ཨ་ནུ་ཐང་བསོད་ནམས།
དང་པོ།
སངས་རྒྱས་ཆོས་ལུགས་ཀྱང་ཆོས་ལུགས་གཞན་དང་མཚུངས་པར་གཡོ་ཐབས་སྣ་ཚོགས་བརྒྱུད་ནས་མི་སེམས་ལ་དབང་སྒྱུར་བྱེད་མཁན་ཞིག་དང་། རང་ཉིད་རྒྱ་སྐྱེད་གཏོང་མཁན་ཞིག་རེད། རྒྱ་སྐྱེད་ཀྱི་ཆེད་དུ་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག མི་སྒེར་བ་ཞིག་གི་ཁེ་ཕན་ཆེད་དུ་བསམ་བློ་གཏན་ནས་མི་གཏོང་ཞིང་། དད་པ་ཅན་ལ་དད་པ་དང་། ཆགས་སྤྱོད་ཅན་ལ་ཆགས་སྤྱོད། རང་དབང་ཅན་ལ་རང་དབང་གླེང་ནས་སེམས་ཁམས་སྒྱུར་ལ། ལུང་རིགས་སྣ་ཚོགས་དང་གཏམ་རྒྱུད་སྣ་ཚོགས་ཀྱིས་བསྒྲུབ་ཅིང་། དེ་ལྟར་བྱས་ནས་མི་སེམས་འགུག་ཐུབ་པ་ཡིན་ན། འཇོན་ཐང་དུ་སྒོམ་ནས་དགའ་སྤོབས་སྐྱེས་བ་ལས་གཡོ་སྒྱུ་ལ་གཏན་ནས་མི་བརྩི།
དེ་དག་གིས་མ་འོང་སར་གནས་ལུགས་བཤད་ནས་སེམས་ཁམས་སྒྱུར། གནས་ལུགས་ཀྱིས་མ་འདང་བའི་སར། དུས་ངན་སྙིགས་མའམ་བདུད་རིགས་ཡིན་ཚུལ་སོགས་ཀྱི་ཁ་མིང་སྣ་ཚོགས་བཏང་ཞིང་། ཉན་མཁན་ལ་དེ་དོན་རྟོགས་པའི་བསོད་ནམས་མེད་ཚུལ་གླེང་ནས་སེམས་ཁམས་དཀྲུགས་པ་མ་ཟད། དེ་དག་གིས་མ་འདང་སར་ལོག་རྟོག་ཅན་གྱི་ཉེས་མིང་ངན་མིང་སོགས་སྣ་ཚོགས་བཏགས་ཤིང་དངོས་ཤུགས་བརྒྱུད་གསུམ་ནས་གནོད་ཤུགས་སྤྲད་དེ་སྤྱི་ཚོགས་ཁྲོད་ནས་མི་དེ་ཕུད་ཐབས་བྱེད་བཞིན་འདུག
དེ་དུས་ཁོང་ཚོའི་བཤད་པའི་སྙིང་རྗེ་མེད་ལ། སྙིང་རྗེ་ཡང་ཆོས་ལུགས་ལས་གལ་ཆུང་ཆགས་ཤིང་། ཆོས་ལུགས་ཀྱི་ཆེད་དུ་སྙིང་རྗེ་འདོར་པས། ཆོས་ཀྱི་ཁེ་ཕན་ནི་ཡོད་ཚད་ལས་ལྷག་པས་གཅིག་བསྡུ་རིང་ལུགས་དང་གཅིག་མཚུངས་རེེད། དེ་ནི་སངས་ཆོས་གཅིག་བུ་མ་ཡིན་པ་ཆོས་ལུགས་གཞན་དང་། སྲིད་དབང་གཅིག་བསྡུ་པ་ཚོས་རང་ཉིད་དང་མི་མཐུན་པའི་ལྟ་གྲུབ་བམ། གང་ཟག་ཅིག་ཡོང་བར་བཟོད་སྒོམ་དཀའ་བས་རེད། དེ་ལྟར་ཡིན་ཚེ། ཁོང་ཚོས་སྐྱར་ཟློས་ཡང་ཟློས་ཀྱིས་མཐོང་ཆེན་ལ་བཀུར་བའི་བཟོད་པའང་ཁ་ཙམ་ལས་ལག་ལེན་དུ་མེད་པས། བཟོད་པ་དང་སྙིང་རྗེ་ཟེར་བའང་ཁོང་ཚོའི་ཚོང་རྫས་ལས་གཞན་དུ་མེད་ཕྱིན། གསལ་དུ་བཤད་ན་གཡོ་ཐབས་ལྟ་བུ་རེད།
འོན་ཀྱང་། ཁོང་ཚོས”ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས་ཚུལ”སོགས་ཀྱི་ལུང་རིག་སྣ་ཚོགས་ཀྱིས་བགྲང་ཤིང་། ཐབས་ཤེས་ཀྱི་ངོ་བོར་འགྲེལ་ནས་ངོས་ལེན་བྱེད་ཀྱིན་མེད། བཙན་རྒྱལ་པ་དང་ནག་ཚོང་པ་ཚོས་ཀྱང་རང་གི་གཡོ་ཐབས་དེ་དག ཐབས་བྱུས་ཀྱི་ངོ་བོར་བསྒོམས་ནས་སྤོབས་པ་སྐྱེས་ཕྱིན་ཁོ་གཉིས་གཅིག་མཚུངས་རེད།
དེས་ན། འཇིག་རྟེན་འདི་གཡོ་སྒྱུ་ཅན་ཁོ་ན་ལ་དབང་དགོས་བ་ཡིན་ནམ། མིན་ཏེ། གཡོ་ཅན་ཚོས་གཡོ་སྒྱུ་ཐབས་ཀྱི་ཐབས་ལམ་དེ་དུས་དང་སྟུན་ནས་བློ་གྲོས་དང་ལྡན་པའི་བརྗེ་སྤོ་བྱེད་མ་ཐུབ་པ་སྐྱར་ཟློས་ཡང་ཟློས་ཀྱིས་བེད་སྤྱོད་བཏང་ཚེ། རིམ་བཞིན་མི་རྣམས་ཀྱིས་གོ་རྟོགས་སེལ་ནས་སྔ་བཞིན་ལྷོང་ལམ་ཡོང་ཐབས་དཀའ་ལ། གལ་སྲིད་བཀག་རྒྱའི་དབང་གིས་རང་རིགས་༼རང་ཉིད་ཀྱི་ཕྱོགས་གཏོགས༽ཀྱི་གོ་རྟོགས་མ་སེལ་ཐུབ་ཀྱང་། གཞན་ཕྱོགས་རྣམས་འགོག་ཏུ་མེད་པས་གོ་རྟོགས་སེལ་མཁན་གྱི་མི་རིགས་དང་རྒྱལ་ཁབ་རྣམས་མདུན་ནས་མདུན་དུ་བསྐྱོད་ཅིང་། གོ་རྟོགས་སེལ་མ་ཐུབ་མཁན་དང་སེལ་དལ་བའི་མི་རིགས་རྣམས་རྗེེས་ལུས་དང་ཡང་ལུས་སུ་གྱུར་ནས། དུས་དང་མཐུན་པའི་བཅོས་སྒྱུར་བཏང་མ་ཐུབ་མཁན་ཚོ་ཐ་ན་རྩ་མེད་དུ་འགྲོ་བ་ཉེར་རབས་འཛམ་གླིང་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད།
གནའ་བོའི་སྐད་གྲགས་ཆེ་བའི་འཇིག་རྟེན་གྱི་ལྟ་སྟངས་ནི་ཆོས་ལུགས་ཀྱི་ལྟ་སྟངས་ཡིན་ལ། ཆོས་ལུགས་སོ་སོའི་བསྟན་པའི་གནོད་སྤྱིའི་བཀོོད་པ་དེ་དག་ནི་བདེན་རྫུན་གང་ཞིག་ཡིན་ཡང་། དེའི་ཐག་གཅོད་ལས་བརྒལ་བའི་ཞིབ་འཇུག་བྱས་མི་ཆོག་པས། གང་དུ་ཆོས་ལུགས་ཀྱི་འདུ་ཤེས་ཆེ་ན་དེ་ན་བཀག་རྒྱ་མང་། གང་དུ་བཀག་རྒྱ་མང་ན་དེ་རུ་གནའ་བོའི་རིག་པའི་ལྟ་སྟངས་དང་འཇིག་རྟེན་ལྟ་སྟངས་དག དུས་དང་མཐུན་པའི་ཡར་རྒྱས་བཏང་མི་ཐུབ་པས་གང་དུ་ཆོས་ལུགས་ཀྱི་འདུ་ཤེས་ཆེ་ན་དེ་རུ་རྗེས་ལུས་དང་དབུལ་ཕོངས་ཀྱི་སྡུག་ངལ་ཆེ།
རྒྱུ་མཚན་ནི། དུས་རབས་གསར་བའི་ནང་སངས་ཆོས་ཐེ་བའི་གནའ་བོའི་འཇིག་རྟེན་ལྟ་སྟངས་ཀྱིས་སྔ་བཞིན་མ་འཇོན་ཞིང་དེ་ཁས་ལེན་མཁན་གྱི་མི་དང་། མི་རིགས་ལ་དཀའ་ངལ་འཕར་མ་སྣ་ཚོགས་འཕྲད་པས། དཀའ་ངལ་ལས་མི་རབས་གསར་བ་མང་པོ་ཞིག་གི་གོ་རྟོགས་སེལ་ཞིང་རང་ཉིད་ཀྱི་ཕ་མེས་ནས་བགྲོད་པའི་ལམ་ཁ་དེ་ནོར་བ་འཚོར་ནས་ངག་ལ་མ་ཉན་ཞིང། ཉན་པར་དཀའ་འཕྲད་ངལ་པས་མི་རབས་རྒན་པ་ཚོས་མགོ་བོ་ན་ཞིང་ལྟ་བ་སྔ་ལས་མཁྲེགས་སུ་བཏང་བས་མི་རབས་གསར་རྙིང་གི་འགལ་ཟླ་དང་། གནའ་བོ་དང་དེང་དུས་ཀྱི་འགལ་ཟླ་སླེབས་བཞིན་ཡོད། དཔེར་ན། ཁ་ཆེ་དང་ཡེ་ཤུ་ལྟ་བུ་རེད། ཁོང་ཚོས་ལྟ་ལྟངས་དེས་སྔོན་ཆད་འཇིག་རྟེན་ལ་ཁ་ལོ་སྒྱུར་ཞིང་ཤར་ནུབ་གང་སར་རང་ཉིད་ཀྱི་སྟོབས་ཤུགས་སྤེལ་ཡང་ད་ལྟ་རྙིང་བར་གྱུར་ནས་ཕམ་ཁ་མྱོང་བཞིན་ཡོད། ལྷག་པར་དུ་བཅོས་སྒྱུར་བཏང་མ་ཐུབ་པའི་ཆོས་ལུགས་ཀྱི་སྤྱི་ཚོགས་ཁྲོད་དུ་རང་གི་ཕ་མེས་ཀྱི་གཞུང་ལུགས་ཀྱིས་འཇིག་རྟེན་ལྟ་ལྟངས་ལ་དོགས་གཞི་དང་ངོ་རྒོལ་བྱེད་མཁན་ཆར་རྗེས་ཀྱི་མྱུ་གུ་བཞིན་བརྡོལ་བཞིིན་ཡོད།
དུས་རབས་བཅུ་དགུ་དང་། ཉི་ཤུ་བའི་ནང་ཆོས་ལུགས་ཀྱི་འཇིག་རྟེན་ལྟ་སྟངས་ལ་ཕམ་ཁ་ཚབས་ཆེན་མྱོང་ཡང་། དེང་རབས་ཀྱི་དཔལ་ཡོན་དེ་ཙམ་སླེབས་མ་ཐུབ་པའི་ཁ་ཆེ་དང་བོད་ཀྱི་སྤྱི་ཚོགས་ནང་ཕྱིའི་འཇིགས་པ་ལས་ནང་གི་དཀའ་ངལ་དེ་ཙམ་བྱུང་མེད། འོན་ཀྱང་། རིམ་བཞིན་ཁ་ཆེའི་རྒྱལ་ཁབ་མང་པོའི་ནང་དུས་དང་མཐུན་པའི་བཅོས་སྒྱུར་མང་དུ་མི་བཏང་ཐབས་མེད་ཆགས་ཤིང་། བཏང་བས་མི་ཉུང་བ་ཞིག་གིས་ཆོས་མེད་སྨྲ་བའི་རྒྱལ་ཁབ་ཀྱང་བཙུགས་ཟིན།
འོན་ཀྱང་། བོད་ཀྱིས་རང་ས་བརླགས་ཀྱང་ད་དུང་དེ་ལས་ལྡོག་སྟེ་མི་རིགས་ལས་ཆོས་ལུགས་མང་དུ་གླེང་ཞིང་། བླ་དཔོན་ཚོ་སྔ་བཞིན་ཆོས་ལུགས་ཀྱི་རྟག་མཐའ་ལྷུང་ཞིང་མུ་མཐུད་དུ་ལྷུང་དྲགས་ན་འཇུག་འབྲས་རྒྱ་དཀར་ནག་གི་སངས་ཆོས་ལས་ཅི་ཡང་མེད། གཅིག་བྱས་ན་དེ་ལས་ཀྱང་སྡུག་ཏུ་ཕྱིན་ནས་བོད་དང་བོད་རྒྱུད་སངས་ཆོས་གཉིས་ཀྱི་ངོ་བོ་གཅིག་ཏུ་སྦྲེལ་ནས་ཚེ་སྲོག་གཅིག་པ་ཆགས་ཤིང་། མི་རིགས་དང་ཆོས་ལུགས་གཉིས་ཀ་ལྷན་དུ་རྩ་མེད་དུ་འགྲོ་སྲིད། རྒྱུ་མཚན་ནི། ཛ་དྲག་གི་སྐབས་འདི་སྤྲུལ་སྐུ་དང་ཆོས་དཔོན་ཚོས་གོ་སྐབས་དམ་འཛིན་གྱིས་མི་རིགས་ཀྱི་ངོ་བོ་བརླགས་པར་ཁ་གཡར་ནས། ཆོས་ལུགས་སྔ་ལས་བོད་ཁུལ་དུ་དར་སྤེལ་བཏང་ཞིང་། དགོན་པ་བརྒྱབས་ནས་གྲྭ་བཙུན་ཅི་འདོད་དུ་བཟོ་རུ་བཅུག་ཕྱིན། དེ་ནི་གྲངས་ཉུང་ཤིག་ལ་མཚོན་ན་རྩ་རྫོགས་ཡིན།
བཙན་བྱོལ་དུ་གྲྭ་བ་ཁྲི་བཞི་ཙམ་ཡོད་ཅིང་དེ་ནི་བཙན་བྱོལ་བོད་མིའི་མི་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་ཕྱིན། ད་ནས་བཟུང་ལོ་ངོ་ལྔ་བཅུ་ཡི་རྗེས་སུ་མི་བཞི་ཁྲི་ཙམ་ཆུ་ནང་ལྷུང་བ་བཞིན་རིགས་རྒྱུད་མེད་པས་ཁོང་ཚོས་རྩ་ཆེར་འཛིན་པའི་ཆོས་ཀྱང་མ་འོངས་བར་བཙན་བྱོལ་གྱི་སྤྱི་ཚོགས་ནང་རྒྱུན་གནས་བྱེད་པ་དཀའ་ངལ་འཕྲད་ཡོད། མ་ཟད་གྲངས་ཉུང་གི་མི་རིགས་ཤིག་ལ་མཚོན་ན་མི་ཁྲི་ཚོ་བཞི་ནི་གྲངས་ཀ་ཉུང་ཉུང་མ་རེད། མིན་ཏེ། དམག་མི་ཁྲི་ཚོ་བཞི་ཡིས་དེ་སྔོན་ལུང་པ་མང་པོར་དབང་སྒྱུར་བྱས་བའི་ལོ་རྒྱུས་ཡོད་ལ། བཟོ་བ་ཁྲི་ཚོ་བཞི་ཡིས་རྒྱལ་ཁབ་ཅིག་གི་དཔལ་འབྱོར་གྱི་རྐང་འགན་བཞེས་བའི་གནས་ཚུལ་ཡོད། མ་མཐའ་ཡང་སྐྱེས་བ་ཁྲི་ཚོ་བཞི་ནི་དབུ་མེད་སུམ་ཁྲི་ཡི་ཚེ་སྲོག་དང་ཁྱི་ཚང་ཁྲི་ཚོ་གསུམ་གྱི་དོ་བདག བུ་ཕྲུག་ཁྲི་ཚོ་ལྔ་ཡི་ཕ་རྒན་ཡིན། བུ་ཕྲུག་ཐམས་ཅད་ཀྱི་ཕ་མ་གཉིས་ཀ་བོད་རིགས་མིན་སྲིད་ཀྱང་མི་རིགས་ཤིག་ལ་མཚོན་ན་ཚ་བོ་དང་ཚ་མོའང་གལ་ཆེ་བ་མ་ཟད། མེད་པ་ལས་ཡོད་པ་ཡག་པ་ཟུར་ལྟས་ལེབ་མཐོང་རེད། དེ་དག་ལས་མི་རིགས་ལ་ཕན་ཐོགས་ཡོད་པའི་ལག་རྩལ་བ་དང་ཚོང་བདག སྲིད་དོན་པ་སོགས་འབྱུང་བ་མཐོང་ཆོས་རེད།
རྒྱལ་ཁབ་ཅིག་ལ་མཚོན་ན་ཁྱིམ་ཚང་ནི་ཀ་བ་དང་མི་རིགས་ཤིག་ལ་མཚོན་ན་ཚེ་སྲོག་ཡིན་ཕྱིན། གྲངས་ཉུང་གི་བོད་ལ་མཚོན་ན་དེ་བས་ཀྱང་གལ་ཆེན་ཡིན་པ་ལྟ་ཅི་དགོས། ཡིན་ཡང་། ཆོས་དཔོན་ཚོས་ད་དུང་ཡང་མི་རིགས་ཀྱི་ལ་རྒྱལ་བེད་སྤྱོད་བཏང་ནས་མང་ཚོགས་སུ་ཆོས་ལུགས་སྤེལ་ཞིང་གྲྭ་འབོར་བསྡུ་ཐབས་དང་། མཐུན་སྒྲིལ་གྱི་ཁ་གཡང་བསྒྲོགས་བཞིན་རྒྱ་བོད་གཉིས་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱལ་སྐྱོར་བཙལ་བ་ནི་དོན་དངོས་རང་གི་ཁེ་ཕན་ལས་མི་རིགས་ཀྱི་ཁེན་ཕན་ལ་བསམ་བློ་བཏང་བཞིན་མེད།
མི་རིགས་ཀྱི་ཁེ་ཕན་ལ་བསམ་མཁན་ཞིག་ཡིན་ན་ཁྱིམ་ཚང་གཅིག་ནི་ག་ཚོད་ཀྱིས་གལ་ཆེན་ཡིན་པའི་གནས་ལུགས་ལས་སླ་པོའི་རྟོགས་ཐུབ་ལ། གནའ་གོམས་ལྟར་ཆོས་ལུགས་ཀྱི་ལྟ་སྟངས་ཀྱིས་མི་འདང་ཞིང་མི་རིགས་ཞིག་ལ་དབང་སྒྱུར་བྱེད་མི་རུང་བ་འཚོར་ཐུབ། གལ་སྲིད་དབང་སྒྱུར་བྱས་བ་ཡིན་ན་མི་རིགས་འདི་ཉམས་རྒུད་ལས་རྩ་མེད་དུ་འགྲོ་བ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པས། གནའ་རྗེས་ལས་ལྡོག་སྟེ་འཇིག་རྟེན་འཁོར་ཕྱོགས་ལྟར་དེང་དུས་ཀྱི་དཔལ་ཡོན་བསུས་ཤིང་། ལྷག་པར་དུ་གྲྭ་འབོར་ལ་ཚོད་འཛིན་ནམ། ལེགས་བཅོས་བྱེད་རྒྱུ་ནི་བོད་ཀྱི་ད་ལྟའི་གནས་སྟངས་ལ་མཚོན་ན་འགྱེད་ས་ནས་ལངས་ཐུབ་པའི་རྩ་བ་ཡིན།
དེར་བརྟེན། མི་རིགས་ལ་བསམ་བློ་བཏང་མཁན་གྱི་ཆོས་དཔོན་ཞིག་ཡིན་ན་རང་ཉིད་དང་། རང་ཆོས་ཀྱི་དགོས་མཁོ་ཆེད་དུ་བོད་མི་རྣམས་ལ་མགོ་སྐོར་མི་བཏང་རྒྱུ་གནད་དུ་ཁུམས་ལ། བཏང་ཏེ་གྲྭ་འབོར་ཉུང་དུ་བཏང་རྒྱུ་ནི་བོད་ཀྱི་མ་འོངས་བ་དང་སངས་ཆོས་ཀྱི་མ་འོངས་བར་ཕན་པའི་གཞི་རྩ་ཡིན། རྒྱུ་མཚན་ནི། ལོ་གཅིག་སྟོང་ཙམ་གྱི་གོང་དུ་འབྲོང་སྟོན་གྱི་བོད་ཀྱི་མི་རྩིས་སུ་བོད་མི་ས་ཡ་བཅུ་ལྷག་ཡོད་ཚུལ་གསུངས་ཀྱང་། དེང་སྐབས་ས་ཡ་དྲུག་ལས་མེད་པས་ཡ་ས་བཞི་ཙམ་རྩ་མེད་སོང་བས་ལོ་གཅིག་སྟོང་གི་ནང་ལ་འཕེལ་རྒྱས་ལས་ལྡོག་སྟེ་ཉུང་དུ་ཕྱིན་པ་ནི་ངེས་བར་དུ་བསམ་བློ་བཏང་དགོས་བའི་གནས་སུ་མཆིས། ད་དུང་ཡང་མུ་མཐུད་དུ་གྲྭ་བ་བཟོས་ཚེ་དེ་ལས་ཀྱང་སྡུག་སྟེ། འཆར་ལྡན་བུ་སྐྱེས་ཀྱི་ལས་འགུལ་དང་དེང་དུས་ཀྱི་འཚོ་བའི་དབང་གིས་བོད་མི་སྐྱེས་ཡ་སྔ་ལས་ཉུང་དུ་འགྲོ་བཞིན་ཡོད་པས་ཡིན།
གཉིས་པ།
དོན་དངོས་བོད་ལ་ཆོས་ལུགས་ཀྱི་མ་ཡོད་པས་རྗེས་ལུས་ལྷག་ཅིང་རང་ས་བརླགས་པ་མ་ཡིན་པ། མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་བར་བསམ་བློ་མེད་པ། ཆོས་ལུགས་དར་ཡ་མང་དྲགས་ཤིང་དེར་འགོག་རྐྱེན་མེད་པ་བླ་དཔོན་ཚོས་ཅི་འདོད་དུ་སྦྱིན་བདག་བཙལ་ཅིང་། སྦྱིན་བདག་ལའང་ཆ་རྐྱེན་མེད་པ་ཅི་འདོད་དུ་བྱེད་ཆོག་ལ། དགོན་པ་ལ་གྲྭ་བའང་ཚོད་འཛིན་མེད་པ་ཅི་འདོད་དུ་བྱེད་ཆོག སྤྲུལ་སྐུ་དངོས་འཛིན་བྱེད་སྟངས་ལའང་ཁྲིམས་ལུགས་སམ་གནས་ལུགས་ཀྱིས་གཏན་འཁེལ་ཞིག་མེད་ཅིང་། བླ་མ་ག་གེ་མོ་ཞིག་གམ་སྐུ་བརྟེན་ག་གེ་མོ་ཞིག་གིས་ཅི་འདོད་དུ་ངོས་འཛིན་བྱེད་འོས་ལ་། ཆོག་པས་གཡོ་ཅན་ཚོ་ལ་ཅི་འདོད་དུ་གོ་སྐབས་སྤྲད་ཡོད།
དེར་བརྟེན། བོད་བཙན་པོས་བསྐྲུན་པའི་ཁྱིམ་ཚང་སྐྱོང་སྟངས་དང་། རྒྱལ་ཁབ་འཛིན་སྟངས་ཀྱི་རིག་པའི་གཞུང་ལུགས་མཐའ་དག་རིན་མེད་དུ་གྱུར་ཞིང་། ཅུང་ཙམ་ལྷག་པ་རྣམས་ཀྱང་ད་ལྟའི་ཆོས་པ་ཁག་ཅིག་གིས་རང་གི་དགོས་མཁོ་ཡི་སླད་དུ། བྱམས་སེམས་ཅན་གྱི་མི་རིགས་ཡིན་ཚུལ་གྱི་འུར་གཏམ་སྒྲོགས་ཤིང་ཡིག་རྨོངས་མང་ཚོགས་ལོག་ལམ་དུ་ཁྲིད་བཞིན་ཡོད། དེ་ནི་ཆོས་དཔོན་ཚོས་ཆོས་ཚོང་གི་དགོས་མཁོ་དང་ཁོར་ཡུག་གི་ཆེད་རེད་ལ། སྦྱིན་བདག་ཐོབ་ཆེད་བོད་པ་ལྷ་ཡི་ངོ་བོ་བསྒྱུར་ཞིང་། སྒྱུར་བྱེད་ཀྱང་སངས་ཆོས་ཡིན་ཚུལ་བཤད་ནས་སངས་ཆོས་ལ་ཆ་རྒྱུས་མེད་པའི་དོ་སྣང་ཅན་ཚོ་གཡོ་འགུག་བྱེད་བཞིན་ཡོད།
དེ་ནི་སངས་ཆོས་གཅིག་བུ་མ་ཡིན་པ་ཆོས་ལུགས་གང་ཞིག་ཡིན་ཡང་ཡོང་ཁུང་དེ་ཚད་མར་སྒྲུབ་ཆེད། ལྷ་རིགས་སུ་སྒྱུར་རྒྱུ་ནི་ཆོས་ལུགས་ཀུན་གྱི་མཐུན་མིན་གྱི་ཁྱད་ཆོས་ཡིན། ཐབས་ལམ་དེ་ལོ་ངོ་སྟོང་ཕྲག་དུ་མ་རྒྱུད་པའིི་བྱ་ཐབས་རྙིང་བ་ཞིག་ཡིན་ཞིང་། ཧིན་ཡི་ཁ་གསུམ་གྱི་ཆོས་ལུགས་ཀྱིས་ཀྱང་ཐོག་མའི་ཡོང་ཁུང་དེ་ལྷའམ་ལྷ་རིགས་བསྒྲུབས་ཀྱིན་ཡོད། དེ་བཞིན་ཤཱཀྱའི་རིགས་ཀྱང་ཁྱད་འཕགས་ཡིན་ཚུལ་དང་ཐ་ན་ས་སྐྱའི་རིགས་ཀྱང་ལྷ་ལས་ཆད་པའི་གཏམ་རྒྱུད་ཡོད་པ་སོགས་ནི་རིག་པ་གཅིག་མཚུངས་ཡིན་ཞིང་། སྤྲུལ་སྐུའི་རིང་ལུགས་ཀྱང་དེ་དང་མགོ་མཚུངས་རེད།
དེ་ལས་ཀྱང་ཧ་ལས་དགོས་བ་ཞིག་ལ་སྲིད་དབང་གཅིག་བསྡུ་ཡི་དེད་དཔོན་ཏེ། བྱང་གོ་རི་ཡའི་ཆེམ་འཇོན་ཨོ་ཡང་འཇའ་མཚོན་དང་ལྷན་མི་ཡུལ་དུ་འཁྲུངས་བ་འགྲེལ་ཞིང་བྱང་མི་མང་པོས་ཁོང་ལ་དཀོན་མཆོག་གི་འདུ་ཤེས་བཟུང་ནས་དད་གུས་བྱེད་ཀྱིན་ཡོད། དེ་བཞིན་མོའོ་ལ་ཡང་རྒྱ་རིགས་ཁྲོད་ནས་དད་པ་བྱེད་མཁན་ཡོད་པས་ཞིན་ཅིན་ཕིན་གྱིས་མོའོ་ནི་སྐྱོན་ཡོན་གཉིས་ལྡན་གྱི་མི་ཞིག་ཡིན་པ་ལས་ལྷ་ཞིག་མིན་ཚུལ་གྱི་འགྲེལ་བཤད་གནང་དགོས་བྱུང་བས། མཐའ་དོན་མི་འདིའི་རང་ཉིད་དགའ་ས་ཡིན་ན་ལྷ་དང་མི་དགའ་ས་ཡིན་ན་འདྲེའམ་བདུད་དུ་བརྩི་བའི་གོམས་གཤིས་འདུག་ལ། དེ་བཟོ་མཁན་ཡང་ཆོས་པ་དང་སྲིད་དོན་པ་ཚོ་རེད། གནས་ཚུལ་དེ་ད་དུང་ཡང་ཤར་ནུབ་གང་སར་ཡོད་ཅིང་ལྷག་པར་དུ་གནའ་བོའི་འདུ་ཤེས་ཆེ་བའི་སྤྱི་ཚོགས་ཁྲོད་དུ་ལྟ་སྟངས་ཧ་ཅང་རྒྱུན་ལྡན་དུ་ཆགས་ཡོད། ཉེ་ཆར་གསེར་རྟ་ཡི་བཙུན་མ་སྐོར་ཞིག་གིས་ཀྱང་ཨ་མདོའི་ཆོས་མེད་སྨྲ་བ་ཚོ་བདུད་དུ་བརྩིས་ཤིང་ཁོང་ཚོས་གསེར་རྟ་ལ་གནོད་པ་བྱེད་ཚུལ་སྨྲས་བ་དྲ་རྒྱ་ཁག་ནས་མཐོང་། དེས་ན་མ་འོངས་བར་བདུད་དེ་ཚོ་འདུལ་མཁན་སུ་ཞིག་ཡིན་ནམ།
དེང་དུས་ཀྱི་བོད་ཀྱི་ཆོས་པ་ཚོས་ཀྱང་གནའ་བོའི་ཐབས་ལམ་དེ་བེད་སྤྱོད་བཏང་ཞིང་ཆོས་ལུགས་ཀྱི་ཡོང་ཁུང་ཚད་མར་སྒྲུབ་ཆེད། བོད་མི་རྣམས་བྱམས་སེམས་ཀྱི་མི་རིགས་ཡིན་ཚུལ་འཛམ་གླིང་གི་ས་ཕྱོགས་གང་སར་བསྒྲགས་ཤིང་བོད་པ་ལ་ཆ་རྒྱུས་མེད་མཁན་དང་། ཤེས་ཡོན་གྱི་གནས་ཚད་མེད་མཁན། དེང་རབས་དགྲ་འཛིན་མཁན་དང་ཁྲིམས་རྒོད་རིང་ལུགས་པ། ཨ་གསར་ཅན་དང་ལས་ཀར་མི་མོས་མཁན། སྤྱི་ཚོགས་ལ་སུན་སྣང་མཁན་དང་མི་ཚེའི་ཁ་ཕྱོགས་རྨོངས་མཁན། འགྲན་རྩོད་ལས་ཨ་ཐང་ཆད་མཁན་དང་ཕམ་ཁ་མྱོང་མཁན། གཡོ་ཐབས་ལས་གཞན་རྒྱུ་ལེན་མཁན་དང་ཉམ་ཆུང་། གཅེས་ལངས་མཁན་དང་ནར་མ་སོན་པའི་མི་སྣ་མང་པོ་ཞིག་གི་བློ་ངོར་བོད་འདི་ལྷ་རིགས་སམ་སྙིང་རྗེ་ཅན་གྱི་མི་རིགས་ཤིག་ཡིན་ཚུལ་གང་ཐུབ་ཀྱིས་བསྒྲུབས་ཤིང་། འཛམ་གླིང་ལ་ཤུགས་ཆེན་སྒྲོགས་ཀྱང་། ད་ལྟ་སྔོན་ཆད་དང་མི་འདྲ་བ་གོ་ལ་གཅིག་གྱུར་དུ་ཆགས་པས་ཕན་ཚུན་ལ་རྒྱུས་ལོན་བྱེད་རྒྱུ་སླ་བས་ཆོས་དཔོན་ཚོས་རང་གི་རྫུན་རྐུབ་འབུད་པ་དོགས་ནས། བོད་མི་རྣམས་ལ་སྤྱོད་པ་ཡག་པོ་དགོས་བའི་བསྐུལ་མ་བཏང་བཞིན་ཡོད།
སྔོན་ཆད་ཡིན་ན་རྒྱ་གར་འཕགས་པའི་ཡུལ་ཡིན་ཚུལ་དང་། གར་གྱི་ཆོས་ཚོང་མཁན་དང་ཆོས་དཔོན་སོགས་ལྷ་རིགས་སམ་བྱང་ཆུབ་སེམས་དཔའ་གང་རུང་བཅས་ཡིན་ཚུལ་གྱི་སྒྲུང་གཏམ་སྣ་ཚོགས་དང་ཁ་ནང་ཡོང་སྟངས་ཀྱི་སྐད་ཆ་བཤད་ཡོད་ཀྱང་། འགྲིམ་འགྲུལ་གྱི་དབང་གིས་རྫུན་རྐུབ་འབུད་དཀའ་ཞིང་ཉེར་རབས་བར་བོད་པ་ཚོ་ལ་གསང་བ་བྱེད་ཐུབ་ཡོད། འོན་ཀྱང་དེང་སྐབས་དེ་དང་མི་འདྲ་བ་ཕན་ཚུན་གྱི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་ལས་སླ་པས་རྫུན་རྐུབ་འབུད་སླ་ལ། བུད་པའང་ཉུང་ཉུང་མིན། ཆོས་དཔོན་ཁག་ཅིག་གིས་རྫུན་རྐུབ་འབུད་པའི་འཇིགས་སྣང་གིས་མ་བཟོད་པ་བོད་མི་རྣམས་ལ་ཁོང་ཚོའི་དགོས་མཁོ་ལྟར་སྙིང་རྗེ་ཅན་གྱི་མི་རིགས་བྱེད་དགོས་ཤིང་། དེ་ལྟར་མི་ཐུབ་ཀྱང་ཐུབ་དགོས་ཚུལ་གྱི་སྐུལ་མ་བཏང་བ་མ་ཟད་ཐ་ན་བཀའ་བཀྱོན་ཡང་བཏང་མཁན་ཡོད།
རང་གི་སྤུན་ཟླ་རྣམས་ལ་ཉེས་བ་མེད་ཀྱང་དོགས་སློང་དང་གནད་དོན་ཆུང་ཚགས་ཤིག་ལ་ཁ་གཡར་ནས་ར་ལུག་བཞིན་བཟུང་བྱས་ཞིང་ཅི་འདོད་དུ་བཀག་ཉར་དང་། དམར་གསོད་བཏང་ཡང་བཟོད་པ་སྒོམ་ཞིང་། དགྲ་གཉེན་དབྱེ་མེད་ཀྱི་བསམ་བློ་བཟུང་ཏེ་བཟོད་པ་དང་སྙིང་རྗེ་སྒོམ་དགོས་ཚུལ་འདོད་ཀྱི་ཡོད། དེ་ལྟར་བྱས་ན་ངན་པ་སྐྱག་ལངས་སུ་བཏང་ཞིང་ལུག་བཞིན་བཙན་རྒྱལ་པའི་ལག་ཆར་གྱུར་ཏེ། ཕུལ་བྱུང་གི་བོད་མི་རྣམས་ལ་དཔུང་རོགས་མེད་ཅིང་གྲོགས་མེད་ཁེ་རྐྱང་དུ་གྱུར་ནས་ཅི་འདོད་དུ་གཞན་གྱིས་བེད་སྤྱོད་བྱེད་ལ། ཁོང་ཚོའི་ངག་ལ་མ་ཉན་ན་ཉེས་མིང་སྣ་ཚོགས་བཏགས་ནས་ཁྲིམསས་ཆད་དང་ཐ་ན་དམར་གསོད་བཏང་ཐབས་བྱེད་ངེས་རེད།
སེམས་ཤུགས་མཁན་ཚོས་ཀྱང་གནས་ཚུལ་དེ་མཐོང་བས་ངལ་བ་འབྲས་མེད་དུ་འདོད་ནས་སྡར་མར་འགྱུར་ཞིང་། ཕུལ་བྱུང་གི་མི་སྣ་རྣམས་རེ་རེ་བཞིན་ཟད་དེ་ཚུལ་ཆོས་ཀྱི་སྤྱི་ཚོགས་བསྐྲུན་པར་མཐུན་འགྱུར་བྱེད་ངེས་རེད། ཚུལ་འཆོས་ཀྱི་སྙིང་རྗེ་ཆེ་མདོག་གིས་དཔའ་མཛངས་ཀྱི་ཐབས་ཇུས་རྣམས་ཁ་བ་བཞིན་ཞི་སྟེ་སྡར་མའི་སྤྱི་ཚོགས་ཤིག་ཡོང་ལ། སྡར་མ་ཞིག་གིས་ཐོབ་ཐང་རྩོད་མི་ཐུབ་པ་ཀ་ཁ་རེད། དེར་བརྟེན། སྙིང་རྗེ་ཡི་གཡོ་ཐབས་འདི་ནི་ཚོས་དཔོན་ཚོར་སྦྱིན་བདག་ཐོབ་པར་ཕན་ཡང་བོད་ཀྱི་མ་འོངས་བར་མི་ཕན་ཞིང་། བོད་བརྒྱུད་སངས་ཆོས་ཀྱི་མ་འོངས་བ་ལའང་མི་ཕན། རྒྱུ་མཚན་ནི། གཡོ་ཐབས་ཀྱི་རིག་པ་དེས་གནས་སྐབས་སུ་ཕན་ཡང་ཕུགས་རྒྱང་རིང་པོར་བོད་མིའི་ནུས་བ་ཇེ་ཆུང་དང་རྩ་མེད་དུ་བཏང་རོགས་སྐྱོར་ཞུ་བས། བོད་པ་མེད་ན་བོད་ཀྱི་སངས་ཆོས་ཀྱང་དཀའ་ངལ་གྱི་གནས་སུ་ལྷུང་ངེས་རེད།
ཚོས་དཔོན་ཚོས་ག་དུས་ཡིན་ཡང་སངས་ཆོས་འཛམ་གླིང་དུ་ཆུ་བཞིན་བརྡོལ་ཞིང་སངས་ཆོས་ལ་འཇིག་རྟེན་གྱིས་དགའ་བསུ་ཐོབ་ཚུལ་དང། ལྷག་པར་དུ་ཕུལ་བྱུང་གི་ཡར་རྒྱས་རྒྱལ་ཁབ་ཁག་གི་ནང་དུ་སངས་ཆོས་ཀྱི་རྗེས་འབྲང་ཅི་འདོད་དུ་རྒྱས་ཚུལ་གླེང་ནས་བོད་པ་རྣམས་ལ་མགོ་སྐོར་བཏང་བཞིན་ཡོད། གཅིག་བྱས་ན་ཁོང་ཚོ་ཕྱི་རྒྱལ་དུ་ཕེབས་སྐབས་བོད་དང་སངས་ཆོས་ལ་དགའ་མོས་དང་དོ་སྣང་བྱེད་མཁན་ཁོ་ནར་ཐུག་འཕྲད་བྱུང་བས་ཡིན་སྲིད་ལ། ཕྲན་ལའང་དང་པོ་དེ་ལྟར་མྱོང་སྣང་བྱུང་། དོན་དངོས་ཡར་རྒྱས་ཀྱི་ལུང་པ་ཚོའི་ནང་དུ་སངས་ཆོས་ལ་དད་པ་བཤད་མཁན་བརྒྱ་ཆའི་གཉིས་ཙམ་ཟིན་དཀའ། ཡར་རྒྱས་མེད་པའི་རྒྱལ་ཁབ་ཚོའི་ནང་ལ་སངས་ཆོས་ཀྱི་འཕེལ་ཚད་དེ་ལས་དལ་ཞིང་གོར་ཐུག་ལས་བརྒལ་ཐབས་དཀའ་བར་གྱུར་ཡོད།
མ་གཞི་དེང་སྐབས་ཀྱི་འགྲིམ་འགྲུལ་ཡག་པའི་དབང་གིས་གཞན་ཡུལ་དུ་དར་བའི་ཆོས་ལུགས་ཀྱང་སངས་ཆོས་ཁོ་ན་མ་ཡིན་པ་མང་ཉུང་ལ་མ་ལྟོས་བ་ཡེ་ཤུ་དང་ཧིན་ངྷི། རྒྱལ་བ་བའི་ཆོས་ལུགས་སོགས་ཆོས་ལུགས་ཀུན་ཡིན་ལ། དེ་ཚོས་ཐབས་ཤེས་སྣ་ཚོགས་དང་། གཡོ་འཕྲུལ་སྣ་ཚོགས་སྤྱད་དེ་གཞན་ཡུལ་དུ་དར་བཞིན་ཡོད་པ་བདེན་ལ་སངས་ཆོས་ཀྱང་དེའི་ནང་གི་བྲིན་ཤོས་ཤིག་ཡིན། འོན་ཀྱང་། དེ་ནི་སངས་ཆོས་ཀྱི་རིག་པའི་གཏན་ཚིག་ཁོ་ན་ལེགས་པས་མིན་པ་དར་སྤེལ་བཏང་མཁན་ལ་རག་ལས་བས། སངས་ཆོས་དར་སྤེལ་བཏང་མཁན་ནི་ཡི་ཤུ་མ་ཐེ་བའི་དང་པོ་ཡིན།
ཡིན་ཏེ། སངས་ཆོས་ལ་ཆོས་དཔོན་མང་བས་ཆོས་དཔོན་ཚོས་རང་ཁ་གསོ་ཐབས་སུ་དུས་རྒྱུན་ཐབས་ཤེས་སྣ་ཚོགས་ཀྱིས་ཆོས་ལུགས་བེད་སྤྱོད་བཏང་དགོས་ཤིང་། བཏང་ཆེད་ཤར་ནུབ་གང་སར་ཕེབས་དགོས་ཁར། ཕྱི་གླིང་བ་སངས་ཆོས་ལ་ཆ་རྒྱུས་མེད་པས་སྟབས་སྟུན་གྱི་སྐད་ཆ་གང་ཞིག་བཤད་ན་ཆོག་ལ། ཁོང་ཚོར་མཚོན་ན་ཆོས་དཔོན་གྱིས་བཤད་པ་ཐམས་ཅད་སངས་ཆོས་ཡིན་པས་རེད། དེར་བརྟེན། ཆོས་དཔོན་ཚོས་ཆོས་ལུགས་ཀྱི་འབྱུང་ཁུངས་ཚད་མར་བསྟན་ཆེད་དང་། ཆོས་ལུགས་ཀྱིས་གྲུབ་འབྲས་ཐོན་པའི་འབྲས་རྟགས་སུ་བོད་པ་སོགས་སངས་ཆོས་དར་རྒྱས་ཆེ་བའི་མི་རྣམས་སྙིང་རྗེ་ཆེ་བའི་མི་རིགས་སུ་སྒྲུབ་ཀྱང་། སྔ་ཕྱི་མ་གཏོགས་ཚུལ་འཆོས་ཀྱི་དེ་ཉིད་ཕྱི་རོལ་ཏུ་ཐོན་ངེས་ལ། མ་སྲིད་ཐོན་མ་ཐུབ་ཀྱང་སྙིང་རྗེ་ཆེ་ཁུལ་གྱིས་གཞན་ལ་མི་བཟང་བྱས་ཤིང་། ཐ་ན་རང་སྲུང་གི་ཆེད་དུ་གཞན་ལ་ཚིག་ངན་གཅིག་ཀྱང་བྱེད་མི་ཐུབ་པའི་སྡར་མ་གྱུར་ནས་མི་ངན་ཚོའི་ལག་གཡོག་ནས་རྩ་མེད་དུ་འགྲོ་ངེས་རེད།།
བསམ་ཚུལ་རེད་བེ།
“དུས་ནི་མི་འགྱུར་མི་རྣམས་འགྱུར་བ”སྟེ། འདི་ནི་སྙིགས་མ་ལྔ་བདོའོ།
་་་་མི་ངན་ཚོའི་ལག་གཡོག་ནས་རྩ་མེད་དུ་འགྲོ་ངེས་་་་་ ཡིན་ན། ཁྱོད་ག་རེ་བྱས་ནས། ངུ་ཟུག་རྒྱག་བགྱིན་ཡོད།
བདེན་པ་ཉིད་རྒྱལ་གྱུར་ཅིག།
སྐད་ངན་ཤོར་དགོས་མ་རེད། སངས་ཆོས་ཀྱི་བདག་པོ་རྒྱལ་བ་ཤཱཀྱ་ཐུབ་པས། གསེག་བཅད་རྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་སེང་གེའི་སྒྲ་སྒྲོགས་དེར་ཐུགས་བསམ་ལེགས་པར་བཞེས་དང་སངས་རྒྱས་ཀྱི་ཆོས་དེ་སུ་དང་གང་གི་ཕྱིར་ཡིན་པ་གསལ་པོ་ཡོད།
ད་སྐབས་རང་རྒྱུད་དུ་ནང་ཆོས་ལ་དོ་སྣང་ཆེ་ཙམ་ཡོང་གི་འདུག དེ་ཡང་ཤེས་བྱ་དང་རིགས་ལམ་གྱི་ཆ་ནས་རེད། བྱས་ཙང་རྩོམ་འདིའི་ཁ་བྱང་མཐོང་ནས་ཀློག་རྩིས་བྱས་པ་ན།
“སངས་རྒྱས་ཆོས་ལུགས་ཀྱང་ཆོས་ལུགས་གཞན་དང་མཚུངས་པར་པར་གཡོ་ཐབས་་་་” ཞེས་པའི་ཚིག་གྲུབ་དེ་གཅིག་པུ་ཀློག་ཚར་རྗེས་ཀློག་མཚམས་བཞག་པ་ཡིན། མ་མཐར་ཡང་ “ཆོས་དང་ཆོས་པ་” གཉིས་ཉ་ཉུང་མ་བསྲེས་ན་འདོད།
ཡིན་ནའང་ཁ་བརྡའི་ཐོག་ནས་ཉེ་ཆར་ནས་བཟུང་ང་ལ་སྤྲོ་སྣང་ཞིག་སླེབས། དེ་ནི་ཀརྡོ་ཕྱག་གཉེར་པའི་ཐོག་ནས་ཡིན། ཁོང་གིས་སྲིད་དོན་དང་སྐད་ཡིག་གི་སྐོར་ལ་བཏབས་པའི་མཆན་རྣམས་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། རྒྱུ་མཚན་ནི་སྲིད་ཀྱི་ཆ་ནས་ཁོང་གི་ལངས་ཕྱོགས་ནི་ལམ་དབུ་མ་དང་། རྒྱལ་ཞེན་ཅན་དང་ལྷག་བསམ་ཅན་ཞིག་རེད། སྲིད་དོན་དང་འབྲེལ་བའི་མཆན་ཅི་ཞིག་བཏབ་ཀྱང་ཁོར་ཡུག་འདི་ལས་མི་བརྒལ་བའི་རྐྱེན་གྱིས་ཡིན།
སྐད་ཡིག་གི་སྐོར་ནས་ཁོང་གིས་བཏབས་པའི་མཆན་དེ་ཚོར་དོ་སྣང་བྱས་རུང་། “ཐབས” ཕལ་བར་བརྩིས་ཏེ་ “ཤེས་རབ་” གཙོ་བོར་འཛིན་མཁན་ཞིག་མིན་ནམ་བསམ་པ་ཞིག་བྱུང་སྟེ། ད་ནི་བཏང་སྙོམས་སུ་བཞག་ཡོད།
