གནས་ཚུལ་མཁོ་སྤྲོད་པ། ངག་དབང་ཡོན་ཏན།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མའི་ནང་། ཁམས་སྐད་ཀྱི་གསར་འགོད་པ་ཅིག་དགོས་པའི་ས་མིག་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
༡༽ ཁམས་སྐད་ལ་བྱང་ཆ་ཡོད་པའི་ཐོག་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ། ཡང་ན་མཐོ་སློབ་གྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ།
༢༽ དབྱིན་ཡིག་དང༌། དབྱིན་སྐད་། ཡང་ན་རྒྱ་ཡིག་དང་། རྒྱ་སྐད་ཀྱི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།
༣༽ བོད་ཕྱི་ནང་དང༌། རྒྱ་ནག། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཤེས་ཚད་གང་ལེགས་ཡོད་པ།
༤༽ དྲང་བདེན་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༥༽ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་ལ་མ་ཕྱོགས་པར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།
༦༽ ཨ་རིའི་ནང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ལག་ཁྱེར་ཡོད་པ།
ལས་འགན།
ཉིན་རེར་གསར་འགྱུར་ཕབ་སྒྱུར་དང་རྒྱང་སྲིང་། བོད་དོན་དང་དེ་མིན་གྱི་གནད་དོན་ཐད་ཆེད་སྒྲིག་ལེ་ཚན་བཟོ་བ་སོགས་རྩོམ་སྒྲིག་པས་བཀོད་མངགས་ལྟར་ལས་དོན་སྒྲུབ་དགོས།
ལས་ཡུན། བདུན་རེར་ཆུ་ཚོད་༢༥ ལས་ཀ་བྱེད་དགོས།
གོང་གསལ་གྱི་གསར་འགོད་པའི་ལས་ཀ་འདི་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ངོ་མ་མིན། ལོ་ལྟར་གན་རྒྱའི་འོག་ལས་ཀ་བྱེད་དགོས།
ལས་ཀའི་ས་མིག་འདིའི་ཐོག་ཞུ་སྙན་འབུལ་འདོད་ཡོད་པ་རྣམས་ནས། གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་། དོ་བདག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་པའི་རྒྱུ་མཚན་དང་། དམིགས་ཡུལ་མདོར་བསྡུས་བཅས་ཕྱི་ལོ་༢༠༡༤ ཕྱི་ཟླ་༢ ཚེས་༢༨ འགྱངས་མེད་གློག་འཕྲིན་ཁ་བྱང་ Email:chhonzomd@rfa.org བརྒྱུད་ནས་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ། གོང་གསལ་ཆ་རྐྱེན་དང་། ལས་འགན། ལས་ཡུན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་དྲ་རྒྱའི་ཐོག་ལའང་གཟིགས་ཐུབ།
