བདེན་པ་ཡིན་ན་ཉེ་སྔོན་གུང་གཞུང་གིས་འཛིན་བཟུང་བྱས་པའི་གླུ་བ་བཀྲ་ཤིས་དོན་འགྲུབ་ལ་ལོ་གཅིག་དང་ཟླ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་སྐད། གལ་སྲིད་དེར་ངོས་ལེན་མེད་ན་ཉིན་ཉི་ཤུའི་ནང་ཡར་མཐོ་རིམ་ལ་ཞུ་གཏུག་བྱེད་ཆོག་གི་ཡོད་པ་འདྲ། སྐད་ཆ་ཁ་ཤས་ཤིག་བཤད་པར་དེ་འདྲ་ཁྲིམས་ཐག་གཅོད་པ་ནི་དྲང་པོ་མ་རེད་ཅེས་འདོད་པར་མ་བབ་པའི་རྣམ་འགྱུར་སྟོན་མཁན་འདུག
བཀྲ་ཤིས དོན་འགྲུབ་ནི་ད་ལྟའི་རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ཁོངས་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མདའ་ཚན་ཐུ་མེད་ནས་ཡིན་ཞིང་། ཕའི་མིང་ལ་འཇའ་ཚུར་དང་མའི་མིང་ལ་རྟ་པ་ཟེར། ན་ནིང་ཁོང་གིས་ གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོ་ཞེས་པའི་གླུ་དེ་བླངས་ནས་བཀག་ཉར་བྱས་པ་དང་། ད་ལོར་ཡང་སྐྱར་ བསད་དང་རུང་འགྱོད་པ་ང་མེད་གི་ སོགས་ཀྱི་གཞས་འཁོར་ཞིག་བཏོན་པས་འཛིན་བཟུང་དང་ཁྲིམས་ཐག་བཅད་པ་ཡིན་འདུག ཁོང་གི་གཞས་རྣམས་ལ་ཉན་ན་ཡིག་ཁྲོབ་ནང་བཀྲ་ཤིས་དོན་འགྲུབ་ཀྱི་མིང་ཐོག་ནས་ཚོལ་དང་ཁོང་གི་གཞས་སྔ་ཕྱི་ཉི་ཤུ་ལྷག་འདུག
སྔོན་ཆད།
“སེམས་ནང་གི་གཞས་ཤིག་བཏང་བས། །
འགྲོ་བ་ཡི་དགའ་བསུ་ཐོབ་བྱུང་། །”
ད་ལྟ།
སེམས་ནང་གི་གཞས་ཤིག་བཏང་བས། །
དམར་པོ་ཡིས་བཙོན་དུ་བཅུག་སོང་། །
ད་ཉིན་ཉི་ཤུའི་དུས་ཚད་ནང་མཐོ་རིམ་ལ་ཞུ་གཏུག་བྱས་རུང་ནུས་པ་ཐོན་ནི་མ་རེད། ཁྲིམས་རྩོད་པ་ཞིག་ལ་ནང་མིའི་སྒོར་མོ་འགྲོ་སོང་བཏང་ནོ་གྱོང་ཡིན་ནི་རེད། གང་ལྟར་ཁྲིམས་ཆད་དེ་འདོད་པ་མེད་པ་དང་མ་དྲང་པ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ནོ་འདིས་འགྲིག་གི་ཡོད་ནི་རེད། དོན་དེ་ཁྲིམས་འགལ་བྱ་བ་ཞིག་མིན་པ་མཚོན་ཡོད། ང་ཚོ་རང་ངོས་ནས་ཅི་ཐུབ་ཀྱི་གནས་ཚུལ་དེའི་རིགས་ཁྱབ་བསྒྲགས་བྱ་དགོས་ནི་རེད།
དེ་མིན་བྱ་ཐབས་མེད་ཀི་
ཨ་ཤུ་རེ་ཁོ། ད་ངོ་མ་ཀླ་ཀློའི་རྒྱ་འདྲེ་ཚང་གིས་ང་ཚོ་སྐྱིད་པོ་ཞིག་འདུག་མི་བཅུག་པ་ཁོ་ཐག་རེད། གཞས་ཤིག་ལའང་དེ་འདྲའི་དམ་དྲག་བྱས་ན་ང་ཚོའི་མི་ཚེ་འདི་ཅི་ཡིས་སྐྱེལ།
མདའ་ཚན་པ་ལགས། གནས་ཚུལ་འདི་ངོ་སྤྲོད་བྱས་པར་དགའ་ཡོད། གཞན་ཁྱེད་ལ་བརྡ་རེ་བྱེད་བསམ་མོད། ཁ་སྔོན་ཁྱེད་ཀྱིས་སྤྲད་པའི་ཁ་པར་ཨང་གྲངས་དེ་ཅིག་འགྲིག་མི་འདུག། དེ་བས་ཁོམ་སྐབས་རེ་ཡོད་ན་ཡང་བསྐྱར་ཁ་པར་ཨང་གྲངས་གསལ་བོ་ཞིག་བསྐུར་རོགས། བདེ་མོ།
ནོར་བཅོས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བརྒྱད་ལོ་རེད། ང་དགུ་ལོ་མ་རེད།
དགོངས་དག དེ་རིང་སྐྱར་ཀློག་ཅིག་བྱས་མེད་ན་ནོར་འཁྲུལ་མཐོང་ས་མ་རེད།
མདའ་ཚན་ཚེ་རིང་ལགས།
ངའི་ཁ་པར། (450) 647-0992
གླུ་ལ་གསན་ན་འདི་ན་ཡོད། །གླུ་བའི་སྐུ་ཁམས་བདེ་བར་ཤོག །
http://www.tudou.com/programs/view/_XuMLNhu5ig/