ཡིན་ནའང་། ངས་འདིར་བཤད་འདོད་པ་ནི། ཁོང་གིས་ཆོས་ཕྱོགས་དང་འབྲེལ་བའི་མཆན་ཁག་ཅིག་གི་སྐོར་ཡིན།
ཁ་བརྡའི་ཐོག་གི་རྩོམ་ཞིག་སྟེ། “རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་ཡིན་ཚུལ།” ཞེས་པ་དེའི་རྩོམ་ཞབས་སུ་ཁོང་གིས། ཉན་ཐོས་ཞེས་པ་དེར་སྒྲ་བཤད་ཞིག་བཀོད་པ་དེས་ནི། ཁོང་གི་ཆོས་ཕྱོགས་ཀྱི་མཁྱེན་ཡོན་ལ་བཅོས་མིན་གྱི་མོས་གུས་ཞིག་སྐྱེས་སུ་བཅུག
མདོར་གཏུགས་ན། མཆན་འདི་ནི། ཁ་བརྡའི་ཐོག་ཏུ་ཡུན་རིང་ལ་བཞུགས་པའི་ཀརྡོར་ཕྱག་གཉེར་པར་ཁ་བརྡ་ཚིག་གསུམ་ཕུལ་བ་ཙམ་ལགས།
རེད་ཡ། ད་དུང་ཟམ་གདོང་བླར་རྒན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་འཛམ་གླིང་འདིའི་ཐོག་གནས་ཐུབ་པ་ཡིན་ན་བོད་མི་རིགས་རྩ་བརླགས་ཕྱིན་ན་ཕྱིན་ཟེར། འདི་ནི་ཆོས་ལུགས་ཀྱིས་དབང་བསྒྱུར་འོག་མི་རིགས་རྩ་བརླགས་ཕྱིན་ན་ཡང་ཇི་མི་སྙམ་པ་དེ་ཁོ་ཚོའི་ལྟོ་འཕོར་དེ་ཤོར་མ་སོང་ན་དེ་གས་འགྲིགས་པ་རེད།
སྤྱིར་ན་སྤྱི་མཐུན་ལས་ཀྱིས། ཡངས་པའི་སྣོད་འདི་གྲུབ་ན།
རིགས་ཀྱི་དབྱེ་བ་མེད་པར། ཐམས་ཅད་འཚོ་དགོས་ལོས་ཡིན།
ཡིན་ཡང་ཆོས་སྲིད་མཐའ་དག ང་དང་ང་ཚོའི་ཟེར་ནས།
ཕྱོགས་སུ་གཅོད་པའི་ལས་ཀུན། རྐང་གཉིས་པ་ཡི་བྱས་ཉེས།
ལྷ་དང་འདྲེ་ཞེས་བྱ་བ། གཞན་དུ་འཚོལ་དགོས་མེད་དེ།
འགྲོ་བ་མི་ཡི་ནང་ན། ལྷ་ལས་གདོན་འདྲེ་མང་བ།
ཆོས་པ་ཁྱུ་གཅིག་གིས་ནོར་འཁྲུལ་སྟེ་སྒེར་ནག་སྤྱི་ལ་མ་བཀུ་རོགས། ཆོས་ཀྱིས་རྗེས་ལུས་མ་རེད་ཆབ་སྲིད་ཀྱི་འཇོན་ཐང་མེད་པས་རེད། ཆོས་ཀྱི་སྐྱོན་འཚོལ་བ་ལས་ཆབ་དཔལ་གྱི་གསར་གཏོད་གང་ཡོད་གླེང་དུས་རེད།
མི་ལ་ལྷ་འདྲེ་འབྱེད་པ།། ཆོས་ཞེན་མཁན་པོས་མིག་རེད།། རིགས་ལ་གཙང་རྩོག་འབྱེད་པ།། སྐུ་དབང་རིང་ལུགས་སྲོལ་རེད།།
ཨ་ནུའི་བསམ་ཚུལ་ལ་གུས་ཞབས་ཡོད། ཡིན་ནའང་ཐད་པ་མེད། ཁྱོད་ཀྱི་རྩོམ་འདི་རི་ལ་མཛུབ་མོ་བཙུགས་ནས་ཚད་འཇལ་བ་ལས་གཞན་སྟོན་རྒྱུ་མིན་འདུག ཁྱོད་ཀྱི་ཤོད་སྟངས་དེ་ཀུན་ལ་ཁྱབ། དཔེར་ན་ངས་འདི་ལྟར་བྲིས་ན་ཁྱོད་ཀྱིས་ལན་ཇི་ལྟར་འདེབས།
མི་རིགས་འཐབ་རྩོད་པ་ཚོ་ནི་ཀླ་ཀློ་ཁོ་དག་གོ། ཁོང་ཚོས་མི་རིགས་རིང་ལུགས་ཁ་ལ་ཁྱེར་ནས་གཞན་ལ་མགོ་སྐོར་གཏོང་བར་བྱེད།
ལྷག་དོན་རང་གི་ཆབ་སྲིད་དགོས་མཁོ་སྒྲུབ་ཆེད་བོད་ནང་ལ་མེར་བསྲེགས་ཀྱི་ལས་འགུལ་སྤེལ་འཇུག་ནས་བོད་མི་སྙོམ་ཆུང་ལ་མགོ་སྐོར་གཏོང་། རང་དབང་དང་མི་རིགས་རིང་ལུགས་ཁ་ལ་ཁྱེར་ནས་མིང་མ་འདོན་པར་བོད་མི་རིགས་ཀྱི་དབུ་ཁྲིད་ལ་ནག་ཉེས་འགེལ་ནས་དགྲ་བོའི་ལས་འགན་སྒྲུབ་པར་བྱེད། མིང་རྫུན་མ་ཨ་སོགས་བཀོལ་ནས་བོད་ཀྱི་མཐུན་སྒྲིལ་གྱི་སྲོག་རྩ་གཅོད་མཁན་འདི་ཚོས་རྒྱ་སྒོར་འགའ་ཤས་དང་ཕ་ཡུལ་ལ་ནང་མི་སྤུན་མཆེད་ཉུང་ཤས་ཀྱི་ཁེ་ཕན་སྒྲུབ་བྱེད་མི་རིགས་རིང་ལུགས་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་པ་ནི་ཀླ་ཀློ་ཁོ་དག་གི་སྤྱོད་ངན་ནོ། ཨ་འདི་ཚོས་བོད་ནང་ལ་རང་བསྲེགས་གཏོང་བར་ཆུ་ཚོད་མང་པོ་ཁ་བརྡར་བསླེབས་སོང་།
ཨ་ནུ་ཐང་བསོད་ནམས། ཁྱེད་འཇིག་རྟེན་འདིར་མི་འདོད་བཞིན་དུ་སླེབས་པས། འཇིག་རྟེན་འདིའི་ནང་གི་མངར་སྐྱུར་གང་ཡང་མྱོང་དགོས་པ་ནི་ཁྱེད་རང་གི་ལས་འགན་རེད། ནང་བསྟན་ལ་གཟིགས་ཕྱོགས་ཇི་ལྟར་ཡང་ཆོག གཙོ་བོ་ནི་ཁྱེད་རང་ནང་མི་ཉེ་འཁོར་དང་བཅས་པ་བདེ་མོར་ཡོད་ན་ཤཀྱཱ་ཐུབ་པའི་ཐུགས་དགོངས་རྫོགས་པ་རེད་དོ།
གསར་པ་གང་མིན་འདུག མ་ཁེ་སི་དང་མའོ་ཙེ་ཏུང་གི་རྩོམ་ཉོག་རྣམས་ནས་བཤུས་པ་ལྟ་བུ་ཞིག་ལས་གཞན་བྲོ་བ་ཅི་མིན་འདུག དུས་ཚོད་འཕྲོ་བརླག་བཏང་སོང་། ལྟས་ངན།
རིགས་པ་སྨྲ་བ་ཡིན་ན། དགེ་སྐྱོན་གཉིས་ཀ་བཤད་དགོས། སྤྱི་ཚོགས་ཀྱི་གྲུ་ག་གེ་མོ་ཞིག་གི་སྐྱོན་གཅིག་པུ་བཤད་པའི་རྩོམ་འདི་འདྲ་ཁ་བརྡ་ཕར་ཕུད་པའི་དེང་དུས་ཀྱི་ཚད་ལྡན་དུས་དེབ་དང་ཚགས་པར་གཞན་ལ་འགྲོ་ས་མེད།
བསམ་ཚུལ་རྐྱང་རྐྱང་བཤད་ན་འཇིག་རྟེན་རིལ་མོ་འདི་སླར་གྲུ་བཞི་རུ་གཏོང་རྩིས་ཡིན་པས། ཁ་སྔོན་ཚན་རིག་པས། དཀར་པོ་དང་ནག་པོ་གང་རུང་ལས། ངོས་གསུམ་པ་མི་མཐོང་མཁན་གྱི་མི་འདི་ནི་ད་གཟོད་རྡོ་ཆས་དུས་རབས་ཀྱི་མི་རེད་ཅེས་བཤད་ཚར་ཙམ་རེད། རྩོམ་འདི་བཀླགས་ནས་ཚན་རིག་པ་ཚོས་དེའི་སྐོར་ལ་རྩོད་པ་ཤོར་བ་མིན་འགྲོ་བསམ་པའི་ཚོར་སྣང་བྱུང་།
དངོས་ཡོད་དང་དཔང་རྟགས་ལ་རྩི་འཇོག་བྱེད་དགོས། འདི་སྤྱི་ཚོགས་ཞིབ་འཇུག་པ་ཞིག་གི་ཆ་རྐྱེན་དམའ་ཤོས་དེ་རེད། ལོ་རྒྱུས་ཀྱི་དངོས་ཡོད་ལ་ལྟོས་དང་། གོ་ལ་འདིའི་ཐོག་ལ་ཁྱེད་ཀྱི་ཕ་ཡུལ་ལ་བཙན་འཛུལ་བྱེད་མཁན་དང་ཕ་མེས་ལ་སྡུག་གཅོང་གཏོང་མཁན་ཆོས་ལུགས་པ་རེད་པས།
བོད་ནང་ལ་ལྟར་ན། པན་ཆེན་རིན་པོ་ཆེས་མགོ་སྐོར་གང་བཏང་སོང་། ཁྱེད་སྒེར་གྱི་ཉམས་མྱོང་ཤོད་ཤོག
བཙན་བྱོལ་ནང་ལ་རྒྱལ་བ་རིན་པོ་ཆེས་བཙན་དབང་གང་བཏང་སོང་། ར་སྤྲོད་གྱིས་དང་།
རིག་གནས་གསར་བརྗེ་དེ་ཆོས་ལུགས་པས་བརྩམས་པ་རེད་པས།
བོད་ས་བཙན་འཛུལ་དེ་ཆོས་ལུགས་པས་བྱས་སོང་ངམ།
རྡུལ་ཕྲན་མཚོན་ཆ་དེ་ཆོས་ལུགས་པས་བཟོས་པ་རེད་པས།
ཀམ་པོ་ཀྲེ་ཡའི་སྡེབ་གསོད་འདི་ཆོས་ལུགས་པས་བཏང་བ་རེད་དམ།
ཇེའུ་ས་ཡ་མང་པོ་སྡེབ་གསོད་དེ་ཆོས་ལུགས་པས་བཏང་བ་རེད་དམ།
ཨུ་རུ་སུའི་དམར་པོའི་བཙན་གནོན་དེ་ཆོས་ལུགས་པ་རེད་པས།
བོད་ནང་ལ་བོད་མི་མང་པོ་རང་སྲོག་བསྲེགས་པ་འདི་ཆོས་ལུགས་པའི་རྐྱེན་རེད་པས།
ཁྱོད་བཙན་བྱོལ་ལ་བྲོས་དགོས་པ་འདི་ཆོས་ལུགས་པས་འདེད་པ་རེད་པས།
ཁྱོད་ཕར་ཕུད་པའི་བོད་པ་མང་པོ་ཞིག་གིས་རང་སྲོག་ཚུན་མེར་བསྲེགས་ནས་རྒྱལ་བ་རིན་པོ་ཆེ་ལོག་ཕེབས་དགོས་ཟེར་བ་འདི་ཁྱོད་ཀྱིས་བྲིས་པ་འདི་དང་ཐད་ཀའི་རྒྱབ་སྤྲོད་རེད།
བོད་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་ཕེབས་དགོས་ཟེར་བ་འདི་ཁོང་ཚོ་ཚང་མ་མགོ་སྐོར་འོག་ལ་ཐེབས་པ་རེད་པས།
བསམ་བློ་ཏོག་ཙམ་ཐོངས་དང་།
བསམ་ཤེས་ལགས།
ཁྱེད་ཀྱིས་གོང་དུ་གསུངས་བའི་སྐད་ཆ་དེ་དག་གཏན་ཚིག་གིས་ཕྲན་ལ་རྒྱབ་སྐྱོར་དུ་འགྱུར་བ་ལས་འགལ་རྐྱེན་དུ་མི་འགྱུར་མ་ཟད། རྩོམ་ཡིག་འདི་ཡག་པོ་ཞིག་ཀློག་ཡོད་ས་མ་རེད། ངས་སྲིད་དབང་གཅིག་བསྡུ་བ་དང་འདོད་རྔམ་གྱི་སྲིད་དོན་པ། འདོད་རྔམ་ཅན་གྱི་ཆོས་དཔོན་ཚོ་གཅིག་ཏུ་འདོད་པ་ལས་ཁྱད་པར་མེད་ཅིང་། མེད་པ་འདི་ལྟར། ༼དེ་དུས་ཁོང་ཚོའི་བཤད་པའི་སྙིང་རྗེ་མེད་ལ། སྙིང་རྗེ་ཡང་ཆོས་ལུགས་ལས་གལ་ཆུང་ཆགས་ཤིང་། ཆོས་ལུགས་ཀྱི་ཆེད་དུ་སྙིང་རྗེ་འདོར་པས། ཆོས་ཀྱི་ཁེ་ཕན་ནི་ཡོད་ཚད་ལས་ལྷག་པས་གཅིག་བསྡུ་རིང་ལུགས་དང་གཅིག་མཚུངས་རེེད། དེ་ནི་སངས་ཆོས་གཅིག་བུ་མ་ཡིན་པ་ཆོས་ལུགས་གཞན་དང་། སྲིད་དབང་གཅིག་བསྡུ་པ་ཚོས་རང་ཉིད་དང་མི་མཐུན་པའི་ལྟ་གྲུབ་བམ། གང་ཟག་ཅིག་ཡོང་བར་བཟོད་སྒོམ་དཀའ་བས་རེད། དེ་ལྟར་ཡིན་ཚེ། ཁོང་ཚོས་སྐྱར་ཟློས་ཡང་ཟློས་ཀྱིས་མཐོང་ཆེན་ལ་བཀུར་བའི་བཟོད་པའང་ཁ་ཙམ་ལས་ལག་ལེན་དུ་མེད་པས། བཟོད་པ་དང་སྙིང་རྗེ་ཟེར་བའང་ཁོང་ཚོའི་ཚོང་རྫས་ལས་གཞན་དུ་མེད་ཕྱིན། གསལ་དུ་བཤད་ན་གཡོ་ཐབས་ལྟ་བུ་རེད།༽གཞན་ཡང་ཁོ་བོས༼དེ་ལས་ཀྱང་ཧ་ལས་དགོས་བ་ཞིག་ལ་སྲིད་དབང་གཅིག་བསྡུ་ཡི་དེད་དཔོན་ཏེ། བྱང་གོ་རི་ཡའི་ཆེམ་འཇོན་ཨོ་ཡང་འཇའ་མཚོན་དང་ལྷན་མི་ཡུལ་དུ་འཁྲུངས་བ་འགྲེལ་ཞིང་བྱང་མི་མང་པོས་ཁོང་ལ་དཀོན་མཆོག་གི་འདུ་ཤེས་བཟུང་ནས་དད་གུས་བྱེད་ཀྱིན་ཡོད། དེ་བཞིན་མོའོ་ལ་ཡང་རྒྱ་རིགས་ཁྲོད་ནས་དད་པ་བྱེད་མཁན་ཡོད་པས་ཞིན་ཅིན་ཕིན་གྱིས་མོའོ་ནི་སྐྱོན་ཡོན་གཉིས་ལྡན་གྱི་མི་ཞིག་ཡིན་པ་ལས་ལྷ་ཞིག་མིན་ཚུལ་གྱི་འགྲེལ་བཤད་གནང་དགོས་བྱུང་བས། མཐའ་དོན་མི་འདིའི་རང་ཉིད་དགའ་ས་ཡིན་ན་ལྷ་དང་མི་དགའ་ས་ཡིན་ན་འདྲེའམ་བདུད་དུ་བརྩི་བའི་གོམས་གཤིས་འདུག་ལ། དེ་བཟོ་མཁན་ཡང་ཆོས་པ་དང་སྲིད་དོན་པ་ཚོ་རེད། གནས་ཚུལ་དེ་ད་དུང་ཡང་ཤར་ནུབ་གང་སར་ཡོད་ཅིང་ལྷག་པར་དུ་གནའ་བོའི་འདུ་ཤེས་ཆེ་བའི་སྤྱི་ཚོགས་ཁྲོད་དུ་ལྟ་སྟངས་ཧ་ཅང་རྒྱུན་ལྡན་དུ་ཆགས་ཡོད།༽ སོགས་མང་དུ་བྲིས་ཡོད་པས་ཞིབ་ཏུ་ཀློག་ན་རྟོགས་ཐུབ་པས་རེ་རེ་བཞིན་ཡང་སྐྱར་བགྲང་བའི་ངལ་བ་མི་བྱའོ། གཞན་ལ་དགག་པ་བརྒྱབས་ན་ལེགས་མོད་ཀྱང་། དང་ཐོག་གཞན་གྱིས་བཤད་པའི་གནད་རྣམས་རྟོགས་བྱས་ནས་རིག་པ་དང་ལྡན་པའི་སྐྱོན་བརྗོད་བྱས་ན་དགེ་མཚན་ཆེ།
བསོད་ནས་ལགས།
ཆོས་ཀྱི་ནོར་འཁྲུལ་མ་རེད། ཆོས་ཡག་པོ་བྱ་མ་ཤེས་པའི་ནོར་འཁྲུལ་རེད། ཚང་མ་ཡག་པོ་ཟེར་བ་དེ་ཡིན་མི་སྲིད་པ་ཞིག་རེད།
བོད་པར་མི་འབོར་ཉུང་སྐྱོན་ཏན་ཏན་ཡོད། འོན་ཀྱང་གྲ་འབོར་ཆེ་བས་མ་རེད། བོད་ཆོས་ལྡན་གྱི་ཡུལ་ལ་ཆོས་པ་མང་པོ་དགོས་ངེས་རེད། ཡང་གྲངས་ལས་སྤུས་ཀ་གལ་ཆེ་བ་ཡིན། དེང་དུས་བོད་པའི་གཞོན་སྐྱེས་ནང་ཆོས་ལ་འགག་པ་བྱེད་མཁན་འཕེལ་བ་ནི་ཡག་རྟགས་མ་རེད། དངོས་གནས་ཤ་ཚ་དང་ལྡན་པའི་སྐྱོན་བརྗོད་ཡོ་བསྲང་བྱ་འདོད་ན། གྲ་ཚང་འདི་དང་འདི། གྲ་མིང་འདི་དང་འདི། བླ་མ་དང་ཆོས་པ་འདི་དང་འདི་གང་ཐུབ་གསལ་ཁ་བཏོན་ནས་ཐེར་འདོན་བྱ་དགོས་པ་ལས། སྤྱི་སྤམ་སྤམ་གང་ནས་བཤད་པ་ནི་ཕན་ལས་གནོད་ཆེ་སྲིད།
ཁྱེད་རང་གི་བསམ་ཚུལ་ནང་ཆོས་ལ་སྐྱོན་བརྗོད་མིན་བཟོ་འདུག་ལ། དངོས་གནས་བོད་ཀྱི་ཆོས་ལ་ཁར་ཐུག་སྐྱོན་བརྗོད་ཡིན་ན་དེ་ལྟར་མ་ལགས་བསམ། དུས་རབས࿒ཉེར་གཅིག་ནང་དད་པ་དག་སྣང་གི་གནས་ཚུལ་ཁག་པོ་རེད། དངོས་ཡོད་གནས་ཚུལ་དང་བསྟུན་པའི་སྐབས་རེད་སྙམ། སྤམ་བཤད་སྒང་ནས་དོན་གནད་འཁེལ་དཀའ་བ་ཡིན། དངོས་སུ་འཐེར་འདོན་གནང་གལ་ཆེ། མིན་ན་བཏང་སྙོམས་སུ་འཇོག་ན་དགའ་བ་ངའི་བསམ་ཚུལ་ཡིན། དེ་ལས་བོད་ཆོས་སྤུས་དག་ཀྱང་ཉམས་ལེན་སྤུས་ཀ་ཞན་སྐྱོན་ཡོད། དེའི་སྐོར་ལས་ང་ཚོའི་ཞན་ཆ་ཆབ་དཔལ་ཤེས་གསུམ་ཡར་ཐོན་གསར་སྐྲུན་ལ་སྨན་པའི་ལས་གཞི་འདྲ་གང་ནུས་རྩོམ་སྤེལ་གནང་ན་དགེ་མཚན་ཆེ་བར་མཐོང་བ་སྐབས་དོན་ཡིན་ནོ།།།།
ཨ་ཐང་ཆད་ལ་ཡང་ཐང་ཆད། ཡང་ཐང་སངས་རྒྱས་ཆོས་ལ་ཆད། ཆོས་ཀྱི་སྙིང་པོ་མ་ལོན་པར། སྐུར་འདེབས་དམར་པོའི་ཚིག་ལས་རྩུབ། ཆོས་ཀྱི་དགེ་མཚན་མ་མངོར་པར། ཆོས་བྱེད་རྫུན་མའི་འབག་རིས་དེ། དམ་པ་ཆོས་ཀྱི་དབུ་ལ་གཡོག ཆོས་མིན་་ཆོས་ཀྱི་བལྟ་བ་དེ། ཁྱོད་དང་དམར་པོའི་ཆོས་དེ་རེད། མི་སེམས་འགུག་པའི་གདམ་ངག་མེད། མི་ཡིད་ཆེས་པའི་གཞུང་ལུགས་མེད། རང་དོན་ཁོ་ནའི་ཐོབ་ཤོར་ཆེད། རྙིང་རྗེ་མེད་པའི་ཤན་གྲི་ཡོད། གཡོ་ཇུས་མེད་པར་སྲོག་དམར་ལེན། ཁ་ཞེ་མེད་པར་སྡུག་སྦྱོང་བཏང་། ཁྱོད་ལ་དེ་ཡི་ཆོས་སྐལ་ཡོད།
ངོ་མ་བཤད་ན་ཆོས་ལ་སྐྱོན་མེད་པར་མ་ཟད། ཆོས་བྱེད་པ་ལ་ཡང་སྐྱོན་ཡོད་པ་མ་རེད། དེང་སང་ཁ་ཤས་ཀྱིས་ཆོས་བྱེད་པ་ལ་སྐྱོན་ཡོད་པ་རེད་ཟེར་བ་དང་། ཆོས་བྱེད་པའི་སྐྱོན་ཆོས་ལ་འགལ་མི་རུང་སོགས་ཟེར་བཞིན་ཡོད་མོད། ཆོས་བྱེད་པ་སུ་ལ་སྐྱོན་ཡོད་པ་རེད་ཅེས་བྲིས་ན་ལན་མེད། འདིའི་སྐོར་ལ་བཤད་རྒྱུ་མང་པོ་ཡོད་ཀྱང་ཁོམ་པ་མི་འདུག
འདི་ཡང་དཔྱད་སྟངས་ཤིག་མ་རེད་ཟེར་ས་མི་འགྲོ་བའི་རྩོམ་ཡིག་ཅིག་རེད།
ཆོས་མཐར་མ་ཕྱིན་པའི་ཆོས་པ་ཡིན་ན་སྐྱོན་སྣ་རེ་ཡོད་པས་ཁྱབ་ལ། ཡོན་ཏན་སྣ་རེ་ཡང་ཡོད་པས་ཁྱབ་བོ། །དཔེར་ན། ང་ཆོས་ལ་དད་མོས་ཡོད་མཁན་ལ་སྐྱོན་གྱིས་ཁེངས་ནས་ཡོད་པས་སོ།།ང་ནོར་འཁྲུལ་གྱི་གོང་བུ་ཡིན་ན། ངས་དད་མོས་ཞུ་སའི་བོད་ཀྱི་ནང་ཆོས་དེ་ཉིད་དེ་ལྟར་མིན་པ་གསལ་པོ་ཤེས་ཀྱི་ཡོད། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པར་སྐྱོན་ག་རེ་འདུག་གམ།
བདེན་གཉིས་ལས་བདེན་བཞི་དང་དེ་ལས་སྐྱབས་གསུམ་གྱི་རྣམ་གཞག་ཐོན་པའི་བོད་ཀྱི་ནང་ཆོས་དེ་ལ་སྐྱོན་གང་ཞིག་འདུག་གམ། ཆོས་འཐེན་འཁྱེར་དེ་ཆོས་པས་བྱེད་པ་ལས་ཆོས་ཀྱིས་མིན། ཆོས་པ་ཕྱོགས་རིས་མེད་པ་ཞིག་གིས་དག་སྣང་དང་གུས་ཞབས་བྱས་ནས་ཆོས་མིང་ལ་འཁྱེར་ནས་རྩོད་རྙོག་བླང་དོགས་མེད་པ་ཞིག་ཡིན། ཆོས་པར་སྐྱོན་ཡོད་དང་ཡོད། ཆོས་དཀོན་མཆོག་དངོས་ནི་འགོག་བདེན་དང་སྟོང་ཉིད་ཀྱིས་སྟེང་ནས་འཇོག་དགོསལ། དེ་སྒྲུབ་པའི་ལམ་བདེན་ལ་ཡང་སྐྱོན་གང་འདུག ལམ་བདེན་ཡང་བདེན་བཞིའི་བླང་དོར་དེ་རེད་ལ། འགོག་བདེན་ཡང་དོན་དམ་བདེན་པ་སྟེ་བདེན་གཉིས་ཟུང་འཇུག་ལ་སྐྱོན་གང་འདུག་གམ། བདེན་པ་དག་ཡོད་པས་དེ་ཉམས་སུ་ལེན་མཁན་དགེ་འདུན་ཡོད་ལ། དེའི་བདེན་བཞི་བདེན་གཉིས་ལ་བློ་སྦྱངས་ནས་རིམ་གྱིས་སངས་རྒྱས་གོ་འཕང་བརྙེས་ཚུལ་ཡང་དག་པ་དེ་ལ་དྲི་མ་མེད་སྙམ་མོ།།མདོར་ན་ཆོས་ལ་སྐྱོན་བརྗོད་འདོད་ཡོད་ཚེ་བདེན་གཉིས་བདེན་བཞི་ལ་ཆོས་མཐུན་གྱི་རྩོད་པ་སླེབས་དགོས། དེས་ན་ཆོས་མིང་ཆོས་གོས་གྱོན་ནས་གང་བྱུང་བྱེད་མཁན་གྱིས་ནོར་འཁྲུལ་དེ་ཆོས་ལ་བཀལ་ན་མི་འགྲིག་པ་གསལ་རྐྱང་རེད་སྙམ། དགྲ་རྩར་མེད་བཟོ་བར་དགྲ་ངོ་ཆ་ཡག་པོ་འཕྲོད་དགོས་པ་བཞིན། ཆོས་ལ་སྐྱོན་བརྗོད་པར་ཆོས་ངོ་ཆ་འཕྲོད་ནས་སྐྱོན་བརྗོད་སླེབས་དགོས་སྙམ་མོ།།
བོད་པར་མི་འབོར་ཉུང་སྐྱོན་དང་གྲ་འབོར་ཡང་མང་སྐྱོན་མེད་སྙམ། ཉེ་ཆར་ཤི་ལོང་ཕྱོགས་སུ་༧གོང་ས་མཆོག་ནས་འདི་ལྟར་གསུངས་པར་འགག་དགོས་ཡོད་སྙམ།(བར་སྐབས་གྲྭ་རྒྱུན་ཧ་ཅང་ཉུང་དུ་ཕྱིན་པ་དང་མདོ་སྟོད་སྨད་ནས་གང་འཚམས་ཤིག་མ་གཏོགས་བོད་རང་སྐྱོང་ལྗོངས་ནས་མཇལ་ཁར་ཡོང་མཁན་ཧ་ལམ་མི་འདུག གདན་ས་ཁག་ལ་དེ་སྔ་གྲྭ་རྒྱུན་བརྒྱ་ཕྲག་སྟོང་ཕྲག་ཡོང་གི་ཡོད་ཀྱང་བར་སྐབས་ཧ་ཅང་ཉུང་དུ་ཕྱིན་འདུག བོད་ནང་ཧ་ལས་པའི་དམ་བསྒྲགས་བྱེད་ཀྱི་འདུག)
ང་ཚོས་མི་འབོར་འཕེལ་རྒྱས་གཏོང་དགོས་འདུག་ལ། གྲ་པའི་སྤུས་ཚད་ལ་ཉམས་ཞིབ་དགོས་འདུག་པས་དེའི་ཐོག་དགོངས་པ་བཞེས་དགོས།
དྲ་གྲོགས་ཁ་ཤས་ཀྱིས་ཕྱོགས་གཉིས་ཀྱི་སྒང་ལ་བཀའ་མོལ་གནང་བ་མ་ཟད་ཆོས་བྱེད་པའི་སྒང་ལའང་སྐྱོན་ཆ་ཡོད་པ་ངོས་ལེན་བྱེད་པའི་སྙིང་སྟོབས་ཡོད་པ་ཡག་བྱུང་། བདེན་བཞི་ནི་སྡུག་ངལ་གཏན་ཟད་བྱེད་པའི་ཐབས་ལམ་ཡིན་ཞིང་། དེ་རྒྱུད་ནས་སྡུག་ངལ་གཏན་ཟད་དུ་འགྲོ་བའི་བདེན་དཔང་སུས་བྱས་ཡོད་དམ། ཐ་ན་ཆོས་པ་རྣམས་ཀྱིས་ཚན་རིག་པའི་མདུན་དུ་རྣམ་ཤེས་ཡོད་པའི་དཔང་ཡང་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད་པ། ད་དུང་ཡང་རྣམ་ཤེས་ཡོད་པ་ར་མ་འཕྲོད་ཅིང་། བདེན་དཔང་བྱེད་མཁན་སུ་ཡང་མ་བྱུང་བས་ཚན་རིག་པ་རྣམས་ཐེ་ཚོམ་དུ་གྱུར་བ་མཐོང་ཆོས་རེད། སྡུག་ངལ་གྱི་རྒྱུ་ཀུན་འབྱུང་ཏེ་མ་རིག་པ་སྤངས་དགོས་ཚུལ་དང་། མ་རིག་པ་རྩ་བ་བདག་འཛིན་ཡིན་ཚུལ་གསུངས་ཀྱང་། བདག་འཛིན་དེ་ཅི་ལྟར་ངོས་འཛིན་བྱེད་སྟངས་དང་། གང་ཞིག་ཡིན་པ་གྲུབ་མཐའ་སོ་སོའི་མཁན་པོ་རྣམས་ལ་གཅིག་མཐུན་གྱི་བཞད་པ་མེད་ཁར། རྩོད་པ་ཡང་ཆེ་བས་སུ་ལ་ཡིད་རྟོན་བྱེད། གྲུབ་མཐའ་མཁན་པོ་རྣམས་ཀྱིས་རང་ཉིད་བཞད་ཚུལ་བདེན་པ་ཡིན་ཚུལ་དང་ཐུབ་དགོངས་རྣལ་མ་ཡིན་ཚུལ་གྱི་ལུང་རིག་བརྒྱ་སྟོང་མང་པོ་ཡོད་པས་སུ་ལ་ཡིད་རྟོན་བྱེད་ཐུབ་བམ། སུ་ཞིག་གིས་དེ་ཐུབ་པའི་གསུངས་ཡིན་པའི་བདེན་དཔང་བྱེད་ཐུབ་བམ། གལ་སྲིད་ཐུབ་པའི་གསུངས་པའི་དབང་དུ་བཏང་ཡང་དེ་ནི་སྡུག་ངལ་རྩ་མེད་དུ་བཏང་བའི་ཐབས་ལམ་ཁོ་ན་ཡིན་པ་སུ་ཡིས་འགན་འཁུར་བྱེད་ཐུབ། མ་ཐུབ་ཀྱང་། ཐུབ་ཁུལ་བྱས་ཚེ། དེ་ནི་མི་ཆོས་བླ་མའི་ཆོས་རྫུན་རེད་ལ། མི་མང་ལ་མགོ་སྐོར་བཏང་བའི་ཉེས་བ་ཡོད།
སངས་ཆོས་ཀྱི་ཐོག་ནས་བཤད་ན་སྤྲུལ་སྐུའི་རིང་ལུགས་དེ་སངས་ཆོས་ཀྱི་དགོངས་དོན་དང་མཐུན་པ་རེད་དམ། བླ་སློབ་ཀྱི་དམ་ཚིག་དེ་རྡོ་རྗེའི་དམ་ཚིག་ཡིན་ཞིང་བླ་མས་ཅི་གསུངས་བཀའ་སྒྲུབ་བྱེད་རྒྱུ་ནི་སངས་ཆོས་ཀྱི་དགོངས་བ་རྣལ་མ་རེད་དམ། མདོ་ཕྱོགས་གཙོ་བོ་ལྟར་ན་དེ་ལྟར་མིན་ཚུལ་དང་། སྔགས་ཕྱོགས་གཙོ་བཟུང་བྱས་ན་དེ་ལྟར་ཡིན་ཚུལ་སོགས་ཀྱི་རྩོད་པ་སྣ་ཚོགས་ཡོད་པས་དོན་དངོས་ཕྲན་གྱིས་གོང་དུ་བཤད་པ་བཞིན། དད་པ་ཅན་ལ་དད་པ་དང་། རྒྱུན་མཚན་ཅན་ལ་རྒྱུ་མཚན་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྐྱེད་པ་ནས་དར་སྤེལ་བཏང་བ་ལས་གཞན་གྱི་འགྲེལ་བཤད་དཀའ་སྟེ། མཚམས་རེ་བླ་མས་སྡུག་ངལ་སེལ་ཚུལ་འགྲེལ།། ལན་རེ་བདག་ཉིད་བདག་མགོན་ཡིན་ཚུལ་སྨྲ།། ཆོས་ལུགས་གཅིག་ལ་ལྟ་སྟངས་གཉིས་བྱུང་བས།། དཔྱོད་ལྡན་མཁས་བས་ཡིད་རྟོན་བྱེད་པ་དཀའ།། མཚམས་རེ་དག་སྣང་མཁོ་གལ་ཆེ་ཚུལ་དང་།། ལན་རེ་གནས་ལུགས་རིན་ཐང་ཆེ་ཚུལ་གསུངས།། དག་སྣང་གནས་ལུགས་བར་གྱི་འགལ་ཟླ་འདིས།། དཔྱོད་ལྡན་མཁས་བའི་བློ་ལ་དོགས་གཞི་བསླངས།། མཚམས་རེ་ཆོས་རྣམས་རྟེན་ནས་འབྱུང་ཚུལ་དང་།། མཚམས་རེ་ཆོས་རྣམས་སེམས་ནས་བྱུང་ཚུལ་བཞད།། སྟོན་མཆོག་གཅིག་ལ་བཞད་པ་གཉིས་བྱུང་བས།། དཔྱོད་ལྡན་མཁས་བས་ཁྱད་པ་འབྱེད་པ་དཀའ།།
མཐའ་དོན། ངས་བོད་རྒྱུད་སངས་རྒྱས་ཆོས་ལུགས་ནི་དགེ་མཚན་རྐྱང་པ་ཞིག་ལ་ངོས་འཛིན་བྱེད་མི་ཐུབ་ལ། ནག་པོ་ཁོ་ན་ཡང་ངོས་འཛིན་དེ་བས་བྱེད་ཀྱི་མེད་ཅིང་། ཡོད་པ་ནི་དགེ་སྐྱོན་གཉིས་ལྡན་གྱི་ཆོས་ལུགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་སྤྲུལ་སྐུའི་ལམ་ལུགས་དང་ཚོད་མེད་དུ་གྲྭ་བ་བཟོས་བའི་ལམ་སྲོལ་འདི་མི་རིགས་ཤིག་ལ་མཚོན་ན་འཆི་ལམ་དུ་འདེད་བྱེད་ཅིག་ཏུ་མཐོང་གི་ཡོད། དེ་ནི་སངས་ཆོས་ཡིན་མིན་གང་ལྟར་ཡང་ད་ལྟ་ཁོང་ཚོ་བོད་རྒྱུད་སངས་ཆོས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་ཆགས་ཡོད་ཕྱིན། དེ་ལྟར་མཐོང་གི་ཡོད། གུང་ཁྲན་ཏང་རྒྱུན་གནས་ཆེད་དུ་ལྐོག་ཟ་རིལ་སྲུང་ལ་སྒོ་རྡུང་དང་དག་ཐེར་བཏང་བ་བཞིན། བོད་ཀྱི་སངས་ཆོས་དང་བོད་མི་རྣམས་འཇིག་རྟེན་དུ་རྒྱུན་རིང་གནས་ཆེད་དུ་དག་ཐེར་དང་བཅོས་སྒྱུར་ངེས་བར་དུ་བཏང་དགོས་བ་འདོད་ཀྱི་ཡོད། འོན་ཀྱང་། དེ་སུ་ཞིག་གིས་བཏང་ངམ། གུང་ཁྲན་ཏང་ལ་དམར་ཕྱོགས་ཀྱི་མགོ་ཁྲིད་ཚོས་བཏང་ཡང་། བོད་ཀྱི་སངས་ཆོས་དག་ཐེར་བོད་ཀྱི་ཆོས་དཔོན་ཚོས་བཏང་ཐུབ་བམ། མ་ཐུབ་ན་་་་་་་་
ཐུགས་ལ་ཕོགས་མཁན་ཡོད་ན་དགོངས་དག་ཡོད།
བསྟན་འཛིན་རིག་ལྡན་གྱིས་གོང་ས་མཚོག་གི་གསུངས་བཀོད་པར་ཐུགས་རྗེ་ཆེ།
<> གནད་ལ་ཁེལ་འདུག
ངས་གོང་དུ་ཞུས་པ་བཞིན་མཚན་རིག་པས་གྲུབ་དོན་འཚོལ་བའི་སྐབས་ཡིན་གྱི། གཏན་ལ་ཕབ་ཟིན་པ་མིན། གང་ལགས་ན། གསར་རྙེད་དཔང་རྟགས་རེ་རེས་སྒང་ནས་སྔ་མ་སྔ་མ་བཞག་ནས་ཕྱི་མ་ཕྱི་མར་ཞུགས་ཀྱི་ཡོད། མཚན་རིག་པས་གསར་གཏོད་ཐོན་སྐྱེད་མང་པོ་སྐྲུན་མུས་ལ། ནང་པའི་འགྲོ་སྟངས་དེ་འདྲ་རང་མིན། གང་ལགས་ན། དབུ་མ་དང་ཚད་མའི་རིགས་པ་ཡོད་པས་སོ།།དེ་འདྲའི་དབུ་ཚད་ཀྱི་རིགས་ལམ་གྱིས་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་བསྒྲུབ་པར། དབུ་མའི་སྐབས་གང་གིས་རྟེན་འབྱུང་གཟིགས་ཞིང་གསུང་པས་སྟོན་པ་བླ་ན་མེད་པ། ཚད་མའི་སྐབས་གྲོལ་བ་དོན་གཉེར་ལ་བདེན་བཞིའི་བླང་དོར་ཕྱིན་ཅི་ལོགཔར་བསྟན་པས་ཚད་མའི་སྐྱེས་བུར་བསྒྲུབས་ནས། རིགས་པར་བསམ་པ་ལ་བརྟེན་ནས་བྱུང་བའི་དད་པ་སྤུས་དག་ཅིག་སྐྱེ་ཐུབ་ཡས་ཡོད། ལྟ་གྲུབ་འདོད་ཚུལ་མང་པོས་གང་ཞིག་ལ་ཆ་འཇོག་དཀའ་བར་གསུངས་པ་དེ་ལ། རྗེ་བླ་མའི་མཛད་པའི་རྟེན་འབྲེལ་བསྟོད་པར། ལྟ་གྲུབ་ཟང་ཟིང་ཁྲོད་ནས་གང་ཞིག་གདམས་གསེས་གནང་ཚུལ་ལོ་རྒྱུས་ཚོད་དུ་བཀོད་པར་གཟིགས་ན་དགེ་ཕན་ཡོད་སྙམ། དེ་ཡང་། སྐྱེ་བོའི་ཝལ་པ་ཛ་བཞིན་དུ།།རྣམ་པར་ཀུན་ཏུ་འཛིངས་པར་བྱེད།།ཅེས་ནས། དཔལ་ལྡན་ཟླ་བས་ལེགས་བཤད་ཀྱི།།འོད་ཟེར་ཕྲེང་བ་གསལ་བྱེད་པ།།བླ་མའི་དྲིན་གྱིས་མཐོང་བའི་ཚེ།།བདག་གི་ཡིད་ཀྱིས་ངལ་གསོ་ཐོབ།།ཅེས་པ་བཞིན་ཡིན་སྙམ། ང་རང་ལྟ་ཚུལ་འདི་འདྲའི་ཡིན་པ་ལས་སོ་སོར་རང་དབང་འདོད་མོས་ནས་ཕྱིན་པར་འགག་པ་སུས་ཀྱང་མེད།
མཚན་རིག་པས་རྣམ་ཤེས་མེད་པ་མི་འདོད་ལ། ཕལ་ཆེར་ཡོད་སྲིད་པའི་སྐད་ཅ་སླེབས་ཀྱི་ཡོད། དབང་རྩ་དང་ཀླད་པའི་མཚན་རིག་པ་འགས་སྐབས་འགར་ཀླད་པ་གཅིག་པུས་མིན་པར་རྐྱེན་གཞན་ཞིག་གིས་ཀྱང་བྱེད་ལས་ཡོད་པར་དོ་སྣང་སླེབས་མུས་རེད། ཡང་ཕ་མའི་ཁུ་ཁྲག་སྐྱོན་མེད་ཡོད་ན་མངལ་ཆགས་པའི་ཁྱབ་པ་ཡང་མེད་དུས། ད་དུང་རྐྱེན་གསུམ་པ་ཞིག་ཡོང་ཆོག་པའི་འདོད་ཚུལ་ཡང་ཡོང་གི་ཡོད་པ་རེད། གང་ལྟར་ལམ་སེང་འདི་དང་འདི་ཞེས་མངོན་སུམ་ལ་རྗེན་པར་བསྟན་དཀའ་ཡང། རྗེས་དཔག་དང་དཔང་རྟགས་ལས་རིམ་པས་ཤེས་ཐབས་བགྲོ་གླེང་དཔྱད་ཞིབ་ཀྱིས་དཀའ་ངལ་སེལ་ཐབས་ཡོད་སྙམ། རང་གིས་མ་མཐོང་བ་དང་མཚན་རིག་པས་དཔང་རྟགས་འཁྱེར་རྒྱུ་མེད་ན་ཡང་མེད་མི་དགོས་པ་ཡིན། མ་ཟད་མཚན་རིག་པས་རིག་པ་སྒྲུབ་མ་ཐུབ་ཀྱང་མེད་པེ་ཐག་བཅད་པ་མ་ཡིན་པ་ཡང་གནད་འགག་རེད་སྙམ། དེ་དང་དེ་བཞིན་ཅལ་ཅོལ་མང་པོ་ཞུ་རྒྱུ་ཡོད་ཀྱང་རེ་ཞིག་འདིར་འཐུས་པར་བྱེད་ཀྱི་ཡིན། ང་རང་ལ་ནི་བོད་ཀྱི་ནང་ཆོས་འདི་ཧ་ལས་པའི་འཐད་སྒྲུབ་རིགས་པ་དང་ལྡན་པ་ནཐོང་གི་ཡོད།།།།
