡིག་ནོར་ལ་དག་བཅོས་ཡོད་པར་ཞུ། ཁྱེད་ཁས་ཅི་བྱས་དག་ན། ངས་དེ་བྱས་སྦྱང་དགོས། སྐུ་མཁྱེན། བྲེལ་བ་ཚ་མདོག་དང་མཁས་བ་ཡིན་མདོག་མ་གནོངས།
ལས་ཀར་འགྲོ་ཞོར་འདུག་ཞོར་སོགས་ཀྱི་ཁོམ་པ་ཡོད་ཚད་ལ་བལྟ་ཀློག་བྱེད་བཞིན་ཡོད། མུ་མཐུད་ནས་ཕྲིས་དང་། ང་ནི་ཁྱོད་ཀྱི་ཀློག་པ་པོ་ཡིན།
རྔ་པ་རྒྱལ་ཁམས་ལགས། ཁྱེད་ཀྱིས་ཚན་རིག་གི་སྨན་གྱི་མིང་རྣམས་ཐད་བསྒྱུར་བྱས་ཁུལ་བྱས་ཀྱང་ཤེས་པ་དེ་མ་ཤེས་པ་བཟོས་འདུག
ཚན་རིག་གི་མིང་ཚིགས་རྣམས་སོར་གནས་ཐོག་བཅོས་ཐབས་བྱེད་ལུགས་བྱེད་སྟངས་སམ་དོན་འགྲེལ་བྱས་ན་ཤེས་མཁན་ཚོ་མགོ་མ་ཐོམ་པ་དང། མ་ཤེས་མཁན་ཞིག་ཡིན་ན།་བཅོས་ཐབས་དེ་དེ་འདྲ་ཞིག་ཡིན་ས་རེད་བསམ་པའི་ངེས་པ་རྙེད་འགྲོ དེ་མིན་ཕྱི་རྒྱལ་གྱི་མིང་ཚིག་ཚང་མ་ཨུ་ཚུགས་ཀྱིས་བོད་སྐད་དུ་བསྒྱུར་དགོས་དོན་མེད། ཁག་ཅིག་བསྒྱུར་ན་གོ་རྒྱུ་ཡོད་ཀྱང་ཁག་ཅིག་རང་སོར་བེད་སྤྱོད་བཏང་ན་དགེ་མཚན་ལྡན་པ་ཡོད། བྱུང་ན་ཁྱེད་ཀྱི་བུ་ལ་བེད་སྤྱོད་བཏང་བའི་ལུས་འཕུར་མཉེའི་སྐོར་རྒྱས་ཙམ་གསུང་ཐུབ་ན་དགེ་མཚན་ཆེ་བར་མཐོང། མཆན་བཀོད་མཁན་ནང་ལ་ཕ་ཡུལ་གྱི་སྐད་ཡིན་ཁུལ་གྱིས་ཁ་སྐད་མང་པོ་བྲིས་ཏེ་བོད་ཀྱི་སུམ་རྟགས་འགྲོ་ལུགས་དང་འགལ་ཏེ་དོན་དག་ག་རེ་ཤོད་ཀྱི་ཡོད་མེད་རྩ་བ་ནས་གོ་རྒྱུ་མི་འདུག
འདྲ པོ འདྲ་པོ བསྒྱུར་འདུག་ དེ་ཚོ་ ཤེས་ དགོས་ངེས་འདུག་། བཀའ་དྲིན་ཆེ་
ཁྱེད་ཀྱིས་སྦུབས ཕྲན་ཟེར་ཡ་དེ་ cell ལ་ གསུངས ཀྱི་ཡོད་ན་ དེ་ལ་ཕྲ་ཕུང་ཞེས་བསྒྱུར་པ་མཐོང་མང་
cell ཞེས་པ་སྤྱིར་བཏང་བརྗོད་དོན་མ་འདྲ་བ་བདུན་གྱི་ཐོག་གོ་བ་ལེན་ཚུལ་ཡོད། སྐབས་འདིར་སྐྱེ་ལྡན་གཟུགས་ཀྱི་རྩོམ་གཞི་བྱེད་པའི་རྩ་སྦུབས་ཀྱི་ཆ་ཤས་ཤིན་ཏུ་ཕྲ་བ་ལ་གོ་དགོས། གདོང་ཐོག་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ན། སྐྱེ་ལྡན་ཕྲ་རབ་དང་། བུག་ཕྲན། ཞེས་བཀོད་པའང་མཐོང་།
བཀའ་དྲིན་ཆེ་