སྤོབས་པ་མཐའ་ཡས།
(ཆགས་སྤྱོད་ཀྱི་སྐོར་རིམ་པ་འབྲིང་ཙམ་གསལ་བས་ལོ་ན་བཅོ་བརྒྱད་མ་ལོན་པ་དང་གྲྭ་བཙུན་ཚོས་མ་ཀློག་རོགས།)
ཚེ་རིང་དབང་མོའི་སྡོད་ཁང་ནི་ཁང་བརྩེགས་མཐོན་པོ་ཅན་ཞིག་གི་བརྩེགས་རིམ་བཞི་པའི་སྟེང་དུ་ཡོད་པའི་ཁེར་ཆོད་ཁྱིམ་ཁང་དོག་པོ་ཞིག་རེད། བདུན་ཕྲག་ཁ་ཤས་སྔོན་ནས་ངེད་གཉིས་ལུས་འབྲེལ་བྱེད་མགོ་ཚུགས་སྟབས་ང་མོའི་སྡོད་གནས་སུ་ཐེངས་ཁ་ཤས་ཕྱིན། ཡིན་ན་ཡང་། ཚེ་རིང་དབང་མོ་ལས་ཀའི་བྲེལ་བ་ཆེ་བས་ཁར་སང་མ་གཏོགས་ངེད་གཉིས་ཀས་དུས་ཚོད་ལྷན་དུ་ལྷོད་པོར་སྐྱེལ་རྒྱུ་ཞིག་མ་བྱུང་། ཁར་སང་ངེད་གཉིས་ཀར་ལས་ཀ་མེད་སྟབས་ཕྱི་དྲོ་ང་མོ་ལ་ཐུག་ཏུ་སོང་། ཉིན་དེར་གནམ་གཤིས་ལེགས་པས་ངེད་གཉིས་ཕྱི་ལོགས་སུ་སོང་ནས་རྩི་ཤིང་གླིང་ཁར་གོམ་བགྲོད་དང་དེ་ནས་གློག་བརྙན་ལ་ལྟ་བར་འགྲོ་རྒྱུ་བྱས།
ངེད་གཉིས་ཕྱི་ལོགས་སུ་སོང་ནས་གླིང་ཁར་སླེབས། གླིང་ཁ་འདིར་རྩི་ཤིང་གི་རིགས་འདྲ་མིན་སྣ་ཚོགས་ཀྱིས་འཚངས་ཁ་བརྒྱབས་ནས་སྐྱེས་འདུག དེ་དག་གི་གྲིབ་བསིལ་འོག་ཏུ་ལམ་ཕྲན་མ་ལག་དང་ཡལ་གར་གྱེས་པ་མང་པོའི་སྟེང་དུ་སྤྲོ་ཉུལ་བ་རྣམས་བག་ལྷོད་པོས་འགྲོ་བཞིན་འདུག ངེད་གཉིས་ཀྱིས་གོམ་པ་ལྷོད་པོར་སྤོས་ནས་གོམ་བགྲོད་བྱས། ཕྱི་དྲོ་འདིར་གནམ་གཤིས་དྲོ་གྲང་སྙོམ་པ་དང་། བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་བཞིན་པས་ཡིད་ལ་བག་ཡངས་སྤྲོ་སྣང་དབང་མེད་དུ་སྟེར།