རྟེན་འབྱུང་ནི་སྟོན་པའི་དགོངས་བ་ཡིན་ཚུལ་ཀླུ་སྒྲུབ་ཀྱིས་གཙོ་བོ་འགྲེལ་ཡོད་ཀྱང་། ཀླུ་སྒྲུབ་ཀྱི་དགོངས་བ་རྣལ་མ་གང་ཞིག་ཡིན་མིན་གྱི་རྩོད་པ་ཁོང་གི་སློབ་བུ་གཉིས་ལ་ཡོད་པས་ཐལ་རང་གཉིས་བྱུང་། ཐལ་འགྱུར་བ་ཀླུ་དགོངས་རྣལ་མ་ཡིན་ཚུལ་ཟླ་གྲགས་ཀྱིས་རྒྱབ་སྐྱོར་བྱས་ཤིང་། དེ་ལ་བོད་ཀྱི་མཁས་བ་རྗེ་གཙང་ཁ་པ་སོགས་ཀྱིས་ངོས་ལེན་མཛད་ཡོད། དེ་ནི་ཉན་ན་འདྲ་ཆགས་པོ་ཡོད་ཀྱང་། ཚན་རིག་དང་མཐུན་པའི་སྒྲུབ་བྱེད་དང་། བདེན་དཔང་མེད་དེ། ཀླུ་སྒྲུབ་ཀྱིས་ཅི་ལྟར་བྱས་ནས་ཐུབ་དགོངས་རྟོགས་པ་རེད་དམ། གལ་སྲིད་ཁོང་གིས་ཡག་པོ་ཞིག་རྟོགས་ཡོད་ན། ཁོང་གི་སློབ་བུ་ལེགས་འབྱེེད་དང་། སངས་སྐྱོང་གཉིས་ཀྱིས་ཀྱང་གང་ཞིག་ཀླུ་དགོངས་ཡིན་མིན་གྱི་རྩོད་པ་བྱེད་དགོས་མེད་ཀྱང་། རྩོད་པ་ཡོད་ཁར། ཐལ་རང་གཉིས་ཀྱི་མི་མཐུན་པའི་གྲུབ་མཐའ་བྱུང་། ཁོང་གཉིས་ཀྱིས་རང་ཉིད་ཀྱི་བཞད་ཚུལ་དེ་ཀླུ་སྒྲུབ་ཀྱི་ལྟ་བ་ཡིན་ཚུལ་ཁས་ལེན་བྱེད་པས་སུ་ཞིག་ལ་བདེན་ཁ་སྤྲད་དགོས་སམ། གཅིག་བྱས་ན་ཀླུ་སྒྲུབ་ལ་ཁོ་གཉིས་ལས་གཞན་པའི་བཞད་ཚུལ་ཡོད་སྲིད། གང་ལྟར། དེ་གཉིས་ལས་སུ་ཞིག་ལ་བདེན་པ་ཡོད་པ་ཟླ་གྲགས་ཀྱིས་ཅི་ལྟར་མཁྱེན་པ་ཡིན་ནམ། ཟླ་གྲགས་སོགས་ཀྱིས་འདོད་པའི་ཐལ་འགྱུར་བ་དེ་རྗེ་གཙང་ཁ་བས་ལོ་གཅིག་སྟོང་ལྔ་བརྒྱ་ཡི་རྗེས་སུ་ག་འདྲ་བྱས་ནས་རྟོགས་པ་རེད་དམ། རྗེ་གཙང་ཁ་བའི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་ལྟ་བ་སྟེ། དོགས་པ་དང་རྣམ་རྟོག་སོགས་ལ་འགྲེལ་བའི་རྟེན་འབྱུང་གི་ལྟ་བ་དང་། རླུང་སེམས་ངོ་བོ་རོ་གཅིག་ཏུ་འཐིམས་པའི་སྟོང་ཉིད་ཀྱི་ལྟ་བ་དེ། ཅི་ལྟར་ཀླུ་སྒྲུབ་ཀྱི་ལྟ་བ་རྣལ་མ་ཡིན་པའི་བདེན་དཔང་སུས་བྱེད་ཐུབ་བམ། ལོ་རྒྱུས་ལྟར་ན། འཇམ་དབྱངས་དགེ་རྒན་ལ་བསྟན་ནས་རྗེ་གཙང་ཁ་བས་ངེས་བ་རྙེད་ཚུལ་དང་། མདོ་རྒྱུད་ཀྱི་དཀའ་གནད་རྣམས་སེལ་ཚུལ་གསལ་བས། མཐའ་དེད་ན་རྒྱབ་རྟེན་ལྷ་སྒྲུང་ལ་ཐུག་འདུག དེ་ནི་ཡེ་ཤུ་དང་མ་ནི། ཁ་ཆེ་སྟོན་པ་མོ་ཧ་མོན་སོགས་ཀྱིས་ཀྱང་དེ་ལྟར་ལྷ་ལས་གསན་ཚུལ་སོགས་ཀྱི་གཏམ་རྒྱུད་དང་འདྲ་བས། ཆོས་དཔོན་རྣམས་ཀྱི་རིག་པ་མགོ་མཚུངས་རེད།
དེ་བཞིན་ཀླུ་སྒྲུབ་ཀྱིས་ཐེག་ཆེན་ཀླུ་ཡུལ་ནས་གདན་དྲངས་ཚུལ་དང་། ཐོགས་མེད་ཀྱིས་བྱམས་ཆོས་བྱམས་མགོན་ལས་གསན་ཚུལ་སོགས་ཀྱི་རིག་པ་འདྲ་བས་སུ་ལ་ཡིད་རྟོན་བྱེད་ཐུབ། གལ་སྲིད་ཁོང་ཚོས་དེ་དག་ལྷ་ཀླུ་གང་རུང་ཞིག་ལས་གསན་ཞིང་གདན་འདྲེན་ཞུས་ཚུལ་མ་གསུངས་བ། རང་ཉིད་ཀྱིས་བརྩམས་ཚུལ་སྨྲས་ཚེ་ཡིད་ཆེས་བྱེད་མཁན་དཀའ་བས་རེད། ཅི་ཡིན་ནམ། འགྲོ་བ་མི་རྣམས་ཀྱིས་དོན་དངོས་ལ་གློར་བུར་དུ་ཡིད་ཆེས་དང་རིན་ཐང་མི་སྤྲད་པ་ངེས་བར་དུ་ལྐོག་གྱུར་གྱི་གཞན་ཞིག་ནས་བླངས་ཚུལ་དང་། གདན་འདྲེན་ཞུས་ཚུལ་བཤད་ན་རིན་ཐང་སྤྲད་པས་རེད། ཐ་ན་ཚོང་ཟོག་ཅིག་ཡིན་ཡང་། རང་རྒྱལ་གྱི་མིན་པ་ཕྱི་རྒྱལ་ཡིན་ཚུལ་བཤད་ན་རིན་ཐང་ཡོད་པ་ཅི་ཡིན་ནམ། དེ་ནི་ཅི་ཙམ་དཀོན་ན་དེ་ཙམ་རིན་ཐང་དུ་ལྟ་བས་ཡིན་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ། ཆ་ཡོད་ན་བཟང་ཡང་རྒྱུས་ཡོད་ན་ངན་ཟེར་བའི་གཏམ་དཔེ་ལས་མ་འདས། རྒྱུ་མཚན་ནི། རྒྱུས་ཡོད་ཡ་མང་དྲགས་ན་མི་འམ་དངོས་བོའི་དེའི་དགེ་མཚན་ལས་སྐྱོན་ཕྱོགས་མང་དུ་མཐོང་བས། སྐྱོན་ཆ་ཡི་རྐྱེན་པས་མི་དང་དངོས་བོའི་རིན་ཐང་ལ་གནོད་སྐྱོན་བཏང་པས་རེད། དེ་བརྟེན། གནའ་བོ་ཆོས་ལུགས་ཕལ་ཆེར་རང་ཡུལ་ལས་གཞན་ཡུལ་དུ་དར་རྒྱས་མང་དུ་ཕྱིན་ཡོད། རྒྱུ་མཚན་ནི། གཞན་ལ་ཆ་རྒྱུས་མེད་པས་དགེ་མཚན་ལས་སྐྱོན་ཆ་སྦ་གསང་བྱེད་ཐུབ་པས་རེད།
ཚན་རིག་པས་རྣམ་ཤེས་ཡོད་མེད་ཀྱི་ཁ་མཚོད་གཅོད་མ་ཐུབ་ཅིང་ཆོས་དཔོན་ཚོས་ད་བར་ཚན་རིག་པའི་མདུན་དུ་བདེན་དཔང་བྱེད་མ་ཐུབ་པ་ནི། ཡང་སྲིད་ངོས་འཛིན་གྱི་བཟོ་གྲྭ་དག་ལ་མཚོན་ན་དེ་ལས་ཞབས་འདྲེན་ཞིག་མེད། ངོ་ཚ་ཡོད་ན་ཧ་ཅང་གི་ངོ་ཚ་དགོས་བའི་གནད་དོན་ཞིག་རེད། འོན་ཀྱང་། ད་བར་ཡང་སྲིད་ངོས་འཛིན་བྱེད་མཁན་སུ་ཡང་ངོོ་ཚ་བྱུང་བ་མ་ཐོས།
གང་ལྟར་ལྷ་སྒྲུང་ཡིན་ན་མེད་དགོས་པའི་བདེན་དཔང་གང་ཡོད་དམ། རྗེ་བཙུན་བྱམས་པ་མགོན་པོ་མེད་པའི་སྒྲུབ་བྱེད་གང་ཡོད་དམ། ལྷ་ཡུལ་དང་ཀླུ་ཡུལ་མེད་པའི་སྒྲུབ་བྱེད་གང་ཡོད། ཡོད་ན་ང་ཚོས་མཐོང࿒དགོས་སམ། ང་ཚོས་མ་མཐོང་མེད་དགོས་སམ། ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱུང་བའི་སྒྲུབ་བྱེད་གང་ཡོད་དམ། ལྷ་འདྲེ་མེད་པའི་སྒྲུབ་བྱེད་གང་ཡོད་དམ། མགོན་པོ་ཀླུ་སྒྲུབ་མཁས་པ་མིན་པའི་སྒྲུབ་བྱེད་གང་ཡོད་དམ། མགོན་པོ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་བསྟན་པའི་རིགས་ཚོགས་དྲུག་བརྩམས་མི་ཐུབ་པའི་དཔང་རྟགས་གང་ཡོད། དཔལ་མགོན་ཀླུ་སྒྲུབ་ཀླུ་ཡུལ་ཕེབས་མི་ཐུབ་པའི་སྒྲུབ་བྱེད་གང་ཡོད་དམ། ལོ་རྒྱུས་དང་འབྱུང་རབས་ཡིན་ན་བདེན་དཔང་མེད་དགོས་སམ། མཚན་རིག་པས་བཤད་ཚད་བདེན་པ་ཡིན་དགོས་སམ། མངོན་སུམ་མ་གཏོགས་རྗེས་དཔག་གིས་ཡུལ་ངེས་མི་ཐུབ་ན། ཡོད་ཚད་ཐམས་ཅད་མངོན་སུམ་གྱིས་མཐོང་དགོས་སམ།
སུ་ལ་ཡང་ཡིད་རྟོན་མི་རུང་ན་ཐམས་ཅད་ནས་ཐམས་ཅད་མངོན་སུམ་ཉིད་ཀྱིས་ཤེས་དགོས་པས་རང་གིས་གང་མཐོང་བ་ལས་རིགས་པས་དཔོག་ཐབས་མེད་ན་ང་ཚོ་དུད་འགྲོ་ཁྱུར་མ་བགྲངས་ཙམ་དུ་སོང་བ་མ་ཡིན་ནམ།
ཡང་སྲིད་འདོད་རུང་མ་འདོད་རུང་ངེས་པར་ལེན་དགོས། སྐྱེ་བ་ཕྱི་མ་ཡོད་པར་སྒྲུབ་མ་ཐུབ་ཀྱང་ལས་ངན་པའི་འབྲས་བུ་རང་ཉིད་ཀྱིས་ངེས་པར་མྱོང་དགོས། སངས་རྒྱས་ཤཱཀྱ་ཐུབ་པ་ཡང་མཆོག་གི་སྤྲུལ་སྐུ་རེད། འོན་ཀྱང་སྤྲུལ་སྐུ་རྫུན་མ་དང་ཆོས་པ་འཆལ་པོ་དག་ཐེར་འདོན་དང་དག་འབུད་བྱ་དགོས་པ་བདེན་པ་རེད།
མུ་མཐུད་ཞུ་འཐུས།།
ངས་ལྷ་སྒྲུང་ཡིན་ན་མེད་དགོས་ཚུལ་འདོད་ཀྱི་མེད་ལ་ངེས་བར་དུ་ཡོད་དགོས་ཚུལ་དེ་བས་ཀྱང་འདོད་ཀྱི་མེད། དབང་ལྔའི་སྤྱོད་ཡུལ་ལས་འདས་བ་ཡོད་ཆོག་ལ། ཡོད་སྲིད། འོན་ཀྱང་། དེ་ཅི་ལྟར་ཡོད་མེད་ནི་ང་ཚོས་ཚོད་དཔགས་བྱས་བ་ཅི་ལྟར་ཇི་བཞིན་དུ་ཡོད་མི་སྲིད་དེ། ཐ་ན་རང་མྱོང་གི་གཞོན་དུས་ཀྱི་བྱས་བ་ཀུན་ཇི་བཞིན་དྲན་མི་ཐུབ་པས། མ་མྱོང་བའི་ཡུལ་ཞིག་ཚོད་དཔགས་ཀྱིས་དེ་དང་དེ་ལྟར་ཇི་མ་ཇི་བཞིན་དུ་་ཡོད་པ་ཚད་མ་བཟུང་བ་ནི་ཤིན་ཏུ་འཁྲུལ་བ་འདོད་ཀྱི་ཡོད། དེ་ལྟར་རྟོགས་མཁན་ཡོད་པའང་ཡིད་ཆེས་བྱས་བ་ནི་དེ་བཞིན་ནོར་འཁྲུལ་ཡིན་ཏེ། སྤྲུལ་སྐུ་ངོས་འཛིན་བྱེད་མཁན་རྣམས་ཀྱིས་སྐྱེས་བ་སྔོན་མ་དྲན་ཚུལ་བཤད་ཀྱང་། དོན་དངོས་པཎ་ཆེན་ཆུང་སྲིད་གང་ཡོད་མེད་ཙམ་ཡང་ཤེས་ཀྱི་མེད། ཡིན་ཡང་། ཁོང་ཚོས་ལྷ་ཡུལ་དང་ཀླུ་ཡུལ། དམྱལ་ཡུལ་སོགས་ཀྱི་གནས་ཚུལ་ཇི་ལྟར་རྟོགས་པ་ནི་དོན་དངོས་མི་རྣམས་མགོ་སྐོར་བཏང་བྱེད་རེད། སྲོང་བཙན་ཡོད་པ་ནི་ཡུལ་དུས་གནས་གསུམ་གྱིས་བདེན་དཔང་ཡོད་ཕྱིན། ལྷ་ཡུལ་དང་སྲོང་བཙན་འགྲེལ་བ་ནི་ཞ྄་དཔེ་ལྷམ་ལ་བཀབ་པ་བཞིན་དཔེ་དོན་མ་ངེས་བའི་སྐྱོན་དུ་མཐོང་། གཅིག་བྱས་ན་དེ་ནི་ཆེད་མངགས་ཀྱིས་ཁ་གཏད་གཅོད་ཐབས་ལས་རྒྱུ་མཚན་དུ་མ་མཐོང་ངོ་། གང་ལྟར་དགོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ།
དེས་ན། དབང་འདས་ཀྱི་དངོས་པོ་འདོད་ན་འཕགས་པ་ཐོགས་མེད་དགའ་ལྡན་དུ་ཕེབས་པ། དཔལ་མགོན་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་པ། རིགས་ཚོགས་ལྔ་དང་བྱམས་ཆོས་སྡེ་ལྔ་བཅས་འདོད་ན། དེ་ཉིད་དགོས་དོན་ཡིན་ལ། འཕགས་པ་ཐོགས་མེད་ཀྱིས་མཇལ་བའི་བྱམས་མགོན་དེ་ལྷའི་རྟེན་ཅན࿒ཡིན་ན། ལྷ་ཡང་བཞག་ནུས་པས་རྩོད་པའི་གནས་མིན་འདུག
ཆོས་རྒྱལ་སྲོང་བཙན་གྱི་རྒྱལ་རབས་དེད་པ་ནི། གལ་ཏེ་ལྷ་ཀླུའི་རྣམ་གཞག་མི་འདོད་ན་རྒྱལ་རབས་ཀྱང་ཇི་ལྟར་ཞེས་མགོ་མཚུངས་ཡིན་ཁུལ་ཡིན། ཆེད་མངགས་ཁ་གཏད་གཅོག་ཐབས་མིན་པ་རང་སེམས་རང་གིས་ཤེས་ཀྱི་འདུག
གང་ལྟར་རྩོད་གཞི་མང་པོ་བསྡེབས་པ་ལས་རེ་རེ་བཞིན་ཕན་ཚུན་བསམ་ཚུལ་བརྗེ་རེས་ཐུགས་མོས་ཡོད་ན། རིམ་པས་བློ་སྐྱེད་བརྗེ་རེས་ཡོང་ཆོག་གི་རེད་སྙམ། དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་རྣམ་གཞག་འདི་འདྲ་གཞན་གྱི་ལུགས་ཕལ་ཆེར་གསལ་པོ་ཨེ་ཡོད་སྙམ། ཡོད་ན་རྣམ་གཞག་འདི་འདྲ་མ་བྱུང་བ་གང་ཡིན་ནམ་ཞེས་བོད་ཀྱི་མཁས་པ་ཆེན་པོ་ཞིག་གིས་གསུངས་མྱོང་ཡོད།
ཡཡ། ཐུགས་རྗེ་ཆེ། ངས་ལྷ་ཡུལ་དང་ཀླུ་ཡུལ་སོགས་ཡོད་པ་འདོད་ཀྱི་མེད། ཡིན་ཡང་། གླིང་མང་པོ་ཡོད་པར་ཡིད་ཆེས་ཡོད། གལ་སྲིད་ལྷ་ཡུལ་དང་ཀླུ་ཡུལ་སོགས་ཡོད་ཀྱང་།་རྒྱ་གར་གྱི་གནའ་བོའི་རྒན་པོ་དེ་དག་འགྲོ་ཐུབ་ཅིང་རྟོགས་ཐུབ་པ་ཡིད་ཆེས་གཏན་ནས་མེད་དེ། ཁོ་ཚོས་གླིང་གཞན་པ་ལྟ་ཅི་ཐན་འཛམ་གླིང་འདིའང་ག་འདྲ་ཞིག་ཡིན་མིན་ཡག་པོ་ངོས་འཛིན་བྱེད་མ་ཐུབ་པས་ཡིན། རང་ཉིད་སྡད་ས་ག་འདྲ་ཡིན་མིན་མ་ཤེས་མཁན་གྱིས་གླིང་གཞན་པ་དེ་བས་ཀྱང་ངོ་།
ངས་ལྷ་ཡུལ་དང་ཀླུ་ཡུལ་སོགས་ཡོད་པ་འདོད་བགྱིད་ཡོད།
བསོད་ནམས་ལགས། འཛམ་གླིང་ལེབ་ལེབ་དང་ཟླུམ་ཟླུམ་ཇི་འདྲ་འདོད་རུང་འཛམ་བུ་གླིང་པའི་སྡོད་ཁྱིམ་ཙམ་རེད། འཛམ་གླིང་གི་ཁ་མདོག་སྔོ་སེར་དང་དབྱིབས་ལེབ་ཟླུམ་ཇི་འདྲ་ཡིན་པ། མཚན་རིག་པས་དཔར་དང་དཔང་རྟགས་ར་འཕྲོད་ཅན་ལ་ཆ་འཇོག་བྱས་ན་འཐུས་ངེས་རེད། དེས་བོད་ཀྱི་ནང་ཆོས་ལ་གནོད་ཡས་དང་རྩ་བའི་ལྟ་སྤྱོད་དང་འགལ་འདུ་ཆེན་པོ་འགྲོ་ཡས་གང་ཡང་མེད། དཔལ་ལྡན་ཟླ་བས། སངས་རྒྱས་ཆོས་དང་དགེ་འདུན་ནི།།ཐར་པ་འདོད་པ་རྣམས་ཀྱི་སྐྱབས།།ཞེས་ཐར་པ་འདོད་མཁན་གྱི་སྐྱབས་ཡིན་པ་ལས་དཔལ་འབྱོར་ཚོང་འཁོས་རྒྱས་སྤྲོས་དང་འཚོ་དངུལ་འདོད་ན་སོ་སོས་བྲན་གཡོག་བྱས་ནས་འཚོ་བ་བསྐྱལ་རྒྱུ་ལས། དད་པ་བྱས་ནས་ལག་དག་ཡས་མེད་པ་གསལ་པོ་རེད། གང་ལྟར་བདེན་གཉིས་བདེན་བཞི་དང་སྐྱབས་གསུམ་གྱི་རྣམ་གཞག་གྲོལ་བ་དོན་གཉེར་མཁོ་བ་ཞིག་གཙོ་སྟོན་གནང་བའི་རིང་ཚུལ་ལ། འཛམ་གླིང་གི་མདོག་དང་དབྱིབས་ཀྱི་དབྱེ་ཞིབ་དེ་ཙམ་ག྄ིས་དོ་གལ་མི་ཆེ་སྙམ། དེ་འདྲའི་ཁས་ལེན་ཤོར་རུང་རྩ་བའི་དམ་བཅར་གནོད་ཡས་གང་ཡང་མེད་ལ། རིགས་དང་ལྡན་པ་གང་ཡིན་ཁས་ལེན་ནས་འགྲོ་དགོས་པ་ནང་པའི་ཁྱད་ཆོས་ལགས།།
དྲི་བ་ཞིག་ལ། འཕགས་པ་ཐོགས་མེད་ཀྱིས་བྱམས་ཆོས་སྡེ་ལྔ་རྗེ་བཙུན་བྱམས་མགོན་ནས་ཞུས་པ་མ་ཡིན་ནམ། འཕགས་པ་ཁོང་གིས་བྱམས་མགོན་བསྒྲུབས། ཁོང་མཇལ། ཁོང་ནས་ཆོས་ཞུས་པ་དངོས་ཡོད་མ་ཡིན་ནམ།
བསོད་ནམས་ལགས། འཛམ་གླིང་ལེབ་ལེབ་དང་ཟླུམ་ཟླུམ་ཇི་འདྲ་འདོད་རུང་འཛམ་བུ་གླིང་པའི་སྡོད་ཁྱིམ་ཙམ་རེད། འཛམ་གླིང་གི་ཁ་མདོག་སྔོ་སེར་དང་དབྱིབས་ལེབ་ཟླུམ་ཇི་འདྲ་ཡིན་པ། མཚན་རིག་པས་དཔར་དང་དཔང་རྟགས་ར་འཕྲོད་ཅན་ལ་ཆ་འཇོག་བྱས་ན་འཐུས་ངེས་རེད། དེས་བོད་ཀྱི་ནང་ཆོས་ལ་གནོད་ཡས་དང་རྩ་བའི་ལྟ་སྤྱོད་དང་འགལ་འདུ་ཆེན་པོ་འགྲོ་ཡས་གང་ཡང་མེད། དཔལ་ལྡན་ཟླ་བས། སངས་རྒྱས་ཆོས་དང་དགེ་འདུན་ནི།།ཐར་པ་འདོད་པ་རྣམས་ཀྱི་སྐྱབས།།ཞེས་ཐར་པ་འདོད་མཁན་གྱི་སྐྱབས་ཡིན་པ་ལས་དཔལ་འབྱོར་ཚོང་འཁོས་རྒྱས་སྤྲོས་དང་འཚོ་དངུལ་འདོད་ན་སོ་སོས་བྲན་གཡོག་བྱས་ནས་འཚོ་བ་བསྐྱལ་རྒྱུ་ལས། དད་པ་བྱས་ནས་ལག་དག་ཡས་མེད་པ་གསལ་པོ་རེད། གང་ལྟར་བདེན་གཉིས་བདེན་བཞི་དང་སྐྱབས་གསུམ་གྱི་རྣམ་གཞག་གྲོལ་བ་དོན་གཉེར་མཁོ་བ་ཞིག་གཙོ་སྟོན་གནང་བའི་རིང་ཚུལ་ལ། འཛམ་གླིང་གི་མདོག་དང་དབྱིབས་ཀྱི་དབྱེ་ཞིབ་དེ་ཙམ་ག྄ིས་དོ་གལ་མི་ཆེ་སྙམ། དེ་འདྲའི་ཁས་ལེན་ཤོར་རུང་རྩ་བའི་དམ་བཅར་གནོད་ཡས་གང་ཡང་མེད་ལ། རིགས་དང་ལྡན་པ་གང་ཡིན་ཁས་ལེན་ནས་འགྲོ་དགོས་པ་ནང་པའི་ཁྱད་ཆོས་ལགས།།
དྲི་བ་ཞིག་ལ། འཕགས་པ་ཐོགས་མེད་ཀྱིས་བྱམས་ཆོས་སྡེ་ལྔ་རྗེ་བཙུན་བྱམས་མགོན་ནས་ཞུས་པ་མ་ཡིན་ནམ། འཕགས་པ་ཁོང་གིས་བྱམས་མགོན་བསྒྲུབས། ཁོང་མཇལ། ཁོང་ནས་ཆོས་ཞུས་པ་དངོས་ཡོད་མ་ཡིན་ནམ། བསོད་ནམས་ལགས། འཛམ་གླིང་ལེབ་ལེབ་དང་ཟླུམ་ཟླུམ་ཇི་འདྲ་འདོད་རུང་འཛམ་བུ་གླིང་པའི་སྡོད་ཁྱིམ་ཙམ་རེད། འཛམ་གླིང་གི་ཁ་མདོག་སྔོ་སེར་དང་དབྱིབས་ལེབ་ཟླུམ་ཇི་འདྲ་ཡིན་པ། མཚན་རིག་པས་དཔར་དང་དཔང་རྟགས་ར་འཕྲོད་ཅན་ལ་ཆ་འཇོག་བྱས་ན་འཐུས་ངེས་རེད། དེས་བོད་ཀྱི་ནང་ཆོས་ལ་གནོད་ཡས་དང་རྩ་བའི་ལྟ་སྤྱོད་དང་འགལ་འདུ་ཆེན་པོ་འགྲོ་ཡས་གང་ཡང་མེད། དཔལ་ལྡན་ཟླ་བས། སངས་རྒྱས་ཆོས་དང་དགེ་འདུན་ནི།།ཐར་པ་འདོད་པ་རྣམས་ཀྱི་སྐྱབས།།ཞེས་ཐར་པ་འདོད་མཁན་གྱི་སྐྱབས་ཡིན་པ་ལས་དཔལ་འབྱོར་ཚོང་འཁོས་རྒྱས་སྤྲོས་དང་འཚོ་དངུལ་འདོད་ན་སོ་སོས་བྲན་གཡོག་བྱས་ནས་འཚོ་བ་བསྐྱལ་རྒྱུ་ལས། དད་པ་བྱས་ནས་ལག་དག་ཡས་མེད་པ་གསལ་པོ་རེད། གང་ལྟར་བདེན་གཉིས་བདེན་བཞི་དང་སྐྱབས་གསུམ་གྱི་རྣམ་གཞག་གྲོལ་བ་དོན་གཉེར་མཁོ་བ་ཞིག་གཙོ་སྟོན་གནང་བའི་རིང་ཚུལ་ལ། འཛམ་གླིང་གི་མདོག་དང་དབྱིབས་ཀྱི་དབྱེ་ཞིབ་དེ་ཙམ་ག྄ིས་དོ་གལ་མི་ཆེ་སྙམ། དེ་འདྲའི་ཁས་ལེན་ཤོར་རུང་རྩ་བའི་དམ་བཅར་གནོད་ཡས་གང་ཡང་མེད་ལ། རིགས་དང་ལྡན་པ་གང་ཡིན་ཁས་ལེན་ནས་འགྲོ་དགོས་པ་ནང་པའི་ཁྱད་ཆོས་ལགས།།
དྲི་བ་ཞིག་ལ། འཕགས་པ་ཐོགས་མེད་ཀྱིས་བྱམས་ཆོས་སྡེ་ལྔ་རྗེ་བཙུན་བྱམས་མགོན་ནས་ཞུས་པ་མ་ཡིན་ནམ། འཕགས་པ་ཁོང་གིས་བྱམས་མགོན་བསྒྲུབས། ཁོང་མཇལ། ཁོང་ནས་ཆོས་ཞུས་པ་དངོས་ཡོད་མ་ཡིན་ནམ།
བསྟན་འཛིན་ལགས།
དགོངས་ཚུལ་གསུངས་བ་ཡག་བྱུང་། དྲང་མོ་བཤད་ན་བྱམས་མགོན་སྒྲུབ་ནས་འགྲུབ་ཅིང་ཆོས་ཤིག་གསུངས་ཚུལ་ཡོད་པ་སོགས་ན་ང་ལ་མཚོན་ན། གཡོ་ཐབས་ཀྱི་མི་མང་མགོ་སྐོར་བཏང་ཐབས་ལས་གཞན་དུ་མ་མཐོང་། ངས་ཁས་ལེན་པ་ནི་བྱམས་ཆོས་སྡེ་ལྔ་ནི་ཐོགས་མེད་ཀྱི་བརྩམས་པ་ལས་གཞན་དུ་མི་འདོད་དོ། བྱམས་མགོན་ནི་མི་མང་གིས་ཡིད་ཆེས་བྱེད་ཆེད་ཁ་གཡར་ས་ཀྱི་ཐབས་ལམ་ལས་ཅི་ཡང་མི་འདོད་དོ།
ར་བཟི་ལ་མ་བཟི་ལ་འདྲ་མོ་བཤད་ནས་བསྡད་ན་ཅི་ཡོང་། བྱམས་ཆོས་གསུངས་པ་པོ་བྱམས་པ་ཡིན་པས་དར་ཁྱབ་བྱུང་བ་དང་མིན་ན་ཁྱབ་བརྡལ་དུ་མི་འགྲོ་བ་དེ་འདྲ་མ་རེད། བསྟན་བཅོས་ཡག་ཙ་དར་ཁྱབ་ཏུ་ཕྱིིན་པ་ཡིན་རེད།
# 33 ཨ་ནུ་ཐང་བསོད་ནམས་ལགས་ཀྱིས།
་་་་་་་ ངས་ཁས་ལེན་པ་ནི་བྱམས་ཆོས་སྡེ་ལྔ་ནི་ཐོགས་མེད་ཀྱི་བརྩམས་པ་ལས་གཞན་དུ་མི་འདོད་དོ། བྱམས་མགོན་ནི་མི་མང་གིས་ཡིད་ཆེས་བྱེད་ཆེད་ཁ་གཡར་ས་ཀྱི་ཐབས་ལམ་ལས་ཅི་ཡང་མི་འདོད་དོ། ་་་་་
ཨ་ནུ་ལགས།
ཁྱེད་རང་ནང་པ་ཅིག་ཡིན་ན། ལྷ་ཀླུ་ལ་སྐྱབས་སུ་འགྲོ་མི་དགོས་ཀྱང་། དེ་གད་ཡོད་པར་ཁས་བླངས་དགོས། གལ་སྲིད་ཁྱེད་རང་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཅིག་ཡིན་ན། བྱམས་ཆོས་སྡེ་ལྔ། ལྷ་བྱམས་པ་མགོན་པོས་མཛད་པ་དང་། མགོན་པོ་ཀླུ་སྒྲུབ་ཀླུ་ཡལ་དུ་ཕེབས་པ་སོགས་ཁས་བླངས་དགོས། གལ་སྲིལ་ཁྱེད་རང་ནང་པ་དང་། ཐེག་ཆེན་ཆོས་ལ་དད་མོས་ཅན་ཞིག་མིན་ན། བྱུས་གཏོགས་མ་གྱིས།
སྐྱེ་བ་གཅིག་གིས་ཐོགས་པའི་བྱམས་པ། ཞེས་རྒྱལ་ཚབ་བྱམས་པ་མགོན་པོ་མ་འོངས་སྟོན་པ་ཡིན་པ་འཕགས་པ་ཐོགས་མེད་ཉིད་ཀྱིས་ཞལ་བཞེས་གནང་ངེས་རེད། མངོན་རྟོགས་རྒྱན་གྱི་སྐབས་སོ་སོར། རྗེ་བཙུན་བྱམས་པ་མགོན་པས་མཛད་པ་རྫོགས་སོ།།ཞེས་སློབ་དཔོན་ཐོགས་མེད་ནས་གསུངས་པ་མ་རེད་དམ། དེ་མིན་ལོ་ཙ་བས་རང་འདོད་ཀྱིས་སྦྱར་བ་ཡིན་ནམ།
ངེས་དོན་ཅི་ཤེས་གང་ལྟར་སྣང་ངོར་རྒྱལ་བ་བྱམས་པ་ལས། སློབ་དཔོན་ཐོགས་མེད་མཁས་པ་དང་། དེ་བཞིན་སྣང་ངོར་བདག་ཅག་སྟོན་པ་ལས་དཔལ་མགོན་ཀླུ་སྒྲུབ་མཁྱེན་པ་ཆེ་བ་འདོད་ན་ཐལ་ཆེ་སྙམ། གང་ལགས་ན། ལོ་རྒྱུས་སྣང་ངོ་ཙམ་དེད་ན་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་པ་དང་གསང་སྔགས་བླ་མའི་ཆོས་ལ་སྣང་ཚུལ་དག་ལ་བསམ་ན། རྒྱ་གར་པཎ་གྲུབ་དང་བླ་མ་དག་སངས་རྒྱས་ལས་མཁྱེན་རྒྱ་ཆེ་བ་མཐོང་སྲིད་པ་རེད་སྙམ།
བྱམས་ཆོས་སྡེ་ལྔ་ནི་ཐོགས་མེད་སྡེ་ལྔ་མིན། སློབ་དཔོན་ཐོགས་མེད་ཀྱི་གསུང་དག་ནི་ཁུངས་གཏུགས་སའི་གཞུང་ཆེན་མོ་ས་སྡེ་ལྔ་ལ་སོགས་པ་ཡིན། བདག་ཅག་གི་སྟོན་པས་རྒྱལ་ཚབ་མི་ཕམ་མགོན་དགའ་ལྡན་བཞུགས་མི་ཆོག་པ་གང་ཡིན་ནམ། ལྷ་མེད་པའི་སྒྲུབ་བྱེད་གང་ཡོད་དམ། གཏམ་དཔེར། མ་མཐོང་ཕྱིར་ན་མེད་མ་ཡིན། །ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་།།བུང་བུས་མ་བགྲོད་ལམ་འཕྲང་མང་།།ཟེར་བཞིན་ང་ཚོས་ཧབ་རྒྱུགས་བྱས་ཐག་ཆོད་ཤིན་ཏུ་དཀའ་བ་ཡིན། རྒྱ་གར་གྱི་སློབ་དཔོན་ཆེན་མོ་རྣམ་པ་བློས་ཐུབ་ཞུ་ས་ཡིན་པས་ང་ཚོར་ཁ་བསླུ་དང་མགོ་སྐོར་ག་དུས་ཀྱང་གནང་མྱོང་མེད་སྙམ། ཁོང་ཚོའི་གཞུང་ཆེན་མོ་ནི་ང་ཚོའི་གཏན་གྱི་འདུན་མའི་ལམ་སྟོན་དང་ཕུགས་ཡུལ་ལྟ་བའི་མིག་རང་ཡིན། ལྷག་པར་དཔལ་ན་ལཎ་ཌའི་བཞེད་གཞུང་ནི་ལེགས་བཤད་མ་ལུས་བསྡུས་པའི་རྒྱ་མཚོ་ཆེན་པོ་ལས་ལྷག་ག་ཡིན། མཁས་གྲུབ་ཆེན་པོ་ཁོང་རྣམ་པས། རང་གི་གསུང་དག་གནམ་ཀྱིས་བསྐོས་པའི་ཚིག་རེད། ང་ནི་ཚངས་པའོ། ཚངས་པ་ནི་ཆེན་པོ་རེད། ཅེས་པ་ལྟར་རྨོངས་དད་དང་བཙན་བཀའ་ནམ་ཡང་བཏང་མེད། དྲི་མ་མེད་རིགས་ཉིད་ཀྱིས་དབྱེ་ཞིབ་གནང་བའི་སཀུ་དྲིན་ལས། དེང་གི་དུས་སུ་ཡང་བོད་ཀྱི་ནང་ཆོས་འདི་གསོན་པོར་གནས་ཐུབ་པ་དང་ཉེ་བར་མཁོ་བ་རྩིས་འཇོག་བེད་ཀྱི་ཡོད། ནང་པའི་ཆོས་ཀྱི་དམིགས་ཡུལ་གཙོ་བོ་སེམས་ཅན་དང་མི་མང་ལ་ཕན་པ་སྒྲུབ་རྒྱུ་དེ་ཡིན་ལ། ཅི་སྟེ་ཕན་བཏགས་མ་ཐུབ་རུང་གནོད་པ་མི་བ྄ེད་རྒྱུ་ནི་དམ་བཅའ་ཡང་ཏིག་དེ་རེད། དེའི་ཕྱིར་མི་མང་ལ་ཁ་བསླུ་མིན་པར་བརྩེ་བས་འདོམས་པའི་མན་ངག་ཡིན་པས་སོ།།ཡང་ཆོས་མིང་ལ་འཁྱེར་མཁན་ཟོག་པོ་དེ་འདྲ་ངེས་པར་ཡོད་ངེས་རེད། ཁར་ཐུག་ཞུས་ན་དེ་དག་ཆོས་པ་ཕར་བཞག་མི་རང་བཞིན་པའི་གྲལ་ནས་བུད་ཅིང་། སྒེར་གྱི་ནག་དྲེག་ཆོས་ལས་ཟུར་དུ་འཇོག་ན་མཛེས་སོ།།།།
མདོར་ན། བྱམས་ཆོས་དེ་ཐོགས་ཆོས་མིན་ཏེ། ཐོགས་མེད་རང་གིས་བྱམས་པས་མཛད་པ་རྫོགས་སོ་ཞེས་གསུང་ལ། བྱམས་མགོན་སྒྲུབ་པའི་བྱུང་རབས་ཁུངས་ལྡན་ཡིན་པས་སོ།།
སློབ་དཔོན་ཐོགས་མེད་ལ་མི་མང་བསླུ་བྲིད་དང་ཁ་གཡར་གྱིས་མགོ་སྐོར་བསམ་ཚུལ་མེད་དེ། གཞན་ལ་བརྩེ་བའི་བསམ་པ་དང་ལྡན་ལ་མན་ངག་མཁན་པོ་ཡིན་པས་སོ། །བརྩེ་བ་ལྡན་ཏེ། ཁྱི་མོ་སྨད་རུལ་གཅིག་གི་ཆེད་ཀྱང་རང་གི་བརླ་བཅད་པའི་་སྙིང་སྟོབས་གོ་ཆ་ལྡན་པས་སོ།།
ཀརྡོ་ཕྱག་གཉེར་པ་དང་བསྟན་འཛིན་རིག་ལྡན་གཉིས་ལགས།
སངས་རྒྱས་ཆོསས་ལུགས་པ་ཡིན་ན་ལྷ་ཀླུ་ཁས་ལེན་དགོས་བ་གཞུང་གང་ནས་འདུག སངས་ཆོས་ཀྱི་རྗེས་འཇུག་པ་ཡིན་ན་ལྟ་བ་དཀར་བཏགས་བཞི་ཡི་ཕྱག་རྒྱ་འམ། སྐྱབས་འགྲོ་ངོས་ལེན་བྱེད་དགོས་ཚུལ་གྲུབ་མཐའ་ཁག་ལས་གསུངས་ཀྱང་། ལྷ་ཀླུ་ཁས་ལེན་དགོས་བ་གོ་མ་སོང་ལགས། གཅིག་བྱས་ན་དེ་ནི་བཀའ་རྡོ་ཕྱག་གཉེར་པའི་ལུགས་ཀྱི་ཆོས་ལུགས་མིན་འགྲོ། ཨ་ལེ། རྩེད་མོ་ཡིན།
ཀླུ་སྒྲུབ་སྟོན་པ་ལས་ཀྱང་མཁས་མི་མཁས་ནི་མི་སོ་སོའི་འཇིག་རྟེན་གྱི་ལྟ་ཚུལ་དང་། ལྷག་པར་དུ་ཁོང་གཉིས་ཀྱི་བརྩམས་ཆོས་ཞིབ་བསྡུར་ལས་གཏན་ལ་འབེབ་རྒྱུ་ལས་གཞན་དུ་མེད། མཁས་བ་ནི་རིགས་སོ་སོའི་སྟེང་དུ་དབྱེ་ནས་ཁྱད་པར་འབྱེད་དགོས་བ་འདོད་ལ། འདོད་པས། སྟོན་པ་ལས་ལྷག་གི་འཇིག་རྟེན་ཐོག་མཁས་བ་མེད་པ་འདོད་ཚེ་མ་ངེས་ཏེ། དབྱིན་ཡིག་ལ་དབྱིན་མི་སྟོན་པ་ལས་མཁས་ཤིང་། བོད་ཡིག་ལ་བོད་མི་སྟོན་པ་ལས་མཁས་བ། དེ་བཞིན་ཉ་མོ་ཆུ་ལ་མཁས་བ་དང་ར་མ་རྩྭ་ལ་མཁས་བ། ཁྱི་གུ་དྲི་ལ་མཁས་དང་གཤན་པ་ཤ་ལ་མཁས་བ་སོགས་ཡོད་པས། མཁས་དང་མི་མཁས་ཟེར་ཡ་ནི་གཞི་བྱེ་བྲག་པ་ཞིག་ངོས་ཟིན་ནས་དཔྱད་བསྡུར་བྱ་ཡུལ་ལས་སྟོན་པ་ལས་ལྷག་པའི་མཁས་བ་མེད་འདོད་པ་ནི་ནོར་འཁྲུལ་གྱི་ཕུང་པོ་རུ་འདོད། མིན་ཏེ། སངས་ཆོས་ལ་སྟོན་པ་ལས་མཁས་བ་མེད་འདོད་ན་བཤད་དཀའ་ཞིང་། སྐབས་མང་པོར་དགེ་ཕྲུག་དགེ་རྒན་ལས་མཁས་བ་མང་དུ་བྱུང་ཡོད། ཆོས་ཕྱོགས་ནས་བཤད་ཀྱང་སྨྲ་བ་བར་སྡོད་མ་གཏོགས་སངས་རྒྱས་མ་ཐུབ་ཀྱང་མི་ལ་གཅིག་ལུས་གཅིག་སངས་རྒྱས་བ་འདོད་པ་ལྟར་རེད། དེ་བརྟེན། གནས་ཚུལ་འདི་སངས་ཆོས་ལྟར་ནའང་ཡར་མཚན་ཞིག་མིན་ཏེ། ཀླུ་སྒྲུབ་ཀྱང་སྟོན་པ་ལྟར་སངས་རྒྱས་བའི་ལོ་རྒྱུས་ཡོད་པས་སངས་རྒྱས་རྣམས་ལ་མཐོ་དམན་ཡོད་པ་སངས་གཞུང་གིས་ཀྱང་མི་འདོད། ཚན་རིག་ལྟར་ན་སྟོན་པས་གསར་དུ་བཏོད་ཅིང་ཀླུ་སྒྲུབ་ཀྱིས་སྟོན་གསུངས་དང་ཧིན་རྡིིའི་གསང་སྔགས་གཉིས་ཟླ་བསྒྲིགས་བཏང་ཏེ། དེ་གཉིས་གཅིག་སྦྲེལ་གྱིས་སངས་ཆོས་ཀྱི་གསང་སྔགས་གསར་བཏོད་མཛད་པས་ཀླུ་སྒྲུབ་སྟོན་པ་ལས་ཀྱང་མཁས་བ་རེད་ཅེས་བཤད་ཆོག ཡིན་ཏེ། སྤྱིར་བཏང་། གསར་བཏོད་ཀྱི་རྒྱུད་རིམ་ཁྲོད་དུ་རྗེས་མ་རྗེས་མ་སྔོན་མ་ལས་ལེགས་པས་ཡིན།
བྱམས་ཆོས་བྱམས་པའི་ཡིན་པ་ཐོགས་མེད་ཀྱི་མཁས་ཀྱིས་ཁས་བླངས་ཚུལ་གསུངས་བ་ནི་བདེན་ཡང་། ཐོགས་མེད་ཀྱིས་ཐམས་ཅད་བདེན་པ་སྨྲ་བའི་དཔང་པོ་གང་དུ་ཡོད་དམ། བརླ་ཤ་ཁྱི་མོ་སྤྲད་ཚུལ་དང་། ཁྱི་གཟུགས་བྱམས་མགོན་སྣང་ཚུལ་འདི་དག་ནི་ཁོང་ཚོས་འདོད་འདུན་ཐོག་འགྲོ་བྱེད་ཀྱི་ལྷ་སྒྲུང་གི་གཏམ་རྒྱུད་ཁོ་ན་ཡིན་པ་ལས་དངོས་ཡོད་དུ་ཡིད་རྟོན་བྱེད་མི་རུང་། ཡིན་ཏེ། བརླ་ནས་ཤི་བཅད་ཅིང་སྡུག་གྲིབ་དག་ཚུལ་གྱི་ཐབས་ཤེས་འདི་དག་ནི་གནའ་ཆོས་ཕལ་མོ་ཆེ་ཡི་ཤན་ཞུགས་ལྟར་རང་ཉིད་སྡུག་ལ་སྦྱར་བའམ། བླ་མའི་བྲན་འཁོར༼ཡག་ས་ནས་བཤད་ན་ཞབས་ཞུ༽བྱས་ན་སྡིག་པ་དག་ཚུལ་གྱི་ལྟ་བ་དང་མཚུངས་བས་ཡིན། འདིའི་རྩ་བའི་དམིགས་ཡུལ་ཡང་སྡིག་གྲིབ་དག་པ་ཁ་གཡར་ནས་མི་རྣམས་ཆོས་དཔོན་ཚོའི་བྲན་འཁོར་དུ་སྒྱུར་ཡ་རེད། དེ་བརྟེན། ཁོང་ཚོས་འདྲ་མཉམ་དང་ཐོབ་ཐང་། རང་དབང་དང་དྲང་བདེན་ཟེར་བ་སྨྲ་འདོད་དཀོན་ལ། གང་ཐུབ་ཀྱིས་སྦས་སྐོང་བྱེད་སྲིད། གལ་སྲིད་སྨྲས་བ་ཡིན་ན། སློབ་མ་རྣམས་ཀྱིས་རྩོད་ཐང་རྩོད་ཉེན་ཡོད་པས་རེད། ཐོབ་ཐང་རྩད་པ་ཡིན་ན་ཞབས་ཞུ་རྒྱུན་རིང་དུ་བྱེད་ཡ་ལ་དཀའ་ངལ་འཕྲད་པས་རེད། རྒྱུ་མཚན་དེ་དག་གི་རྐྱེན་གྱིས་ཆོས་ལུགས་ཀྱིས་༼ཆོས་སྲིད་ཟུང་འབྲེལ༽འཛམ་གླིང་ལོ་ངོ་སྟོང་ཕྲག་དུ་མར་དབང་སྒྱུར་བྱས་ཀྱང་། འདྲ་མཉམ་དང་གང་ཟག་སྒེར་གྱི་ཐོབ་ཐང་། རང་དབང་སོགས་ཡོང་ཐུབ་མེེད་ཅིང་། དེའི་ཚབ་ཏུ་སྙིང་རྗེ་དང་དམ་ཚིག གདུལ་བྱ་དང་ཞབས་ཞུ་སོགས་ལ་མཐོང་ཆེན་བྱས་བ་རེད།
རྣམ་པ་གཉིས་ཀྱིས་ཁ་སྣ་མི་རྩོད་པ་གང་ཐུབ་ཀྱིས་གནས་ལུགས་སྒོ་ནས་གསུངས་བཞིན་ཡོད་པ་ཡག་བྱུང་། དེ་བརྟེན། ལན་འདི་བྲིས་བ་ཡིན།
ཨ་ནུ་ཐང་བསོད་ནམས་ཀྱི་མ་རྩོམ་དང་། དེའི་འགྲེལ་པ་དང་མཆན་ལ་རྒྱུ་མཚན་རྩ་བ་ནས་མཐོང་མ་སོང་། ངས་ཆོས་ཕྱོགས་ཀྱི་འདོད་པ་དོར་ནས། དངོས་གཙོ་སྨྲ་བ་དང་། དམངས་གཙོའི་ལྟ་བ་དང་། སྒེར་གཙོ་རིང་ལུགས་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་སྤྱི་ཚོགས་འཆམ་མཐུན། སྤྱི་ཚོགས་རིང་ལུགས་སོགས་པ་གཞུང་ལུགས་སྒེར་པ་གང་གི་མེ་ལོང་ནས་བལྟས་ཀྱང་། ཁྱེད་ཀྱི་ལྟ་བ་དེ་ཨ་ཐད་ཅན་དང་། རྩོད་གཞི་ཅན། འཇིགས་སྐུལ་རིང་ལུགས་ཅན་ལས་གཞན་མཐོང་མ་ཐུབ།