http://www.rfa.org/tibetan/dakhyab/khamkay-broadcaster-vacancy-announcement-02042014095527.html
——————————————————————————–
Ngawang Yonten
Special Assistant
Office of Tibet
241 East 32nd Street
New York, NY 10016
_______________________
Tel: (212) 213 5010 ext. 14
Fax: (212) 779-9245
www.tibetoffice.org/en
twitter/youtube: officeoftibet
Facebook: Ari Dhonchoe Khang, skype: nayopo
གསར་འགོད་པ་ཅིག་དགོས་་་་གསར་འགོད་པ་ཞིག་དགོས་་་་ཧཧཧ་་་ལས་བྱེད་ངོ་མ་ཚོར་དེ་འདྲའི་ཤེས་ཚད་མེད་ཀྱང་ཆོག་འདུག་་་་གཡོག་པོ་ཚོའི་ཤེས་ཚད་མཐོ་སློབ་དགོས་འདུག་ཀ
༥༽ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་ལ་མ་ཕྱོགས་པར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།
༦༽ ཨ་རིའི་ནང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ལག་ཁྱེར་ཡོད་པ།
གོང་གི་ཆ་རྐྱེན་འདི་གཉིས་ལ་ལྟ་སྐབས། ཨ་རིའི་ནང་སྡོད་མཁན་ཞིག་ལ་མ་གཏོགས་ལས་ཀ་དེ་སྤྲད་ཀྱི་མ་རེད། དེ་ཡིད་སྐྱོའི་གནས་ཤིག་རེད།
གསལ་བསྒྲགས་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་རེད་དོན་དངོས་ནི་་་་་་་་་་་་རེད། ཧཧཧཧཧ
ང་ནི་ཁམས་པ་ཡིན་རུང་ཁམས་སྐད་མི་ཤེས། ཁམས་སྐད་དང་དབུས་སྐད། ཨམ་སྐད་འདྲེས་མའི་གསར་འགོད་པ་ཞིག་དགོས་ན་མ་སྐུལ་དང་བླངས་ཀྱིས་མདོ་དབུས་ཁམས་གསུམ་གྱི་གནས་ཚུལ་མཁོ་སྒྲུབ་ལ་འབད་བརྩོན་བྱ་ཆོག
ཆུ་ཐིག་སྔོན་མོའི་དྲང་ཐིག་དཀར་པོའི་མདའ་ཞིག་འཕངས་འདུག ལས་བྱེད་ངོ་མ་དེ་ཚོར་ཁམས་སྐད་ཁྲ་ལེ་ཁྲོ་ལེ་དང་བོད་ཡིག་ཆ་རེ་ཆོར་རེ་སྐད་རིགས་གཞན་ཡང་རབ་བེ་རོབ་སོང་ཁོང་ཚོ་ལ་ཟ་ཆོག་དང་འཐུང་ཆོག་བཟོ་མཁན་གྱི་མར་བྱན་ཆེན་མོ་དགོས་པ་མིན་འགྲོ། གལ་སྲིད་གསལ་བསྒྲགས་དེ་དོན་དང་མཐུན་ན། དེ་མིན་ཨེ་རླུང་དང་ཨ་རླུང་གཉིས་རྒྱལ་སྲས་རིང་ལུགས་དང་མི་འདྲ་ས་ཆེར་མེད།