ངེད་གཉིས་འབབ་ཆུ་ཆུང་ཆུང་ཞིག་གི་འགྲམ་དུ་འགྲོ་སྐབས་སུ། མོས་ངའི་རྣ་བའི་ཁར་མོ་རང་གི་ཁ་སྦྱར་ནས། “ང་ནི་དེ་རིང་ཚ་བ་དྲག་པོ་ཞིག་འཕར་འདུག དོ་དགོང་ཁྱོད་ཀྱིས་ང་ལ་རོགས་པ་བྱེད་ཀྱི་ཡིན་ནམ།” ཟེར། ངས་ཀྱང་བྱ་རྒྱུ་ཡིན་པའི་བརྡར་མགོ་བོ་གུག་ནས་ལྡེམ་ཙམ་བྱས། དེ་ནས་མོས་ང་ལ་ཁ་འཁོར་ནས་འཛུམ་ཆུང་ཞིག་སྟོན་བཞིན། “ཕྱི་མིའི་ཁྲོད་དུ་ཁ་རྒྱོ་སྤྲོད་སྲོལ་ཆེན་པོ་རེད། བོད་ལ་ཁ་རྒྱོ་རྒྱག་པའི་སྲོལ་ཡོད་དམ།” ཟེར། ངས། “ཁྱོད་ཀྱིས་ཅི་ཟེར་གི་ཡོད། འདོད་ཆགས་ཀྱི་སྤྱོད་ལམ་ནི་འགྲོ་བ་མིའི་རིགས་བྱུང་བའི་ཉིན་ནས་མགོ་ཚུགས་ཡོད་སྟབས་དེ་ལ་འདི་བྱེད་དང་འདི་མི་བྱེད་མེད་པས་བོད་མི་ལ་ཁ་རྒྱོ་རྒྱག་སྲོལ་སྔོན་ནས་ཡོད་དང་ཡོད།” ཅེས་ལན་བཏབ། དོན་དུ་བོད་ལ་ཁ་རྒྱོ་སྤྲོད་སྲོལ་པའི་ཁུངས་སྐྱེལ་ཅི་ཡང་མེད་མོད། ང་མཚན་ཉིད་པ་གྱོང་པོ་ཞིག་དང་ལོ་རྒྱུས་སྨྲ་བ་ཉོབ་ཏོ་ཞིག་ཡིན་པའི་ཆ་ནས་ལན་ཞིག་རྒྱག་དགོས་སྣང་ཤར་ནས་ལན་དེ་འདྲ་ཞིག་ཁ་ནས་དབང་མེད་དུ་ཤོར་སོང་།
དེ་ནས་མོས། “དེ་རིངཕྱི་དྲོ་ངས་ཁྱོད་ལ་བོད་ཀྱི་སྲོལ་རྒྱུན་གྱི་ཁ་རྒྱོ་ཡག་ཤོས་དེ་སྤྲོད་ཆོག” ཟེར།
རྗེས་སུ་ངེད་གཉིས་གློག་བརྙན་ཁང་དུ་སོང་ནས་མིའུ་ཐུང་ཞེས་པའི་གློག་བརྙན་གཉིས་པ་དེར་བལྟས། གློག་བརྙན་ཁང་དུ་ཡོད་དུས་སུ་མོས། “དེ་རིང་ངས་དགོང་ཟས་བཟོ་གི་ཡིན། ཁྱོད་བོད་ཀྱི་ཟ་མ་གང་ལ་དགའ་པོ་ཡོད།” ཅེས་དྲིས་བྱུང་། དེར་ངས། “ང་ནི་བོད་ཀྱི་ཟ་མ་ཟེར་ན་འདྲ། ཤ་མོག་མོག་དང་ཞོ་གཉིས་ཀ་ལ་དགའ།” ཞེས་ལན་བཏབ།
ངེད་གཉིས་ཀྱིས་ཕྱི་ལོགས་སུ་སྤྲོ་སྐྱིད་འཁྱམས་ཉུལ་གྱི་དུས་ཡུན་རྫོགས་ནས་ཕྱིར་མོའི་ཁྱིམ་དུ་སླེབས། ནང་དུ་སླེབས་དུས་མོ་ཁྲུས་ཁང་དུ་འཛུལ་སོང་། ཁྲུས་ཁང་དུ་སྐར་མ་བཅུ་ལས་མ་འགོར་བར་ཕྱིར་ཐོན་བྱུང་། སྐབས་དེར་ང་ཐབ་ཚང་ནང་དུ་ལངས་ནས་ཆུ་ཤེལ་ཕོར་གང་འཐུང་བཞིན་ཡོད། མོའི་ལུས་པོ་ཆུ་ཡིས་རློན་ཞིང་། སྐྲ་ལོ་རང་བྱུང