རྒྱུ་མཚན་ནི་བཅུ་ཕྲག་ཡོད། དུས་ཚོད་མིན་འདུག རྡོག་རྡོག་འགའ་ཤས་སྟེར།
༡ འགྲོ་བ་མིའི་ཐོབ་ཐང་ལ་མི་ཚང་མར་ཆོས་དད་ཀྱི་རང་དབང་ཡོད་པས། འདིའི་རྩ་བ་དང་འགལ།
༢ དམངས་གཙོའི་སྙིང་ཏིག་གཏམ་བརྗོད་རང་དབང་དང་འགལ།
༣ སྤྱི་ཚོགས་ནང་གི་ཞི་བདེ་དང་འཆམ་མཐུན། ཆིག་སྒྲིལ་གཞི་རྩ་དང་འགལ།
ལྡོག་ཕྱོགས་ལ།
༡ དམར་གསོད་དང་ནང་དམེ་གཞི་བྱེད།
༢ རིག་གནས་གསར་བརྗེ་དང་ཆོས་ལུགས་འཁྲུག་ཟིང་གི་རྒྱུ་བྱེད།
༣ ཁྱོད་ཤི་ང་གསོན་གྱི་རྨང་གཞི་སྐྲུན་པར་བྱེད་པས། ངས་ཁྱེད་ཀྱི་ལྟ་བ་དེ་ལ་ངོ་རྒོལ་བྱས་པ་ཡིན།
ཞིབ་ཕྲ་དུས་ཁོམ་བྱུང་ན་ཁྱེད་སྒེར་ལ་ཡི་གེ་གཏོང་ཆོག
# 38 ཨ་ནུ་ལགས།
ནང་པའི་ཐོབ་བྱ་བདེ་འགྲོའི་ནང་ལ་ལྷ་དང་། ངན་འགྲོའི་ནང་ཀླུ་དུད་འགྲོའི་རིགས་ཡོད་པ་མང་པོར་གསུངས་པ་མ་གཟིགས་སམ། ལགས།
ལྟ་བ་དཀར་བཏགས་བཞི་ཡི་ཕྱག་རྒྱ་བཞིའི་ནང་ལ། ཟག་བཅས་ཐམས་ཅད་སྡུག་བསྔལ་བའི་ནང་ལ། ལྷའི་ཟག་བཅས་ཀྱི་སྡུག་བསྔལ་བསམ་དགོས་ལ།
སྐྱབས་འགྲོའི་ནང་ལ། ངན་འགྲོ་ཀླུ་རིགས་སུ་མི་སྐྱེ་བའི་ནུས་པ། དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་དད་པ་དཀོན་མཆོག་ཡོད་པ། འདི་ཡང་སྐྱབས་འགྲོའི་ཆ་ཤས་ཅིག་ཡིན་པར་འདོད་མི་དགོས་སམ། ལགས། ཨ་ནུ་ལགས།
བསམ་ཤེས་ལགས། ་ཆོས་དད་རང་དབང་ཟེར་བ་ནི་གཞན་ལ་མགོ་སྐོར་བཏང་རྒྱུའི་དོན་མ་རེད་ལ་ཆོས་བྱེད་པས་ཅི་འདོད་བྱེད་ཆོག་པའི་དོན་མ་རེད། དེ་ལྟར་ཡིན་ན་ཆོས་ལུགས་ཁ་ལ་ཁྱེར་ནས་མྱི་གསོད་དང་། ལྷ་སྲུང་རྩད་ནས་དམར་གསོད་བཏང་བ་འདི་དག་འགྲོ་བ་མིའི་ཐོབ་ཐང་དང་མཐུན་དགོས་ཀྱང་། དེ་ལྟར་མིན། ངས་ལྟས་ན་ཁྱེད་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཞེས་ནས་སྐད་ཆ་བཤད་པ་ལས་དོན་གྱིས་འགྲོ་ཕྱོགས་ཙམ་ཡང་མ་རྟོགས་པའི་སྐྱོན་དུ་ཁུམས། གཞན་གྱི་ཁྱེད་ཀྱི་སྐད་ཆ་དེ་དག་ནི་ཞེན་ཁོག་གི་སྐད་ཆ་ལས་ཅི་ཡང་མེད་པས། ཨུ་ཚུགས་ཀྱི་ཞེན་ཁོག་ནི་ཕྱོགས་ལྷུང་ཡིན་ལ། ཕྱོགས་ལྷུང་གི་སྐད་ཆ་ནི་དོན་གྱིས་སྤྱི་ཚོགས་དཀྲུགས་པའི་སྟ་རེ་རེད།
ཀརྡོ་ཡིས་བསམ་བློ་ས་ཡོད་པའི་སྐད་ཆ་གསུངས་འདུག གུས་ཞབས་ཡོད། ཡིན་ཡང་། གང་བཅས་ཀྱི་ལྷ་རིགས་ཀྱི་སྡུག་ངལ་བསམ་དགོས་ཚུལ་ཡོད་པ་བདེན་ཡང་། ཆོས་གཞུང་ནས་ཡོད་པ་ཐམས་ཆད་ཡོད་དགོས་ན་མངོན་པ་མཛོད་ཀྱི་འཇིག་རྟེན་ཆགས་སྟངས་དང་། ས་སྒང་གི་དབྱིབས་གཟིགས་དེ་དག་ཁས་ལེན་དགོས་ཤིང་། དགོས་ན་ས་སྒང་ཡང་རིལ་བུ་ཡིན་པ་ངོས་ལེན་བྱེད་མི་ཐུབ་པས་ཡོད་དངོས་དང་འགལ་བ་རེད། མ་ཟད་མཛོད་དུ་བཤད་པའི་འཇིག་རྟེན་ཆགས་ཚུལ་ཡང་རྒྱ་གར་གྱི་ཧིན་དྷིའི་ཆོས་ལུགས་ཀྱིས་ས་སྒང་དང་འགྲོ་བ་རིགས་དྲུག་ལ་འགྲེལ་བཤད་རྒྱག་སྟངས་ཕལ་ཆེར་གཅིག་མཚུངས་ཡིན། ཁོང་ཚོས་འཛམ་གླིང་ཟེར་བའང་རྒྱ་གར་གྱི་ཉེར་ཁོར་ལས་གཞན་དུ་ཤེས་ཀྱི་མེད་ལ། རི་རྒྱལ་ཡང་མཐའ་ཐུག་ན་ཧི་མ་ལ་ཡིན། ལྷ་གནས་ཀྱང་ཀེ་ལ་ཤ་ཡིན། དེ་བརྟེན། གནས་དེ་ནི་དབང་ཕྱུག་གི་ཕོ་བྲང་ཆགས་པ་རེད། མདོར་ན། ཆོས་གཞུང་དུ་ལྷ་ཡུལ་ཟེར་བ་ནི་སྐབས་དེའི་ནར་མ་སོན་པའི་གནའ་བོའི་རྒྱ་གར་གྱི་འཇིག་རྟེན་ལྟ་སྟངས་ཀྱི་སྟེང་ནས་གྲུབ་པ་རེད།
བསམ་ཤེས་ལགས། ཆོས་ལུགས་རྟག་མཐའ་ལྷུང་མཁན་ནི་ཆོས་ལུགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པ་དང་ཆོས་ལུགས་ཀྱི་གཅིག་བསྡུ་རིང་ལུགས་པ། ཆོས་ལུགས་ཀྱི་གཉའ་གནོན་རིང་ལུགས་པ་སོགས་ཡོད་པས་ཆོས་ལུགས་ཡིན་ན་འགྲོ་བ་མིའི་ཐོབ་ཐང་བརྩི་མཁན་ཡིན་པས་ཁྱབ་བ་མ་རེད། དེ་ལས་ལྡོག་སྟེ། སྐུ་དབང་ལམ་ལུགས་ཀྱི་བངའ་བདག་གཙོ་བ་ནི་ཆོས་ལུགས་ཀྱིས་བསྐྲུན་པ་རེད། དེ་ལྟར་བཤད་པ་ཐུགས་ལ་ཕོགས་ན་དགོངས་དག་ཡོད།
ཤེས་རབ་སྙིང་པོའི་གླེང་གཞིའི་སྤྱན་རས་གཟིགས་ལྷ་སྐུ་རྣམ་ཅན་ཡིན་ལ། སྤྱིར་བཏང་ལྷ་ཡོད་པ་ཤིན་ཏུ་ལྐོག་གྱུར་རང་ཡིན་ནམ། ཅུང་ཟད་ལྐོག་གྱུར་ཏེ་མ་དམིགས་པའི་རྟགས་ལས་སྒྲུབ་དགོས་སྙམ། ལུང་དང་ལོ་རྒྱུས་ལས་སྒྲུབ་ཀྱང་རྟགས་ལས་སྒྲུབ་དགོས་ཚེ་མ་དམིགས་པ་རང་ཡིན་སྙམ་མོ།།ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པ་ཞེས་འགྲོ་བ་རིགས་དྲུག་དང་། དམྱལ་བ་ཡི་དགས་ཀྱང་ཡོད་ཆོག་པས་དེ་ལྟར་མེད་པར་མཐའ་ཆོད་ཐུབ་བམ།
བོད་ཀྱི་ནང་ཆོས་བཤད་དུས་མི་ཆོས་ཙམ་མིན་པར་ལྷ་ཆོས་ཀྱང་ངེས་པར་འདོད་དགོས་ཏེ། ལྷ་ཆོས་དགེ་བ་བཅུ་ངེས་པར་ཡོད་ལ། མངོན་མཐོ་ལྷ་མིའི་གོ་འཕང་ཡང་ངེས་པར་ཡོད་དེ། དེའི་རྒྱུ་ཚོགས་ཚང་ན་སྐྱེ་ངེས་ཡིན་ལ། མི་དང་དུད་འགྲོ་ཕྱི་འཕོ་ན་སླར་ཡང་ལྷར་སྐྱེ་བ་ཡོད་ལ། མི་ཆོས་གོང་ན་རིངལུགས་གཞན་ཞིག་ངེས་པར་ཡོད་དགོས་པས་སོ།།
དེ་ལྟར་མིན་ན། མཆོག་གི་སྤྲུལ་སྐུའི་སྤྲུལ་གཞི་ངེས་པ་ལྔ་ལྡན་ཇི་ལྟར་འཇོག སྤྲུལ་སྐུ་ལོངས་སྐུས་སྤྲུལ་ཞིང་ལོངས་སྐུ་ཆོས་སྐུ་ལ་བརྟེན་ནས་བྱུང་ལ། ཆོས་སྐུ་ཆོས་ཉིད་ཀྱི་གནས་ལུགས་གཏན་ལ་ཕབ་པ་ལས་བྱུང་ན། ཆོས་ཉིད་གཏན་ལ་འབེབས་པའི་རིགས་
ཚོགས་ཀྱི་བྲོ་བ་དང་བཀའ་དྲིན་ཆེན་པོ་མཐོང་སྲིད། དེས་ན་སྟོང་ཉིད་ཀྱི་རིགས་པ་དང་ཚད་མའི་བདེན་བཞི་གཏན་ལ་འབེབས་སྐབས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཞེས་སོགས་དང་འབྲེལ་སྐྱེ་བ་སྔ་ཕྱི་དང་རིག་པ་ཡོད་པ་སྒྲུབ་ཚུལ་ཆེན་པོ་དབུ་ཚད་
ཀྱི་རིགས་ལམ་ལ་བརྟེན་པས། མཐར་གཏུགས་ན་རིགས་ཚུལ་ལ་བརྟེན་པ་གསལ་པོ་མིན་འདུག་གམ།
ཆོས་རྣམས་ཀྱི་གནས་ལུགས་གཏན་ལ་ཕབ་མ་ཟིན་པའི་མཚན་རིག་པ་དང་འབྱུང་རབས་སྨྲ་བའི་འདོད་ཕྱོགས་ནས་ལོ་རྒྱུས་དང་གནའ་རྫས་དཔང་རྟགས་ཙམ་ལ་བརྟེན་ན། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་རུས་ལས་ཁོང་གླིང་འདིར་ནམ་ཞིག་འཁྲུངས་གསལ་གཏོད་བྱ་ཐུབ་མོད། ཡུམ་གྱི་ལྷུམས་སུ་མ་ཞུགས་གོང་གི་གནས་ཚུལ་དཔྱད་ཞིབ་མི་ཐུབ་སྟེ། དེ་དག་འཕྲུལ་ཆས་རིག་པས་གཏན་ལ་འབེབས་མི་ཐུབ་པས་སོ།།ཇི་སྲིད་རིག་པ་སྔ་མའི་རྒྱུན་གྱི་སྐད་ཅ་བཤད་མ་ཐུབ་པར་གནས་བབ་དེ་དག་དང་ཁ་གྱེས་ནས་ཡོད་པར་སེམས་སོ།།
སྒྲིབ་སྦྱོང་བྱེད་ཡས་ཡོད་དེ་སྟོང་ཉིད་གོམས་པས་ཆོས་ཉིད་སྒྲིབ་པའི་སྒྲིབ་པ་སེལ་ཡས་ཡོད་ལ། བྱང་སེམས་གོམས་རང་གཅེས་འཛིན་སེལ་ཐབས་ཡོད་ལ། མི་རྟག་པས་རྟག་པ་སོགས་དེ་ལ྄ཏར་ཡོད་ལ། མཐོང་ལམ་གྱིས་སྒྲིབ་པ་མངོན་གྱུར་སེལ་ནས་གོམས་ལམ་གྱིས་བག་ཆགས་དང་བཅས་པ་སྤོང་ཐབས་ཡོད་པ་མཁྱེན་གསལ་རེད། གང་ཟག་དམིགས་བསལ་ཅན་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེས་སྡིག་སྒྲིབ་སྦྱོང་ཚུལ་ནི་ཚེ་དང་སྒྲུབ་པ་མཉམ་པར་མཛད་པ་དག་གི་རྣམ་པར་ཐར་པ་དག་ཀྱང་ཁུངས་མེད་རང་ཨེ་ཡིན།
ཆོས་སྲིད་ཅེས་པའི་སྐབས་སྲིད་དོན་གྱི་བཀའ་མོལ་ལ་སླེབས་པ་རེད་སྙམ། ང་རང་གི་བསམ་པར་ཆོས་སྲིད་ཟུང་འབྲེལ་ཞེས་འཇིག་རྟེན་སྐ྄ོུང་ཐབས་དེ་ངེས་པར་ཡོད་ཆོག་ལ། འགལ་འདུ་གང་ཡང་མ་མཐོང་། ཆབ་སྲིད་ཅེས་ཆབ་འབངས་སྐྱོང་ཚུལ་དང་ཆོས་བར་འགལ་འདུ་མེད་རུང་། སྲིད་དོན་ནག་པོ་དང་ཆོས་ནག་པོས་བར་ཆད་འགལ་འཛོལ་མང་དྲག་ནས་ཆོས་སྲིད་ཟུང་འབྲེལ་ཡག་པོ་ཞིག་བསྐྱངས་ཐུབ་མེད་སྙམ། གང་ལྟར་འཇིག་རྟེན་འཁོར་བ་འདིར། མང་གཙོ་དང་སྤྱི་མཐུན་རིང་ལུགས། དམར་པོ་དང་སྤྱི་ཚོགས་རིང་ལུགས། ཆོས་སྲིད་རིང་ལུགས། ཆོས་བཅས་རིང་ལུགས་གང་གིས་ཀྱང་ཐམས་ཅད་ནས་ཐམས་ཅད་ལེགས་པར་མཉམ་ཉིད་ཉེ་རིང་མེད་པར་ཇི་བྱ་ཐུབ་བམ། གང་ཞིག་ལ་ལེགས་ཆ་མང་བ་དེ་ག་གདམ་གསེས་བྱ་རྒྱུ་ཉིད་ཐམས་ལམ་མད་པར་སྣང་ངོ།།།།
ཨ་ནུ་ལགས།
ཆོས་མངོན་པ་མཛོད་གསུངས་མཁན་སངས་རྒྱས་མིན་པར། མཛད་མཁན་་སློབ་དཔོན་དབྱིག་གཉེན་རེད། ནང་པའི་སློབ་དཔོན་ཅིག་གི་གསུང་གི་བརྗོད་བྱ་དེ། དེ་སངས་རྒྱས་ཀྱི་གསུང་གི་དགོངས་པ་མཐར་ཐུག་པར་འདོད་ན་ཅུང་ཟད་ཐལ་དྲགས་པ་མིན་ནམ། ལགས། ཨ་ནུ་ལགས། ཡང་སྐྱར་ཅིག སོམས་ཤིག
ཀརྡོ་ལགས།
ཁྱེད་ཀྱིས༼གལ་སྲིད་ཁྱེད་རང་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཅིག་ཡིན་ན། བྱམས་ཆོས་སྡེ་ལྔ། ལྷ་བྱམས་པ་མགོན་པོས་མཛད་པ་དང་། མགོན་པོ་ཀླུ་སྒྲུབ་ཀླུ་ཡལ་དུ་ཕེབས་པ་སོགས་ཁས་བླངས་དགོས། ༽ཟེར། ཁྱེད་ཀྱིས་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་བསྟན་བཅོས་དེ་དག་སངས་རྒྱས་ཀྱི་དགོངས་བ་འདོད་ཀྱང་། དབྱིག་གཉེན་གྱི་བརྩམས་ཆོས་དེ་དག་སྟོན་པའི་དགོངས་བ་མཐའ་ཐུག་ཏུ་མི་འདོད་པས། དེ་གཉིས་ལ་ཕྱོགས་ལྷུང་བྱས་བ་ནི་དྲང་བདེན་མ་རེད་སྙམ། རྒྱུ་མཚན་ནི། ཐེག་ཆེན་སྟོན་པས་གསུངས་མེད་པ་མ་ཟད། སྟོན་པའི་ཉན་ཐོས་རྣམས་ཀྱིས་ཐེག་ཆེན་སྟོན་པའི་བཀའ་ལ་མི་འདོད་པས། སྟོན་པ་ལ་མཇལ་མ་མྱོང་བའི་ཀླུ་སྒྲུབ་སོགས་ཀྱིས་ཅི་ལྟར་སྟོན་དགོངས་ཡིན་པ་རྟོགས་པ་རེད་དམ། བདེན་དཔང་ཅི་ཡོད། མཐའ་ཐུག་ན་བདེན་དཔང་ཉིད་ཀྱི་ཞེན་འདོད་མི་བྱེད་པའི་རེ་བ་ཡོད།
མཛོད་ལུགས་ཀྱི་ལྷ་ཡུལ་མི་འདོད་ན་ཤཱཀྱ་ཐུབ་པའི་དགོངས་པའི་ལྷ་ཡུལ་དེ་ག་འདྲ་རེད་དམ། ཞིབ་སྲ་གསུངས་བའི་རེ་བ་ཡོད།
མཛོད་ལས།
དེ་བཞིན་གཟུགས་མེད་ཕུང་པོ་བཞི། །
གསུངས་པ་ལྟར། གཟུགས་མེད་ཀྱི་ལྷ་དང་འདོད་ཕྱིན། གཟུགས་ཁམས་ཀྱི་ལྷ་དང་། འདོད་ལྷ་སོགས་འདོད་པ་བཤད་མི་དགོས་པ་རེད།
སངས་རྒྱས་ཀྱིས་ཀྱང་།
འདོད་ལྷ་རིགས་དྲུག གཟུགས་ཁམས་ཀྱི་གནས་བཅུ་དྲུག་གམ་བཅུ་བདུན་དང་། གཟུགས་མེད་ཀྱི་ལྷ་རིགས་བཞི་སོགས་གསུངས་ཡོད་རེད།
གསང་སྔགས་ལ་དད་མོས་ད་ཕར་ཞོག ཐེག་ཆེན་ཡང་དད་མོས་ཐོབ་རྒྱུ་ལས་སླ་མོ་ཅིག་མིན་ཏེ། སློབ་སློབ་དབྱིག་གཉེན་ཀྱང་། ཐོག་མར་ཐེག་ཆེན་གྱི་ཆོས་ལ་དམོད་མཁན་ཅིག་ཡིན་པ་རེད། དེ་དག་ཚང་མ་ལ་སློབ་སྦྱོང་ཅིག་གྱིས་དང་། ཨ་ནུ་ཐང་བསོད་ནམས་ལགས།
46 བསྟན་འཛིན་རིགས་ལྡན་་ལགས།
༡༽ ༼ཤེས་རབ་སྙིང་པོའི་གླེང་གཞིའི་སྤྱན་རས་གཟིགས་ལྷ་སྐུ་རྣམ་ཅན་ཡིན་ལ། སྤྱིར་བཏང་ལྷ་ཡོད་པ་ཤིན་ཏུ་ལྐོག་གྱུར་རང་ཡིན་ནམ། ཅུང་ཟད་ལྐོག་གྱུར་ཏེ་མ་དམིགས་པའི་རྟགས་ལས་སྒྲུབ་དགོས་སྙམ། ལུང་དང་ལོ་རྒྱུས་ལས་སྒྲུབ་ཀྱང་རྟགས་ལས་སྒྲུབ་དགོས་ཚེ་མ་དམིགས་པ་རང་ཡིན་སྙམ་མོ།།ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པ་ཞེས་འགྲོ་བ་རིགས་དྲུག་དང་། དམྱལ་བ་ཡི་དགས་ཀྱང་ཡོད་ཆོག་པས་དེ་ལྟར་མེད་པར་མཐའ་ཆོད་ཐུབ་བམ།༽
འགྲོ་བ་རིགས་དྲུག་ཟེར་བ་ནི་སངས་ཆོས་ཀྱིས་འཇིག་རྟེན་ངོ་སྤྲོད་བྱེད་སྐབས་ཡོད་ཚད་ལ་ཆ་རྒྱུས་ཡོད་ཅིང་། རྣམ་མཁྱེན་་ཡོད་མདོག་གིས་སྡོམ་ཚིག་བཀོད་པ་ལས། དོན་དངོས་འགྲོ་བ་རིགས་དྲུག་ལས་མང་དུ་དབྱེ་ཆོག་ལ་ཉུང་དུའང་དབྱེ་ཆོག དེ་ནི་གནས་འགག་མ་རེད། སངས་ཆོས་ཀྱིས་དོན་དངོས་འགྲོ་བ་རིགས་དྲུག་གི་གནས་ཚུལ་ཇི་ལྟར་མཁྱེན་ཐུབ་ན། ཅིས་ཕྱིར་སངས་རྒྱས་ཀྱིས་སྐབས་དེར་ཡི་གེ་མ་བརྩམས་པའམ་བརྩམས་མ་ཐུབ་པ་རེད། ཡི་གེ་བརྩམས་མ་ཐུབ་པས་སངས་གསུངས་ཉན་ཐོས་རྣམས་ཀྱིས་བློ་ལ་རྒྱུན་རིང་ཉལ་ཕྱིར། མདོ་གསུངས་མཐའ་དག་ཉན་ཐོས་ཀྱི་ཤན་ཞུགས་མེད་པ་སངས་རྒྱས་ཀྱི་དགོངས་པ་རྣལ་མ་ཡིན་པ་ཡིད་ཆེས་བྱེད་དཀའ་ལ། མེད་པ་ཉན་ཐོས་རྣམས་ཀྱིས་སངས་གསུང་ཡིན་མིན་གྱི་བདེན་རྫུན་བརྩད་ནས་སྡེ་བ་བཅོ་བརྒྱད་དུ་གྱུར་བ་དེས་གསལ་བཤད་བྱས་ཡོད། རྒྱུ་མཚན་ནི། ཉན་ཐོས་སོ་སོའི་རང་རང་དང་མཐུན་པའི་སངས་གསུངས་རེ་བཟོས་བས་ཕན་ཚུན་ལ་ཡིད་ཆེས་མེད་པས་རྩོད་པ་ཐུག་པ་རེད། མ་ཟད་ལྷ་འདྲེ་འདི་དག་ནི་སྐབས་དེ་དུས་ཀྱི་འཇིག་རྟེན་ལྟ་སྟངས་ཤིག་ལས། སངས་ཆོས་ཁོ་ནའི་དགོངས་བ་མིན་པས་ལྷ་འདྲེ་ཁས་ལེན་མིན་ནི་སངས་ཆོས་དང་འབྲེལ་བ་དེ་ཙམ་མེད་ལ། ཡོད་པ་ཨུ་ཚུགས་བྱས་ན་དགོས་བ་མཐོང་། གསལ་བཤད་ཞུ་ཡ་ཞིག་ལ་ངས་གོང་དུ་བཤད་པ་བཞིན་ལྷ་འདྲེ་ཟེར་ནས་ཆོས་ལུགས་སོ་སོའི་གཞུང་ལུགས་ལས་གསུངས་བ་ལྟར་ཡོད་པ་ཡིད་ཆེས་མེད་ལ། ཆོས་ལུགས་དཔོན་དེ་དག་ལ་གཟུགས་ཅན་དངོས་བོ་ཐམས་ཅད་ཇི་བཞིན་རྟོགས་པའི་དཀའ་ངལ་ཡོད་པ་གོང་དུ་བཀོད་པ་ལྟར་མཐོང་ཆོས་ཡིན་པས། གཟུགས་འདས་དངོས་བོ་དེ་བས་ཀྱང་ཇི་མ་ཇི་བཞིན་དུ་རྟོགས་པའི་ནུས་བ་ཡོད་པ་ཡིད་ཆེས་མེད།
༢༽༼བོད་ཀྱི་ནང་ཆོས་བཤད་དུས་མི་ཆོས་ཙམ་མིན་པར་ལྷ་ཆོས་ཀྱང་ངེས་པར་འདོད་དགོས་ཏེ། ལྷ་ཆོས་དགེ་བ་བཅུ་ངེས་པར་ཡོད་ལ། མངོན་མཐོ་ལྷ་མིའི་གོ་འཕང་ཡང་ངེས་པར་ཡོད་དེ། དེའི་རྒྱུ་ཚོགས་ཚང་ན་སྐྱེ་ངེས་ཡིན་ལ། མི་དང་དུད་འགྲོ་ཕྱི་འཕོ་ན་སླར་ཡང་ལྷར་སྐྱེ་བ་ཡོད་ལ། མི་ཆོས་གོང་ན་རིངལུགས་གཞན་ཞིག་ངེས་པར་ཡོད་དགོས་པས་སོ།།༽
ངས་གཟུགས་ཅན་ལས་འདས་བའི་གཟུགས་མེད་ཀྱི་སྲོག་ཆགས་ཡོད་པ་བདེན་དཔང་མེད་པའི་རྗེས་དཔགས་ཀྱི་ཡིད་ཆེས་ཡོད་ཀྱང་། དེ་དག་ཆོས་གཞུང་ལས་གསུངས་བ་ལྟར་ཡིན་པའི་ཡིད་ཆེས་གཏན་མེད་པས་ལྷ་ཀླུ་གསོ་ཡ་སོགས་ནི་གནའ་བོའི་རྨོངས་ཆོས་ལས་གཞན་དུ་མ་མཐོང་། མི་ཡིས་ལྷ་ཀླུ་གསོ་ཚུལ་དང་ལྷ་ཀླུས་མི་ལ་གདོང་གྲོགས་མཛད་ཚུལ་སོགས་ནི་གནའ་བོའི་དབང་སྒྱུར་བས་མི་མང་མགོ་སྐོར་བཏང་བྱེད་ཀྱི་ཡོ་བྱད་ཅིག་ལས་གཞན་དུ་མེད། ཡིན་ཏེ། ལྷ་ཀླུ་ལ་བརྟེན་མཁན་གྱི་རྒྱལ་ཁབ་དང་མི་རིགས་ཀུན་རྗེས་ལུས་ནས་ཡང་ལུས་དང་། ཕམ་ཉེས་ལས་རྩ་མེད་དུ་འགྲོ་བའི་གནས་ཚུལ་དེའི་བདེན་དཔང་བྱས་བས་ཡིན། གལ་སྲིད་ལྷ་ཀླུ་ཡིས་གདོང་གྲོགས་བྱེད་ཐུབ་ན་དེ་ལྟར་གྱུར་དགོས་དོན་མེད། གཞན་ཡང་། བསང་གསུར་སོགས་ཀྱི་དྲི་ཟ་ལ་ཕན་ཚུལ་བཤད་པ་ནི་མགོ་སྐོར་གྱི་ཐབས་ལམ་ཞིག་ལས་དོན་དངོས་ལྷ་ཀླུ་ལ་ཕན་པའི་བདེན་དཔང་དཀོན་ལ། དངོས་རྫས་མེ་སྲེགས་བཏང་བས་དཔལ་འབྱོར་གྱི་གྱོང་གུད་དང་། བསོད་ནམས་ལ་གནོོད་ངེས་རེད། དེ་ལས་དེ་དག་དབུལ་བོ་དང་ཉམ་ཐག་ལ་སྤྲད་ན་ཕན་ཐོགས་ཡོད་པ་དངོས་འབྲེལ་རེད།
༣༽༼དེ་ལྟར་མིན་ན། མཆོག་གི་སྤྲུལ་སྐུའི་སྤྲུལ་གཞི་ངེས་པ་ལྔ་ལྡན་ཇི་ལྟར་འཇོག སྤྲུལ་སྐུ་ལོངས་སྐུས་སྤྲུལ་ཞིང་ལོངས་སྐུ་ཆོས་སྐུ་ལ་བརྟེན་ནས་བྱུང་ལ། ཆོས་སྐུ་ཆོས་ཉིད་ཀྱི་གནས་ལུགས་གཏན་ལ་ཕབ་པ་ལས་བྱུང་ན། ཆོས་ཉིད་གཏན་ལ་འབེབས་པའི་རིགས་
ཚོགས་ཀྱི་བྲོ་བ་དང་བཀའ་དྲིན་ཆེན་པོ་མཐོང་སྲིད། དེས་ན་སྟོང་ཉིད་ཀྱི་རིགས་པ་དང་ཚད་མའི་བདེན་བཞི་གཏན་ལ་འབེབས་སྐབས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཞེས་སོགས་དང་འབྲེལ་སྐྱེ་བ་སྔ་ཕྱི་དང་རིག་པ་ཡོད་པ་སྒྲུབ་ཚུལ་ཆེན་པོ་དབུ་ཚད་
ཀྱི་རིགས་ལམ་ལ་བརྟེན་པས། མཐར་གཏུགས་ན་རིགས་ཚུལ་ལ་བརྟེན་པ་གསལ་པོ་མིན་འདུག་གམ།༽
ཆོས་ལོངས་སྐུ་གསུམ་སོགས་ཀྱི་འཇོག་སྟངས་འདི་དག་ནི་སངས་ཆོས་ཀྱི་དགོངས་བ་ཡིན་པ་བདེན་ཡང་། དེ་དག་བདེན་མིན་དང་ཚན་རིག་དང་མཐུན་མིན། དེ་ལྟར་ཐོབ་ཡ་ཡོད་པ་ཡོད་མེད་བཅས་ནི་རྩོད་གཞི་དང་ཞིབ་འཇུག་གི་གནས་ལས་ཡིད་ཆེས་བྱེད་ཆོག་ཆོག་ཅིག་ཏུ་མ་མཐོང་། རྒྱུ་མཚན་ནི། ཆོས་ལུགས་གསར་བཏོན་མཁན་པོ་ཡེ་ཤུ་དང་མ་ནི། དབང་ཕྱུག་་སོགས་ཀྱིས་རང་ཉིད་ལྷའམ་དཀོན་མཆོག་གི་མངགས་པའི་ཕོ་ཉ་འམ་སྤྲུལ་པ། ཐུགས་རྒྱུད་གཅིག་ཚུལ་སོགས་ཀྱི་ཐབས་ལམ་སྣ་ཚོགས་རྒྱུད་ནས་ཡོང་ཕྱིར། སངས་ཆོས་ཀྱི་སྐུ་གསུམ་འཇོག་སྟངས་དང་། སྤྲུལ་སྐུ་ངོས་ལེན་བྱེད་ཚུལ་སོགས་ཀྱང་དེ་དག་དང་རིག་པ་མགོ་མཚུངས་ཡིན། དཔེར་ན། ལོངས་སྐུ་དང་ཆོས་ལུགས་གཞན་གྱིས་གསུངས་བའི་དཀོན་མཆོག་གམ་གཙོ་ལྷ་གཉིས་འདྲ་མཚུངས་ཡིན་ལ། ཆོས་སྐུ་དང་ཆོས་ལུགས་གཞན་གྱིས་འདོད་པའི་དཀོན་མཆོག་གི་སྐད་སྐུར་གཉིས་འདྲ་མཚུངས་ཡིན། སྤྲུལ་སྐུ་དང་ཆོས་ལུགས་གཞན་གྱིས་འདོད་པའི་ཕོ་ཉའམ་སྤྲུལ་བ་གཉིས་འདྲ་མཚུངས་ཡིན་པས་ཡིན། ཡིན་ཡང་། ལས་འབྲས་ཀྱི་རྣམ་བཞག་དང་འབྲས་བུ་ཆོས་སྐུ་འགྲུབ་ཚུལ་གྱི་རིག་པ་འདི་དག་ཆོས་ལུགས་གཞན་ལས་སངས་ཆོས་རྡབ་འགྱུར་གྱིས་གནས་ཚུལ་དང་རྒྱུ་མཚན་གྱིས་ཕྱུགས་ཤིང་སྔོན་ཐོན་ཡིན་པ་བདེན་པར་མཐོང་། དེ་ནི་ངས་ཕྱོགས་རིས་བྱས་བ་མིན་པ་འདོད།
༤༽༼ཆོས་རྣམས་ཀྱི་གནས་ལུགས་གཏན་ལ་ཕབ་མ་ཟིན་པའི་མཚན་རིག་པ་དང་འབྱུང་རབས་སྨྲ་བའི་འདོད་ཕྱོགས་ནས་ལོ་རྒྱུས་དང་གནའ་རྫས་དཔང་རྟགས་ཙམ་ལ་བརྟེན་ན། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་རུས་ལས་ཁོང་གླིང་འདིར་ནམ་ཞིག་འཁྲུངས་གསལ་གཏོད་བྱ་ཐུབ་མོད། ཡུམ་གྱི་ལྷུམས་སུ་མ་ཞུགས་གོང་གི་གནས་ཚུལ་དཔྱད་ཞིབ་མི་ཐུབ་སྟེ། དེ་དག་འཕྲུལ་ཆས་རིག་པས་གཏན་ལ་འབེབས་མི་ཐུབ་པས་སོ།།ཇི་སྲིད་རིག་པ་སྔ་མའི་རྒྱུན་གྱི་སྐད་ཅ་བཤད་མ་ཐུབ་པར་གནས་བབ་དེ་དག་དང་ཁ་གྱེས་ནས་ཡོད་པར་སེམས་སོ།།༽ ངས་ཚན་རིག་གི་སྐད་ཆ་མཐའ་དག་ལ་ཡིད་ཆེས་བྱེད་ཀྱི་མེད། སུས་བདེན་དཔང་སྤྲད་ཅིང་བདེན་པ་སྨྲས་ཚེ་ཡིད་ཆེས་བྱེད་ངེས་ཡིན། འོན་ཀྱང་། ཚན་རིག་པས་གཏན་ལ་ཕབ་པའི་གནས་ཚུལ་ལ་ཚད་བཀག་མེད་ཅིང་བདེན་པ་མཐོང་ཚེ་དེ་སྔོན་གཏན་ལ་ཕབ་པའི་སྡོམ་ཚིག་ལ་འགྱུར་བ་བཏང་ཆོག་པ་འང་ང་ཚོས་ཤེས་དགོས་བའི་གནས་སུ་མཐོང་།
༥༽༼སྒྲིབ་སྦྱོང་བྱེད་ཡས་ཡོད་དེ་སྟོང་ཉིད་གོམས་པས་ཆོས་ཉིད་སྒྲིབ་པའི་སྒྲིབ་པ་སེལ་ཡས་ཡོད་ལ། བྱང་སེམས་གོམས་རང་གཅེས་འཛིན་སེལ་ཐབས་ཡོད་ལ། མི་རྟག་པས་རྟག་པ་སོགས་དེ་ལ྄ཏར་ཡོད་ལ། མཐོང་ལམ་གྱིས་སྒྲིབ་པ་མངོན་གྱུར་སེལ་ནས་གོམས་ལམ་གྱིས་བག་ཆགས་དང་བཅས་པ་སྤོང་ཐབས་ཡོད་པ་མཁྱེན་གསལ་རེད། གང་ཟག་དམིགས་བསལ་ཅན་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེས་སྡིག་སྒྲིབ་སྦྱོང་ཚུལ་ནི་ཚེ་དང་སྒྲུབ་པ་མཉམ་པར་མཛད་པ་དག་གི་རྣམ་པར་ཐར་པ་དག་ཀྱང་ཁུངས་མེད་རང་ཨེ་ཡིན།༽
བྱམས་སེམས་ཀྱིས་བདག་འཛིན་ཉུང་དུ་བཏང་ཐུབ་པ་བདེན་ཡང་དེ་ལས་ཀྱང་གལ་ཆེ་བ་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན། བདག་མེད་རྟོགས་པའི་ཤེས་རབ་མེད་ན་བདག་མེད་པ་ར་མི་འཕྲོད་ཅིང་བདག་འཛིན་གྱི་རྩ་བ་གཅོད་མི་ཐུབ་པས། རྐྱེན་དང་འཕྲད་ན་སླར་ཡང་ཡོང་བས་རྩ་མེད་ནམ་ཡང་བཟོ་མི་ཐུབ། མ་ཟད་སྔགས་ལུགས་ལྟར་ན་མིའི་ལུས་ཕུང་ལ་འགྱུར་བ་མ་ཕྱིན་པ་བར་དུ་འདོད་ཆགས་ཞེ་སྡང་སོགས་སྐྱེས་སའི་དབང་རྩ་་ཡོད་པས་རྩ་མེད་དུ་བཏང་ཐུབ་པ་ངོས་ལེན་མེད། དེ་ནི་སངས་ཆོས་ཀྱི་དགོངས་བ་རེད་ལ་ཉན་ཚེ་གནས་ལུགས་དང་མཐུན་པ་འདོད། འོན་ཀྱང་། དོན་དངོས་དབང་རྩ་ལ་འགྱུར་བ་བཏང་ཏེ་ཆགས་སྡང་རྨོངས་གསུལ་སྐྱེས་ཡུལ་བཀག་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་རྟེན་ནས་བདག་འཛིན་མེད་པ་བཏང་ཐུབ་ཡ་ཡོད་དམ། རྒྱུ་མཚན་ནི། བདག་འཛིན་དང་ཆགས་སྡང་རྨོངས་གསུམ་འགྲོ་བ་མི་འཚོ་གནས་ཀྱི་ཆེད་དུ་ལྷན་སྐྱེས་སུ་ཡོད་པས། ལྷན་སྐྱེས་ཀྱི་དངོས་བོ་དེ་དག་མེད་ན། མིའི་འཚོ་གནས་ལ་དཀའ་ངལ་འཕྲད་པ་འདོད། མ་ཟད་གྲུབ་མཐའ་སོ་སོའི་བདག་མེད་རྟོགས་ཐབས་ཀྱི་ཐབས་ལམ་མི་འདྲ་ཞིང་བདག་མེད་ངོས་འཛིན་བྱེད་སྟངས་ཀྱང་མི་འདྲ་བས་སུ་ལ་ཡིད་རྟོན་བྱེད་དགོས། ཡིད་རྟོན་བྱེད་ཡ་ཡང་ལས་སླ་པོ་ཞིག་མིན་པ་མི་ཞིག་ལ་མཚོན་ན་མི་ཚེ་གཅིག་གི་ལམ་ཁ་རེད། ལམ་ཁ་ནོར་ན་ཚེ་གང་ཆུ་ཟོས་སུ་ཕྱིན་པ་མིན་ནམ།
༦༽༼ཆོས་སྲིད་ཅེས་པའི་སྐབས་སྲིད་དོན་གྱི་བཀའ་མོལ་ལ་སླེབས་པ་རེད་སྙམ། ང་རང་གི་བསམ་པར་ཆོས་སྲིད་ཟུང་འབྲེལ་ཞེས་འཇིག་རྟེན་སྐ྄ོུང་ཐབས་དེ་ངེས་པར་ཡོད་ཆོག་ལ། འགལ་འདུ་གང་ཡང་མ་མཐོང་། ཆབ་སྲིད་ཅེས་ཆབ་འབངས་སྐྱོང་ཚུལ་དང་ཆོས་བར་འགལ་འདུ་མེད་རུང་། སྲིད་དོན་ནག་པོ་དང་ཆོས་ནག་པོས་བར་ཆད་འགལ་འཛོལ་མང་དྲག་ནས་ཆོས་སྲིད་ཟུང་འབྲེལ་ཡག་པོ་ཞིག་བསྐྱངས་ཐུབ་མེད་སྙམ། གང་ལྟར་འཇིག་རྟེན་འཁོར་བ་འདིར། མང་གཙོ་དང་སྤྱི་མཐུན་རིང་ལུགས། དམར་པོ་དང་སྤྱི་ཚོགས་རིང་ལུགས། ཆོས་སྲིད་རིང་ལུགས། ཆོས་བཅས་རིང་ལུགས་གང་གིས་ཀྱང་ཐམས་ཅད་ནས་ཐམས་ཅད་ལེགས་པར་མཉམ་ཉིད་ཉེ་རིང་མེད་པར་ཇི་བྱ་ཐུབ་བམ། གང་ཞིག་ལ་ལེགས་ཆ་མང་བ་དེ་ག་གདམ་གསེས་བྱ་རྒྱུ་ཉིད་ཐམས་ལམ་མད་པར་སྣང་ངོ།།།།༽
དེ་ནི་བདེན་པ་མཐོང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན་ཆོས་ལུགས་གང་ཞིག་དང་ཉེན་ཚབས་ཅན་གྱི་སྲིད་དོན་གྱི་ལྟ་ཚུལ་གང་ཞིག་གཙོ་བཟུང་བྱེད་མི་རུང་ཏེ། དེ་ལྟར་བྱས་ན་མི་རིགས་དེ་ཤེས་རིག་གཅིག་དང་ལྟ་ཚུལ་གཅིག་གི་བཀག་རྒྱར་ཚུད་དེ་སྤྱི་ཡོངས་མཐོང་བ་འགོག་རྐྱེན་ཡོད་པ་མ་ཟད། མི་རིགས་དེའི་འཕེལ་རྒྱས་ལ་གནོད་ངེས་རེད། དེ་བརྟེན། ཉིད་ཀྱིས་གསུངས་བ་ལྟར་ཐམས་ཅད་ལ་རང་དབང་དང་འདྲ་མཉམ། དྲང་བདེན་གྱི་ལམ་ནས་གནས་ས་དང་། དར་ས་ཡོད་པའི་ཁོར་ཡུག་ཅིག་དགོས་རྒྱུ་ནི་མི་རིགས་ཤིག་དང་རྒྱལ་ཁབ་གཅིག་ལ་མཚོན་ན། མཐུན་སྒྲིལ་དང་དར་རྒྱས། ཤེས་རིག་ཡར་རྒྱས་སོགས་ཀྱི་རྩ་བར་མཐོང་།
ཁ་ཐུག་གིས་བྲིས་བས་ཡིག་ནོར་དང་ཆད་ལྷག་ཡོད་དུ་ངེས་བས་དགོངས་འགལ་མེད་པ་ཞུ།
བཀའ་རྡོ་ལགས།
༼སངས་རྒྱས་ཀྱིས་ཀྱང་།
འདོད་ལྷ་རིགས་དྲུག གཟུགས་ཁམས་ཀྱི་གནས་བཅུ་དྲུག་གམ་བཅུ་བདུན་དང་། གཟུགས་མེད་ཀྱི་ལྷ་རིགས་བཞི་སོགས་གསུངས་ཡོད་རེད།༽འདི་དག་མཛོད་ཀྱི་ངོས་འཛིན་བྱེད་སྟངས་དང་མི་འདྲ་བའི་ཁྱད་པར་ཅི་ཡོད་ལགས།
ངའི་དྲི་བ་ནི་ལྷ་རིགས་མིན་པ་ལྷ་ཡུལ་སངས་རྒྱས་ཀྱིས་ཅི་ལྟར་གསུངས་ཚུལ་དང་། གང་དུ་གསུངས་ཚུལ། གཞུང་གང་ནས་གསུངས་ཚུལ།་མཛོད་དང་མི་འདྲ་བ་གནས་གང་ཞིག་ཏུ་ངོས་འཛིན་བྱེད་ཚུལ་བཅས་ཡིན། ལྷ་རིགས་མིན་ཡང་། ཉིད་ཀྱིས་ལྷ་རིགས་གསུངས་འདུག དེ་ལ་སྐྱོན་མི་འདུག
ཨ་ནུས།
་་་་་ ལྷ་ཀླུ་ལ་བརྟེན་མཁན་གྱི་རྒྱལ་ཁབ་དང་མི་རིགས་ཀུན་རྗེས་ལུས་ནས་ཡང་ལུས་དང་། ཕམ་ཉེས་ལས་རྩ་མེད་དུ་འགྲོ་བའི་གནས་ཚུལ་དེའི་བདེན་དཔང་བྱས་བས་ཡིན། ་་་་་
ཞེས་པ་འདི་ནི།
བོད་རིགས་ནང་ནས། རྗེ་བཙུན་མི་ལ་རས་པ་དེ། དཔལ་ཡར་རྒྱས་ལ་སྐྱོ་ཤོས་དེ་རེད་ལབ་པ་གཅིག་མཚུངས་རེད།
སྔར་རགྱ་གར་དུ་ད་དུང་ཡི་གེ་མེད་སྟངས་དང་། སྡེ་པ་༡༨དུ་རྒྱས་སྟངས་ཅིག་བཤད་འདུག་ཞིབ་ཚགས་ཀློག་འདོད་མ་བྱུང་།