གོང་མཆན་གཉིས་པས་གསུང་པ་བཞིན་ ཨ་རིའི་ནང་དུ་སྡོད་མཁན་ཞིག་ལ་མ་གཏོགས་རེ་བ་མི་འདུག་
གསལ་སྒྲགས་དེ་ཕྱི་ཚུལ་ཙམ་རེད། འོན་ཀྱང་ཆ་རྐྱེན་ཁ་ཤས་ཡོད་དེ་རྣམས་གཙོ་ཡིན།
་་་་་་ ༦༽ ཨ་རིའི་ནང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ལག་ཁྱེར་ཡོད་པ། ་་་་་་་
ཨ་རིའི་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོས་གོ་སྐབས་དེ་ལེན་སྟེ་གསར་འགོད་ལས་རིགས་ཚད་ལྡན་ཞིག་བྱེད་ཐུབ་ན་དགེ་མཚན་ཆེན་པོར་མཐོང་། འོན་ཀྱང་། ང་ལ་གོ་སྐབས་དེ་མིན་འདུག གང་ཡིན་ཟེར་ན། ང་ཁམས་པ་ཡིན་ཀྱང་ངས་ཁམས་སྐད་མི་ཤེས། འོན་ཀྱང་། བོད་སྐད་ཚད་ལྡན་ཤེས་ཀྱི་ཡོད།
སྤྱིར་བཏང་བོད་སྐད་ལ་མདོ་དབུས་ཁམས་གསུམ་གྱི་སྐད་སྒྲ་གདངས་མ་འདྲ་བ་མང་པོ་ཡོད། ལྷག་པར་ཁམས་སྐད་ལ་དེ་བས་མ་འདྲ་བ་མང་པོ་འདུག དེས་ན་ཁམས་སྐད་ག་འདི་ངོས་འཛིན་བྱེད་ཀྱི་ཡོད་ས་རེད།
ཨེ་རླུང་ཁམས་སྐད་ཀྱི་གསར་འགོད་པ་ཚད་ལྡན་ཞིག་དགོས་རྒྱུ་ནི་ངོ་མ་གལ་གནད་ཆེ་པོ་མཐོང་གི་འདུག། ད་ཡོད་གསར་ཁང་དེར་ཁམས་སྐད་གསར་འགོད་པར་བྱང་ཆ་དང་ཁ་ལྕེ་དག་པའི་ཁམས་པ་གཅིག་ཅང་མི་འདུག། ཁམས་པའི་གསར་འགོད་ཚད་ལྡན་ལྟ་བུ་གཅིག་རང་ཡོད་པ་ནི་ཨ་ཏི་ཚང་ཟླ་བ་སྒྲོལ་མ་རེད། སྔོན་མར་ཟླ་བ་སྒྲོལ་མས་སྒྲ་དག་གསལ་གསུམ་གྱིས་གསར་འགྱུར་ཡག་པོ་སྤེལ་གྱི་རེད། དེང་སང་མོའི་གསར་འགྱུར་གོ་རྒྱུ་མི་འདུག། གཞན་དེ་ཚོ་ནི་སྒྲ་གདངས་དང་མིང་ཚིག་བེད་སྤྱོད་སོགས་གསར་འགྱུར་སྒྲོགས་སྦྱོར་ཡག་པོ་གནང་མཁན་་མི་འདུག། ཆབ་མདོ་ཤེས་རབ་ལགས་ནི་ཡིག་རྩལ་བཟང་ཡང་ཁོང་གིས་སྒྲ་སྦྱོར་དང་སྐད་གདངས་མིང་ཚིག་སྤྱོད་ཕྱོགས་སྐོར་མི་བཟང་། གལ་སྲིད་མི་རིགས་སྤྱིར་དང་ཁམས་སྐད་སྡེ་ཚན་ལ་ཕན་པའི་མི་བུ་ཞིག་དགོས་ན་འགོ་འདོན་དང་རང་ཁུང་རིང་ལུགས་དེ་འགྱུར་བ་གཏོང་དགོས།
ཧ་ཧ་ ཁམས་སྐད་གསར་འགྱུར་ གོ་ངོ་དོ་ནོ་བོ་མོ་འོ་ རོ་ལོ་སོ་ཏོ་ཁམས་སྐད་རེད
མགོ་ནས་འཇུག་བར་རྫོགས་ཚིག་རེད་ ནང་དོན་ཆ་ཚང་རྫོགས་ཚིག་རེད་
ཧ་ཧ་ ཁམས་སྐད་གསར་འགྱུར། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་སླར་བསྡུ་རེད།