་དུ་གཟར། ལུས་ལ་གྱོན་ཆས་སྣེ་གཅིག་མེད་པར་འཛུམ་ཆུང་དང་འདྲེས་པའི་ཆགས་པའི་རྣམ་འགྱུར་སྟོན་བཞིན་ཚུར་ཡོང་ནས་ང་ལ་ཁ་སྐྱེལ་མགོ་ཚུགས། མོའི་ཁ་སྐྱེལ་སྟངས་དེ་ནི་མོའི་ལྕེ་སྣེ་ཡིས་ངའི་ལྕེ་སྣེ་ལ་ཕར་བརྡར་ཚུར་བརྡར་གྱིས་ཚོར་བ་སློང་བ་ཞིག་ཡུན་རིང་པོར་བྱེད། རིམ་གྱིས་མོའི་ལག་གཉིས་ཀྱིས་ང་ལ་འཐམ་ནས་ངའི་ཁོག་སྟོད་མར་ལག་པས་བྱིལ་བྱིལ་དང་། འཕོང་ཚོས་ཀྱི་ཤ་སྣག་བཙུར་ནས་མོ་རང་ལ་དམ་དུ་སྦྱར་བ། ངའི་མགོ་བོའི་སྐྲའི་གསེང་དུ་མོའི་མཛུབ་མོ་རྣམས་བརྒྱུས་ནས་འཕུར་མཉེད་སོགས་བྱེད་སྐབས་ང་ལ་ཡང་བདེ་སྣང་མི་འདྲ་བ་རེ་སྟེར།
དེ་ལྟར་ཡུན་རིང་ཙམ་ལ་ཁ་བསྐྱལ་རྗེས་སུ་ཕན་ཚུན་གྱི་མཚན་མར་ལག་པས་ཐུག་རེས་བྱས། རིམ་གྱིས་མོས་ངའི་སྟོད་གོས་ནས་རིམ་གྱིས་གྱོན་ཆས་ཕུད་མགོ་ཚུགས། སྐབས་དེར་ངའི་ཕོ་མཚན་འགྲེང་ནས་ཡོད་པ་དེ་མོའི་མཚན་མ་དང་བརླ་ལ་ཐུག་པས་བདེ་སྣང་མི་འདྲ་བ་རེ་སྐྱེས་ཀྱིན་འདུག
དེ་ནས་ངའི་སེམས་ལ་ངེད་གཉིས་ཐབ་ཚང་ནང་དུ་འདི་ལྟར་ལངས་ནས་འཁྲིག་སྤྱོད་བྱེད་ཐབས་མི་འདུག་བསམ་ནས་ག་ལེར་མོ་ཕར་འཕུལ་ནས་སྡོད་ཁང་ནང་གི་འབོལ་སྟེགས་ཡོད་སར་སོང་། དེར་འབོལ་སྟེགས་སྟེང་དུ་བསྒྱེལ་ནས་ཐོག་མར་ངའི་མཛུབ་མོས་མོའི་མཚན་མར་འཕུར་མཉེད་བྱས། ཡིན་ན་ཡང་ངས་འཁྲིག་པ་དངོས་གཞི་བྱེད་འདོད་ཀྱི་འདུན་པ་བཟོད་མ་ནུས་པ་ལྟར་གྱུར། མོའི་མཚན་མའི་ཁ་ཡོངས་རྫོགས་རློན་པར་གྱུར་ཚར་འདུག་པས་ད་རན་འདུག་བསམ་ནས་ག་ལེར་ངའི་ཕོ་མཚན་མོའི་ནང་དུ་བཏང་།
ངེད་གཉིས་ཀྱི་སྐྱིད་པོ་དེ་བཏང་ཚར་རྗེས་སུ་མོ་ཁྲུས་ཁང་ནང་དུ་སོང་ནས་གཙང་སྦྲ་ཅུང་ཙམ་བྱས་ནས་ཕྱིར་ཡོང་ནས་ངེད་གཉིས་ཕན་ཚུན་འཐམ་འཁྱུད་ཀྱིས་གང་འདོད་འདོད་ཅིག་ལ་འབོལ་སྟེགས་སྟེང་དུ་འགྱེལ་ནས་བསྡད། རིམ་གྱིམ་ང་གཉིད་ཁུགས་སོང་འདུག