ཡི་གེ་ཡོད་པ་དང་། མེད་པ་གཉིས་ཀའི་དུས་སྲིད་པ་རེད། ཡི་གེ་ལས་ལྷག་པ་དེ་དུས། དེང་གི་མི་དང་མི་འདྲ་བ་མི་བརྗེད་པའི་གཟུངས་ཞེས་པ་ཞིག་ཐོབ་པ་མང་པོ་ཡོད་པ་བཤད་ཡོད་རེད།
ཨ་ནུ་ལགས། ངོས་ཀྱི་བསམ་པར་ཡིག་ཚོགས་མང་ན་ཚིག་གི་ལོ་མས་དོན་འབྲས་བཀབ་ཉེན་ཡོད་ན། བརྗོད་གཞི་རེ་རེའི་ཐོག་བསམ་ཚུལ་བརྗེ་ལེན་ཐུབ་ན་ལེགས་པར་སྙམ།
ཉིད་ནས་རྣམ་མཁྱེན་ཡོད་མདོག་གིས་གསུངས་ཚུལ་དཔག་ན། རྣམ་མཁྱེན་ཁས་ལེན་གནང་གི་མེད་ས་རེད་སྙམ། གལ་ཏེ་རྣམ་མཁྱེན་ཡོད་ན་སྐྱོན་གང་ཡོད་དམ། རྣམ་མཁྱེན་ཡོད་ཅེས་དམ་བཅའ་ཁག་པོ་འདུག་ཅེ་ན་བདེན་པ་རེད། ཡིད་ཆེས་དཀའ་བ་ཙམ་གྱིས་མེད་པར་སྒྲུབ་མི་ཐུབ་པ་ཤེས་དགོས། རྣམ་མཁྱེན་སྒྲུབ་པའི་རིགས་པ་ནི། མཁྱེན་པ་ཤེས་རབ་ཡོད་པ་སྒྲུབ་དགོས། དེ་ཡང་བྱེ་བྲག་པ་གང་ཞིག་ཤེས་པས་མི་འཐུས་ལ། ཆོས་ཀུན་གྱི་གནས་ལུགས་མཁྱེན་པའི་སྟེང་ནས་འཇོག་དགོས། དེ་ཡང་སྟོང་ཉིད་མཁྱེན་པའི་ཡེ་ཤེས་ལས་ཡིན་ལ། དེ་ལ་ཐོག་མར་སྟོང་ཉིད་གཏན་ལ་འབེབས་དགོས། དེ་ལ་རྟེན་འབྱུང་རགས་པ་རྒྱུ་འབྲས་རྟེན་འབྲེལ། དེ་ལས་མི་རྟག་པ་དང་བདག་མེད་པ་སྟོང་བ། རིམ་པས་རྟེན་འབྲེལ་ཕྲ་མོ། དེ་ལ་རྒྱུ་འབྲས་རྟེན་འབྱུང་དང་ལྟོས་ནས་བཏགས་པའི་རྟེན་འབྱུང་སོགས་དབུ་ཚད་ཀྱི་རིགས་ལམ་ཡོངས་སུ་རྫོགས་པར་ཁད་རིམ་གྱིས་སློབ་སྦྱོང་བྱ་དགོས། དེའི་ཕྱིར་ཤེས་ཡོན་གལ་ཆེན་ཡིན་པའི་ཐུག་ས་འདི་རེད་སྙམ། ང་ཚོར་ཁག་པོ་དང་དཀའ་ངལ་ནི་མ་ཤེས་པས་ཡིན། ཤེས་གོམས་ཡོད་ན་གང་ཡང་སླ་པོར་ཡོད་པས་མ་ཤེས་པ་དེ་རྒུད་པའི་རྩ་བར་མཐོང་ཐུབ། རྩ་བ་མ་མཁྱེན་པར་ཐུག་ན་དེ་མཁྱེན་དགོས་པ་ཡིན། མཁྱེན་པའི་ནང་ནས་རྟེན་འབྲེལ་མཁྱེན་པ་དེ་གཞི་རྩ་རེད། དེའི་ཕྱིར་རྣམ་མཁྱེན་ཞེས་རྩ་བ་ཆེན་པོ་ཆགས་ཡིན། རྣམ་མཁྱེན་གྱི་གོ་དོན་ནི། གྲོལ་བ་དོན་གཉེར་ལ་ལམ་གྱི་རྣམ་པ་ཅི་དང་ཅི་དགོས་ཡོངས་སུ་མཁྱེན་པས་རྣམ་མཁྱེན་ཞུ་བར་སེམས་སོ།།དེ་མིན་སྐར་མའི་གྲངས་དང་ཉ་དང་སྲིན་པོའི་གྲངས་མཁྱེན་པས་དེ་ང་ཚོར་ཉེར་མཁོ་མིན། རྣམ་འགྲེལ་ལས། དེ་ཡིས་སྲིན་པོའི་གྲངས་མཁྱེན་པ།།ངེད་ལ་ཉེར་མཁོ་གང་ཡང་མེད།།ཅེས་གསུངས་ཡོད།།སྲིན་པོའི་གྲངས་མཁྱེན་པ། འཇིག་རྟེན་གྱི་ཁམས་མཁྱེན་པ། མི་རྟག་དང་བདག་མེད་མཁྱེན་པ་ཙམ་ནི། སྨིན་བྱེད་ཀྱི་ལམ་ཡིན་གྱི། སྒྲོལ་བྱེད་ནི་སྟོང་ཉིད་རྟོགས་པ་དེ་ག་རང་ཡིན། བྱམས་པ་ལོགས་པས་ཀྱང་སྒྲོལ་བྱེད་དུ་མ་སོང་ན་གཞན་གྱི་ལྟ་ཅི་སྨོས། ང་རང་ནི། སྟོང་ཉིད་སྐོར་ནི། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།།གསུང་བ་ལྟར་ཁོང་རྣམ་པའི་བཀའ་བཞིན་རྟེན་འབྱུང་སྟོང་པ་དེ་འཐད་ཤོས་སུ་མཇལ། འོན་ཀྱང་རང་མོས་རེད། དབུ་སེམས་ཀྱི་ལྟ་བ་གང་ལ་ཡང་རང་གི་མོས་ཆོག ཆོས་དད་རང་དབང་རེད། ཆོས་མེད་པར་སྨྲ་ཡང་རང་འདོད་རེད། འོན་ཀྱང་ཆོས་མཐུན་གྱི་རྩོད་པ་གནང་ཆོག་ལ། གྲུབ་མཐའ་མང་པོ་དང་འདོད་ཚུལ་མང་བ་ནི། སངས་རྒྱས་ཀྱི་དགོངས་པ་མ་མཐུན་པས་མ་རེད། རྗེས་འཇུག་གི་བློ་ལ་ལྟོས་ནས་དེ་ལྟར་གསུངས་ཡོད། རྩ་བའི་རྩ་བ་དང་མ་འགལ་བར་སྐབས་སྟོབས་ཀྱིས་གསུངས་པ་དེ་འདྲ་མང་པོ་ཡོད། སངས་རྒྱས་ལ་གསུང་རྒྱུའི་རང་དབང་མེད་པར་གདུལ་བྱའི་བློ་ལ་མཐོང་འཇོག་ཆེན་པོ་གནང་བས་དེལྟར་ཡིན། གསུང་རབ་ཀྱི་དགོངས་པ་སྣ་ཚོགས་ཀྱང་གསུང་བ་པོའི་དགོངས་བཞེད་མཐར་ཐུག་ནི་གཅིག་རང་ཡིན། དེལ་སོགས་མང་དུ་ཞུ་བར་མཆིས་རུང་དུས་བསྟུན་གྱིས་འདི་ཙམ་ལགས། རིམ་མོལ་ཞུ་རྒྱུ་ལགས།།།
བཀའ་རྡོ་ལགས། མཚམས་རེ་མི་བརྗེད་པའི་གཟུངས་ཐོབ་ཚུལ་ཡང་ཁས་ལེན་བྱེད་ཀྱི་འདུག་ཅིང་། མཚམས་རེ་རྒྱ་གར་གྱིས་ཆོས་དཔོན་ཚོས་གསུངས་བའང་སྟོན་གསུངས་མིན་པ་སྒྲུབ་ནས་ཁས་ལེན་བྱེད་ཀྱི་མི་འདུག མི་བརྗེད་པའི་གཟུངས་ཐོབ་ཡོད་ན་ཉན་སྡེ་ཚོས་སངས་རྒྱས་ཀྱི་གསུངས་བརྩད་ཅིང་། ང་བདེན་ཁོ་རྫུན་གྱི་གནས་ཚུལ་ལྷག་དགོས་དོན་མེད། མི་བརྗེད་པའི་གཟུངས་ཐོབ་པའི་བདེན་དཔང་ཅི་ཡོད་དམ།
བོད་རྒྱལ་ཁབ་ཆེན་པོ་འདི་རྗེས་ལུས་ནས་ཡང་ལུས། དེ་ནས་རྩར་མེད་འགྲོ་ཉེན་ཡོད་པ་ནི། ལྷ་ཀླུ་བརྟེན་པས་མིན་པ་གསལ་པོ་རེད། གང་ལགས་ན། བོད་རྒྱལ་ཁབ་རྩ་བ་ནས་མེད་པར་བཟོ་འདོད་འཆར་གཞི་དང་ལྡན་པ་ནི་རྒྱ་དམར་གུང་བྲན་གྱི་དྲག་ཤུགས་དང་བཙན་གནོན་རེད། དེ་མཚུངས་བོད་པ་རང་གི་ངོས་ནས་ཀྱང་དེང་དུས་ཤེས་ཡོན་དང་ཆབ་སྲིད་ཀྱི་གོ་རྒྱ་ཆུང་བ་དང་བྱབ་མང་པོ་བློད་ཡོད། དེ་དག་ལྷ་ཀླུ་བརྟེན་ནས་མ་རེད། ལྷ་སྲུང་དེ་དག་རང་ཡང་འཁོར་བའི་བཙོན་རར་ཚུད་ན་ང་ཚོ་ཇི་ལྟར་སཀྱོབ་ཐུབ་བམ། འཕྲལ་སེལ་གྲོགས་རེས་འདྲ་བྱ་རྒྱུ་ཡོད་ཤས་ལས། དོན་ངོ་མར་རྒྱ་དམར་གྱི་ཧམ་སེམས་དང་དམག་ཤུགས། གཡོ་སྒྱུ་བསླུ་བྲིད་འོག་བོད་པས་ཀྱང་མ་འཇོན་པར་བད་ཤོར་བས། ཐུག་ས་གཙོ་བོ་དེ་རྒྱ་དམར་ལ་ཐུག་ཅིང་དེ་ལ་བོད་པས་ལྷན་ཅིག་རྐྱེན་ཡང་བསྐྲུན་ཡོད་པ་གསལ་པོ་རེད།
ཡང་ཁ་ཤས་ཀྱིས། བོད་པས་ཆོས་ལ་མགོ་འཁོར་དྲག་ནས་ཡིན་པའི་བསམ་ཚུལ་ཡང་ཡོད། ཧོབ་སྟེ་བལྟས་ན་ཡིན་བཟོ་ཆེ་ཡང་། ཞིབ་ཏུ་སོམས་དང་དེ་ལྟར་མིན། གང་ལགས་ན། ཆོས་ཀྱིས་འཇོན་ཡང་སྲིད་ཀྱིས་མ་འཇོན་པས་ཡིན། ཆོས་ཀྱིས་རྒྱ་ནག་གོང་མའི་དབུ་དུད་ཐུབ་ཀྱང་། སྲིད་ཀྱིས་མགོ་བོ་འདེགས་ས་མེད་པ་ཆགས་པ་རེད་སྙམ། ཆོས་པས་ཆོས་བྱས་ཀྱང་མི་མང་ནང་ནས་ཆོས་དད་ཡོད་པ་གང་ཞིག་ལ་བྱེད་སྟངས་དེ་རྨོངས་དད་ལྟ་བུར་སོང་། བླ་ཆེན་མི་ཆེན་བར་ནས་མི་མང་ལ་བརྡབ་གསིག་ཕོགས་ནས་གནས་བབ་སྐྱོ་པོ་འདིར་གྱར་བ་ཡིན། ད་མི་མང་ངོས་ནས་ཀྱང་ཆོས་དད་དེ་ཤེས་ནས་དད་པ་ཐོབ་པའི་སྒང་ལ་འགྲོ་ན་མགོ་འཁོར་འོག་མི་ཚུད་པས་མི་མང་གི་ཆོས་ལ་དོ་སྣང་སླེབས་བྱ་དགོས་སྙམ། དེ་མིན་མགོ་བདེ་དྲན་འཁྲུལ་རེངས་པོ་དེ་ཚོས་ཆོས་མིང་ལ་འཁྱེར་ནས་གང་བྱུང་བྱས་ན་སྲིད་ཀྱི་གཅིག་གྱུར་ཕར་བཞག་ཆོས་དང་སྐད་ཡིག་གི་གཅིག་གྱུར་ཡང་བརླག་ཉེན་ཆེན་པོ་ཡོད།
ཆགས་སྡང་རྨོང་གསུམ་ལྷན་རྒྱས་ཡོད་ཀྱང་། དེ་ཤེས་པའི་རང་བཞིན་ལ་ཞུགས་མེད། སེམས་ཀྱི་རང་བཞིན་འོད་གསལ་རེད་ལ། དྲི་མ་རྣམས་ནི་གློ་བུར་བ་རེད། ཅི་སྟེ་ཆགས་སྡང་སེམས་དང་ལྷན་སྐྱེས་སམ་རང་བཞིན་ལ་ཞུགས་ན། སེམས་ཅན་ཡིན་ཚད་ཀྱི་ཆགས་སྡང་ཤུགས་ཆེ་ཆུང་གཅིག་པ་གཅིག་རྐྱང་ཡོད་དམ། ཁ་ཤས་ཞེ་སྡང་ཆེ་ལ། ཁ་ཤས་འདོད་ཆགས་ཆེ་བ་ཡོང་བའི་རྒྱུ་གང་ཡིན་ནམ། ཡང་མི་ཞེ་སྡང་ཆེན་པོ་ཁག་གཅིག་ཞེ་སྡང་ཆུང་དུ་གཏོང་ཡས་ཡོད་ལ་ཆུང་དུ་འགྲོ་བ་ཡང་མཐོང་ཡས་ཡོད། མི་ཞེ་སྡང་དང་ངར་པོ་ཁ་ཤས་སྣང་བ་སྐྱིད་པོ་ཡོད་ན། ཕལ་ཆེར་ཁོང་ཁྲོ་ཟ་ཡས་མེད་པར་སྣང་སྲིད་རུང་། ཆགས་སྡང་ཆེ་ཆུང་ལ་ངེས་པ་མེད་པ་དེ་ལྷན་སྐྱེས་ཀྱི་རང་བཞིན་ལ་མེད་པའི་རྟགས་རེད། གལ་ཏེ་རང་བཞིན་ལ་ཞུགས་ན། ཡང་ན་རྟག་ཏུ་ཡོད་ཡོད་པ་ཡིན་དགོས། ཡང་ན་རྟག་ཏུ་མེད་དགོས་པ་རྣམ་འགྲེལ་གྱི་རིགས་པ་དེ་ཚ་པོ་ཞེ་དྲག་རེད་སྙམ། རིགས་པ་འདི་འཇིག་རྟེན་བཀོད་པ་པོ་རྟག་པ་རང་བྱུང་གི་སྐྱེས་བུ་ཡང་འགོག་པའི་རིགས་ཚུལ་ཡིན། ལྷན་སྐྱེས་ཞེས་གོམས་པ་ཆེན་པོ་ལ་བསམ་ན་དེ་ལྟར་ཡོད། དེ࿒ཡང་ཆགས་སྡང་སོ་སོར་གོམས་པ་ཆེ་ཆུང་ཡོད་པས་དེ࿒ཡང་ངེས་པ་མེད། ཡང་འདིར་སེམས་ཀྱི་ཆོས་ཉིད་སྒྲུབ་པའི་རིགས་པ་ཡང་འབྲེལ་བ་ཡོད་མོད་རེ་ཞིག་མཁོ་གལ་དུ་་མཐོང་ངོ།།
མཁོ་གལ་དུ་་མཐོང་ཞེས། མ་མཐོང་བར་བཅོས་མཛོད།
ཆོས་མེད་པ་བཟོས་ནས་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བ་ཞིག་ཡིན་ན་རིག་གནས་གསར་བརྗེའི་ཡས་མས་སུ་མུ་གེ་བྱུང་དོན་ཅི་ཡིན་ནམ།
སྤོབས་མཆོག་མཐའ་ཡས་ལགས།
ངས་མཆན་༥༠པའི་འཇུག་ཏུ་བཀོད་པ་ལྟར། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན་ཆོས་ལུགས་གང་ཞིག་དང་ཉེན་ཚབས་ཅན་གྱི་སྲིད་དོན་གྱི་ལྟ་ཚུལ་གང་ཞིག་གཙོ་བཟུང་བྱེད་མི་རུང་ཏེ། དེ་ལྟར་བྱས་ན་མི་རིགས་དེ་ཤེས་རིག་གཅིག་དང་ལྟ་ཚུལ་གཅིག་གི་བཀག་རྒྱར་ཚུད་དེ་སྤྱི་ཡོངས་མཐོང་བ་འགོག་རྐྱེན་ཡོད་པ་མ་ཟད། མི་རིགས་དེའི་འཕེལ་རྒྱས་ལ་གནོད་ངེས་རེད། དེ་བརྟེན། ཉིད་ཀྱིས་གསུངས་བ་ལྟར་ཐམས་ཅད་ལ་རང་དབང་དང་འདྲ་མཉམ། དྲང་བདེན་གྱི་ལམ་ནས་གནས་ས་དང་། དར་ས་ཡོད་པའི་ཁོར་ཡུག་ཅིག་དགོས་རྒྱུ་ནི་མི་རིགས་ཤིག་དང་རྒྱལ་ཁབ་གཅིག་ལ་མཚོན་ན། མཐུན་སྒྲིལ་དང་དར་རྒྱས། ཤེས་རིག་ཡར་རྒྱས་སོགས་ཀྱི་རྩ་བར་མཐོང་། དེ་མ་གཏོགས་ཆོས་ལུགས་རྩ་མེད་བཟོ་དགོས་འདོད་ཀྱི་མེད། འདོད་པ་ནི་ཆོས་ལུགས་དང་ཆབ་དཔལ་རིག་གསུང་གང་ཞིག་ཡིན་ཡང་ཆོས་ཕྱོགས་རིས་མ་བྱེད་པ། དེ་དག་ཚང་མ་འདྲ་མཉམ་དང་རང་དབང་། དྲང་བདེན་གྱིས་དར་སྤེལ་བཏང་སའི་ཁོར་ཡུག་ཅིག་དགོས་བ་འདོད་ཀྱི་ཡོད།
རིག་གསར་གྱི་སྐབས་ཀྱི་གནས་སྟངས་དང་མུ་གེ་དེ་དག་ནི་གཡོ་མཐའ་ཆེ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལས་བྱུང་བ་མ་ཟད། གུང་ཁྲན་ཏང་གི་དམག་འཁྲུག་གི་བུ་ལོན་འཇལ་བྱེད་བྱས་བ་སོགས་ཀྱི་རྒྱུ་རྐྱེན་མང་དུ་ཉིད་ཀྱིས་ཀྱང་མཁྱེན་གསལ་རེད། རྟག་མཐའ་ཆེ་བའི་ཆབ་སྲིད་དང་ཆོས་ལུགས། ཉེན་ཚབས་ཅན་གྱི་ལྟ་གྲུབ་དང་ལས་འགུལ་གང་ཞིག་བྱུང་ཡང་འཇུག་འབྲས་ཡག་པོ་མེད་པས་དེ་དག་ཚད་ལས་མ་རྒལ་བ་ཞིག་ཏུ་དགོས་བ་འདོད།
རྒྱ་གར་ལ་རིག་གསར་སླེབས་མེད་ཀྱང་། རང་བཙན་ཐོབ་རྗེས་སུ་མི་མང་ལ་མུ་གེ་མང་དུ་བྱུང་བའི་རྒྱུ་རྐྱེན་གང་ཞིག་ཡིིན་ནམ།
སངས་རྒྱས་ཆོས་ལུགས་དེ་གཡོ་འགུགས་ཀྱི་ཇུས་ངན་ཞིག་ཡིན་པར་བསྒྲུབ་བསམ་ན་ཆོས་ལུགས་དེའི་སྟོན་པ་ཤཱཀྱ་ཐུབ་པ་དེ་གཡོ་སྒྱུའི་འཁྲབ་སྟོན་པ་ཞིག་ཡིན་པར་བསྒྲུབ་ཐུབ་དགོས། དེ་མ་ནུས་ན་གྲྭ་བ་བཙུན་མ་ཁ་ཤས་རེའི་ནོར་འཁྲུལ་གྱིས་ཆོས་ལུགས་དེའི་ཚབ་མཚོན་བྱེད་མི་ཐུབ།
མི་རིགས་ཡར་རྒྱས་་ཟེར་བ་དེ་མི་འབོར་འཕར་དགོས་པའི་དོན་མ་རེད། དེང་དུས་སུ་ཡར་རྒྱས་མེད་པའི་སྤྱི་ཚོགས་ཚོ་མི་འབོར་འཕར་ནས་དཀའ་ངལ་འཕྲད་བཞིན་པ་འདི་རེད། བོད་ལ་ཡང་གྲ་བཙུན་མང་ནས་མི་རིགས་ཡར་རྒྱས་ལ་གནོད་པ་ལས་ལྡོག་སྟེ་མི་འབོར་འཕར་བ་ཚད་འཛིན་ཡོང་བས་མི་རིགས་ཡར་རྒྱས་ལ་ཕན་འདོགས་བཞིན་ཡོད།
བཙན་བྱོལ་ནང་ན་གྲྭ་བཙུན་མང་བས་མང་ཚོགས་ལ་གྱོང་ཕོག་པར་བཤད་པ་ནི་མི་བདེན་དེ། གང་ན་དགོན་པ་ཆེ་ས་དང་གང་ན་གྲྭ་བཙུན་མང་སའི་གཞིས་ཆགས་ཚོ་ནི་ལྟོས་འཇོག་གིས་བལྟས་ན་འཚོ་བ་དང་ཤེས་ཡོན་ཅུང་ཡར་རྒྱས་ཡོད་པ་དེ་ཚོ་ཡིན།
བསྟན་འཛིན་ལགས།
གནས་ལུགས་དང་ལྡན་པའི་རིག་པ་མང་དུ་བཏང་བ་ཡག་བྱུང་། ཉིད་ཀྱིས་གསུངས་ཚུལ་ལྟར་ན་རྣམ་མཁྱེན་ཟེར་བ་དེ་སྒྲ་དོག་འཇུག་གི་རྣམ་མཁྱེན་ཟེར་བ་དེ་ཡིན་པ་འདྲ། སྟོང་ཉིད་རྟོགས་པའི་མཐའ་ཐུག་གི་ཤེས་རབ་དེ་རྣམ་མཁྱེན་ལ་འཇོག་ན་སྒྲ་དོག་འཇུག་གི་དབང་དུ་བྱས་བས་་མོས་མཐུན་ཡོད། ངས་གོང་དུ་བཤད་པའི་རྣམ་མཁྱེན་ནི་གོང་དུ་ང་ཚོས་སངས་རྒྱས་ཀྱིས་ལྷ་ཀླུའི་ཡུལ་དང་འཇིག་རྟེན་གཞན། ཡུལ་ལུང་གཞན་གྱི་གནས་ཚུལ་ཇི་མ་ཇི་བཞིན་དུ་མཁྱེན་གྱི་ཡོད་མེད་སྐོར་གྱི་རྩོད་གཞི་ཡི་རྣམ་མཁྱེན་ཏེ། སྒྲ་ཡངས་འཇུག་གི་རྣམ་མཁྱེན་དེ་ཡིན། དེ་ལྟར་ཡོད་པ་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་མ་གཏོགས། སྒྲ་དོག་འཇུག་གི་རྣམ་མཁྱེན་དེ་ཉིད་ཀྱིས་གསུངས་བ་ལྟར་རེད།
ཆོས་ལུགས་ཀྱིས་འཇིག་རྟེན་དབང་སྒྱུར་བྱས་ཤིང་རྒྱ་སོག་གི་དབུ་བླ་བསྡད་པའི་ལམ་ལུགས་ནི་རྫོགས་ཚར་བ་རེད། ཆོས་ལུགས་ཀྱིས་འཇིག་རྟེན་ལ་དབང་སྒྱུར་མཁན་ཚོ་ཐོག་མར་ཡོ་རོབ་ཁུལ་དུ་ཕམ་ཉེས་ཕྱིན་འགོ་ཚུགས་ཤིང་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིན་པས། རིམ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་ནས་མང་ཉུང་ལ་མ་ལྟོས་བ་ཕམ་ཁ་བྱུང་བ་རེད། ལམ་ལུགས་རྙིང་བ་དེ་རྙིང་བ་གྱུར་ཡང་ཆོས་ལུགས་ཀྱི་འདུ་ཤེས་ཆེ་བའི་མི་རིགས་དང་རྒྱལ་ཁབ་ཚོས་ངོས་ལེན་བྱེད་འདོད་མེད་ཅིང་། མ་བྱས་བས་གཞན་གྱིས་ལམ་ལུགས་རྙིང་བ་དེ་བེད་སྤྱོད་བཏང་ཏེ་ཕམ་ཁ་བཏང་བ་རེད། མདོར་ན། ཆོས་ལུགས་ཀྱིས་མན་ཇིའི་དབུ་བླ་བསྡད་ཚུལ་གྱི་ལམ་ལུགས་རྙིང་ཚར་བ་རེད། རྙིང་ཚར་བ་བོད་པས་ངོོས་ལེན་མ་བྱས་ཤིང་དངོས་ཡོད་ལ་བདེན་ཁ་མ་སྤྲད་པས་ཕམ་ཁ་བྱུང་བ་རེད། དེ་ནི་གནའ་བོའི་གཟུགས་སྤགས་ཅན་གྱི་རིན་ཆེན་གྱི་གྱོན་གོས་དེ་རྙིང་བ་ཆགས་ཀྱང་། ད་དུང་ཁག་ཅིག་གིས་བག་ཆགས་ཀྱི་སྟོབས་ཀྱིས་ངོས་ལེན་བྱེད་འདོད་མེད་པ་བཞིན་རེད།
སངས་རྒྱས་ཀྱིས་སེམས་ཅན་གྱི་མོས་བ་ལ་དཔགས་ནས་ཆོས་གསུངས་ཚུལ་ནི་ཆོས་རྫུན་མཁན་ཚོས་མི་མང་མགོ་སྐོར་བཏང་བའི་གཡོ་ཐབས་ཀྱི་སྲིད་བྱུས་ཡག་ཤོས་ཏེ། དེ་ལྟར་ཡིན་ཚེ། སུ་ལའང་སྐྱོན་ཆ་མི་ཕོགས་པས་རེད། མ་ཟད་ཆོས་ལུགས་ཀྱི་ཆེད་དུ་ཅི་འདོད་བྱེད་ཆོག་་ཅིང་མགོ་སྐོར་དང་བསླུ་བྲིད་སོགས་བྱས་ཆོག་པས། བདེན་དོན་ཟེར་བ་མེད་པ་འགྱུར་སྲིད་པས་མ་ངེས་སོ།
ཐལ་འགྱུར་བ་གཙོ་ཆེ་འཛིན་ན་ཉིད་ཀྱི་རང་མོས་རེད།་དགེ་ལུགས་པས་ཀྱང་དེ་ལྟར་འདོད་པས་ཉིད་ཀྱི་རང་མོོས་རེད། འོན་ཀྱང་། དེ་ནི་སངས་རྒྱས་ཀྱི་དགོངས་བ་ཡིན་པ་ཧ་ཅང་གི་དོགས་གཞིའི་གནས་རེད། རྒྱུ་མཚན་ནི་གོང་དུ་བཀོད་པ་ལྟར་ཀླུ་སྒྲུབ་ཀྱང་དོགས་ཅན་གྱི་མི་ཞིག་ཡིན་པས་ཡིན།
དྲི་མ་སེམས་ཀྱི་རང་བཞིན་དུ་མེད་པ་སངས་ཆོས་གཙོ་བོ་གྱུར་བའི་ཆོས་ལུགས་དུ་མའི་རྩ་བའི་འདོད་འདུན་ཡིན་ཡང་། ངས་ཞུ་ཡ་ནི་་མིའི་ལུས་ཕུང་འདི་ཟག་སྐྱེས་ཀྱི་ཕུང་པོོ་ཡིན་ཕྱིན། དབང་རྩ་ཡི་ནང་དུ་དགེ་སྡིག་གཉིས་དང་། ཡག་རྩོག་གཉིས། ཆགས་སྡང་རྨོངས་གསུམ་དང་བྱམས་བརྩེ་སྙིང་རྗེ་སོགས་ཀྱི་སེམས་བྱུང་འགྲོ་སའི་ལམ་ཀ་ཡོད་པས་དེ་དག་སྔགས་ལུགས་ནས་གསུངས་བ་བཞིན་བཀག་ཐུབ་མིན་གྱི་དོགས་གཞི་ཡོད། གལ་སྲིད་དེ་ལྟར་འགོག་་ཐུབ་པ་ཡིན་ན་མི་མིན་པ་འགྱུར་བས་ཡིན། རྒྱུ་མཚན་ནི། མི་འདི་ཆགས་སྔང་རྨོངས་གསུམ་དང་། བྱམས་བརྩེ་སོགས་དང་ལྷན་དུ་སྐྱེས་བས་ཆགས་སྡང་རྨོངས་གསུམ་རྩ་མེད་དུ་བཏང་ཐུབ་ཚུལ་ནི་ཧ་ཅང་གི་ཡིད་ཆེས་དཀའ་བའི་གནས་སུ་ཁུམས།
རྒྱ་དཀར་ནག་ལ་མི་རིགས་མི་བའི་དཀའ་ངལ་ཡོད་པ་ལས་མི་འདང་བའི་དཀའ་ངལ་མེད། དེ་ནི་མིག་མཐོང་ལག་ཟིན་ཡིན་ལ། ཐ་ན་གོང་ས་མཆོག་གིས་ཀྱང་དེ་ལྟར་དགོངས་ཀྱི་ཡོད་པ་ཁོང་གི་བཀའ་སློབ་སྔ་རྗེས་ལས་གསལ།
གང་ན་དགོན་ཡོད་ན་དེ་ན་གཞི་ཆགས་ལ་འཚོ་རྟེན་ལེགས་པ་གཟིགས་པ་ནི་འཕྲལ་སེལ་གྱི་གནས་ཚུལ་ལས་གཞན་དུ་མེད། གལ་སྲིད་དགོན་པ་དེ་དག་བཟོ་གྲྭ་དང་། གྲྭ་བ་དེ་དག་ལས་བཟོ་བའམ་ཚོང་བ་ཡིན་ན་དེ་བརྟེན་གྱི་གཞི་ཆགས་ཀྱི་དཔལ་འབྱོར་ད་ཡོད་ལས་རྡབ་མང་པོ་ལེགས་པ་ཡོད་མ་ཟད། ཕུགས་རྒྱང་རིང་པོ་ཕན་ངེས་རེད།
སངས་རྒྱས་ཆོས་ལུགས་ཀྱི་གཡོ་འགུག་གི་ངན་བྱུས་ཁག་དེ་སྟོན་གྱི་སློབ་དཔོན་གཡོ་སྟོན་པར་སྒྲུབ་དགོས་བའི་ངེས་བ་མེད། དེ་ནི་ཉིད་ཀྱི་ཐུགས་འདོད་ཡིན་ཚེ་སྒྲུབ་བསམ་ན་རང་མོས་རེད། རྒྱུ་མཚན་ནི། སངས་རྒྱས་ཆོས་ལུགས་ཀྱི་སློབ་དཔོན་མང་པོས་སྟོན་པས་གསུངས་ཚུལ་དང་། རང་མཐུན་གྱི་བསྒྲིགས་སྦྱོར་དང་ཁ་སྣོན་སྣ་ཚོགས་བྱས་ཕྱིིན། ལ་རེ་རྒྱབ་ན་མི་མཐུན་ཆོས་ལུགས་རེ།། དེ་ཡི་རྒྱབ་སྐྱོར་རྡོ་རྗེ་བཀའ་ལུང་རེ།། ཟེར་བའི་གཏམ་དཔེ་སོགས་བྱུང་བ་རེད། དེ་བརྟེན། དེང་་སྐབས་ཀྱི་སངས་ཆོས་འདི་དག་མཐའ་གཅིག་ཏུ་སྟོན་པའི་དགོངས་བ་ཡིན་ཚུལ་གྱི་བདེན་དཔང་ཡག་པོ་ཞིག་མེད་ཁར། ཉ་ཉོག་མང་དུ་འདྲེས་བས་དེ་དག་བཟང་ངན་གང་ཞིག་ཡིན་ཡང་ཤྭཀྱ་ཐུབ་པ་ཁོ་ནའི་སྒང་དུ་གཡུག་ན་མ་དྲང་བ་རེད། དེ་ལྟར་བྱས་ཚེ་གཡོ་ཅན་གྱི་ཆོས་སྟོན་མཁན་པོ་ཚོར་དག་འབུལ་བྱས་བ་འགྱུར་ཞིང་བྱས་བ་མ་ཡིན་ནམ། ཉེས་བ་སུས་བསག་ན་དེ་ལ་ཉེས་འཛུགས་བྱེད་ཡ་ལས། ཉེས་བ་བསགས་མཁན་གྱི་ཕ་མ་ལ་ཁྲིམས་ཆད་གཅད་ན་བཀས་བཀོད་རྒྱུད་འཛིན་གྱི་མུན་ནག་གི་ཁྲིམས་ཆད་དང་འདྲ་བས་མ་དྲང་བ་ཡིན་ནོ།
རྒྱ་དཀར་ནག་ལ་མི་འབོར་མང་པའི་དཀའ་ངལ་ཡོད་པ་ལས་ཉུང་བའི་དཀའ་ངལ་མེད། དེ་ནི་བོད་ཀྱི་མི་འབོར་དང་སྦྱར་བ་ནི་རྒྱ་གར་གྱི་གནམ་གཤིས་ཀྱི་ཚ་བ་དང་བོོད་ཀྱི་གནམ་གཤིས་ཀྱི་གྲང་བ་གཉིས་གཅིག་ཏུ་འདོད་པ་ལྟར་རེད། རྒྱ་གར་བ་ལ་གྲང་གློག་མཁོ་བའི་རྒྱུ་མཚན་གྱིས་བོད་ཀྱི་ཁྱིམ་ཚང་རེ་ལ་དེ་ལྟར་དགོས་བ་འདོད་ན་གྲང་བའི་སྒང་དུ་ཡང་གྲང་རེད། བོད་ལ་ཚ་གློག་མཁོ་བའི་རྒྱུ་མཚན་གྱིས་རྒྱ་གར་གྱི་ཁྱིམ་ཚང་རེ་ལ་དེ་ལྟར་མཁོ་བ་སྙམ་ན་ཚ་བའི་སྒང་དུ་ཡང་ཚ་མ་ཡིན་ནམ།
སྤོབས་པ་མཐའ་ཡས་ལགས། ཁྱབ་ལོག་སྒྲུབ་མ་སྡོད།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་ཡག་པོ་གསུངས་སོང་། མཆན་དང་བཅས་པ་ཆ་ཚང་བཀླགས་པ་ཡིན། ངོ་མ་དགའ་པོ་བྱུང་། བོད་མི་རིགས་ཀྱི་ནང་དུ་གོ་རྟོགས་སད་པའི་ཤེས་ཡོན་ཅན་ཇེ་མང་དུ་འགྲོ་གི་ཡོད་ནི་དགའ་ཆོག་པའི་གནད་དོན་ཞིག་རེད།
སྤོབས་པ་མཐའ་ཡས་ལགས་ཀྱིས་ཉོན་ཨ།
ཤཀྱའི་རྒྱལ་པོའི་རིག་གནས་འདི་རྒྱལ་སྲིད་དང་རྒྱལ་ཁྱིམ་རྩ་མེད་བཟོས་བའི་རིག་གནས་ཤིག་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད། ཤཀྱའི་རྒྱལ་པོས་ཁོང་རང་གི་ཕ་ཁྱིམ་ཡང་སྤངས་པར་མ་ཟད་ཆུང་མ་གཡུགས་ནས་སོང་བ་རེད། འཇིག་རྟེན་འཁོར་བ་པ་རྣམས་ཀྱི་ངོས་ནས་བལྟས་ན་འདི་ནི་མ་རུང་བ་ཞིག་རེད། རྒྱལ་ཁབ་དང་ཡུལ་ལུང་ཟིན་དགོས་ན་ཤཀྱའི་རྒྱལ་པོའི་བྱས་སྟངས་ནང་བཞིན་བྱེད་ན་འགྲིག་གི་མ་རེད་འདོད། ཤཀྱའི་རྒྱལ་པོའི་བྱས་སྟངས་ནང་བཞིན་བྱེད་ན་རྒྱལ་ཁབ་དང་ཡུལ་ལུང་ཟིན་གྱི་ཕར་ཞོག་་་་ཁྱིམ་ཚང་ཆུང་ཆུང་ཙམ་ཡང་ཟིན་གི་མ་རེད་དོ། དེ་་་ཡང་ཁྱོད་ཀྱིས་མཁྱེན་གསལ་རེད་བ་་་་ཧཧཧ
ཨོ་རེད་་་ཉིན་ཤས་གོང་དུ་སྤྲུལ་གོག་ཨོ་ཉི་དང་ཁྱོད་གཉིས་ཀྱིས་མཇེ་ནུ་བཅུག་རབས་དང་སྟུ་ལྡག་རབས་རྐྱང་རྐྱང་བཤད་བསྡད་བཞིན་འདུག་པས་ངས་ནི་ཁྱོད་གཉིས་སྨྱོ་པ་མིན་ནམ་་་བསམས་བྱུང་།་་་་ཧཧ
སྐུ་ཞབས་བསམ་ཤེས་ལགས། ད་རིང་ཁྱོད་ཀྱིས་བསམ་ཤེས་བྱས་ཐུབ་མ་སོང་ཞུ་རྒྱུ་ཡིན། སྤྱིའི་ཆ་ནས་ཆོས་ལུགས་ཀྱི་གནད་དོན་དང་ཐུག་དུས་མི་རིགས་བརྩེ་སེམས་ལ་རྒྱ་ཁྱིའི་སྐྱག་གཡུག་གཡུགས་བྱས་ནས་འགྲོ་མཁན་བོད་མི་མང་པོ་རེད། ངས་རེ་བ་ལ་བོད་རྒྱལ་ཁབ་དང་ཡུལ་ལུང་ཟིན་ཐུབ་པའི་ཆེད་དུ་ཐུགས་བསམ་བསྐྱར་བཞེས་གནང་རོགས་ཅེས་ཞུ་རྒྱུ་ཡིན།
ཅོ་ཁྱི་ནང་དམུར་ལགས། སང་ཉིན་གནང་ཉིན་སྐད་འབོད་གནང་སར་འགྲོ་ན་རྒྱ་མི་ཚོས་ཀྱང་དངུལ་འཕར་ན་རེད། ད་ཁྱོད་ཀྱི་མའོ་ཕྲུག་ཚོར་རེ་ངན་མ་འཆང་། ཁོང་ཚོར་མི་རིགས་ཀྱི་ཞེན་ཁོག་ཡག་ཐག་ཆོད་ཡོད། སྐྱག་གཟན་ཁྱོད་ལ་རྒྱ་ནག་གིས་བསད་པའི་བོད་ཀྱི་དཔའ་བོ་དང་དཔའ་མོའི་སྐུ་ཕུང་སྟེར་དགོ་འཆའ་རོགས།
བོད་ལ་ད་ཡོད་མི་གྲངས་འདི་མི་སྤུས་ཀ་ཅན་དང་། འཇོན་ཐང་ཅན། ལས་ཆོད་ཅན་གསོ་སྐྱོང་བྱེད་དགོས་པ་མ་གཏོགས་མི་འབོར་མང་པོ་ཞིག་འཕར་བས་མི་རིགས་ཡར་རྒྱས་ལ་འགྲོ་བར་འདོད་པ་གནད་ལ་མི་ཁེལ་བའི་བསམ་བློ་ཡིན། བོད་ལ་གྲྭ་བཙུན་གྱི་གྲངས་འབོར་ཅི་ཙམ་འཕར་བ་དེ་ཙམ་དུ་དགའ་འོས་པ་ཞིག་རེད། གྲྭ་བཙུན་ནི་གླ་ཆ་སྤྲད་མི་དགོས་པའི་སྤྱི་ཚོགས་ཞབས་ཞུ་བ་ཤ་སྟག་རེད། གྲྭ་བཙུན་མེད་ན་ཡུལ་ཤུལ་ས་ཡོམ་ལྟ་བུའི་སྐབས་སུ་མི་ཁྲི་ཕྲག་ཁ་ཤས་ཤི་རྨས་ལས་སྐྱོབ་མཁན་མེད་པ་ཚང་མས་ཤེས་ཀྱིན་ཡོད། དེ་འདྲ་བ་བརྒྱ་སྟོང་མང་པོ་བརྩི་རྒྱུ་རྒྱུ་ཡོད། བོད་རིག་གནས་ཀྱི་སྲོག་བསྐྱབ་ནས་བསྡད་ཡོད་མཁན་དེ་ཚོ་ཡང་གྲ་བཙུན་ཚོ་ཡིན། འདི་ཚོ་མེད་ན་ཚང་མ་བཟའ་ཚང་པུ་གུ་གསོ་རྒྱུ་ལ་མགོ་འཁོར་ནས་རྒྱལ་ཁབ་དང་རིག་གཞུང་ཚོ་རྨི་ལམ་ནང་ལ་འཁོར་མཁན་ཡང་རེ་ཟུང་ལས་མེད་པ་དངོས་ཡོད་གནས་ཚུལ་ཡིན།
འདས་པའི་ལོ་རྒྱུས་ཀྱི་སྟེང་དུ་ཡང་བོད་ཀྱི་གྲྭ་བཙུན་ཚོས་རང་སྐལ་རྡོ་ཡིན་རུང་དམུར་ནས་ཡོང་འདུག གོང་ཆན་ལུང་མན་ཆོད་ལ་བོད་ཀྱི་སྐད་ཡིག་བསླབས་ནས་ཡོང་འདུག ད་དུང་ཡང་གྲྭ་བཙུན་ཚོས་མང་ཚོགས་ལ་ཞབས་འདེགས་ཟུས་པའི་བརྒྱ་ཆ་ཕར་ཞོག་སྟོང་ཆ་ངཅིག་ཀྱང་མི་སྐྱ་ཚོས་འཇོན་གི་མི་འདུག མི་འཇོན་མཁན་དང་ནམ་ཡིན་ཡང་རང་སྐལ་ཤོར་ནས་བསྡད་ཡོད་མཁན་དེ་ཚོ་བོད་ཀྱི་མི་སྐྱ་ཚོ་རེད་འདུག གླང་དར་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་བའི་སྐུ་དྲགས་མགོ་ལེབ་དེ་ཚོའི་བར་ལ་ཅིག་འཇོན་ཡོད་མཁན་ཞིག་མི་འདུག
གྲྭ་བ་་གྲྭ་ཚང་འདི་ཚོ་ལ་ངན་བཤད་ཡ་གཅིག་ལ་མེད། ཡིན་ན་ཡང་། རྒྱལ་སྲིད་དང་འཁོར་ཁྱིམ་སྐྱོང་སྟངས་ལ་ཐེ་ཇུས་བྱས་ན། ཞལ་བཙུམ་ནས་བརླ་གཡབ་མང་ཙམ་བྱས་ནས། སྐུ་ངལ་གསོས་ན་ཡག་པོ་རེད་འདོད།
རྗེས་སུ་འབྱོར་ཆེན་འདྲ་ཆགས་ན། ཁྱེད་ཚོ་ལ་ཕོགས་ཆེན་ཞིག་རྒྱག་འདོད་ཡོད། དེ་ནི་རང་གཞན་གཉིས་མཉམ་བསྲེས་ཀྱི་དགེ་ལས་ཞིག་ལ་མཐོང་བཞིན་པས་ཡིན།
ཆན་ལུང་ལ་བོད་ཡིག་བསླབས་པ་དང་གོ་ཏན་ལ་སངས་ཆོས་བསླབས་པ་འདི་དག་གནའ་བོའི་དུས་ཀྱི་བྱུང་བ་ཡིན་པས། མཚར་སྡུག་འོད་སྟོང་འབར་བས་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་། རིན་ཐང་ལྡན་པའི་ཁ་སང་གི་རྫ་ཆུ་ཡིས་དེ་རིང་གི་སྐོམ་པ་ག་ལ་སེལ། དུས་རབས་རྫོགས་ཟིན་ཞིང་། ལམ་ལུགས་རྙིང་ཟིན་པས་སྔོན་ཆད་ཀྱི་བྱུང་བ་ད་དུང་ཡང་སྐྱོད་འདོད་ན། ནོར་འཁྲུལ་རེད། དེ་བརྟེན། དེང་སྐབས་དེང་དུས་དང་མཐུན་པའི་ལམ་དུ་འཇུག་དགོས།