མགོ་ནས་འཇུག་བར་རྫོགས་ཚིག་རེད། ནང་དོན་ཆ་ཚང་རྫོགས་ཚིག་རེད་།
ཨ་མའི་བུ་ལ་ཡོན་ཏན་མེད་ན།
དགའ་ལྡན་ཁྲི་ལ་བདག་པོ་མང་གི
ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་འདྲ་བོ་འདིས་བོད་དོན་ལ་ཕན་ནི་ཅང་ཐོགས་གི་མི་འདུག གསར་འགོད་རང་དབང་ཅན་ཁུངས་དག་ཅིག་ནི་སྤེལ་ཐུབ་གི་མི་འདུག འདི་ལ་ཉན་ན་བློ་སྐྱེད་གསར་པ་ནི་གང་ཡང་རག་གི་མི་འདུག དོན་མེད་འགྲོ་སོང་ཆེ་རོགས་རེད། ད་ནི་འདི་་མེད་པ་བཟོ་བའི་དུས་ལ་བབ་འདུག
སྔར་ནས་དེ་ལྟར་དྲན་བཞིན་ཡོད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ནང་དུ་སྟོད་སྐད་ཐོག་རླུང་འཕྲིན་ས་མིག་ཤིག་མེད་པ་ཅི་ཡིན་ནམ། ཁམས་སྐད། ཨ་མདོ་སྐད། དབུས་སྐད། དེ་བཞིན་སྟོད་སྐད་བཅས་བཞི་ངེས་པར་དུ་ཚང་དགོས་པར་མཐོང་། ཡང་ན་དབུས་སྐད་ཀྱི་ནང་དུ་སྟོད་སྐད་བཤད་མཁན་ཞིག་བཅུག་དགོས་པར་མཐོང་། བཙན་བྱོལ་སྤྱི་ཚོགས་ནང་དུ་སྟོད་པ་གྲངས་ཉུང་ནི་མ་རེད། ཕལ་ཆེར་མང་ཤོས་རེད་ཟེར་ན་ཡང་ཆོག འོན་ཀྱང་རླུང་འཕྲིན་ཁང་གི་ནང་དུ་ས་མིག་གཅིག་ཀྱང་མེད་པ་ནི་ངོ་མ་ཡ་མཚན་རེད།
་་་་་ ཡང་ན་དབུས་སྐད་ཀྱི་ནང་དུ་སྟོད་སྐད་བཤད་མཁན་ཞིག་བཅུག་དགོས་པར་མཐོང་། ་་་་་་
ད་ཡོད་ཀྱི་ཁམས་པའི་གསར་བསྒྱུར་བཤད་མཁན་ཁྱད་མཚར་པོ་ཅང་རེད། ང་སྒྲོན་ཡིན་ཟེར་མཁན་འདྲ་འདྲ། སྐད་ཆ་དང་ནང་དོན་གང་གི་ཆ་ནས་ཆོ་མེད་གི
རེད།
སྟོད་པ་ལ་སྟོད་སྐད་ཤོད་པའི་ས་མིག་གཅིག་དང་། སྟོད་པ་ལ་སྟོད་པའི་ཆོལ་ཁ་ཅིག་ལོགས་སུ་བཟོ་དགོས་པ་ཨེ་ཡིན།
ཧཧཧ ཞི་མི་མེད་ས་ན་ཙི་ཙིས་དགའ་རོགས་སྒྲིག་པའི་དཔེ་ཟླ་རུ་གྱུར་མི་འདུག་གམ།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མའི་ནང་དུ་སྟོད་སྐད་གཙང་མའི་གསར་འགྱུར་སྒྲོག་མཁན་ཞིག་ངེས་པར་དུ་དགོས། དགོས་འདུན་འདི་ཆོལ་ཁ་དང་ཆབ་སྲིད་ཀྱི་གནད་དོན་གང་ཡང་ཡིན་པར་མི་སེམས། འདི་གསར་འགྱུར་སྙན་མཁན་རྒྱ་ཆེ་ཆུང་ལ་རགས་ལུས་པ་ཞིག་ཡིན། སྟོད་མངའ་རིས་ལ་ལོ་རྒྱུས་ཡོད་ལ་རང་སྐད་རང་སྐྱ་ཐུབ་པ་ཞིག་ཀྱང་ཡོད། སྟོད་མངའ་རིས་ཀྱི་སྐད