ང་གཉིད་ལས་སད་དུས་སུ་མོས་ཐབ་ཚང་ནང་དུ་དགོང་ཟས་ཤིག་གྲ་སྒྲིག་བྱེད་ཀྱིན་འདུག ཐབ་ཚང་དང་སྡོད་ཁང་བར་ན་ཆོད་མེད་སྟབས་ངེད་གཉིས་ཀྱིས་སྐད་ཆ་བཤད་ཞོར་བྱས། སྐབས་དེར་མོས་གསལ་སྒྲིབ་མེད་པའི་གསར་དོར་དང་ནུ་ཁེབས་མ་གཏོགས་གྱོན་མེད་སྟབས་རྒྱུན་དུ་སྦས་པའི་ལུས་ཀྱི་འབུར་གཤོང་དག་མཐོང་ནུས་པ་མ་ཟད་འགུལ་སྐྱོད་རེ་རེ་ཡིན་ཡང་མིག་ལམ་ནས་བོར་མི་འདོད་པ་ཞིག་རེད།
མོས་བོད་ཀྱིས་ཁ་ལག་བཟོས་ཡོད་ཟེར་ནས་ཤ་མོག་མོག་དང་གྲང་ཚལ་སོགས་ཧ་ཅང་བྲོ་བ་ཅན་ཞིག་བཟོས་འདུག ངེད་གཉིས་ཀྱིས་དགོང་ཟས་ཟ་སྐབས་སུ་མོས། “དགོང་ཟས་ཀྱི་རྗེས་སུ་བོད་ལུགས་ཀྱི་མངར་ཟས་ཞིམ་པོ་ཞིག་ཁྱོད་ལ་སྤྲོད་གི་ཡིན།” ཟེར་ནས་འཛུམ་ཆུང་སྙིང་རྗེ་བོ་ཞིག་བསྟན་སོང་། ངས་དེའི་དོན་གོ་མ་སོང་མོད་དྲི་བ་མ་བྱས་པས་འཛུམ་ཆུང་ཞིག་གིས་ལན་འཐུས་པར་བྱས། ངེད་གཉིས་ཀྱིས་རྒྱ་གར་གྱི་གློག་བརྙན་ཆར་དུས་ཀྱི་བག་སྟོན་ཞེས་པ་དེར་བལྟས་ནས་དགོང་ཟས་ལ་རོལ།
དགོང་ཟས་ཀྱི་རྗེས་སུ་མོས། “ད་ངས་ཁྱོད་ལ་བོད་ལུགས་ཀྱི་མངར་ཟས་དེ་སྤྲོད་གི་ཡིན།” ཟེར་ནས་ཡར་ལངས་ཞིང་ཕོར་བ་ཞིག་གི་ནང་དུ་ཞོ་ལྟ་བུ་ཞིག་བླུག་པ་ཞིག་མདུན་ཅོག་སྟེང་དུ་བཞག དེ་ནས་ངའི་འགྲམ་དུ་བསྡད་ནས་སླར་ཡང་ཁ་སྐྱེལ་མགོ་ཚུགས། སྐབས་དེར་ཁ་སྐྱེལ་སྟངས་སྔོན་དང་མི་འདྲ་བར་མོའི་ཁ་ཅུང་བཙུམ་ནས་བུ་ག་ཆུང་ངུར་བྱས་པའི་ནང་དུ་ངའི་མཆུ་ཏོ་དང་ལྕེ་ཅུང་ཤུགས་ཆེན་པོས་འཇིབས་ནས་ཚོར་བ་སློང་བ་ཞིག་སྐར་མ་ཁ་ཤས་ལ་བྱས། དེ་ནས་སླར་ཡང་ངའི་སྟོད་གོས་ནས་མར་འཕུད་ཞོར་དུ་ལུས་ཀྱི་བྲང་དང་ནུ་མ་སོགས་ལ་འོ་བྱེད་པ་དང་། ལྕེ་ཡིས་དྲུད་པ། འཇིབ་པ། ལག་པས་ལྷོད་པོར་འཕུར་བ་སོགས་ཀྱིས་བདེ་སྣང་སྐྱེད་པར་བྱེད། རིམ་གྱིས་ངའི་སྨད་གོས་ཕུད་ནས་ཕོ་མཚན་འཕུར་མཉེད་ཅུང་ཙམ་བྱས།