འཇོན་ཐང་ཅན་གསོ་སྐྱོང་བྱེད་དགོས་བ་བདེན་ཡང་། གང་ཞིག་གི་ཐོག་ཏུ་འཇོན་ཐང་ཅན་གསོ་སྐྱོང་བྱེད་དགོས་ངེས་རེད་དམ། མི་རིགས་མེད་ན་རྩ་བ་མེད་པས་འཇོན་ཐང་ཅན་ཅི་ལྟར་གསོ་སྐྱོང་བྱེད་དགོས་ངེས་རེད་དམ། མིན་ཏེ། གྲངས་འབོར་ལ་མ་ལྟོས་བར་གྲངས་ཉུང་ཁྲོད་འཇིིག་རྟེན་གྱི་མཁས་པ་གསོ་སྐྱོང་བྱེད་དགོས་འདོད་ན། ཆོས་ཚོང་མཁན་གྱི་སློབ་དཔོན་ཚོས་ལས་མེད་ཀྱི་གྲྭ་བ་བཟོས་བ་སྔ་ཕྱི་བར་གསུམ་དུ་མཐུན་རྐྱེན་བསྐྲུན་པས་འཇིག་རྟེན་ཐོག་འཇོན་ཐང་ཅན་བསྐྲུན་པར་འགོག་རྐྱེན་ཡོད་པ་མ་ཟད། ལས་མེད་ཀྱི་བླ་གྲྭ་ཚ་རང་ས་ནས་གཅིག་བུ་མི་བཞུགས་པ་སྤྱི་ཚོགས་ཁྲོད་སྣེ་ཁྲིད་བྱེད་པས། དད་ལྡན་བོད་རིགས་ཚོ་དེ་ཕྱོགས་སུ་རྒྱུགས་ཤིང་། དད་པ་ལས་ཅི་ཡང་མི་དགོས་ཤིང་། ཡོད་ཚད་བླ་མ་དེའི་དགོངས་བ་དང་མཐུན་མིན་གྱི་རྒྱ་མར་བཀྱགས་ཤིང་། མ་མཐུན་ན་དུག་ཏུ་བརྩི་བས་བདེན་དོན་དང་དངོས་ཡོད་ལ་གུས་བཀུར་མེད་པས་བོད་རིགས་རྣམས་རང་རྐང་སྒང་ལངས་ཐུབ་པར་འགོག་རྐྱེན་ཡོད་པ་མ་ཟད། ལམ་ནོར་ཞིག་ཏུ་ཁྲིད་པས་ཡིན། མི་ཞིག་ལམ་ནོར་ཐེབས་ན་མི་ཚེ་གཅིག་ཆུ་ཟོས་སུ་འགྲོ་ཡང་། མི་རིགས་ཤིག་ལམ་ནོར་ཐེབས་ན་མི་རིགས་དེ་རྩ་མེད་འགྲོ་བས་དད་པ་དང་དགའ་ཞེན་གྱི་རྒྱ་མ་ལས། བདེན་དོན་གྱི་རྒྱ་མ་བཞག་ན་མི་རིགས་དེ་འཇིག་རྟེན་སྟེང་ཡུན་རིང་གནས་བར་ཕན་ཐོགས་ཡོད། དེ་ལྟར་མིན་པ། གྲངས་མང་གིས་ཕན་ཐོགས་མེད་པ་འདོད་ན་མ་ངེས་ཏེ། ཐ་ན་རང་སྐད་ཡིན་ཡང་བཤད་སའི་མི་འབོར་ཡོད་ཅིང་། རོགས་པ་ཡོད་པས་བཀོད་སྤྱོད་བྱེད་སའི་མི་སྣ་ཡོད་པས་རྒྱུད་འཛིན་བྱེད་ཐུབ། དཔེར་ན། རྒྱ་དཀར་ནག་ལྟ་བུ་རེད། མང་བའི་བཀའ་དྲིན་གྱིས་འཛམ་གླིང་གི་ས་ཕྱོགས་གང་དུ་ཕྱིན་ཡང་རང་མི་ཡོད་པས་སྐད་རིགས་དེ་བེད་སྤྱོད་བྱེད་ས་ཡོད། དེ་བརྟེན་སྐད་ཡིག་དེ་བཀོད་སྤྱོད་བྱེད་ཐུབ་པས། སྐད་ཡིག་བཀོད་སྤྱོད་ཐུབ་ན་སྐད་ཡིག་དེ་མི་བརྗེད་ཅིང་དོགས་སྣང་འདྲེན་པ་ཕན་པས། སྐད་ཡིག་དེ་བེད་སྤྱོད་བཏང་མཁན་གྱི་མི་རིགས་འཇིག་རྟེན་ཐོག་གནས་བར་རམ་འདེགས་བྱེད་པ་དངོས་ཡོད་རེད།
ཉིད་ཀྱིས་གྲྭ་བས་འཇོན་ཞིང་མི་སྐྱས་མི་འཇོན་པ་་དགོངས་ན། ལྟ་ཚུལ་དེ་སྔོན་ཕྲན་གྱིས་དེ་ལྟར་བསམ་མྱོང་ཡོད་ཀྱང་། ཞིབ་མོ་བསམ་ན་བོད་ཀྱི་འགན་འཛིན་ནི་གནའ་ནས་ད་བར་སེར་མོ་པ་གཙོ་བོ་ཡིན་པས་བླ་མའི་རྒྱལ་ཁབ་ཟེར་བའི་མིང་ཐོགས་མྱོང་ཡོད་ལ། དོན་དངོས་འགན་འཛིན་བྲན་གཡོག་པ་ལས་འཇོན་དགོས་བའི་ཆ་རྐྱེན་མང་དུ་ཡོད་ལ། དོན་དངོས་ཀྱང་འགན་འཛིན་ལ་གོ་སྐབས་མང་དུ་ཡོད་པས་ཁོང་ཚོར་འཇོན་ཐང་ཡོད་ཀྱང་། བོད་ཀྱི་སྐྱ་སར་གཉིས་ཀྱིས་རོགས་སྐྱོར་བྱས་བའི་ཉེན་ལེན་གྱིས་ཡིན་པ་མ་ཟད། སྐྱ་པོ་ཚོ་ལ་དེེེེ་མཐུན་གྱི་སློབ་སྦྱོང་གི་གོ་སྐབས་དབང་འཛིན་པ་བླ་མ་ཚོས་གནའ་བོད་ལ་མ་སྤྲད་པས་རེད། གལ་སྲིད་བོད་པ་རྣམས་ཀྱི་གཅིག་མཐུན་གྱིས་རྒྱབ་སྐྱོར་མ་བྱས་ན་སེར་མོ་འམ་སྤྲུལ་སྐུ་དེ་ཙམ་ནུས་བ་མེད་ལ། སྐྱ་སེར་གཉིས་ཀྱིས་སྤྲུལ་སྐུ་ཚོར་རྒྱབ་སྐྱོར་མ་གནང་ན་སྤྲུལ་སྐུ་ཚོར་གོང་མ་ཆན་ལུང་ལྟ་ཅི། བོད་ཀྱི་དབུ་ཁྲིད་ཀྱང་བྱེད་པའི་འཇོན་ཐང་མེད། དེ་དག་བོད་མི་མང་ཚོགས་ཀྱི་བཀའ་དྲིན་ཡིན་པ་ཤེས་བ་གནད་དུ་ཁུམས།
ནོར་བཅོས།
# 74 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
February 18th, 2014 at 6:21 PM
ཆན་ལུང་ལ་བོད་ཡིག་བསླབས་པ་དང་གོ་ཏན་ལ་སངས་ཆོས་བསླབས་པ་འདི་དག་གནའ་བོའི་དུས་ཀྱི་བྱུང་བ་ཡིན་པས། མཚར་སྡུག་འོད་སྟོང་འབར་བས་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་། རིན་ཐང་ལྡན་པའི་ཁ་སང་གི་རྫ་ཆུ་ཡིས་དེ་རིང་གི་སྐོམ་པ་ག་ལ་སེལ། དུས་རབས་རྫོགས་ཟིན་ཞིང་། ལམ་ལུགས་རྙིང་ཟིན་པས་སྔོན་ཆད་ཀྱི་བྱུང་བ་ད་དུང་ཡང་སྐྱོད་འདོད་ན། ནོར་འཁྲུལ་རེད། དེ་བརྟེན། དེང་སྐབས་དེང་དུས་དང་མཐུན་པའི་ལམ་དུ་འཇུག་དགོས།
འཇོན་ཐང་ཅན་གསོ་སྐྱོང་བྱེད་དགོས་བ་བདེན་ཡང་། གང་ཞིག་གི་ཐོག་ཏུ་འཇོན་ཐང་ཅན་གསོ་སྐྱོང་བྱེད་དགོས་ངེས་རེད་དམ། མི་རིགས་མེད་ན་རྩ་བ་མེད་པས་འཇོན་ཐང་ཅན་ཅི་ལྟར་གསོ་སྐྱོང་བྱེད་དགོས་ངེས་རེད་དམ། མིན་ཏེ། གྲངས་འབོར་ལ་མ་ལྟོས་བར་གྲངས་ཉུང་ཁྲོད་འཇིིག་རྟེན་གྱི་མཁས་པ་གསོ་སྐྱོང་བྱེད་དགོས་འདོད་ན། ཆོས་ཚོང་མཁན་གྱི་སློབ་དཔོན་ཚོས་ལས་མེད་ཀྱི་གྲྭ་བ་བཟོས་བ་སྔ་ཕྱི་བར་གསུམ་དུ་མཐུན་རྐྱེན་བསྐྲུན་པས་འཇིག་རྟེན་ཐོག་འཇོན་ཐང་ཅན་བསྐྲུན་པར་འགོག་རྐྱེན་ཡོད་པ་མ་ཟད། ལས་མེད་ཀྱི་བླ་གྲྭ་ཚ་རང་ས་ནས་གཅིག་བུ་མི་བཞུགས་པ་སྤྱི་ཚོགས་ཁྲོད་སྣེ་ཁྲིད་བྱེད་པས། དད་ལྡན་བོད་རིགས་ཚོ་དེ་ཕྱོགས་སུ་རྒྱུགས་ཤིང་། དད་པ་ལས་ཅི་ཡང་མི་དགོས་ཤིང་། ཡོད་ཚད་བླ་མ་དེའི་དགོངས་བ་དང་མཐུན་མིན་གྱི་རྒྱ་མར་བཀྱགས་ཤིང་། མ་མཐུན་ན་དུག་ཏུ་བརྩི་བས་བདེན་དོན་དང་དངོས་ཡོད་ལ་གུས་བཀུར་མེད་པས་བོད་རིགས་རྣམས་རང་རྐང་སྒང་ལངས་ཐུབ་པར་འགོག་རྐྱེན་ཡོད་པ་མ་ཟད། ལམ་ནོར་ཞིག་ཏུ་ཁྲིད་པས་ཡིན། མི་ཞིག་ལམ་ནོར་ཐེབས་ན་མི་ཚེ་གཅིག་ཆུ་ཟོས་སུ་འགྲོ་ཡང་། མི་རིགས་ཤིག་ལམ་ནོར་ཐེབས་ན་མི་རིགས་དེ་རྩ་མེད་འགྲོ་བས་དད་པ་དང་དགའ་ཞེན་གྱི་རྒྱ་མ་ལས། བདེན་དོན་གྱི་རྒྱ་མ་བཞག་ན་མི་རིགས་དེ་འཇིག་རྟེན་སྟེང་ཡུན་རིང་གནས་བར་ཕན་ཐོགས་ཡོད། དེ་ལྟར་མིན་པ། གྲངས་མང་གིས་ཕན་ཐོགས་མེད་པ་འདོད་ན་མ་ངེས་ཏེ། ཐ་ན་རང་སྐད་ཡིན་ཡང་བཤད་སའི་མི་འབོར་ཡོད་ཅིང་། མང་བའི་བཀའ་དྲིན་གྱིས་གང་དུ་ཕྱིན་ཡང་རོགས་པ་ཡོད་པས་བཀོད་སྤྱོད་བྱེད་སའི་མི་སྣ་ཡོད་པས་དེ་རྒྱུད་འཛིན་བྱེད་ཐུབ། དཔེར་ན། རྒྱ་དཀར་ནག་ལྟ་བུ་རེད། མང་བའི་བཀའ་དྲིན་གྱིས་འཛམ་གླིང་གི་ས་ཕྱོགས་གང་དུ་ཕྱིན་ཡང་རང་མི་ཡོད་པས་སྐད་རིགས་དེ་བེད་སྤྱོད་བྱེད་ས་ཡོད། དེ་བརྟེན། སྐད་ཡིག་དེ་བཀོད་སྤྱོད་བྱེད་ཐུབ་པས། སྐད་ཡིག་དེ་བཀོད་སྤྱོད་ཐུབ་ན་སྐད་ཡིག་དེ་མི་བརྗེད་ཅིང་དོགས་སྣང་འདྲེན་པ་ཕན་པས། སྐད་ཡིག་དེ་བེད་སྤྱོད་བཏང་མཁན་གྱི་མི་རིགས་དེ་ནི་འཇིག་རྟེན་ཐོག་གནས་བར་རམ་འདེགས་བྱེད་པ་དངོས་ཡོད་རེད།
ཉིད་ཀྱིས་གྲྭ་བས་འཇོན་ཞིང་མི་སྐྱས་མི་འཇོན་པ་དགོངས་ན། ལྟ་ཚུལ་དེ་ནི། དེ་སྔོན་ཕྲན་གྱིས་དེ་ལྟར་བསམ་མྱོང་ཡོད་ཀྱང་། ཞིབ་མོ་བསམ་ན་བོད་ཀྱི་འགན་འཛིན་ནི་གནའ་ནས་ད་བར་སེར་མོ་པའམ་སྐུ་ལོ་ཚོ་གཙོ་བོ་ཡིན་པས་ཕྱི་གླིང་བའི་བོད་རིག་པ་ཁག་ཅིག་གིས་བླ་མའི་རྒྱལ་ཁབ་ཟེར་བའི་མིང་ཐོགས་མྱོང་ཡོད་ལ། དོན་དངོས་འགན་འཛིན་བྲན་གཡོག་ལས་འཇོན་དགོས་བའི་ཆ་རྐྱེན་མང་དུ་ཡོད། རྒྱུ་མཚན་ནི། མི་སེར་ལ་ལྟོས་ན་འགན་འཛིན་སྐུ་ལོ་ཚོ་ལ་གོ་སྐབས་མང་དུ་ཡོད་པས་ཁོང་ཚོར་་མི་སེར་ལ་ལྟོས་ན་འཇོན་ཐང་ཆེེ་དགོས་ཤིང་། ༼སེར་མོ་བའམ༽སྤྲུལ་སྐུ་ཁག་ཅིག་ལ་དེ་ལྟར་ཡོད་ཀྱང་། དེ་ནི་བོད་ཀྱི་སྐྱ་སེར་གཉིས་དང་། ལྷག་པར་དུ་སྐྱ་བོ་ཚོས་རོགས་སྐྱོར་བྱས་བའི་ཉེན་ལེན་གྱིས་ཡིན་པ་མ་ཟད། སྐྱ་པོ་ཚོ་ནི་དབང་འཛིན་པ་སྤྲུལ་ལོ་ཚོ་དང་བསྡུར་ན་སློབ་སྦྱོང་གི་གོ་སྐབས་མེད་ཁར། དབང་སྒྱུར་བ་སྐུ་ལོ་ཚོས་གནའ་བོད་ཀྱི་མི་སྐྱ་ཚོར་དད་པ་དང་དམ་ཚིག་གིས་དབང་སྒྱུར་བྱས་ཤིིང་།ཚད་ལྡན་གྱི་སློབ་གྲྭ་མ་བསྐྲུན་པས་རེད། དེ་ནི་དབང་འཛིན་པ་སྐུ་ལོ་ཚོས་རང་དོན་ཆེ་དྲགས་པས་མི་སྐྱ་ཚོའི་བདེ་སྡུག་ལ་ཐུགས་བསམ་མ་བཞེས་བའི་དཔང་རྟགས་ལེགས་ཤོས་སུ་འདོད།
གལ་སྲིད་བོད་ཀྱི་སྐྱ་བོ་རྣམས་གྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་མ་བྱས་བ་ཡིན་ན་སེར་མོ་འམ་སྤྲུལ་སྐུ་ཚོ་ལ་ནུས་བ་ཅི་ཡང་མེད། དེ་བརྟེན། ཤིང་གིས་ཤིང་བཀྱགས་ནས་ལྷ་ཁང་དང་གསེར་ཁང་བྱུང་ལ། མིས་མིར་བཀྱགས་ནས་བླ་མ་དང་དཔོན་བྱུང་ཞེས་བའི་གཏམ་དཔེ་བྱུང་བ་རེད། དེ་དག་སྐྱ་སེར་གཉིས་དང་། དེ་ལས་སྐྱ་བོ་ཚོས་སྤྲུལ་སྐུ་ཚོར་རྒྱབ་སྐྱོར་མ་གནང་ན་སྤྲུལ་སྐུ་ཚོར་གོང་མ་ཆན་ལུང་ལྟ་ཅི། བོད་ཀྱི་དབུ་ཁྲིད་ཀྱང་བྱེད་པའི་འཇོན་ཐང་མེད། དེ་དག་བོད་མི་མང་ཚོགས་ཀྱི་བཀའ་དྲིན་ཡིན་པ་ངེས་བར་དུ་ཤེས་གལ་ཆེ། གཅིག་བྱས་ན། ཆོས་དཔོན་ཚོས་འདི་དག་རང་ཉིད་ཀྱི་གཡོ་སྒྱུ་དང་ཐབས་བྱུས་ལ་བརྟེན་ནས་འོང་བ་འདོད་ཅིང་། དེ་ནི་རང་གི་འཇོན་ཐང་དུ་སྒོམ་ནས་གཞན་སུ་ཞིག་ལ་བཏང་རག་ཕུལ་རྒྱུའི་ཐུགས་འདོད་མོས་མེད་གཤིས་ཆེ། འོན་ཀྱང་། དེ་ནི་རང་མོས་ཡིན་པས་ཁོང་ཚོའི་འདོད་མོས་རེད།
མི་སྐྱ་ཚོས་མ་འཇོན་ནས་ཁོ་རང་ཚོའི་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་ཐུབ་མི་འདུག གྲྭ་བཙུན་ཚོས་འཇོན་ནས་ཁོ་རང་ཚོར་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་ཐུབ་འདུག འཇོན་མི་འཇོན་གྱི་ཁྱད་པར་ཟེར་བ་དེ་འདྲ་རེད། རྒྱ་གར་ལ་ཉེ་བའི་ལོ་རྒྱུས་ནང་མུ་གེ་བྱུང་བ་ནི་ནུབ་ཕྱོགས་པའི་བཙན་འཛུལ་གྱི་རྗེས་ངན་ཡིན་པ་མ་གཏོགས་ཆོས་ཡོད་མེད་ལ་འབྲེལ་བ་མེད། ལོོོོོོོོོོོོོོོོོོ་བཞི་བརྒྱའི་གོང་ལ་བཞི་བརྒྱའི་གོང་ལབཞི་བརྒྱའི་གོང་བཞི་བརྒྱའི་གོངབཞི་བརྒྱའི་གོབཞི་བརྒྱའི་གབཞི་བརྒྱའི་བཞི་བརྒྱའིབཞི་བརྒྱའབཞི་བརྒྱབཞི་བརྒབཞི་བརབཞི་བབཞི་བཞིབཞབརྒྱ་གར་ནག་གཉིས་ནི་འཛམ་གླིང་ཧྲིལ་པོའི་སྒང་གི་སྤྱི་ཚོགས་ཕྱུག་ཤོས་གཉིས་ཡངན་མོད་ནུབ་ཕྱོགས་པའི་པའི་མི་སེར་སྤེལ་ཡུལ་དུ་བསྒྱུར་ནས་བཀྲ་མི་ཤིས་པ་འབྱུང་མགོ་ཚུགས་པ་རེད། བོད་ཀྱི་མི་སྐྱི་གོ་སྐབས་གྲ་བས་འཕྲོག་པ་གཏན་ནས་མི་བདེན། སྡེ་པ་གཞུང་གི་བཀའ་བློན་བཞིའི་ནང་ན་གྲྭ་བ་གཅིག་ལས་མེད། རྩིས་དཔོན་ནི་ཚང་མ་སྐྱ་བོ་ཡིན།
དགོངས་དག གོང་གི་མཆན་ལ་ཆད་ལྷག་མང་པོ་ཤོར་འདུག
སྤོབས་པ་བཟི་ནས་འབགས་བསྡད་ཡོད་པ་འདྲ། ཧ་ཧ་ཧ།
ལོ་རྒྱུས་སྨྲ་བ་ཚོས་སྤྱི་ལོ༡༠༨ནས་༡༩༡༡ལོར་བར་རྒྱ་ནག་ལ་མུ་གེ༡༨༢༨ཙམ་བྱུང་བ་འདོད་ལ་ཆ་སྙོམས་གྱིས་ལོ་རེ་ལ་མུ་གེ་རེ་བྱུང་བཞིན་ཡོད་པས། མུ་གེ་དེ་དག་དབང་སྒྱུར་བའི་སྲིད་གཞུང་དག་ལ་མཚོན་ན། གཞུང་འཛིན་མུ་མཐུད་དུ་བྱེད་ཐུབ་མིན་གྱི་ཚོད་ལྟ་བྱེད་ཡུལ་ཞིག་ཏུ་ཆགས་ཡོད། ཁོང་ཚོས་མུ་གེ་ལ་གདུང་ལེན་ཅི་ལྟར་བྱེད་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད་པས། རྒྱ་ནག་ལ་དབང་སྒྱུར་བྱེད་མཁན་གྱི་སྲིད་གཞུང་མང་པོ་ཞིག་གིས་མུ་གེ་ལ་ཁ་གཏད་ཡག་པོ་གཅོད་མ་ཐུབ་ཅིང་ནུས་བས་མ་འདང་བས། ལམ་ལྷོང་མ་བྱུང་། མི་མང་གི་འདོད་འདུན་བསྐོངས་མ་ཐུབ་ཅིང་། མི་མང་འདོད་མ་ཚིགས་པའི་སྐབས་དང་སྟུན་ནས་ཕྱོགས་འགལ་བའམ་ངོ་ལོག་པས་གོ་སྐབས་དམ་འཛིན་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཤིང་། ཕམ་ཉེས་བཏང་བའི་གནས་ཚུལ་མང་དུ་ཡོད།
ཉེར་རབས་ཀྱི་རྒྱ་དཀར་ནག་གི་མུ་གེ་རེ་ཟུང་ཞིག་ནུབ་ཕྱོགས་པ་དང་འབྲེལ་བ་ཅུང་ཙམ་ཡོད་པ་བདེན་ཡང་། ནུབ་མིས་བཙན་འཛུལ་མ་བྱས་གོང་དུ་རྒྱ་ཁབ་དེ་གཉིས་འབྱོར་ལྡན་ཁོ་ན་ཡིན་ཞིང་མུ་གེ་མེད་པའི་གནས་ཚུལ་ནི་བདེན་པ་ཡེ་ནས་མ་རེད། དེ་ལས་ལྡོག་སྟེ་ནུབ་མི་ཚོས་ཁོང་ཚོར་དཔལ་འབྱོར་གྱི་རོགས་སྐྱོར་མང་དུ་བྱས་བ་མ་ཟད། ད་ལྟ་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ཁབ་ཀྱི་གྲས་སུ་ཚུད་པའང་མཐའ་དེད་ན་ནུབ་མི་ཚོས་བཀའ་དྲིན་ཡིན། ནུབ་མི་ཚོས་དེ་གཉིས་ལ་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་དཔལ་འབྱོར་འཚོལ་སྒྲུབ། འཇིག་རྟེན་སྐྱོང་སྟངས་སོགས་བསླབས་ཤིང་། དེ་གཉིས་ཀྱིས་ད་ལྟ་གང་ཐུབ་ཀྱིས་ནུབ་མིའི་ལས་ཟློས་བྱས་བས་ཡར་རྒྱས་ཕྱིན་པ་རེད། ལྷག་པར་དུ་རྒྱ་ནག་ལ་མཚོན་ན་ཐ་ན་ཁང་པ་བཟོ་སྟངས་དང་། ནང་ཆས་བསྒྲིགས་སྟངས། ཐབས་ཚང་དང་ཁང་སྒོའི་ཟ་སོགས་ནུབ་ཕྱོགས་ལས་དཔར་ལོག་བརྒྱབས་འདུག པེ་ཅིང་གྲོང་ཁྱེར་གྱི་བཟོ་བཀོད་ཀྱང་མོ་སི་ཁོ་འདྲ་ཕྱིས་བའི་ནང་བརྙན་མང་ཁར། པ་ན་ལ་ཁི་ཟེར་བའི་ཨུ་རི་སུའི་དམར་པོའི་ཁང་བཟོ་ཡང་བོད་དང་རྒྱ་ནག་ཏུ་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་མང་དུ་མཐོང་ཡ་ཡོད་པ་དེ་རེད། མདོར་ན། དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་མི་འབོར་ཕལ་མོ་ཆེ་དང་། ལྷག་པར་དུ་གནད་ཡོད་སྣ་སོགས་ཀྱི་ཀླད་པ་ནི་ནུབ་མི་ཡིན་པ་ལས་ཤར་མི་མིན། ཁོང་གང་ཐུབ་ཀྱིས་ནུབ་ཕྱོགས་པའི་ལས་ཟློས་ཤིང་ལམ་སྟོན་པ་ལྟ་བུ་བརྩི་བ་ནི་བློ་ཡུལ་ལས་འདས་བ་རང་རེད། ནུབ་ཕྱོགས་ན་གནས་སྡོད་མཁན་གྱི་རྒྱ་དཀར་ནག་གི་མི་མང་པོ་ཞིག་ལ་གང་ནས་ཡིན་ཚུལ་སྐད་ཆ་དྲིས་སྐབས། ད་ལྟའི་སྡོད་གནས་ཀྱི་དབྱིན་ཡུལ་དང་འཇར་མན་སོགས་ཡིན་ཚུལ་བཤད་པ་ལས། རང་གི་ཐོོན་ཁུང་བཤད་པའི་སྤོབས་པ་མེད་མཁན་མང་པོ་འདུག དེ་དག་ནི་ནུབ་མིར་རིན་ཐང་སྤྲད་ཡ་མང་དྲགས་པས་རེད།
བོད་གཞུང་གི་བཀའ་བློན་སྐྱ་བོ་ཡོད་པ་བདེན་ཡང་། ཁོང་ཚོ་བླ་ཆེན་ཚོས་ལག་གཡོག་ཡིན། དེ་ནི་དེང་སྐབས་བོད་རང་ལྗོངས་ཀྱི་དྲུང་ཆེ་གཞོན་པ་སོགས་མི་རིགས་ལས་བྱེད་པ་མང་པོ་ཡོད་པ་དང་གཅིག་མཚུངས་རེད། མདོར་ན་བཀའ་བློ་དེ་ལ་གདན་ས་འམ་རྒྱལ་ཚབ་སོགས་གནད་ཡོད་ཀྱི་ཆོས་དཔོན་ཚོས་རྒྱབ་རྩ་མེད་ན། ཕམ་ཁ་ལས་ཅི་ཡང་མེད། མེད་པ་སྡེ་སྲིད་དང་ལྷ་བཟང་ཁང་གཉིས་ཀྱི་ལོ་རྒྱུས་ལས་གསལ་ངེས་རེད། དེ་བརྟེན། གཙོ་བདག་བློ་དཔོན་ཚོས་བཀའ་དགོངས་ལྟར་འགྲོ་རྒྱུ་ནི་བཀའ་བློན་ཞིག་ལ་མཚོན་ན་རང་གི་བདེ་འཇགས་ཡག་ཤོས་དེ་ཡིན། ཡིན་པ་བཀའ་བློན་རྣམས་ཀྱིས་གསལ་པོ་མཁྱེན་ཡོད་པ་མ་ཟད། བཀའ་བློན་ཚོ་ཡང་ཆོས་དཔོན་ལྟ་བུ་ཆགས་ཤིང་། ཆོས་ལུགས་ཀྱི་སྒྲོག་ཏུ་ཚུད་དེ་ཆོས་དཔོན་ཚོའི་དགོངས་བ་དང་མ་མཐུན་པའི་ཕྱག་ལས་སྒྲུབ་པ་དཀའ། སྒྲུབ་པ་ཡིན་ན་ཆོས་དད་མང་ཚོགས་དང་ཆོས་དཔོན་གཉིས་ཀས་མི་དེ་ཐར་བ་མི་བཏང་། དེ་ནི་ཆོས་དཔོན་ཚོས་བོད་མི་རྣམས་གཡོ་འགུགས་བྱེད་ཡ་མང་དྲགས་པས་རེད།
རྒྱ་ནག་གི་མུ་གེའི་ཟིན་ཐོ་ཁག་ཅིག་ཞུས་ན་འདི་ལྟར་ཏེ།
875-884 ཐང་གི་འཇུག་ཏུ་མུ་གེ་བྱུང་། རྒྱུ་རྐྱེན་ངོ་ལོག་པ་དང་རང་བྱུང་གི་གོད་ཆགས་གཉིས་ཀ་ཡིན། གཞུང་གིས་དཀའ་ངལ་དེ་སེལ་མ་ཐུབ་པས། དམག་འཁྲུག་ཁྲོད་ཕམ་ཁ་མྱོང་ཞིང་ཁ་ཐོར་དུ་ཕྱིན་ནས་རྒྱལ་ཁབ་ལྔ་དང་རྒྱལ་ཕྲན་བཅུ་རུ་ཆགས།
1333-1337 མུ་གེ་བྱུང་ཡོད།
1630-1631 རྒྱ་ནག་བྱང་ནུབ་ཁུལ་དུ་མུ་གེ་བྱུང་ཡོད། གནས་ཚུལ་དེས1644ལོར་གཏའ་མིང་རྒྱལ་ཁབ་རྩ་ཐོར་དུ་འགྲོ་བའི་རྒྱུ་རྐྱེན་བྱས་ཡོད།
1810, 1811, 1846, 1849 བཅས་ལ་མུ་གེ་བྱུང་། འདིའི་ཡན་གྱི་མུ་གེ་རྣམས་ནུབ་གླིང་པ་དང་ཡག་རྩོག་གཉིས་ཀྱི་འབྲེལ་བ་གཏན་ནས་མེད། མི་ས་ཡ་ཞེ་ལྔ་ཙམ་གྲོངས།
1850-1873 མུ་གེ་ཆེན་མོ་བྱུང་། ་རྒྱུ་རྐྱེན་ཐཱ་ཕིན་གྱི་ངོ་ལོག་སོགས་ཡིན། མི་ས་ཡ60ཙམ་གྲོངས།
1876-1879 རྒྱ་ནག་བྱང་ཁུལ་གྱི་མུ་གེ་ཆེན་མོ་བྱུང་། རྒྱུ་རྐྱེན་ཐན་པ་ཡིན། དབྱིན་ཇིས་དང་ཡི་ཤུ་ཆོས་ལུགས་པ་ཡིས་ཨ་སྒོར་ས་ཡ18ཙམ་རོགས་སྐྱོར་བྱས་བ་མ་ཟད། ནུབ་ཁ་ཤས་རོགས་སྐྱོར་སྐབས་ནད་ཡམས་ཀྱིས་གྲོངས་ཡོད། མི་ས་ཡ་དགུ་དང་ཕྱེད་ཀ་གྲོངས།
1896-1897 རྒྱ་ནག་བྱང་ཕྱོགས་ལ་མུ་གེ་བྱུང། རྒྱུ་རྐྱེན八卦རྟགས་བརྒྱད་ཆོས་པས་གནད་ཁྲིད་ཅིང་ཡི་ཤུ་དང་ཕྱི་གླིང་བར་དགྲ་རུ་བཟུང་ཞིང་། ཁ་གཏད་བཅགས་པས་ཁབ་བརྒྱད་ཀྱི་མཉམ་འབྲེལ་གྱི་དམག་འཁྲུག་བསླངས་བསླངས།
1907, 1911 རྒྱ་ནག་གི་ཤར་དཀྱུལ་ཁུལ་དུ་མུ་གེ་བྱུང་། རྒྱུ་རྐྱེན་ཉིན་ཧོང་དང་རྒྱ་ནག་གི་གསར་རྗེས། རང་བྱུང་གི་གོད་ཆགས་སོགས་ཡིན།
1920-1921 ཧི་ནན། ཧྲན་ཏུང་། ཧྲན་གཤིའི་སོགས་རྒྱ་ནག་བྱང་ཁུལ་ལ་་མུ་གེ་བྱུང་། མི་ས་ཡ་ཕྱེད་ཙམ་གྲོངས།
1928-1930 རྒྱ་ནག་གི་བྱང་ཕྱོགས་ཁུལ་ལ་མུ་གེ་ཆེན་མོ་བྱུང་། རྒྱུ་རྐྱེན་ཐན་པ་ཡིན། མི་ས་ཡ་་གསུམ་གྲོངས།
1936 རྒྱ་ནག་ལ་མུ་གེ་བྱུང་། མི་ས་ཡ་ལྔ་གྲོངས།
1942–1943 ཉིན་ཧོང་དང་རྒྱ་ནག་གི་དམག་འཁྲུག་གི་རྒྱུ་རྐྱེན་གཙོ་བོ་བྱས་ཏེ་མུ་གེ་བྱུང་། མི་ས་ཡ་གཅིག་གྲོངས།
1958-62 རྒྱ་ནག་རྒྱལ་ཡོངས་ལ་མུ་གེ་ཆེན་པོ་བྱུང་། རྒྱུ་རྐྱེ་ནི་ཐན་པ་དང་སྲིད་བྱུས།་དམག་འཁྲུག་གི་བུ་ལོན་སོགས་ཡིན།
མི་ས་ཡ་སུམ་ཅུ་ཙམ་གྲོངས།
ཨ་ནུ་ཐང་དེ་སྐྱོ་བ་ལགས། སྤོབས་པས་མུ་གེ་བྱུང་བ་གྲྭ་བཙུན་གྱི་སྐྱོན་མ་རེད་ཟེར་བཞིན་པ་ལ། ལགས་སོ་དེ་དེ་བཞིན་ནོ་ཞེས་ལུང་པ་གང་བྲིས་འདུག ཧཧཧ
ད་ཁྱོད་ཚོས། སྐྱག་པ་ཟོས་ཚར་པ་ཤེས་ཡོད་པ་འདྲ་མོ་འདུག བོད་མི་མང་ཆེ་བ་བླུན་པོ་མ་རེད། ཡིན་ནའང་རྒྱ་ནག་གིས་ཀྱང་བོད་ཡུལ་འཁྱག་གི་ང་ཚོ་མི་འདུག་འགྲོ་གི་ཡིན་ཟེར་མདོག་ཁ་པོ་མ་རེད། ད་ང་ཚོས་གཏོང་ཕོད་ཆེན་པོས་ཁྱེད་ཚོར་ཁེ་ཕན་ཡོད་ན་བོད་ནས་སྡོད་དང་ངེད་ཅག་ནུབ་ཕྱོགས་ལ་ལས་ཀར་ཕྱིན་འགྲོ་དེ་ནས་འདུག་གི་ཡིན་སྐུ་བདེ་ཟེར་ན་མ་གཏོགས། ང་ཚོའི་ཆོས་ལུགས་ཡག་པོ་མེད་བརྫོས་ནས་འདུག་པའི་དུས་ཚོད་ཡོལ་ཚར།
བོད་མི་ཡ་རབས་རེད། རྒྱ་མི་ཚོ་བོད་ནས་བྲོས་ན་མ་གཏོགས་གསོད་ཀྱི་ཡིན་ཟེར་མཁན་གྱི་རྒྱལ་ཁབ་གཞན་ཅིག་རྙེད་ཁག་པོ་རེད།
ད་ང་ཚོས་གནས་ལུགས་མི་ཤེས་ཤིང་བོད་ས་དགོས་པའི་རྒྱ་མི་ཚོར་དྲག་རྒོལ་བྱེད་དགོས་ཀྱི་འདུག དང་པོ་ང་ཚོས་འདི་ལྟར་བཤད་དགོས། བོད་འདི་གནའ་སྔ་མོ་ནས་རྒྱལ་ཁབ་གཅིག་ཡིན། རྒྱ་མིའི་ནང་ན་རིག་གནས་ཤེས་མཁན་མངས། ཁྱེད་ཅག་གི་ནང་ན་བོད་བཙན་བཟུང་བགྱིས་ནས་བོད་མིར་སྡུག་པོ་གཏོང་བར་མི་དགའ་མཁན་ཡོད། དེ་དག་བོད་ནས་མ་འདུག་རོགས། གལ་སྲིད་ང་ཚོར་མུ་མཐུད་ནས་བཙན་གནོན་བྱ་བགྱིད་ཡིན་ན་ང་ཚོས་ཀྱང་མཚོན་ཆ་མེད་པའི་བོད་ཀྱི་རྣམ༌པ་འདི་དོར་ནས་དམགས་རྒྱག་རྐྱང་བྱ་བགྱིད་ཡིན། རྣམ་པ་ཚོས་མཚོན་ཆ་མེད་པའི་མིས་མཚོན་ཆ་བཟོས་སྟེ་འཐབ་པའི་བྱུང་བ་དེ་འདྲ་ཤེས་གསལ་རེད། འདི་ལྟར་བཤད་དགོས། རྒྱ་ནག་གི་མཚོན་ཆ་ཅི་སྲིད་སར་མ་བཞག་པ་དེ་སྲིད་དུ་རྒྱ་གར་ལ་དམག་དང་མཚོན་ཆ་གཉིས་ཀ་དགོས་པ་གསལ་བོ་རེད། ང་ཚོས་རྒྱ་གར་གྱི་རྒྱལ་སྲུང་དང་བོད་སྐྱོབས་ཀྱིས་ལས་ཀ་འཛམ་གླིང་མི་དམངས་ཀྱི་དམིགས་དཔེ་བལྟར་འོས་པ་བགྱིས་ན་གང་འདྲ་འདུག་གམ། བོད་མི་ཚོར་དཔའ་མེད་པ་མ་རེད། འཚེ་བ་མེད་པར་ཡིད་ཆད་ན་འཚེ་བའི་ཁྲག་གི་འཁོར་ལོ་བསྐོར་དགོས་པ་ལས་སྡུག་སྐད་རེ་བརྒྱབ་ནས་འདུག་པའི་ཨ་ཆད་ལ་ང་གཏན་ནས་མི་དགའ་འོ།
སྡེ་པ་གཞུང་གི་བཀའ་བློན་་སྐྱ་བོ་གསུམ་དང་སེར་མོ་གཅིག་པོའི་བར་ན་དབང་ཆ་ཆེ་ཆུང་གང་ཡང་མེད།དེས་བོད་ཀྱི་སྐྱ་བོ་ཚོར་སྲིད་དོན་ལ་ཐེ་ཇུས་དང་དང་གོ་སྐབས་མང་བ་མཚོན་ནུས། རྒྱ་ནག་ལ་མུ་གེ་བྱུང་བའི་གྲངས་ཐོ་དེར་ཆོས་ལུགས་དང་གྲྭ་བཙུན་གྱིས་རྐྱེན་བྱས་ནས་མུ་གི་བྱུང་ཚུལ་གཅིག་ཀྱང་མེད་པའི་ཆ་ནས་ཁྱེད་ཀྱིས་འདྲེ་ཤར་དང་གླུད་ནུབ་ཀྱི་དཔེ་བཟོས་འདུག བོད་དུ་ཡང་ཆོས་དར་དུས་མུ་གེ་བྱུང་བ་མེད་ཅིང་ཆོས་ལ་དགག་པ་རྒྱག་པའི་ལས་འགུལ་ཆེན་པོ་ལངས་དུས་སུ་མུ་གེ་སོགས་སྤྱི་ཚོགས་མ་བདེ་བ་བྱུང་འདུག
་་་་་ བོད་དུ་ཡང་ཆོས་དར་དུས་མུ་གེ་བྱུང་བ་མེད་ཅིང་ཆོས་ལ་དགག་པ་རྒྱག་པའི་ལས་འགུལ་ཆེན་པོ་ལངས་དུས་སུ་མུ་གེ་སོགས་སྤྱི་ཚོགས་མ་བདེ་བ་བྱུང་འདུག ་་་་་་
ཁས་ལེན་མེད་པའི་དགག་ལན་ཞིག་རྒྱབ་བཞིན་པ་འདི་ནི་དགོད་སྤྲོ་པོ་འདྲ་ཞིག་རེད། སུ་གང་གིས་ནང་ཆོས་དར་ནས་མུ་གེ་བྱུང་ཟེར་མཁན་མི་འདུག་་་་གཅིག་རེད།
ནང་ཆོས་བོད་ལ་དར་ནས་དཔལ་འབྱོར་ཡར་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་པ་དང་བོད་མི་རིགས་རྗེས་ལུས་ཅན་གྱི་མི་རིགས་ཤིག་ཆགས་སོང་བ་ནི་དངོས་ཡོད་གནས་ཚུལ་རེད། ཁས་ལེན་འདོད་མེད་ནའང་ད་ལྟའི་གནས་སྟངས་ཀྱིས་ཁ་གྲགས་ནས་ཡོད།་་་གཉིས་པ་རེད།
སྐུ་དྲག་སྐྱ་བོ་ཚོས་མ་འགྲིག་རབས་དང་མ་འཇོན་རབས་བཤད་བསྡད་མཁན་འདི་ཚོས་བཤད་སྟངས་དེ་་རྩྭ་ཞིམ་པོ་གཡང་དཀར་ལུག་གིས་ཟས། ཁེ་ངན་པ་ཙི་ཙི་ར་ལ་བཀལ་ཟེར་བ་ལྟར་རེད།་་་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་མི་ལོ་བརྒྱད་བརྒྱ་ལྷག་གི་རིང་དུ་བླ་མས་སྲིད་དབང་འཛིན་པ་རེད།
སྨན་ཁང་དང་སློབ་གྲྭ། བཟོ་གྲྭ་བཙུགས་པ་སོགས་ཕར་ཞོག་་་་་ཐ་ན་རྐང་འཁོར་ཙམ་ཡང་བཟོ་ཤེས་པའི་འཇོན་སྟངས་ད་ལྟའི་བར་དུ་མེད། ་་་ཤིང་བཟོ་དང་མགལ་བ་གཉིས་ལ་མཐོང་ཆུང་བྱས། ལག་ཤེས་ཡར་རྒྱས་འགྲོ་བའི་རྨང་གཞི་རྩ་འགག་བཟོས། ཆོས་ལུགས་ཀྱིས་ཤུགས་རྐྱེན་ངན་པ་བཞག་མྱངས་བ་ནི་དངོས་ཡོད་རེད། འདི་གནད་དོན་་་གསུམ་པ་རེད།
ད་དུང་གྲྭ་བ་ཡོད་སར་དཔལ་འབྱོར་རྒྱས་ཡོད་རབས་བཤད།་་་ཧཧཧ་་་་སྙིང་རྗེ་ཁྱོད་ཀྱི་བཤད་སྟངས། བྱས་ན་འཛམ་གླིང་གི་དཔལ་འབྱོར་ཨང་དང་པོ་བོད་དང་འབའ་མ་གཉིས་ཡིན་གྱི་རེད་བ། འཛམ་གླིང་ཐོག་གི་དཔལ་འབྱོར་སྐྱོ་ཤོས་གྲྭ་པ་གྲྭ་རྐྱང་ཚོ་རེད། གྲྭ་རྐྱང་ཚོ་ལ་མ་དངུལ་སྒོར་མོ་ཧན་སྒོར་ཁྲི་གཅིག་ཡོད་ན་ཕྱུག་ཤོས་ལ་བརྩི་ཆོག ཁྱོད་རང་གིས་ཀྱང་གྲྭ་པ་གྲྭ་རྐྱང་གི་མི་ཚེ་བསྐྱལ་མྱངས་བ་རེད་པ། དགེ་བཤེས་གཏོང་སྒོ་རྒྱབ་རྐྱེན་མ་རག་ནས་བལ་ཡུལ་དུ་ཕྱིན་ནས་མཇེ་འགོ་ཞོ་ལྡག་བྱས་བཅུག་པ་མ་རེད་པེ། ་་་་ཧཧཧ
དེང་སང་དྲ་ཐོག་གི་གནས་ཚུལ་ལ་བལྟས་ན་བོད་ནང་དུ་གྲྭ་པ་ཡོད་པའི་ཁྱིམ་ཚང་ཡིན་ན་བུ་མོ་ཚོ་མནའ་མ་ཡོང་རོགས་བྱས་ཀྱི་མེད་པར་འདྲ། ཁྱིམ་ཚང་དེ་ལ་ཤ་ཟ་ཡ་མེད་པའི་གསོ་ཕག་འདུག་ཟེར་བཞིན་འདུག་ཟེར། གྲྭ་པ་ཟེར་བ་འདི་ཁྱིམ་ཚང་དང་དགོན་པ་གཉིས་ཀྱིས་གསོ་དགོས་པའི་མི་ཞིག་རེད། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཏུ་བོད་བཙན་པོའི་དེང་རབས་ལ་གྲྭ་པ་རེ་ལ་གསོ་མཁན་ཡོན་བདག་ཁྱིམ་ཚང་བདུན་རེ་སྤྲད་མྱངས་བ་རེད། བཙན་བྱོལ་ནང་དུ་ཡང་ཆོས་སྡེ་ལས་ཁུངས་ཀྱིས་ལྟོ་དོད་སྤྲད་དང་སྤྲོད་བཞིན་པ་རེད། བཙན་བྱོལ་མི་དམངས་ཀྱིས་གསོ་གི་ཡོད་རེད།
ངས་བསམ་ཚུལ་བྱས་ན་་་གཏམ་དང་མདའ་མོ་དྲང་ན་དགའ་གི་རེད། ཆོས་ལུགས་ཀྱི་ཕྱོགས་སུ་ཞེན་སྒོག་བྱས་ནས་སྐྱོན་ཐམས་ཅད་ཞི་མི་སྐྱག་པ་ཀོང་ཀོང་བྱེད་ན་བོད་མི་རིགས་ལ་གནོད་ཀིན་རེད། ནོར་འཁྲུལ་ཁས་ལེན་ནས་རྗེས་སུ་ནོར་འཁྲུལ་མི་ཤོར་བ་འབད་བརྩོན་བྱེད་ན་དགའ་གི་རེད་འདོད།
ཨོ་རེད་་་་ད་དུང་་་ངོ་ཚ་མེད་པའི་ཆོས་ལུགས་པ་ཚོས་གྲོང་གསེབ་ཨ་མ་རྒད་མོ་ཟེར་ནས་མཐོང་ཆུང་བྱས་ཀྱི་རེད་་་་འཇོན་སྟངས་མེད་མཁན། ཤེས་ཡོན་མེད་མཁན། ཐབས་སྐྱོ་ཤོས་ཤིག་ལ་བརྩི་གི་རེད། བཀོར་གཟན་ཚོའིཁ་ལ་ཟ་གྱི་རྩམ་པ་དེ་གྲོང་གསེབ་ཨ་མ་རྒད་མོ་ཚོས་བཟོས། བཀོར་བདག་ཚོའི་ལུས་གོན་གྱི་སྣམ་བུ་དེ་ཡང་གྲོང་གསེབ་ཨ་མ་རྒད་མོ་ཚོས་བཟོས།་་་་མི་ཚེ་བསྐྱེལ་ཡ་གི་ལྟོ་གོས་སྤྲོད་མཁན་རྒད་པོ་རྒད་མོ་ཚོ་ལ་མཐོང་ཆུང་བྱས། གནས་དོན་འདི་དག་ང་ཅོ་རིས་སེམས་ལ་འཁོར་ཐེངས་རེ་ལ་ཁོང་ཁྲོས་མེ་འབར་ཡོང་གི་འདུག
ད་དུང་་་སྐུ་དྲག་སྐྱ་བོ་ཕ་རྒད་དེ་ཚོས་མ་འཇོན་བར་མ་གཏོགས་བླ་སྤྲུལ་ཚོས་འཇོན་ཡོད་མདོག་མདོག་འདྲ་ཞིག་བཤད་་་་ཧཧཧཧ་་
སྤོབས་པ་མཐའ་ཡས་ཁྱོད་་་་ངོ་མ་མི་བསམ་ཡོད་ཤིག་གིས་སྐད་ཆ་བཤད་སྟངས་འདི་དག་ཡག་པོ་མ་རེད། ་་ཨ་ནུ་ཐང་བསོས་ནམས་ཟེར་བ་འདིས་གནད་ལུགས་དང་རྒྱུ་མཚན་ཡོད་པའི་སྐད་ཆ་བཤད་དུས་་་རྒྱབ་སྐྱོར་གི་ཚིག་གཅིག་འབྲི་གྱི་མེད་པར་ཁྱབ་ལོག་སྒྲུབ་གང་ཐུབ་བྱེད་མཁན་ཡོད་རེད་པེ།
ཁྱོད་ལྟ་བུའི་དགེ་བཤེས་ལོག་པ་ཚོའི་ཁ་བདེ་པོ་ཡོད་རེད། ཁྱབ་ལོག་སྒྲུབ་མཁས་པོ་ཡོད་རེད། ཨ་ནུ་ཐང་བསོད་ནམས་ཀྱིས་སངས་ཆོས་དར་ནས་མུ་གེ་བྱུང་ཞེས་རྩ་བ་ནས་བཤད་མ་སོང་། ཁྱོད་ཀྱིས་ཡར་ཁྱབ་ལོག་སྒྲུབ་མར་ཁྱབ་ལོག་སྒྲུབ་ནས་་་དགག་པ་འདྲ་ཞིག་རྒྱག་གི་འདུག དེ་འདྲ་མ་བྱེད་རོགས་བྱོས་་་་ལོ་་་་་་་་་ཧཧ
རེད་ཡ། བོད་བརྒྱུད་ནང་བསྟན་ཆོས་ལུགས་བོད་ལ་དར་ནས་མུ་གེ་བྱུང་མེད་རབས་ཟེར། གཞི་རྩའི་མུ་གེ་ཟེར་བ་དེ་ཞིང་འབྲོག་གཉིས་ལ་ཐན་སྐྱོན་སོགས་རང་བྱུང་གིས་གོད་ཆག་བྱུང་མེད་ན་མུ་གེ་ཕལ་ཆེར་འབྱུང་མི་སྲིད་པ་འདྲ་ཞིག་རེད། དེ་ནི་བོད་ཀྱི་དཔལ་འབྱོར་ཡོང་སྒོ་བརྒྱ་་ཆ་མང་ཤོས་ཞིང་འབྲོག་གཉིས་ལ་བརྟེན་བསྡད་པ་དེ་རེད། གལ་ཏེ་ཞིང་འབྲོག་གཉིས་ལ་མུ་གེ་བྱུང་ན་བཀོར་གཟན་པ་ཚོར་མུ་གེ་མེད་པར་ཟུར་དུ་ལྷག་ཐབས་མེད་པ་རེད།
བྱས་ཙང་བོད་ཀྱི་དཔལ་འབྱོར་ཆེས་རྗེས་ལུས་ཡིན་པ་ནི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་རེད། དཔེར་ན་བཀོར་གཟན་པ་ཚོ་ལས་ཀ་སྣེ་གཅིག་ལས་མི་དགོས་ཀྱང་ལྟོ་བ་ནི་འདྲ་འདྲ་ལས་ཆུང་བ་ཞིག་མེད་ཚོད་རེད། དེས་ན་བོད་ལ་རྒྱས་བཙན་འཛུལ་མ་བྱས་གོང་ཞིང་འབྲོག་མང་ཚོགས་ནི་ཆོས་གཞིས་ཁག་གི་ཁྲལ་པ་རེད། ཁོ་ཚོས་དཔུང་ས་འོག་འཛུལ་ནས་དཀའ་ལས་བརྒྱབ་བཞག་པའི་ཡོང་སྒོ་ཕལ་ཆེ་བ་ཁྲལ་འཇལ་དགོས་པ་རེད། འོན་ཀྱང་ཞིང་འབྲོག་མང་ཚོགས་ལ་ཕན་པའི་ཤེས་ཡོན་སློབ་གསོའི་འཁོར་ཡུག་སྣེ་གཅིག་ཀྱང་མེད་པ་རེད་ལ་ནད་བཅོས་བྱེད་སའི་སྨན་ཁང་ཀྱང་སྣེ་གཅིག་མེད་པ་དེ་རེད། ནང་བསྟན་ཆོས་ལུགས་ཀྱི་མཁས་པ་ང་ཡིན་ཟེར་མཁན་མང་མང་བྱོན་ནས་སེམས་ཁམས་རིག་པའི་ལྟ་གྲུབ་ཀྱི་རྣམ་གཞག་སོགས་པོ་ཏི་སྟོང་ཁྲག་བརྒལ་བ་ཡོད་ཀྱང་སྐྱེ་དངོས་རིག་པའི་ཡིག་རྡོག་ན་གཅིག་མེད་པ་དེས་བཀོར་ཟ་རྒྱུ་མ་གཏོག་བཀོར་གྱི་འབྱུང་རྩ་མི་ཤེས་པའམ་བཀོར་ནད་ཐེབས་ནས་མུག་ཤི་རྒྱུག་ངེས་པའི་བསམ་བློ་མེད་པ་དེ་རེད།
རྒྱ་ནག་ལ་མུ་གེ་བྱུང་བའི་གནས་ཚུལ་དེ་བགྲང་དགོས་ཡོད་དོན་ཡང་ཉིད་ཀྱིས། ༼རྒྱ་གར་ནག་གཉིས་ནི་འཛམ་གླིང་ཧྲིལ་པོའི་སྒང་གི་སྤྱི་ཚོགས་ཕྱུག་ཤོས་གཉིས་ཡངན་མོད་ནུབ་ཕྱོགས་པའི་པའི་མི་སེར་སྤེལ་ཡུལ་དུ་བསྒྱུར་ནས་བཀྲ་མི་ཤིས་པ་འབྱུང་མགོ་ཚུགས་པ་རེད༽པ་ཟེར་བའི་ལན་དུ་ཡིན། ཕྱུག་པོ་དེ་ཙམ་མིན་ཚུལ་སྟོན་བྱེད་དུ་ཡིན། མ་ཟད་ནུབ་ཕྱོགས་པ་མ་ཡོང་གི་རྒྱ་གར་ནག་གི་སྤྱི་ཚོགས་ནི་ཆོས་ལུགས་ཀྱི་སྤྱི་ཚོགས་ཡིན་པས། དེ་ཡོད་པའི་དཔལ་འབྱོར་ལམ་ལུགས་ཀྱང་ཆོས་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཡིན་ཞིང་། དཔལ་འབྱོར་དང་འགུལ་སྤྱོད་མཐའ་དག་ཆོས་ལུགས་དང་འབྲེལ་བ་ཆེན་པོ་ཡོད་པས། སྲིད་གཞུང་རྣམས་ཀྱིས་ཆོས་ལུགས་ཀྱི་ཆེད་དུ་འགྲོ་སོང་མང་པོ་བཏང་བ་མ་ཟད། ཆོས་ལུགས་ཀྱིས་ཆེད་དུ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལམ་ཀ་མང་པོ་འགག་པས། མུ་གེ་བྱུང་སྐབས་སྲིད་གཞུང་མང་པོར་མི་མང་ལ་སྐྱོབ་གསོ་བྱེད་པའི་འགྲོ་སོང་གི་མ་འདང་བའི་དཀའ་ངལ་མི་དམན་པ་བྱུང་ཡོད། དེ་བརྟེན། ཆོས་ལུགས་ལ་ངན་ཁག་ཅི་ཡང་མེད་ཅེས་སྨྲ་མི་ཕོད།
གོང་དུ་ཅོ་རིས་གསུངས་བ་བཞིན་ངས་ཆོས་ལུགས་ཀྱིས་བོད་ལ་མུ་གེ་ཁྲིད་ཡོང་ཚུལ་གཅིག་ཀྱང་བཤད་མེད་པས། དེ་དོན་ཅོ་རིའི་གསུངས་བ་བཞིན་རེད། ཐུགས་རྗེ་ཆེ། ཅོ་རི་ལགས།
ཨ་ནུ་ཐང་བསོད་ནམས་ལགས།
བོད་ཀྱི་མུ་གེར་ལོ་རྒྱུས་ཟིན་ཐོ་ཞིག་ཡོད་དམ། ཀིརྟི་རིན་པོ་ཆེ་ཡིས་གསུངས་བཤད་ཅིག་གི་སྐབས་སུ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་མུ་གེ་ཐོག་མ་ནི་ཨ་མདོ་རྔ་པ་ཁུལ་དུ་བྱུང་པ་རེད་ཅེས་གསུངས་པར། དེ་གང་འདྲ་ཡིན་ནམ་བསམ་བྱུང་མོད། ཡིན་ནའང་སྐབས་དེར་ཁོང་གི་གསུངས་དེའི་ཁུངས་ལུང་ཅི་ཡིན་འདྲི་སྟབས་མ་བདེ་བར་ལུས།
གྲྭ་ཙུན་གྱིས་ལས་ཀ་ལས་གི་་མེད་ཟེར་བ་དེ་ངལ་རྩོལ་ཟེར་བ་དེ་གང་ཡིན་མ་ཤེས་པའི་སྐད་ཆ་རེད། གྲྭ་བས་ངལ་རྩོལ་མ་བྱས་ན་ཡུལ་ཤུལ་ས་ཡོམ་སྐབས་ཀྱི་ཤི་རྨས་བྱུང་བའི་མི་སྟོང་ཕྲག་མང་པོ་ས་རྡོའི་འོག་ནས་ག་འདྲ་བྱས་ནས་བཏོན་ཡོང་བ་རེད། བཙན་བྱོལ་བོད་གཞུང་མི་སོས་ནས་མྱང་བསྡད་ཡོད་པ་དེ་གཞིས་ཆགས་དེ་ཚོ་རེད། གྲྭ་བཙུན་ཚོ་ལ་དངོས་གནས་དགོས་ན་སེང་གྷ་པུར་གྱི་སྦྱིན་བདག་གཅིག་གིས་ཀྱང་ཏག་ཏག་གསོ་གི་རེད།
ཡུལ་ཤུལ་ས་ཡོམ་སྐབས་སུ་གྲྭ་བཙུན་ཚོས་ལས་ཀ་ཆུ་ཚོད་ག་ཚོད་བྱས་ཡོད་དམ། ངས་བསམ་ཚུལ་བྱས་ན་ཆུ་ཚོད་༢༠་ཙམ་གྱི་ལས་ཀ་བྱས་ཡོད་ཀྱི་རེད་འདོད། བོད་ལ་གྲྭ་བཙུན་བྱུང་ནས་མི་ལོ་སྟོང་ཕྲག་འགྲོ་གི་ཡོད་རེད་་་་ལས་ཀ་ཆུ་ཚོད་༢༠་ལས་མང་བ་བྱས་མྱངས་རབས་བཤད་ཀྱི་ཡོད་དམ།།་་་་ཧཧཧ་་་་ཧམ་པ་བཤད་མ་བསྡད། ཆུ་ཚོད་ཁ་ཤས་ཤིག་རོགས་སྐྱོབ་་བྱས་མྱངས་དེ་ངོ་སོ་ཆེ་མདོག་འདུག་་
དད་ལྡན་ཞིང་འབྲོག་མི་དམངས་ཀྱིས་མི་ཚེ་གཅིག་ལ་དཀའ་ལས་བརྒྱབ་ནས་གསོ་པའི་ངོ་སོ་མེད་པར་་་གྲྭ་བཙུན་ཚོས་ཆུ་ཚོད་ཁ་ཤས་ཤིག་ལ་རོགས་སྐྱོབ་བྱས་པ་ལ་ངོ་སོ་ཆེ་མདོག་དེ་ཙམ་བཤད་པ་ཁྱོད་བཤད་མཁན་ལ་ངོ་ཚ་མེད་ནའང་ང་ཉན་མཁན་ངོ་ཚ་ཡོང་གི་འདུག
ཅོ་རི་དགའ་བོ། དད་ལྡན་ཚོས་གྲྭ་བཙུན་ཚོ་གསོས་ཡོད་པ་རེད་ཟེར་ན་མ་ཟེར་ན། དད་ལྡན་ཚོས་སོ་སོའི་དད་པ་གསོས་ཡོད་པ་ལས་གྲྭ་རྐྱང་སྤྲང་མགོ་ཚོ་ལ་ཅིག་སྟེར་དགོས་བསམ་ཡོད་པ་མ་རེད་ཐལ། གྲྭ་བཙུན་ཚོས་ཡང་སོ་སོས་ཆོས་དང་དགེ་བ་རེ་བྱེད་འདོད་ཀྱིས་ཆོས་སྒར་ལ་ཞུགས་པ་ལས། ཁྱོད་དང་ང་ལྟ་བུ་ལྟར་ལྟོ་ལས་ལ་གཡོག་ལས་བྱེད་མ་ཐུབ་པ་དེ་འདྲ་མ་རེད་ཐལ།
ནང་ཆོས་དང་བླ་དགེ་ཚོ་གཅིག་པོ་མ་རེད། མ་གཞི་མི་ཡུལ་འདི་རུ་གཞུང་ལུགས་ཡང་དག་པ་ཞིག་བྱུང་ཡོད་མེད་དོགས་པ་རེད། ཆབ་སྲིད་ཀྱི་ཕྱོགས་ནས་དམངས་གཙོ་དང་དམར་ཕྱོགས་སྣ་ཚོགས་ཡོད་རེད། ཆོས་ཕྱོགས་ནས་ནང་ཆོས། ཁ་ཆེ། ཡེ་ཤུས་དང་ཇོའུ་སོགས་ཡོད་པ་རེད། དེ་ཚོ་གང་ཡིན་ཡང་གཙང་གཙོག་་འདྲེས་མ་ཁོ་ན་ཡིན་པ་རེད། ཆོས་ལུགས་དང་ཆབ་སྲིད་ཀྱི་གཞུང་ལུགས་གང་ཡིན་ཡང་མིའི་ཀུན་སློང་སྣ་ཚོགས་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་ཕྱིར། རྙོག་དྲ་ཅན་གྱི་ཆོས་ལུགས་འདི་དག་གིས་མིའི་བསམ་བློ་ག་འདྲ་རྙོག་འཛིང་ཅན་ཞིག་ཡིན་པ་མཚོན་ཡོད་པ་རེད།
ཅོ་རི་ཟེར་ན་༧རྒྱལ་བ་རིན་པོ་ཆེར་ཕེབས་སར་སོང་ནས་སྐད་འབོད་རེ་བརྒྱབ་ནས་འདུག་མཁན་དེ་འདྲ་ཡིན། གྲྭ་བ་གྲ་ལོག་ཚོ་ཟེར་ན་ཞབས་བསྐྱལ་མཁན་དངོས་མ་ཅོ་རི་འདྲ་མོ་འདི་ཚོ་རེད།
སྔ་མོར་བོད་ཀྱི་མཐོ་རིམ་མི་སྣ་ཚོས་གྲྭ་བ་སྐད་བཏང་ནས་དཔེ་ཀློག་འདྲ་བརྒྱག་གི་བཅུག་ནས་སྔ་དྲོ་དང་ཉིན་གུང་གི་ཟས་བར་ནས་སྤྱིར་ཆོས་སྐོར་དང་གྲུབ་མཐའི་མཚམས་དྲི་བ་འདྲ་དྲིས་ནས་བེད་སྤྱོད་གཏོང་གི་ཡོད། ད་ཆར་དད་ལྡན་ཟེར་ན་འདྲ། ཁྱིམ་པ་མི་སྐྱ་ཚོས་བཀྲ་མི་ཤིས་པའི་བྱ་བ་རེ་བགྱིས་སྟེ་ཁ་ཆག་སྣ་རལ་རེ་བྱུང་སྐབས་མོ་ལུང་རེ་ཞུས། ཆོས་དང་མཐུན་པ་ཆོས་རེ་བྱེད་དགོས་ཀྱིན་འདུག་ཟེར་ན། ནམ་སེང་ལྟོ་མ་འཁྱོལ་ལ་མ་འཁྱོལ་ཁུལ་གྱི་སློབ་གཉེར་བ་རེ་བཙལ་ནས་གོང་ཚད་ཤིན་ཏུ་དམའ་མོར་ཐོགས་ནས་གྲྭ་བ་ཚོར་གཡོག་ལ་བཀོལ་ཀྱིན་ཡོད། བཀོལ་ན་བཀོལ་སྟངས་སྡུག་ག་དཔེ་ཉིན་གསུམ་ལ་ཀློག་ན་མི་ཚར་བ་དེ་འདྲ་གཅིག་གཉིས་རེ་དེ་འདྲ་བཀློག་བཅུག་གི་ཡོད། བསམ་བློ་བཏང་ན་བལྟས་ནའང་མི་ཆོག སྐད་བཀྱག་ནས་བྱེད་དགོས་ཀྱིན་ཡོད། གཡོག་པོ་གཡོག་ནག་རེད་ཡ།
བསོད་ནམས་ལགས།
དྲང་ངེས་ཀྱི་རྣམ་གཞག་དང་གདུལ་བྱའི་བསམ་པ་ལ་ལྟོས་ནས་གསུངས་པ་དེ་དག་འགྲེལ་བྱེད་པ་དང་ཕྱི་རབས་པས་རང་སྐྱོན་སེལ་ཐབས་དང་བསྙོན་འདིངས་ས་མེད་པ་སོགས་བཟོ་ཆེད་ཡིན་ཞེས་པ་ནི་བདེན་པ་རང་མིན་ཏེ། རྒྱུ་མཚན་ནི། དེ་ལ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཡིན་ཁུལ་གྱིས། དད་པ་ཅན་ལ་སྐྱོན་མེད་རུང་རིགས་པའི་རྗེས་འབྲངས་ལ། ལོ ༢༦༠༠ ཙམ་ལ་རྒྱ་གར་དུ་འཁྲུངས་པའི་གང་ཟག་ཅིག་རིམ་གྱིས་མཛད་པ་ཁག་མཛད་པའི་ལོ་རྒྱུས་ཡོད། དེ་ཡང་ལོ་ངོ་༣༧ཙམ་དཀའ་སྤྱད་གནང་མཐར་སངས་རྒྱས། དེ་ནས་ཆོས་གསུངས། ཆོས་འཁོར་གནང་དུས་སྐབས་རེ། གང་ཡང་མ་གསུང་། སྐབས་རེ་བདག་ཡོད་པ་བསྟན། ཡང་མཚམས་རེ་སྟོང་བདག་མེད་གསུངས། སྐབས་རེ་བདག་མེད་དང་། སྟོང་ཉིད་སོགས་སྟོན་མཁན་གང་ཟག་རྒྱུད་གཅིག་པར་ཁས་ལེན་དགོས་ལ། དེ་ལྟར་ན། གསུང་བ་པོ་གཅིག་ཉིད་ཀྱིས་གསུང་གི་བསྟན་བྱའི་གཙོ་དོན་ལ་སྔ་ཕྱི་འགལ་འདུ་ཡོད་ན་མི་འགྲིག་པས། དེ་ལྟར་གསུངས་པ་གདུལ་བྱའི་དབང་ལས་ཡིན་པ་གསལ་པོ་རེད། དེ་ཡང་སངས་རྒྱས་ཀྱི་གཞན་སེམས་མཁྱེན་གྱི་ཡོད་པས་གདུལ་བྱའི་ཁམས་ལ་ལྟོས་ནས་གསུངས་པ་ཞིག་དང་། གལ་ཏེ་དེ་ལྟར་མིན་ན། སྟོན་པས། ཆོས་ཀྱི་འགྲོ་སྟངས་གཅིག་རང་གསུངས་ན་གསུང་ཡང་བདེ་པོ་ཡོད་ལ། ཆེད་མངགས་རྙོག་དྲ་བཟོ་གནང་བ་འགག་དགོས་གང࿒ཡང་མེད་ལ། གཞན་ལ་བརྩེ་བ་དང་ལྡན་པས་ཀྱང་ངོ།།ཡང་གསུང་སྟངས་མ་མཁྱེན་པས་ཀྱང་མིན་ཏེ། ཐབས་མཁས་པ་ཐུགས་རྗེ་དང་ལྡན་པས་སོ།།
དེས་ན་འཛམ་གླིང་མཛེས་བྱེད་པའི་དཔལ་ནལཎཌའི་མཁས་གྲུབ་ཆེན་པོ་རྣམས་ཀྱི་གཞུང་ཁུངས་ཐུབ་དག་ལས་རིགས་པ་དང་བློ་སྦྱོང་ཉམས་ལེན་ཐོག་ནས་ཀྱང་ཤེས་ཐུབ་ལ། ཤེས་བྱ་ཙམ་དུ་བལྟས་ནས་ཀྱང་རྣམ་དཔྱོད་ཀྱི་ལྕོགས་ན་མན་ངག་གི་བང་མཛོད་རེད་སྙམ།
ཡང་ལོ་རྒྱུས་གཅིག་པུ་དེད་ནས་ཐག་གཅོད་ན་ཨེ་འགྲིག གང་ལགས་ན། སྟོན་པའི་མཛད་རྣམ་ནང་དགུང་ལོ་སུམ་ཅུ་སོ་བདུན་ཙམ་ལ་སངས་རྒྱས། དེ་ནས་ཆོས་སྐོར་གནང་བ་དང་། ཅི་སྟེ་སྟོན་པ་སངས་རྒྱས་ཞེས་པ་སྐུ་ཐོག་དེ་ག་རང་ལ་གང་ཚོགས་བསགས་པ་དེ་ག་གཅིག་པུས་སྒྲིབ་གཉིས་སྤངས་ཐུབ་བམ་ཞེ་ན། ངོས་ཀྱི་ལན་ནི། མ་ཡིན། གང་ལགས་ན། དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་པར་རྒྱུ་ཚོགས་བསགས་པ་ལས། འབྲས་སྐུ་གསུམ་གྱི་བདག་ཉིད་དེ་མངོན་པར་རྫོགས་པ་སངས་རྒྱས་པ་ལས། དེ་འདྲའི་སྟབས་བདེ་སླ་ཆོས་ཤིག་རྩ་བ་ཉིད་ནས་མིན་པ་རེད། འོ་ན། མཛད་པ་བཅུ་གཉིས་དེ་ཚུལ་མཛད་པ་རེད་ཅེས་པ་བཞིན་ནམ། ཡང་ན། འགྲོ་བ་འདི་དག་ལ་ལྟོས་ནས་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་སྐུར་བསྟན་པ་ཡིན་ཞེས་ཀྱང་མི་བཟོད་པའི་འགལ་ཚོགས་སུ་མི་འགྱུར་སྙམ། དེ་ལ་སྐུའི་རྣམ་གཞག་གལ་ཆེན་པོ་ཡིན་ལ། དེ་ཡང་ཡེ་ཤེས་ཆོས་སྐུ་སྒྲུབ་ཐབས་ཤིན་ཏུ་གལ་པོ་ཆེར་མཐོང་། གང་ལགས་ན། གཞན་དོན་གཟུགས་སྐུ་ནི་རང་དོན་ཆོས་སྐུའི་རོལ་པར་ཤར་དགོས་ལ། གཟུགས་སྟོང་པའོ།།སྟོང་པ་ཉིད་གཟུགས་སོ།།གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ལ། སྟོང་པ་ཉིད་ས་ཀྱང་གཟུགས་གཞན་མ་ཡིན་ནོ།།ཞེས་པ་གོ་རྒྱུ་ཆེན་པོ་ཡོད་སྙམ། ཆོས་ཀུན་སྟོང་པའི་ངང་ལས་ཤར་བ་གསུངས་པ་དེ་གནད་འགག་རེད་བསམ། འོན་ཀྱང་ཚིག་གི་གོ་རྒྱ་ཙམ་ལས་ཉམས་མྱོང་དང་དཔྱད་མཐར་་རྙེད་སོན་བྱུང་བ་དེ་འདྲ་ཞུས་མེད། གང་ལྟར་བསམ་བློ་བཏང་ན་བྲོ་བ་ཁ་ཡས་ཤིག་
མེད་དམ་སྙམ་པ་དེས་ཡིན།
དེ་བཞིན་དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱང་ཇི་ལྟར་ཡིན་ལ། མ་མཐུན་པ་དང་ལོ་རྒྱུས་རྣམས་སུ་འདི་དང་འདི་ཡིན་ཞེས་ཚིག་ཐག་གསལ་རྐྱང་བཅད་པ་མེད་པར། བརྐྱང་བརྐུམ་འདྲ་དགོས་པ་ཡོང་གི་ཡོད་རུང་། ངོས་ལ་དེ་དག་གནད་འགག་མ་མཐོང་། གང་ལགས་ན། སློབ་དཔོན་ཕེབས་ནི་ཕེབས་ཡོད་ལ། སློབ་དཔོན་ཁོང་རྩ་ཆེན་པོ་རྣམ་དཔྱོད་ཅན་ཡིན་པ་ཁོང་གི་གསུང་རྩ་ཤེ་སོགས་ལས་རྗེས་སུ་དཔོག་དགོས་པ་ལས། སློབ་དཔོན་ཁོང་སྙན་གྲགས་ཆེ་ནས་རྩ་བ་ཤེས་རབ་རྩ་ཆེན་ཆགས་པ་མ་རེད། རྩ་བ་ཤེས་རབ་ལ་ཞིབ་ཏུ་སྦྱངས་ནས་གོ་བ་ཡག་པོ་སྐྱེ་ཡས་ཡོད་པ་དེས་སློབ་དཔོན་ཁོང་རྩ་བ་ཆེན་པོ་ཆགས་པས། འགལ་འདུ་ཆེན་པོ་གང་ཡང་མ་ཐོང་། རྗེ་བཙུན་བྱམས་མགོན་སྡུག་མིག་འདིས་མཇལ་སྐལ་བྲལ་ཡང་། བྱམས་ཆོས་སྡེ་ལྔ་མཇལ་ནས་ཕན་ཐོགས་ཡོད་ན་དེ་གས་འཐུས་པ་རེད། གཞན་བྱམས་མགོན་དངོས་སུ་མཇལ་ཡང་དེ་ཙམ་བྱིན་རླབས་འཐོལ་པ་འཐོབ་ཡས་ཨེ་ཡོད་དམ། ཆོས་གྲོགས་ལགས། སྐབས་རེ་ང་ཚོས། དེང་རབས་པའི་གཡམ་ལ་རྒྱུགས་ཐལ་ཆེ་དྲག་པའི་ཚོར་སྣང་ཡང་ཡོང་གི་འདུག དྲང་པོར་ཞུ་ན། དེང་རབས་པ་ཚོ་ཕྱོགས་གཅིག་ནས་ཞེད་པོ་ཡིན་གྱི་རེད་དེ། ཕྱོགས་གཞན་ནས་རྗེས་ལུས་ཀྱང་རེད་སྙམ། འོན་ཀྱང་འཚམས་པོ་ཞིག་དགོས་ངེས་བསམ།།
ཁྱོད་ཚོས་གྲ་བཙུན་གྱིས་དཔལ་འབྱོར་འཕེལ་རྒྱས་གནོད་རེད་ཟེར་བར་བརྟེན་ངས་མུ་གེ་ནམ་བྱུང་གང་དང་གང་དུ་བྱུང་བའི་སྐོར་བཤད་དགོས་བྱུང་བ་རེད། བོད་ལ་ཡོངས་ཁྱབ་ཀྱི་མུག་ངན་བྱུང་དུས་ནི་གྲྭ་བ་གཅིག་ཀྱང་མེད་པར་བཟོས་པའི་རིག་གནས་གསར་བརྗེ་ལོ་བཅུ་གྲངས་དུས་ནང་དུ་བྱུང་འདུག ད་ལྟ་མུ་གེ་འབྱུང་བཞིན་པ་ལ་བསམ་བློ་བཏང་ན་ཨ་ཧྥི་རི་ཁའི་སོ་མ་ལི་ཡ་སོགས་གྲྭ་བ་གཅིག་ཀྱང་མེད་ས་དེ་ཚོར་ཡོང་གི་འདུག བོད་དང་འབར་མའི་དཔལ་འབྱོར་ཡར་རྒྱས་ཆེར་མ་སོང་དོན་ནི་ཆོས་མེད་དམར་གཞུང་གིས་སྲོལ་རྒྱུན་ལམ་ལུགས་གཏོར་བཤིགབཏང་བའི་སྐྱོན་ཡིན་པ་ལས་གྲྭ་བཙུན་མང་བས་མིན། གྲྭ་བས་ངལ་རྩོལ་མི་བྱེད་པ་ནི་མི་བདེན་ཏེ་གྲྭ་བས་ནང་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ངལ་རྩོལ་བྱེད་པ་ཙམ་ནི་མི་སྐྱ་ཚོས་མི་བྱེད་ཟེར་ན་ཡང་ཆོག
ཡུལ་ཤུལ་ས་ཡོམ་སྐབས་གྲྭ་བཙུན་དང་བླངས་པ་བྱས་རྗེས་ཅི་བཞག་ནི་དཔེ་མཚོན་ཙམ་རེད དེ་འདྲ་བ་ད་ལ་མ་ཐུག་གི་བར་དུ་རྒྱུན་མ་ཆད་དུ་བྱུང་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་རང་རང་གི་ས་ནས་ངལ་རྩོལ་བྱས། གྲྭ་བཙུན་གྱིས་རང་འཁྲིའི་ངལ་རྩོལ་བྱས། དེ་གཉིས་འཆམས་མཐུན་དང་ཕན་ཚུན་རོགས་འདེག་བྱས་ན་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་གི་རེད།
སྐྱ་མིན་སེར་མིན་ལ་ཐ་གཅིག་ཏུ་ངོ་རྒོལ་དང་འགག་པ་ཡོད། བླ་མ་དང་སྤྲུལ་སྐུ། གྲ་པ་ད་ཆོས་པ་རྫུན་མ་དེ་ཚོ་ནི། བསྟན་འཛིན་མིན་ལ་བསྟན་བཤིག་ཡིན་པ་གསལ་པོ་རེད། འོན་ཀྱང་གྲ་པར་ཁ་རྐྱང་རྐྱང་བཏང་ནས་ཕན་ཐོགས་མེད་ན། ཐབས་ཤེས་འཚོལ་དགོས། གལ་སྲིད་དེ་ཚོ་ཐེར་བཏོན་ཁུངས་འཕེར་ཆེད་དྲ་རྒྱ་གསར་འགྱུར་བརྒྱུད་ལམ་ཁག་ནང་མིང་དང་ས་གནས། དཔར་སོགས་དཔང་རྟགས་བཀོད་ནས་མི་ངན་ཐེར་བཏོན་བྱས་ན་བསསྟན་པར་མི་གནོད་ཅེས་རྒྱལ་བས་གསུངས་ཡོད། དེ་མིན་སྤྱི་སྤམ་སྒང་ནས་ཆེད་མངགས་དཀྲུགས་ཤིང་པ་དེ་འདྲ་ཡིན་ན་མ་གཏོགས་དགོས་པ་གང་ཡང་མ་མཐོང་། ཡས་མ་འགྲིག་པ་མས་མ་འགྲིག་པ་མ་བཤད་གོང་ཡས་འགྲིག་ཐབས་དང་མས་འགྲིག་ཐབས་བསམ་ཚུལ་ཙམ་ཡང་བསྟན་ཡས་མེད་པར་དབྱེན་སྦྱོར་གྱི་ཚིག་ཙམ་ནི་ཕན་ལས་གནོད་ཆེ། དེ་འདྲའི་ཆེད་ལས་འཚོ་རྟེན་པ་འདྲ་ཡིན་གང་ཤེས།
གྲ་པ་མང་བའི་སེམས་ཁྲལ་མ་གནང་། དགོན་སྡེ་ཁག་ནང་བོད་པའི་གྲ་རྒྱུན་ཆད་ལ་ཉེ་བའི་གནས་ཚུལ་འདུག ཆོས་པ་མང་བའི་སེམས་ངལ་མ་གནང་འཇིག་རྟེན་དཔལ་འབྱོར་རྗེས་སུ་མ་སྐུལ་འདོད་པས་ཚང་ཁ་ཤིག་ཤིག་རེད་འདུག དངོས་གནས་ཡིན། སྤྱི་ཚོགས་རྙིང་པའི་སྐད་ཅ་མང་པོ་བཤད་མཁན་དེ་ཚོ་ནི། རང་ཉིད་རང་ལ་རྗེས་ལུས་པ་ཡིན་ཞེས་ངོ་སྤྲོད་བྱེད་མཁན་རང་ཡིན་སྙམ། སྤྱི་ཚོགས་རྙིང་ཡག་པོ་མེད་པས་གུན་བྲན་གྱིས་བོད་ཡར་ཐོན་དང་བདེ་སྐྱིད་ཕུན་སུམ་ཚོགས་པར་བྱས་ཡོད་ཅེས་པའི་ང་གདོང་འདི་རེད་དམ། འཛམ་གླིང་ལོ་རྒྱུས་ནང་འཁོད་མྱོང་མེད་པའི་འུ་ཐུག་ཐབས་ཟད་པའི་མེར་བསྲེགས་དགོས་པ་དེ། བོད་རྙིང་པ་གཏོར་བཤིག་བཏང་བའི་རྗེས་སུ་བྱུང་བ་རེད། དཔལ་འབྱོར་ཡར་རྒྱས་རྩེ་མོར་སོན་ནས་བདེ་སྐྱིད་ཡོད་པ་ཚོང་པ་ཆེན་པོ་དང་ལྐོག་ཟ་རུལ་སུངས་བའི་རྒྱ་དཔོན་ཁྲིམས་ལ་གཏུགས་བཞིན་པ་ཚོར་དྲིས་དང་ལན་གསལ་པོ་ཡོད་རེད།
རྒྱ་དམར་གྱི་བྱེད་སྟངས་བཞིན། ཆོས་པ་གྲ་པ་བསྟན་བཤིག་པ་ཚོ་བེད་སྤྱོད་བཏང་། ཆོས་པ་ཡག་པོ་དེ་ཚོར་ནག་ཉེས་བཙུགས། ཁྲིམས་ལ་སྦྱར་ནས་གསོད་གཏུབ་གང་མགུར་བྱས་པ་དེ། ཁོང་ཚོ་ཀླ་ཀློ་ཡིན་པས་རྒྱུ་མཚན་བཤད་རུང་ཡང་། ཆོས་ཁས་ལེན་མཁན་ཞིག་ལ་དེ་མཛེས་པོ་མིན་འདུག གང་ལྟར་སྨན་ཁ་ཤས་ན་ཚ་རྙིང་པ་ཡར་བསླངས་ནས་སེང་དྲགས་ཀྱི་སྨན་གཏོང་ཡས་ཡོད་ས་རེད། དེ་འདྲ་མིན་པར་ནད་རྙིང་བསླངས་སྨན་ཐུན་གཏོང་ཡས་མེད་ན། ནད་རྙིང་རང་སར་བཞག་ན་དགའ་གི་རེད། དེ་ལས་རང་དབང་དང་ལྡན་པ་ཡུལ་ནས་གསར་གཏོད་དང་དེང་རབས་ཀྱི་ཐབས་ལམ་གང་ཡོད་བཙལ་དགོས་པ་ལས་འགན་མེད་པའི་བསམ་ཚུལ་བཏང་ནས་དཀྲོག་རྐྱེན་དུ་བྱས་ན་བྱབ་གང་ཡོད།
ང་ཚོ་ཡར་རྒྱས་གང་གཏོང་དགོས་འདུག གནད་དོན་ཟབ་མོར་བགྲོ་གླེང་བརྗེ་ལེན་བྱ་རྒྱུ་གང་ཡོད་དམ། དེ་འདྲའི་གཏིང་ཟབ་མོའི་སྐོར་གླེང་མོལ་བྱ་ས་ཡོད་བཞིན། གྲོང་ཚིག་དང་ཚིག་ངན་གྱིས་དུས་ཚོད་ཆུད་འཛའ་བ་ནི་བློ་ཕམ་ཞིག་མ་ཡིན་ནམ།
བསམ་ཚུལ་ཡིན།
བོད་ལ་མུ་གེ་བསླེབས་དུས་རིག་གནས་གསར་བརྗེ་སྐབས་སུ་མ་རེད། དམངས་གཙོ་བཅོས་སྒྱུར་བྱས་ནས་མཉམ་ལས་ཐོག་མ་འགོ་བཙུགས་སྐབས་རེད། སྤྱི་ལོ་༡༩༦༡ལོར་རེད། གུན་ཁྲན་ཏང་གིས་བྲན་གཡོག་བཅངས་གྲོལ་བཏང་བ་ཡིན་ཟེར་ནས་བོད་ཡུལ་གྱི་ཕྱུག་བདག་ཚོའི་ས་ཞིང་དང་རྒྱུ་ནོར་ཡོད་ཚོད་གཞུང་གིས་འཕྲོག གཡོག་པོ་དང་གཡོག་མོ་དཔོན་དུ་བསྐོས། ཕྱུག་བདག་ཚོའི་མགོ་ལ་ཞྭ་མོ་ཀོན།
མཉམ་ལས་ཟེར་བ་ཞིག་བཙུགས་ནས་ཟ་འབྲུ་དང་རྟ་ཟོག་སེམས་ཅན།་ ར་ལུག་ཕག་དང་བཅས་པ་མཉམ་ལས་ཀྱི་རྒྱུ་ནོར་ལ་བསྒྱུར། སྐབས་དེར་དུས་མུ་གེ་བྱུང་། ༡༩༦༡་ལོར་རེད། སྐབས་དེར་དུས་མུ་གེ་བྱུང་དོན་ཡང་ཡུལ་ལུང་སྐྱོང་བའི་ས་བདག་དང་ཕྱུག་བདག་རྣམས་རྩ་མེད་བཟོས་ནས་སྤྲང་ཕྲུག་རྣམས་ལ་མཉམ་ལས་བཙུགས་བཅུག་པས་རེད་་་་་མ་གཏོགས་རིག་གནས་གསར་བརྗེ་སྐབས་སུ་གྲྭ་བཙུན་མེད་པ་བཟོས་པས་མུ་གེ་བྱུང་བའི་ལོ་རྒྱུས་བོད་ལ་མེད་དོ།།
ཁྱོད་ཚོ་ཆོས་ལུགས་པ་ཚོས་བཟོད་པ་ཏོག་ཙམ་སྒོམ་རོགས་བྱོས། ཚིག་ངན་རེ་གཉིས་ཤོར་ཡོད་ན་བཟོད་པ་སྒོམ་རོགས་བྱོས། བོད་ཀྱི་ཁྱིམ་པའི་སྡེ་ལ་་་མི་ལོ་སྟོང་གི་རིང་དུ་ཚིག་ངན་འབོད་བསྡད་པ་རེད། དཔེར་ན། སྐྱེ་བོ་ཐ་མ་པ། ཁྱིམ་པ་མི་ནག སྐྱེ་བོ་ཕལ་པ། ཉོན་རྨོངས་རྒྱུད་ལྡན་གྱི་གང་ཟག་སོགས་་་ཚིོག་ངན་རྐྱང་རྐྱང་འབོད་བསྡད་པ་རེད། བོད་ཀྱི་ཁྱིམ་པ་རྣམས་ཀྱིས་་་གྲྭ་བཙུན་རྣམས་ལ་ཚིག་བཟང་རྐྱང་རྐྱང་བོས་བསྡད་པ་རེད།
འཕགས་པའི་གང་ཟག རབ་བྱུང་བ། རིན་པོ་ཆེན། ཐམས་ཅད་མཁྱེན་པ། སྐྱབས་གནས་དམ་པ།་་་སོགས་ཚིག་དང་དོན་མི་མཐུན་པའི་བསྟོད་ཚིག་ཤ་དག་མྱི་ལོ་སྟོང་གི་རིང་དུ་བོས་པ་རེད།
བོད་ལ་ཚན་རིག་དར་རྒྱས་ཡོང་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ཆོས་ལུགས་པས་བོད་ཀྱི་སྲིད་འཛིན་མང་སོང་བས་རེད། བོད་རྗེས་ལུས་ཤོར་དོན་ཆོས་ལུགས་དང་ཆོས་པ་ལ་ཐུག་ཡོད་པ་དངོས་ཡོད་གནས་ཚུལ་རེད། ནོར་འཁྲུལ་དེར་ཁས་ལེན་པའི་ཐོག་ནས་ཆོས་ལུགས་དང་ཆོས་ལུགས་པ་ཚོས་བོད་ལ་ཚན་རིག་ཡར་རྒྱས་གཏོང་རོགས་བྱེད་ན་བསམས་ཀྱི་འདུག
རྩྭ་དཀྲག་དང་རྐང་འཁོར་ཙམ་ཡང་བཟོ་མི་ཤེས་པའི་མི་རིགས་ཤིག་ལ་མཚོན་ན་ཚན་རིག་དང་བཟོ་ལས་ནི་ཁ་ཚ་དགོས་གཏུགས་རེད། དེང་སང་གྲྭ་ས་ཁག་གིས་ཚན་རིག་སློབ་སྦྱོང་བྱེད་ཀྱི་འདུག་ཀྱང་དངོས་ཡོད་བོད་ལ་ཕན་ཐོགས་པའི་ཚན་རིག་ཞིག་སྤྱོང་བཞིན་མི་འདུག བོད་ཀྱི་ནང་ཆོས་འདིའི་རྫུན་གྱི་ཨི་ཁུང་ལ་ཚན་རིག་གིས་ལྷན་པ་ཞིག་རྒྱབ་བསམས་པ་ལས་་་དངོས་ཡོད་ལག་ལེན་གྱི་ཐོག་ནས་གསར་གཏོད་ཤིག་དང་ཅ་དངོས་གསར་བཟོ་ཞིག་བྱ་དགོས་བསམས་པའི་དམིགས་ཡུལ་མི་འདུག ངོ་མ་སེམས་སྐྱོ་གི་འདུག བློ་ཕམ་གྱི་འདུག
དོན་དེ་ངོ་མ་སོ་སོའི་ཕ་མ་གཙོ་བའི་མི་རབས་མི་རྒྱུད་ཀྱི་བསམ་བློ་འཁོར་ཕྱོགས་དེ་འདྲ་མིན་པས་རེད། རང་གི་བུ་ཕྲུག་མཚན་རིག་དང་བཟོ་ལས་ལ་གཏོང་བའི་ལུགས་སྲོལ་མེད། དེ་མ་འགྲིག་པ་ཪེད་མ་གཏོགས། གྲྭ་བ་ཚོ་ལན་མེད་པ་རེད།
བོད་མི་ལ་ཁ་རྒྱབ་མ་འཁྱོལ་བར་འདྲ་མིན་བྱེད་དགོས་བའི་དུས་མ་ཤར་བ་རེད། ཕྱི་མི་ཚོ་ལ་ཁ་རྒྱབ་མ་འགྲིག་པར་འདྲ་མིན་ཅོ་བརྒྱད་ཀྱི་ལམ་ནས་དེ་རིང་བསགས་པ་སང་ཉིན་གཏོར་དགོས་བ་འདྲ་བའི་སྡུག་ལ་བསྒྱུར་བ་རེད། དེ་ལ་ཧེབ་ལངས་དགོས་ས་འདྲ་ཡོད་རྒྱུ་མ་རེད་འདོད།
མྱེ་ཆ་བཟོས་ཡོད་པ་རེད། རྡོ་འི་ལག་ཆ། ཤིང་གི་ཀ་ཅ། ཀོ་བའི་གོ་ཆ་སོགས་ཡུལ་དེ་ལ་གང་དགོས་བ། ཡུལ་དེ་ན་ཡོད་དུ་བཅུག་ཡོད་པ་རེད། མ་རེད་ནེ། ཅོ་རི།
ལས་མེད་ཟེར་བ་ནི་ལས་ཀ་གཏན་ནས་མེད་པའི་དོན་མིན་པ་ལས་ཀ་གཏན་མེད་མཁན་ཞིག་འཇིག་རྟེན་ན་མེད། འགྲོ་འདུག་ཉལ་གསུམ་སོགས་ལས་ཀ་ལ་བརྩིས་ན་ཆོག་མོད། དེ་ལྟར་བརྩིས་ན་རྟག་མཐའ་ལྷུང་བས་རེད། རྒྱལ་སྤྱིའི་ཚད་གཞི་ལྡན་པའི་སྒང་ནས་བཤད་ན། ལས་མེད་ཟེར་བའི་དོན་ནི་གླ་ཆ་མེད་པའི་ལས་ག་རེད། ཡིན་ཡང་། སྤྱི་ཚོགས་ཞབས་ཞུ་དང་དང་བླངས་ལས་ཀ་སོགས་ལ་གླ་ཆ་མེད་པས་ལས་མེད་རེད། དེ་ལྟར་མིན་ན། རྒྱལ་ཁབ་མང་པོའི་ནང་ལས་མེད་ཀྱི་གྲང་འབོར་ཡར་འཕར་མར་འཕར་གྱི་ཚད་གཞི་འཛིན་ས་མེད། ལས་ཀ་ལ་གླ་ཆ་མེད་ན་ལས་མེད་རེད་ལ། རང་རྐང་སྒང་ནམ་ཡང་ལངས་མི་ཐུབ་པས་རྒྱ་ཁབ་དང་མི་རིགས་ཤིག་ལ་མཚོན་ན་འཁུར་བོ་རེད། ལས་ཀ་ཡོད་མཁན་གྱི་མི་ཚོས་ལས་ཀའི་གླ་ཆ་ཡིས་གཞུང་ལ་ཁྲལ་སྤྲད་ནས་ཞབས་ཞུ་བྱེད་ཀྱིན་ཡོད་ཀྱང་། གླ་ཆ་མེད་མཁན་ཚོ་ནམ་ཡང་གཞན་ལ་ལག་པ་གཟེད་མཁན་རེད། མདོར་ན་དབྱིན་ཡིག་ཏུ་ལས་མེད་ལ་འདི་ལྟར་འགྲེལ།
person without a paid job but available to work.