་དང་རིག་གཞུང་ཆ་ལུགས་སོགས་གང་གི་ཆ་ནས་བྱས་ཀྱང་། ཁམས་དང་ཨ་མདོ་དབུས་བཙང་སོགས་དང་མི་འདྲ་ས་མང་བར་ངེས། འབུར་དུ་དོད་ཅིང་ངོ་མཚར་བའི་སྟོད་མངའ་རིས་ཀྱི་གདོད་མའི་ཡུལ་ལུང་འདི་གསར་བྱོན་བན་དེ་ཚང་གི་ཆོས་ལུགས་ཀྱི་གནད་དོན་གཙོ་བོར་བཟུང་བའི་སྲིད་ངན་ཁྲོད་དངོས་མེད་དུ་་གྱུར་སོང་ན་ཧ་ཅང་འཕང་པོ་རེད། དེས་ན་སྟོད་སྐད་གཙང་མའི་གསར་འགྱུར་ཤོད་མཁན་ཕོ་མོ་གཉིས་ངེས་པར་དུ་དགོས་ཀྱི་ཡོད། ད་དུང་བྱུང་ན་རྒྱལ་རོང་གི་སྐད་དང་མོན་པའི་སྐད་ལའང་ས་མིག་རེ་ཡོད་ན་ཅི་མ་རུང་སེམས་བཞིན་རེ་བའི་གསོལ་བ་འདེབས་པ་ལགས། །
་་་་་ དེས་ན་སྟོད་སྐད་གཙང་མའི་གསར་འགྱུར་ཤོད་མཁན་ཕོ་མོ་གཉིས་ངེས་པར་དུ་དགོས་ཀྱི་ཡོད། ་་་་་
སྟོད་སྐད་ཤེས་ན། བཀའ་བསྟན་གྱི་མིང་ཚིག་མང་པོ་རང་བཞིན་གྱིས་བྱང་ཆུབ་པར་གྱུར་པ་ལ་ཕན་ནོ།།
ངས་ནི་བྲག་སྲིན་མོའི་ཕ་སྐད་གཙང་མ་བཤད་སའི་ས་མིག་ཞིག་ཡོད་ན་ཅི་མ་རུང་བསམ་ཡོད། རྒྱུ་མཚན་ཆེན་པོ་ཡོད། (Bonpo)བོན་པོ་དང་ཀརྡོ་ལྟར། མདུན་རྒྱང་ལ་མི་ལྟ་བར། ཕྱི་མིག་ལ་དུང་བའི་དབང་གིས་ཡིན། ཧ་ཧ་ཧ།
དེ་ནས་བྱུང་ན། ཆོས་ལུགས་དབྱེ་ཁག་གི་མྱི་སྣ། ས་དགེ་བཀའ་རྙིང་། ཇོ་ནང་བོན་པོ་སོགས་ནས་སོ་སོའི་ཆོས་སྐད་གཙང་མ་བཤད་མཁན། སྣ་རྒྱས་པོ། གྲ་འཛོམས་པོ་ཞིག་ཡོང་ན་ཅི་མ་རུང་བསམ་ཡོད། ཧ་ཧ་ཧ།
བསམ་ནི་བཤད་ན་བཤད་རྒྱུ་མང་གི་རེད་ཨ། དེ་རིང་དེ་ཙམ་གྱིས་ཆོག་པར་ཞུ།
སྟོད་མངའ་རིས་ཁ་ཡོད་ལག་ཡོད་རེད།
བོན་ཞང་ཞུང་རྒྱལ་པོའི་ཞིང་ཁམས་དང་།
གཤེན་གསང་སེམས་བསྟན་པ་དར་ས་ཡིན།
གནས་དེ་ལ་མཐོང་ཆུང་མ་གནང་རོགས། །
ཁོ་བོས་སྟོད་སྐད་གསར་འགྱུར་བཤད་མཁན་ཞིག་དགོས་ཟེར་བ་ནི། དངོས་ཡོད་གནས་སྟངས་དང་འབྲེལ་བ་ལས། ཆོལ་ཁ་ཆོས་ལུགས་དང་བསྲེས་ནས་ཐོབ་ཐང་རྩོད་པ་ཞིག་ཡེ་ནས་མིན། སྤྱི་ཚོགས་ཁོར་ཡུག་དང་བསྟུན་དགོས་པ་གལ་ཆེན་རེད། སྟོད་པ་ཟེར་བ་ན། སྟོད་མངའ་རིས་དང་གཞན་ཡང་སྟོད་པ་ཚང་མ་ལ་ཁྱབ་པ་ཞིག་བཤད་བཞིན་ཡོད།
གསར་འགྱུར་འཆད་མཁན་གྱིས་ཡུལ་ལུང་དེའི་གནས་སྟངས་ཆ་ཚང་བ་ཞིག་བཤད་དགོས་ཀྱི་ཡོད་པ་རེད། དེ་བོན་དང་འབྲེལ་ནའང་འདྲ་བན་དང་འབྲེལ་ནའང་འདྲ་ངོས་ལྐོག་རྒྱབ་མདུན་མེད་པར་སྲོང་པོར་གླེང་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཡུལ་ལུང་དེའི་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས་དང་སྐད་ཡིག མི་རིགས་དང་སྐྱིད་སྡུག་གནས་སྟངས་སོགས་གང་དང་་ཡང་མ་འབྲེལ་བའི་གསར་འགྱུར་བཤད་རྒྱུ་རགས་ཁག་པོ་ཡོན་འགྲོ སྟོད་མངའ་རིས་པའི་འདས་མ་ད་གསུམ་གྱི་སྐྱིད་སྡུག་གླེང་དགོས་ན་ཕྱོགས་ཡོངས་ནས་གཏམ་དགོས་པའི་སྣང་བ་གསར་པའི་་ཉི་གཞོན་གྱི་འདུ་ཤེས་དེང་རབས་དང་མཐུན་པ་ཞིག་ནི་ངེས་པར་དུ་དགོས་གལ་ཆེ་བར་སེམས་སོ། །
སྟོད་བོད་མངའ་རིས་སྐོར་ལ་འདི་ལྟར་ཡོད། །
བོན་ཆོས་ཐོག་མར་དར་ས་མངའ་རིས་རེད། །
ཞང་ཞུང་རྒྱལ་རབས་ཚུགས་ས་མངའ་རིས་རེད། །
གཉའ་ཁྲིའི་མངའ་ཐང་རྒྱས་ས་མངའ་རིས་རེད། །
སྲོང་བཙན་ཆོས་ཁྲིམས་དར་ས་མངའ་རིས་རེད།
ཐུ་མིའི་བརྡ་དག་གཏུགས་ས་མངའ་རིས་རེད། །
འོད་སྲུང་སྲོག་སྒོ་ཐར་ས་མངའ་རིས་རེད། །
བྱང་ཆུབ་ཡེས་ཤེས་འཁྲུངས་ས་མངའ་རིས་རེད།
ད་དུང་མངའ་རིས་སྐོར་ལ་ཉན་འདོད་དམ། །
http://www.youtube.com/watch?v=GmEbQIX2kJw
གླུ་མ་བདེ་སྐྱིད་སྒྲོལ་མའི་གླུ། སྦྲ་ནག་གྲུ་བཞིའི་ངོ་སོ་ཡར་ལ་བསྟོད། སྙན་པ་ལ་ཉན་ཚོད་ཞིག་མ་ཟིན་ཐལ།
http://www.youtube.com/watch?v=GmEbQIX2kJw
བོན་པོ་ལགས་བཀའ་དྲིན་ཆེ། དགེ་བ་ཞིག་བསགས་ཡོད་སར་ཡོད།
ཡང་ན་མཐོ་སློབ་(གྱི་)ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ། ཞེས་པའི་ནང་མཐོ་སློབ་ཀྱི་འབྲི་དགོས་བསམས། ཕྲད་ཀྱི་འགྲོ་སྟངས་མ་ཤེས་པར་བོད་ཡིག་གི་ཕྱུག་ཚད་སྐོར་ཤོད་རྒྱུ་ནི་དངོས་གནས་ཡ་ང་བའི་གནས་སྟངས་རེད། ལྷག་པར་ཆ་རྐྱེན་དེ་འདྲ་ཞིག་ལྡན་པ་ཨ་རིའི་ནང་ཕལ་ཆེར་ཁག་པོ་རེད། གལ་ཏེ་ཆ་རྐྱེན་དེ་ལྟར་ལྡན་པའི་མི་ཞིག་རག་ཚེ་དེར་གཡོག་ལས་ཀྱི་ངོ་བོའི་ཐོག་ནས་ལས་ཀ་རྟ་ཟོག་བཞིན་བསྐུལ་ན་ཕལ་ཆེར་ལམ་འགྲོ་ཡོང་གི་མ་རེད་སྙམ། །
གནམ་ལགས།
འོ་ཡག་བྱུང་ཁོ་རེ། ཞི་མོ་མཛེས་མ་ཟིག་འདུག། གླུ་སྙན་མོ་ཟིག་བླངས་ཐ། དགེ་བ་དུ་མོ་དེ་ཡིན་ན་ཆོག །