དེ་ནས་མོ་ཡང་རྔུལ་ནག་གིས་གདོང་ཡོངས་རློན་པར་གྱུར་པའི་སྟེང་དུ་ཅུང་ཟད་དམར་པོར་ཡང་གྱུར་འདུག དེ་ནས་མོས། ངའི་གདོང་ལ་ཡར་བལྟས་ནས། “ད་བོད་ལུགས་ཀྱི་མངར་ཟས་དེ་ཁྱོད་རང་གཅིག་པོ་ལ་སྤྲོད་ཀྱི་མིན། ང་རང་ལ་ཡང་དགོས་ཀྱི་འདུག” ཟེར་བཞིན་མདུན་ཅོག་སྟེང་དུ་ཡོད་པའི་ཞོ་ཕོར་བ་གང་དེའི་ནང་དུ་མཛུབ་མོ་བརྒྱུས་ནས་ཐོག་མར་མཛུབ་མོའི་སྟེང་གི་ཞོ་དེ་ང་ལ་ལྡག་ཏུ་བཅུག དེ་ནས་མོ་རང་གིས་ཐེངས་གཅིག་ལྡག དེ་ནས་མོས། “ཞོ་དེ་བོད་ཀྱི་ཟ་ཆས་རེད། དེ་རིང་ངས་བོད་ལུགས་ཀྱི་ཟས་ཞིམ་ཤོས་དེ་ཟ་དགོས་ཀྱི་འདུག” ཟེར་ནས་ཞོ་དེ་ངའི་ཕོ་མཚན་མགོར་བྱུག དེ་ནས་མོ་རང་གིས་ལྕེ་ཕྱིར་བསྲིངས་ནས་ལྡག ངའི་ཕོ་མཚན་གྱི་སྟེང་དང་། འོག་དང་། ཟུར་དང་། མོ་རང་གི་ཁ་ནང་ཞོ་ཡིས་གང་བཞིན་དུ་ངའི་ཕོ་མཚན་ཧྲིལ་པོ་མོའི་ཁ་ནང་དུ་འཇིབ་ཞོར་དུ་ཞོ་མིད་པ་སོགས་བྱས་ནས་སྐར་མ་ཉེར་ལྔ་ཙམ་འགོར་ཡོད་དམ་བསམ་པ་ཞིག་ལ་རྩེད་མོ་བརྩེས།
ཞོ་ཕོར་བ་གང་དེ་རྫོགས་པའི་དུས་སུ། “ཁྱེད་རང་གིས་གང་དུ་གཏང་བསམ་གྱི་འདུག” ཟེར། ངས། “ཁྱེད་རང་གི་མོ་མཚན་ནང་ལ་གཏང་འདོད་འདུག” ཅེས་བཤད་ནས་མོའི་མཚན་མའི་ནང་དུ་བཅུག་ནས་འཁྲིག་སྤྱོད་ཀྱི་དངོས་གཞི་དེ་རྫོགས་པར་བྱས།
མོ་ཁྲུས་ཁང་དུ་བརྒྱུགས་ནས་གཙང་སྦྲ་དོད་ཙམ་བྱས་ནས་ཚུར་ཡོང་ཞིང་ང་འབོལ་སྟེགས་སྟེང་དུ་གན་སྐྱལ་དུ་ཉལ་ཡོད་པའི་གཞོགས་སུ་ཉལ་ཞིང་འགྲམ་པ་ངའི་བྲང་ཁར་བཞག “ཁྱོད་ཀྱི་སྙིང་ད་དུང་ཡང་མཐོན་པོར་འཕར་བཞིན་འདུག” ཟེར། དེ་ནས་ངས། “ཁྱེད་ཀྱི་བོད་ལུགས་རྒྱོ་དེ་སྐྱིད་པོ་བྱུང་སོང་བས་རེད། ཅེས་བཤད། དེར་མོ་ཅུང་ཟད་ངོ་ཚ་བའི་ཉམས་ཀྱིས་སྐད་ཆུང་ངུས། “དེ་རིང་ངེད་གཉིས་ཀས་རྒྱོ་བཙོག་པ་ཞིག་བརྒྱབ་ཡིན་ཨ།” ཟེར། ངས། “རྒྱོ་ངོ་མ་ཞིག་རྒྱག་ན་བཙོག་པ་བཟོ་ཐུབ་དགོས་པ་རེད། རྒྱོ་གཙང་མ་ཞིག་བརྒྱབས་དུས་མ་འགྲིགས་པ་རེད།” “ཧ་ཧ་ཧ་ཧ་ཧ་ཧི་ཧི་ཧི།” ཞེས་ངེད་གཉིས་ཀ་ལྷན་དུ་བགད།
ཚེ་རིང་དབང་མོའི་བོད་ལུགས་ཀྱི་ཆགས་པ་སྤྱོད་སྟངས་དེ་ནི་ངའི་དྲན་པའི་ངོགས་སུ་མཚར་སྣང་ཆེ་ཤོས་ཤིག་ཏུ་གྱུར།
(ཚེ་རིང་དབང་མོ་ནི་མིང་དངོས་མིན།)
སྙ་ཁ་ཞོ་ལྡག་ཟེར་བའི་གཏམ་དཔེ་ཞིག་སྔ་མོ་ནས་ཡོད། འདི་གསར་པ་མ་རེད། གཞན་རྒྱོབ་རྒྱག་སྟངས་ལ་ཞིབ་འབྲི་ཡོད་ན་ཡག་ས་རེད།
ཕུག་རོན་ལགས། ཁྱེད་ལ་རྙིང་པ་ཡངན་ཡང་ང་ལ་གསར་པ་རེད་འདུག དགོངས་པ་མ་འཚོམས།
དགེ་བཤེས་རྒྱོ་ལ་སློབ་སྦྱོང་མེད་པ་དེ་ལ་ཐུགས་ཁག་མེད།
ཁྱོད་འདི་མི་དྲང་མོ་ཞིག་མ་རེད་ལ། ལྷག་པར་དུ་རང་གཞན་གཉིས་དོ་མཉམ་པོར་འཇོག་ཐུབ་མཁན་ཞིག་མ་རེད། དེར་མ་ཟད། རང་ཉིད་ཀྱི་འདུ་ཤེས་དང་བསམ་བརྗོད་ཆ་ཚང་སྤྱི་ཚོགས་ཀྱི་བཀག་རྒྱ་ལས་གྲོལ་ཐུབ་མཁན་ཞིག་དེ་བས་ཀྱང་མ་རེད། ཡིན་ནའང་། ལམ་དེར་ཕྱོགས་ཤིང་འཚེར་ནས་བློ་གཉིས་མའི་གནས་ན་གར་རྩེད་མཁན་ཞིག་ཏུ་སྣང་། འདི་ནི་ཁྱེད་ཀྱི་རྩོམ་བཀླགས་པའི་མྱོང་ཚོར་ཡིན།
ཨོ་རེད། ད་དུང་ཞུ་རྒྱུ་ཞིག་ལ། རྩོམ་འདི་རིགས་མུ་མཐུད་དུ་ཕྲིས། མཁྲེགས་འཛིན་པ་དག་ལ་མཚོན་ན་འདི་ནི་གཏོར་བཅོམ་ཞིག་ཡིན་ལ། འུ་ཅག་གི་ཁ་རུབ་སྤྱི་ཚོགས་ལ་མཚོན་ན་འདི་ནི་ནང་འདྲེན་ཅིག་ཡིན། (འདིར་ནང་འདྲེན་ཟེར་དོན་ནི། སྔར་བོད་ལ་འདིའི་སྐོར་གྱི་རྩོམ་རིག་དར་མྱོང་མེད་པར་བརྗོད་པ་མ་ཡིན་པར། སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་ཁྱབ་བརྡལ་དང་མྱོང་རོལ་གྱི་ཆ་ནས། ད་ལྟའང་འདིའི་རིགས་ནི་ནང་འདྲེན་གྱི་སྲོལ་དུ་གནས་ཡོད་པའི་ཡིན།) རྒྱབ་སྐྱོར་ཡོད། རྩོམ་རྗེས་མར་སྒུག་ནས་འདུག་གི་ཡིན་ད། ཧཧཧཧ
དགེ་བཤེ་ས་ལགས་ལ་བོད་ལུགས་ཀྱི་རྒྱོ་ཡིན་ཟེར་མཁན་ཕྱི་མོ་ཞིག་ཐུག་པ་གཏན་འཁེལ བོད་ལུགསཀྱི་རྒྱོ་དེ་འདྲ་མ་རེད། ད་ཁྱེད་རང་བོད་མོ་ངོ་མ་ཞིག་ཐུག་པའི་སྨོན་པ་ཡོད།
སྤོབས་མཐས་ཁ་བརྡ་ཡང་། འཛོར་པོ་བཟོས་ཡོད་པ་འདྲ།
ཡག་པོ་རེད། ཁ་ཡིས་འཇིབ་ལྡག་དེ་མཆོག་གྱུར་བདེ་བ་རེད། ད་བུ་ག་གསུམ་ག་སྤྱོད་རྒྱུར་གལ་ཆེ། བུ་མོའི་མཚན་མ་ལྕེ་ཡིས་འཇིབ་རྒྱུར་ཧ་ཅང་གལ་ཆེ། དེ་ལྟར་སྤྱོད་ཚེ་ཁམ་འཛིན་པ་དང་འདྲེན་པ་དང་སྟོང་བཞི་དང་དགའ་བཞི་སོགས་སེམས་འདྲེས་པར་བྱེད་ན་ཤི་དུས་ཡང་རྒྱོ་ཡི་ངང་ནས་ཁ་སྦྱོར་ལོང་སྐུའི་ངོ་བོར་+++++ བྱང་སེམས་ལེན་ཚེ་སྐྱུག་བྲོ་སྤོང་བ་་དང། མཐན་མོན་ལམ་སྦྱང་ལ་མ་མཐའ་ཡང་གོ་བ་ལེགས་པོར་གནད་ཀྱི་དམ་པའོ།
སྤོབས་པ་སྐྱ་སར་བབ་མ་ཁད་ཀྱི་ཉམས་ཙམ་ཡང་མི་འདུག་ག ཉམས་མྱོང་གི་འབྲི་སྟངས་ཁྱོན་ནས་མི་འདུག
སྤོབས་པ་མཐའ་ཡས་ལགས་ད་དུང་སྐྱ་སར་བབས་མི་འདུག གང་ཡིན་ཟེར་ན། ཁོང་གི་གསུང་རྩོམ་འདི་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་ནང་བཞིན་མི་འདུག འཇུ་མི་ཕམ་རིན་པོ་ཆེའི་གསུང་རྩོམ་དང་འདྲ་བོ་འདུག།
ཁྱོད་ཚོ་རྒྱོ་ལ་མྱོང་གོམས་དེ་འདྲ་ཆེ་ལུགས་ལ་བལྟས་ན་སྨད་ཚོང་གི་ལས་ཀ་བྱེད་གི་ཡོད་ས་རེད་བསམ་བསམ་འདུག ཧཧཧཧཧཧཧ
ཆགས་སྤྱོད་བརྙན་འཕྲིན་ལ་མང་པོ་བལྟས་ཡོད་ས་རེད་།