“I was unemployed for three months”
འདི་དག་དགེ་འདུན་པ་ངན་སྨྲས་བྱེད་ཆེད་དུ་མིན། ངས་རྒྱལ་སྤིའི་ཁྲིམས་ལུགས་ཀྱི་ལྟར་ལས་མེད་ལ་ངོས་འཛིན་བྱེད་སྟངས་ཞུས་བ་ཡིན། དོན་དངོས་དགེ་འདུན་པ་ཡིན་ཡང་། ཁག་མེད། ལམ་ལུགས་ཤིག་གི་དབང་གིས་ཚེ་གང་གླ་ཆ་མེད་མཁན་ཞིག་ཏུ་ཆགས་པ་རེད། གླ་ཆ་མེད་པས་ཉམ་ཆུང་ལ་དགོན་བདག་བླ་མ་ཚོས་ཅི་འདོད་དུ་བཀོད་སྤྱོད་བྱེད་ཡ་རེད། འདི་དག་བོད་ཀྱི་དཀའ་ངལ་རེད། མི་ཤིག་གི་དཀའ་ངལ་རེེད། དགེ་འདུན་པ་གཅིག་བུ་ཡི་དཀའ་ངལ་མ་རེད། དཀའ་ངལ་དེ་ངོས་ཟིན་ནས་སེལ་ཐབས་ཀྱི་ལམ་ཁ་འཚོལ་ཡ་གནད་དུ་ཁུམས།
ངས་བསྟན་འཛིན་རིག་ལྡན་གྱི་སྐད་ཆ་ལ་རྒྱབ་སྐྱོར་ཡོད། ང་ཚོས་དམིགས་ཡུལ་ནི་ཕན་ཚུལ་ལ་སྐྱོན་བརྗོད་བྱེད་ཡ་གཙོ་བ་མིན། བགྲོད་གླེང་གི་ཐོག་ནས་མི་རིགས་འདིའི་དཀའ་ངལ་རྣམས་ངོས་ཟིན་པ་བྱས་ནས། སེལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུ་གནད་དུ་ཁུམས། དེ་ནི་མི་རིགས་འདི་འཇིག་རྟེན་འདིའི་སྒང་དུ་རྒྱུན་རིང་གནས་ཐུབ་ཆེད་དང་། རང་རྐང་སྒང་ལངས་ཐུབ་ཆེད། ལྷག་པར་དུ་མི་རིགས་གཞན་དང་དཔུང་བ་མཉམ་གཤུབ་ཀྱིས་འགྲོ་ཆེད་རེད། དེ་ལྟར་འགྲོ་བ་ལ། ལས་ཀ་འདི་གཙོ་བོ་རེད། ལས་མེད་འདི་འདྲ་མང་པོ་ཞིག་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེའི་གྱོང་གུད་རེད་ལ། དགེ་འདུན་པ་ཚོ་ལ་མཚོན་ན་སྒེར་གྱི་གྱོང་གུད་རེད། གལ་སྲིད་འཇིག་རྟེན་ཐོག་གོ་སྐབས་ཡོད་ན་ཚེ་གང་གི་འཚོ་བ་གཞན་ལ་བརྟེན་འདོད་མཁན་ཧ་ཅང་ཉུང་ལ་མེད་ཅེས་ན་ཕལ་ཆེར་ཆོག འཚོ་བ་གཞན་ལ་བརྟེན་དགོས་ན་ཆ་རྐྱེན་ཞིག་ཡོད། ཆ་རྐྱེན་མེད་པ་འཇིག་རྟེན་འདིའི་སྒང་ནས་རོགས་སྐྱོར་བྱེད་ཉུང་། ཆ་རྐྱེན་དེ་དག་འགྲུབ་ཆེད་དུ་དགོན་པ་དང་། དགེ་འདུན་པ་ཚོས་ཅི་ལྕོགས་ཀྱིས་ཡ་རབས་བྱེད་དགོས་ལ། ངོ་དགའ་བྱེད་དགོས། སྤྱིར་ཡ་རབས་དང་ངོ་དགའ་བྱེད་ཡ་དེ་ཙམ་ཁག་པོ་མིན་ཡང་། དམིགས་ཡུལ་ཞིག་གི་ཆེད་དུ། ཚུལ་ཆོས་ཀྱི་སྒོ་ནས་དེ་ལྟར་བྱེད་དགོས་ཚེ་ཧ་ཅང་གི་དཀའ་ལས་རེད། དེ་ནི་གཞན་དབང་རེད། སྡུག་ངལ་རེད། དཔལ་འབྱོར་གྱི་རང་དབང་མེད་པའི་སྡུག་ངལ་རེད། འཚོ་བ་གཞན་ལ་བཅོལ་བའི་སྡུག་ངལ་རེད། སྡག་ངལ་དེ་དག་སེལ་ཐབས་ཀྱི་ལམ་ཁ་འཚོལ་དགོས།
ངས་ལྟས་ན་ཐབས་ལམ་ཡག་ཤོས་དེ་ལས་མེད་ཀྱི་གྲངས་འབོར་ཉུང་དུ་བཏང་ཡ་དེ་རེད། གྲྭ་བ་ལ་དྲང་བདེན་གྱི་གླ་ཆ་སྤྲོད་རྒྱུ་དེ་རེད། དེ་ནི་དགེ་འདུན་པ་ཚོ་རང་རྐང་སྟེང་རང་ཐུབ་པའི་ཐབས་ལམ་ཡག་ཤོས་རེད། གླ་ཆ་ཡོད་ན་འཚོ་བའང་རང་མགོ་ཐོན་ཞིང་གཞན་ལ་རེ་བཅོས་བྱེད་མི་དགོས་བས་རང་ཉིད་ཀྱི་གང་ལ་མོས་ཀྱི་ལམ་ཁ་འདེམ་ཆོག་ལ། དེ་ཕྱོགས་འདེམ་པའི་ནུས་བ་ཡོད། དེ་ལྟར་འདེམས་པའི་སྤོབས་པ་དང་སྙིང་སྟོབས་ཀྱང་ཡོད་ངེས་རེད། དེ་ལྟར་མིན་ན། དགེ་འདུན་པ་ཚོ་ཧ་ཅང་གི་ཉམ་ཆུང་ཞིང་དགོན་བདག་བླ་མའི་ངོོ་སོ་ཐོབ་ཆེད་འཛུབ་མོ་ག་བསྟན་ཤར་གྱི་ལམ་དུ་འགྲོ་ཉེན་ཡོད། དེ་ནི་་གླ་ཆ་ཉུང་བའི་ལས་མི་ཚོས་སྦྱིན་བདག་གི་ངོ་སོ་ཐོབ་ཆེད་སྦྱིན་བདག་གི་བཀའ་གསུང་བཞིན་ཅི་འདོད་སྒྲུབ་པ་དང་གཅིག་མཚུངས་ཡིན། མི་འདྲ་ས་ནི་དད་པ་རེད།
དགེ་འདུན་པ་རྣམས་ཀྱི་འཚོ་བ་རང་རྐང་སྒང་ལངས་ཐུབ་ཚེ་བོད་མི་རིགས་ལ་མཚོན་ནའང་བཟང་ཕྱོགས་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་མ་ཟད། མི་རིགས་འདི་རང་རྐང་ལངས་ཐུབ་པའི་སྟོང་ཆ་གལ་ཆེན་ཞིག་བསྐོངས་བས་ཡིན། ངས་རང་རྐང་ལངས་ཐུབ་པའི་དོན་ནི་རྒྱལ་སྤྱིའི་འགྲོ་ཕྱོགས་ལྟར་དགེ་འདུན་པ་རྣམས་ལ་དེ་མཐུན་གྱིས་གླ་ཆ་ཐོབ་རྒྱུ་དོན་ཡིན། དེ་ལྟར་མིན་པ་གླ་ཆ་མེད་ན་ལས་མེད་རེད་ལ། སྡུག་ཕྱོགས་ནས་བཤད་ན་གཡོག་པོ་ཞེས་བའི་ཐ་སྙད་ཐོགས་མི་སྲིད་པ་མ་རེད།
ཡེ་ཤེས་རྡོ་རྗེ་ལགས།
ང་ལ་བོད་ཀྱི་མུ་གེའི་སྐོར་གྱི་ཟིན་ཐོ་མེད། ཡིན་ཡང་། དུས་རབས་ཉི་ཤུའི་འགོ་ཙམ་ལ་མུ་གེ་བྱུང་བས། རྒན་མོ་ཞིག་ལ་དངུལ་ཀོ་ཁུག་གང་ཡོད་ཀྱང་མ་ཕན་པ་མུ་གེ་ཤི་བའི་གནས་ཚུལ་ཡོད། རྒན་རྒོན་ཚོས་ནམ་རྒྱུན་གཏམ་རྒྱུད་དེ་དྲན་གསོ་ཆེད་དུ་སྐྱོར་ཞོར་དུ་འབྲུ་རིགས་ནི་སྒོར་ལས་ལྷག་ཚུལ་སྨྲས་ནས། གང་ཐུབ་ཀྱིས་འབྲུ་རིགས་ལ་མཐོང་ཆེན་གནང་བ་སོགས་ཕྲན་གྱིས་གོ་མྱོང་།
དངོས་ནས་བོད་ཀྱི་མུ་གེའི་སྐོར་ལ་ཞིབ་འཇུག་བྱེད་ཐུབ་ན་ཡག་པོ་འདུག སྔོོན་ཆད་ཀྱི་རྩོམ་པ་པོ་ཚོས་ཆོས་ཕྱོགས་ཀྱི་གནས་ཚུལ་མང་དུ་བརྩམས་པས་གཞན་དག་ཉུང་བས། མུ་གེ་སྐོར་གྱི་ལོ་རྒྱུས་ལ་ཁ་གསབ་བྱེད་ཐུབ་ན་ཧ་ཅང་གི་དགེ་མཚན་དུ་མཐོང་།
ཅོ་རི་ལགས་ནས། ཚིག་ངན་འདྲ་ཤོར་ཡོད་ན་བཟོད་སྒོམ་བྱོས། གསུངས་པ་དེ་ང་དང་འབྲེལ་བ་ཡོད་ན། དེ་འདྲ་གང་ཡང་མ་རེད། དཔེར་ན། ང་ཚོ་རླུང་ལངས་ཐོག་ནས་སྐད་ཅ་གནད་འཁེལ་མི་ཡོང་བ་བཞིན། བསམ་ཚུལ་བརྗེ་ལེན་དང་བགྲོ་གླེང་སྐབས་ཚིག་ངན་གྲོང་ཚིག་བཀོལ་ན་དགོས་པ་མེད་ཁར། ཚོར་གཡེར་སྒང་ཕྱིན་ནས་བགྲོ་གླེང་ཡག་པོ་ཡོང་བར་གནོད་སྲིད་པ་ཡིན་སྙམ།
དེར་བརྟེན་རྒྱ་དམར་གུང་བྲན་གྱིས། བོད་ལ་རོགས་སྐྱོབ་དང་ཡར་རྒྱས་ཧ་ས་པ་བཏང་ཡོད་ན། ཙག་སྒྲ་ཙམ་ཡང་བཟོ་ཤེས་མཁན་བོད་མི་རང་མ་ཐོན་པ་དེ་གང་གིས་ལན་པ་ཡིན་ནམ། ཁོང་ཚོས་ང་ཚོ་རྗེས་ལུས་དང་ཀླ་ཀློ་རེད་ཅེས་གཉའ་གནོན་བཏང་། ཁོང་རང་ཚོ་ཞེད་པོ་ཡར་ཐོན་སྔོན་ཐོན་ཡིན་ཞེས་ཚན་རིག་ཡར་རྒྱས་གཏོང་བར་སླེབས་ཡོད་པས། མི་ལོ་ལྔ་བཅུའི་རིང་ག་རེ་བྱས་ཡོད། ཧ་ལས་པའི་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་ན་དགའ་བསུ་རེད། གལ་ཏེ་དེ་དངོས་ཡོད་ཡིན་ན། ང་ཚོས་ཙག་སྒྲའི་བཟོ་གྲ་གསར་འཛུགས་དགོས་ཡས་མེད། ཙག་སྒྲའི་བཟོ་གྲ་ཡང་མེད། ནང་དོན་བཟོ་གྲ་མེད་ན་བོད་འདི་གང་ཞིག་ཡིན། བོད་ཆོས་ལྡན་གྱི་ཞིང་ཞེས་ངོམས་རྒྱུ་ཆོས་དང་རིག་གཞུང་ལས་གཞན་གང་ཡོད།
མཚན་རིག་པ་དང་མཉམ་དུ་རིགས་པའི་ཐོག་ནས་བགྲོ་གླེང་བྱ་ཐུབ་པའི་ཆོས་ལུགས་དེ་བོད་ཀྱི་ནང་ཆོས་ལས་གཞན་གང་ཡོད། ཡིད་མ་ཆེས་ན། Einstein ལ་སོགས་པའི་སྙན་གྲགས་ཅན་གྱི་མཚན་རིག་པར་བཀའ་འདྲི་གནང་དང་། བོད་ཀྱི་ནང་ཆོས་ཀྱི་རྫུན་པ་དེ་གང་ཞིག་ཡིན་ནམ། བོད་ཀྱི་ནང་ཆོས་ནས་བཤད་པའི་རྟེན་འབྱུང་བདེན་པ་དེ་མཚན་རིག་པ་དང་མཐུན་པས། ང་ཚོ་མཚན་རིག་དང་གདན་འཛོམས་ནས་བཅུ་ཕྲག་མང་པོར་དོན་སྙིང་ལྡན་པའི་རིག་གནས་བརྗེ་ལེན་བགོ་སྐལ་བྱུང་ཡོད། ༧རྒྱལ་བ་རིན་པོ་ཆེས་གསུངས་པ་བཞིན། ནང་ཆོས་ཀྱི་མཚན་རིག་དང་མཚན་རིག་གྲོས་བསྡུར་བྱ་མུས་ཡིན་ལ། མཚན་རིག་གིས་བཟོ་ལས་འཛུགས་སྐྲུན་ཐོག་ནས་ཕྱི་དངོས་པོར་ཡར་རྒྱས་ཚགས་ཚུད་བཏང་བ་བཞིན། ནང་པས་བྱམས་བརྩེ་བློ་སྦྱོང་དང་ནང་སེམས་ལ་སྦྱོང་བརྡར་གྱིས་དངོས་བདེན་འཚོལ་ཏེ་བདེ་དོན་སྒྲུབ་ཐབས་ལ་ཕྱོགས་ཀྱི་ཡོད།
མི་ཚེའི་དགོས་དོན་ངོ་མ་དེ་ཅ་དངོས་བཟོ་སྐྲུན་དང་ཙག་སྒྲ་གསར་བཟོ་སྒང་ནས་ཕྱིན་ན་ཨེ་འགྲིགས། གུང་བྲན་ཀྱང་ཉི་འོང་དང་ནུབ་ཕྱོགས་ཐོན་སྐྱེད་འོག་བཟོ་ལས་དང་ཚོང་ར་རྒྱ་བསྐྱེད་ནས་དཔལ་འབྱོར་སྲོག་གི་ཉིང་ཁུར་ལྟ་ཚུལ་འོག་བག་མེད་ཀྱིས་གཏེར་ཁ་བསྔོགས་པ། ཁོར་ཡུག་འབག་པ། མི་མང་བྲན་དུ་བཀོལ་བའི་དཔལ་འབྱོར་ཚད་བརྒལ་གྱི་ཧམ་སེམས་ཀྱིས་འཛམ་གླིང་མི་ཐོག་རྗེས་མར་བརྡབ་གསིག་བསྐྱར་གསོ་དཀའ་བར་ལྷུང་བཞིན་པ་དང་། གནམ་གཤིས་འགྱུར་ལྡོག་དང་ཐོན་ཁུངས་བག་མེད་དུ་སྤྱོད་པ་ནི། གོ་ལ་འདིའི་ཚབས་ཆེའི་ངན་རྒུ་ཞིག་སྟེ་ང་ཚོའི་མ་འོངས་པའི་ཁ་ཕྱོགས་ཕུང་ལ་སྦྱོར་མུས་རེད།
ང་རང་གྲ་པ་མིན་རུང་ཆོས་ལ་ཡིད་ཆེས་ཡོད། རྒྱུ་མཚན་ཡང་ངོ་མ་འདུག་ལ་བོད་ཀྱི་ནང་ཆོས་ཡིད་བདང་འཕྲོག་པ་ཞིག་ཡིན་ཞེས་ང་ལ་སྨྲ་གདེང་འདི་ཡོད། འོན་ཀྱང་ཆོས་པ་ཚོས་ཆོས་སྤུས་དག་བྱས་ན། མི་མང་ལ་བཤུ་གཞོགས་དང་མགོ་སྐོར་ནམ་ཡང་གཏོང་གི་མ་རེད། ཆོས་པས་ཆོས་མ་བྱས་པར་ཙག་སྒྲ་བཟོས་བསྡད་ན་བསྟན་པ་དངོས་སུ་འཛིན་སྐྱོང་སྤེལ་མཁན་དེ་མི་མང་གིས་ཡོང࿒ཐབས་མེད། གཙོ་བོ་ཆོས་པས་བྱས་མི་མང་ནས་ཞར་ཞོར་ནས་ཆོས་ལ་སློབ་སྦྱོང་ངེས་པར་ལྷོད་གཡེང་མེད་པར་བྱ་རྒྱུ་ཡོད་
སྙམ། བོད་ཤོར་ནས་རྒྱལ་བ་རིན་པོ་ཆེས། ཐོག་མར་ཆོས་སྡེ་མིན་པར་ཤེས་ཡོན་དང་ལྷག་པར་དེང་དུས་ཤེས་ཡོན་ཐོག་ཤུགས་བསྐྱོན་ཡོད། དེ་འདྲའི་དེང་དུས་ཤེས་ཡོན་འཐོབ་མཁན་ཚོས། ཆོས་དང་བོད་ཡིག་ཐོག་དུས་ཚོད་ཕྲན་བུ་ལས་བརྒྱ་ཆ་མང་ཆེ་བ་དེང་རབས་ཤེས་ཡོན་སྟེང་ཕྱིན་ཀྱང་དོན་འབྲས་ཇི་བཞིན་སྨིན་མེད། དེས་ན་ཆོས་ལ་ཁག་འདོགས་བྱ་ས་མེད། ང་དང་ཁྱོད་ལྟ་བུའི་གསར་གཏོད་གསར་གཏོད་ཅེས་ཁ་ཚ་ཚ་བསམ་ཚུལ་འདོན་ཡང་རང་གིས་མ་འཇོན་དུས་གཞན་ལ་བསྙོན་འདིང་ས་མེད་སྙམ།
མདོར་ན། སངས་རྒྱས་ཀྱི་བསྟན་པ་གནས་ཚད་སངས་རྒྱས་ཁོང་ནས་གསུངས་པ་བཞིན། འགལ་བགེགས་ཡ་ཡུད་མ་ཕྲད་ན་གནས་ཞིང་། མ་འོངས་རྒྱལ་ཚབ་ཀྱང་བསྐོས་ཟིན་པས་རང་གིས་འཇོན་ན་གོ་སྐབས་ཡོད་ཡོད་པ་རེད་སྙམ་པ་དེ་ངའི་བསམ་བློ་རེད། སོ་སོའི་འདོད་མོས་རེད། ཆོས་ལ་དུག་དང་ཆོས་པར་ཇག་པ་རེད་ཅེས་བརྗོད་རུང་རང་འདོད་རེད། འདས་པ་འདས་པ་རེད་བཅོས་ཐབས་མེད། མ་འོངས་པར་བོད་ཀྱི་རྩ་དོན་སེམས་ལ་འཁོར་ན། ཡས་མས་ལ་སྐྱོན་བརྗོད་ཕན་ཐོགས་མེད་པ་བྱས་པ་ལས། ཆོས་ཁས་མ་བླངས་པར་དེང་རབས་འཕྲུལ་རིག་སྦྱང་ན་འདྲ་གང་ལྟར་གང་དགའ་ཅི་མཐུན་བྱ་དགོས་སྙམ། གནས་དོན་གཞན་ཡོད་ན་མ་གཏོགས་དེ་མིན་ཆོ་གང་ཡང་མ་མཐོང་། ཚིག་ངན་སོགས་ཀྱིས་ཀྱང་ངར་བསྲན་མ་ཐུབ་པ་གང་ཡང་མེད།
དོན་དུ་ཆོས་ལ་བརྩི་མཐོང་ཞུ་མཁན་ཡིན་ན། མཆོག་གསུམ་དང་སྐྱེས་བུ་དམ་པར་ཚིག་བཟང་པོས་བསྟོད་པར་སྐྱོན་མེད་ལ། བོད་ཀྱི་ནང་ཆོས་ཀྱི་རྫུན་གྱི་ཨི་ཁུང་དེ་གང་ཡིན་ནམ། དུས་བསྟུན་གྱི་མཚན་རིག་དང་ལྷན་བགྲོ་གླེང་བྱ་བར་སྐྱོན་་གང་ཡོད། ད་དུང་འདི་ནི་ནང་པའི་གཟི་བརྗིད་རེད། ལབ་སྲོལ་ཞིག་ལ། མཚན་རིག་ནི་ཆོས་རྩར་མེད་བཟོ་མཁན་དེ་རེད་ཅེས་པར་ལན་རེད་སྙམ། ཆོས་པ་དང་བླ་མ་གྲ་པ་རྫུན་མ་དེ་ཚོ་བོད་པ་ཡིན་སྲིད་རུང་བོད་ཀྱི་ནང་པའི་ཆོས་པའི་གྲལ་ནས་འབུད་པ་རེད། ཁོང་ཚོའི་སྐྱོན་དེ་བོད་ཀྱི་ནང་ཆོས་ཀྱི་སྐྱོན་མ་རེད། ཡིན་ན་གཅིག་ལ། ༧རྒྱལ་བ་རིན་པོ་ཆེའི་སྐྱོན་ཡོད་ན་ཡང་དེ་བོད་ཀྱི་ནང་ཆོས་ཀྱི་སྐྱོན་མིན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱོན་གོང་ན་ཡང་དེ་རང་ཡིན་ལ། མ་འོངས་རྒྱལ་བ་བྱམས་པའི་སྐབས་་སུ་ཡང་དེ་་རང་ཡིན། ཆོས་ཀྱི་གནས་ལུགས་ནི་གཅིག་ཏུ་ངེས་པ་རེད། དེ་ལ་སྟོབས་དང་མེ་མདས་ཡར་འཐེན་མར་འདྲུད་ཡས་མེད། སུ་ལ་ཡང་དབང་མེད་དངོས་ཡོད་ཀྱི་གནས་ཚུལ་དེ་ག་རང་རེད།
བསམ་ཚུལ་དུ་ཕུལ།།།།
གནམ་་་ལགས།
ཕ་མ་སུ་ཡིན་ནའང་རང་གི་ཕྲུ་གུ་ཡིས་བྱས་རྗེས་ཤིག་བཞག་ནས་གཟིགས་རྗེས་ཤིག་མཐོང་ན་བསམས་པ་ལས་སྤྱི་ཚོགས་ཀྱི་དམའ་འབོད་བྱས་ས་ཤིག་ཆགས་བཅུག་འདོད་སུ་ལ་ཡང་ཡོད་མ་རེད། ཤིང་བཟོ་དང་མགལ་བ་ལྟ་བུའི་ལག་ཤེས་པ་ཞིག་ཡིན་ན་བོད་པའི་སྤྱི་ཚོགས་ཀྱི་མྱི་གྲལ་ལྷ་གྲལ་ནས་ཕུད་ཡོང་གི་རེད།
ཤིང་བཟོ་མགལ་བ་ཤན་པ་གསུམ་གྱི་བུ་ཡིན་ན་དགེ་སློང་གི་སྡོམ་པ་ལེན་ཆོག་གི་མ་རེད། ལྷག་པ་ཏུ་མགལ་བ་ཡིན་ན་ཆང་ས་རྒྱག་མཁན་རག་ཁག་པོ་རེད། ཁ་ཕོར་སྤྲད་ཀིན་མ་རེད། སྡུག་སྐྱ་ལ་བརྩི་གི་རེད། འདི་དག་ཐམས་ཅད་ཆོས་ལུགས་ཀྱིས་ཤུགས་རྐྱེན་རེད། ངས་སྔོན་མ་ནས་འདིའི་སྐོར་མང་པོ་བཤད་ཡོད།
དོན་དེ་ངོ་མ་སོ་སོའི་ཕ་མ་གཙོ་བའི་མི་རབས་མི་རྒྱུད་ཀྱི་བསམ་བློ་འཁོར་ཕྱོགས་དེ་འདྲ་མིན་པ་དང་། རང་གི་བུ་ཕྲུག་ཚན་རིག་དང་བཟོ་ལས་ལ་མ་གཏོང་བའི་རྒྱུ་མཚན་ངོ་མ་ཆོས་ལུགས་པའི་ཤུགས་རྐྱེན་རེད།
ཤིང་བཟོ་མགར་བ་བཤན་པ་གསུམ་གྱི་བུ་ཡིན་ན་དགེ་སློང་གི་སྡོམ་པ་ལེན་ཆོག་གི་མ་རེད། གསུངས་པ་དེ་འདུལ་བའི་གཞུང་ལུགས་གང་གི་ནང་དུ་གསལ་ཡོད་པ་ཡིན་ནམ། ཤེས་འདོད་ནས་དྲིས་པ་ཡིན་ཆགས་སྡང་མིན་ནོ།
བསྟན་འཛིན་རིག་ལྡན་ལགས།
ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཟེར་ནས་ཆོས་ལུགས་པ་ཚོའི་ཁ་ནས་མ་ཎི་འདོན་འདོན་རེད།་་་ཐེག་ཆེན་པའི་སྤྱོད་པ་འཚེ་བ་མེད་པ་དང་མ་གྱུར་སེམས་ཅན་ཐམས་ཅད་ལ་བརྩེ་བ་འདྲ་མཉམ་དང་། ཐ་ན་འབུ་གྲོ་མ་ཡན་ཆན་ལ་མ་ལྟར་བརྩེ་བ་སྤྲོད་ཀྱི་ཡིན་ཟེར་ནས་བཤད་འོང་དུས་་་་འཛམ་གླིང་འདིའི་སྐྱེ་བོ་མཁས་བླུན་ས་ཡ་མང་པོའི་ཡིད་དབང་འཕྲོག་འགྲོ་བའི་སྐད་ཆ་ཞིག་རེད།
ཡིན་ཀྱང་་་དོན་དངོས་པོའི་ཐོག་ཏུ་ལག་ལེན་ཡོང་མེད་པ་ཞིག་རེད།་བོད་གངས་ཅན་པས་མི་ལོ་སྟོང་གི་རིང་དུ་སྤྱོད་པ་འཚེ་བ་མེད་དང་ཐེག་པ་ཆེན་པོའི་ཆོས་ལ་སློབ་སྦྱོང་བྱས་ཀྱང་ནང་གསོད་ཁྲག་གི་འཁོར་ལོ་སྐོར་བསྡད་པ་ད་ལྟའི་བར་དུ་མཚམས་ཆོད་མྱོང་མེད།
ལོ་སྟོང་གི་རིང་དུ་བསླབ་པ་སློབ་གཉེར་བྱས་ནས་མ་འཇོན་པའི་སྤྱོད་པ་ཞིག་ལ་སེམས་ཆགས་སྡོད་ན་རྒྱུ་མཚན་གང་ཡང་ཡོད་མ་རེད། ང་ཚོ་འགྲོ་བ་མི་རེད། འགྲོ་བ་མིའི་སྤྱི་ཚོགས་ཀྱིས་བྱེད་མི་ཐུབ་པའི་སྤྱོད་པ་ཞིག་ལ་ཡ་རབས་ཡིན་སྟངས་དང་། བཟང་པོ་ཡིན་རབས་བཤད་ནས་ཅི་ཕན།
ངས་སྔོན་མ་སྐུ་སྒེར་ཡིག་ཚང་ལ་ཡིག་གེ་སྐུར་མྱངས་ཡོད། ཏྭ་ལའི་བླ་མས་བོད་མི་ནང་གསོད་གཏོང་རེས་གྱི་ལུགས་སྲོལ་ངན་པ་འདི་མཚམས་གཅོད་ཐུབ་པའི་བཀའ་སློབ་གསུང་རོགས་མ་བྱེད་ན་་་ཁྱོད་ཚོས་བཤད་པའི་སྤྱོད་པ་འཚེ་བ་མེད་དེར་ངོས་ལེན་བྱེད་མིན་ཞུས་པ་ཡིན། རྡོ་གདམ་་་དུས་དབང་གི་སྐབས་སུ་རེད།
མ་ཐུབ་དགྲ་བོ་གུན་ཁྲན་ཏང་ལ་སྤྱོད་པ་འཚེ་བ་མེད་པ་བཤད་བསྡད་པ་ལས་བོད་མི་ནང་ཁུལ་དུ་གསོད་རེས་བྱེད་བསྡད་པའི་ཐོག་ཏུ་བཀའ་སློབ་གནང་གི་མི་འདུག་ག་་་་
ལྟ་བ་རྟེན་འབྱུང་གི་སྐོར་མི་བཤད་་་་བཤད་ནས་ཚར་འགྲོ་གྱི་ཞིག་མེད་ལ་ཐག་ཆོད་ཡོང་གྱི་ཁག་པོ་རེད།་་་་ཧཧ
མི་གསོད་མཁན་བཤན་པ་སེན་མོ་ཕྲེང་བ་ཡང་། རབ་ཏུ་བྱུང་དུ་བཅུག་འདུག གདུལ་གཞུང་ཚད་ལྡན་ནང་ལ་ཡོད་མེད་མི་ཤེས་ཀྱང་། རབ་འབྱུང་སྒྲུབ་དུས་མཁན་པོའི་ཚིག་ཟིན་ལ་མེད་དམ་སྙམ་ཡང་གསལ་པོ་མི་ཤེས།
མ་ནིང་མིན་ནམ།
མགོ་སེར་པོ་མི་ནམ།
བཤན་པ་མིན་ནམ།
ཧཧཧཧ།
གནས་ཚུལ་བྱེ་བྲག་པ་ཅིག སྤྱི་ལ་ཁྱབ་པ་བྱས་པས་སྐྱོན་ཡིན་ཡང་སྲིད།
བསྟན་འཛིན་རིག་ལྡན་ལགས་་་་ཁྱོད་ཀྱིས་་་་་་་ང་རང་གྲ་པ་མིན་རུང་ཆོས་ལ་ཡིད་ཆེས་ཡོད། རྒྱུ་མཚན་ཡང་ངོ་མ་འདུག་ལ་བོད་ཀྱི་ནང་ཆོས་ཡིད་བདང་འཕྲོག་པ་ཞིག་ཡིན་ཞེས་ང་ལ་སྨྲ་གདེང་འདི་ཡོད།་་་ཅེས་གསུངས་པའི་འདིར་མཐོང་དུས་་་དམ་པ་དགེ་ཆོས་མཆོག་གི་ཚིག་ཞིག་དྲན་བྱུང་།
མི་རེའི་ཁོག་ན་མི་མཐུན་ཚད་མ་རེ།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
འདི་ཉིད་བདེན་ལ་འདི་ཉིད་མི་སླུ་ཞེས།
རང་གིས་བདེན་ཁ་རང་ལ་སྤྱིན་པ་འདི།
རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།
མི་མཐུན་ཚོགས་ལ་སྨྲ་ན་ཞེ་རེ་ཁྲོ།་་་་་་་ཞེས་གསུངས་པ་ལྟར་་་་རེད། ཁ་ཆེ་ཚོས་ཁ་ཆེའི་ཆོས་ལུགས་ཡིད་དབང་འཕྲོག་པའི་ཆོས་ལུགས་ཤིག་ཡིན་རབས་དང་སླུ་བ་མེད་རབས་བཤད་ཀྱི་རེད།་་་ཆོས་ལུགས་པ་ཚང་མ་གཅིག་མཚུངས་རེད།་་་་ཧཧཧ
འདུལ་བའི་ལེའུ་གང་གི་ནང་དུ་ཡོད་མེད་གསལ་པོ་བཤད་ཀྱི་མེད། དགེ་སློང་སྡོམ་པ་སྒྲུབ་དུས་་་་དང་པོར་་་སྒོ་ཡི་ཕྱི་ལ་གྲྭ་རྒན་ཞིག་ཕེབས་ནས་་་ཤིང་བཟོའི་བུ་དང་མགར་བའི་བུ་ཡིན་མིན་སྐད་ཆ་འདྲི་གི་འདུག ཤིང་བཟོའི་བུ་ནི་པ་ཡིན་ནམ་་་་ཞེས་འདྲི་འོང་དུས་་་་མ་ཡིན་ལགས་ཅེས་ལན་བརྒྱབ་དགོས་ཀྱི་འདུག གལ་སྲིད་ཡིན་ཟེར་ན་སྡོམ་པ་སྒྲུབ་མཁན་ནང་དུ་གཏོང་མི་ཆོག་པ་རེད་འདུག་་་ཧཧཧ འདུལ་བའི་བླ་རྒན་ཚོས་འགྲེལ་བཤད་ཡག་པོ་ཞིག་རྒྱབ་རོགས་བྱོས། བཀའ་རྡོས་་་མ་ཤེས་ན་སྤོབས་པ་ཡིན་ད།
བོད་ཀྱི་ནང་ཆོས་འདིའི་རྫུན་གྱི་ཨི་ཁུང་ལ་ཚན་རིག་གིས་ལྷན་པ་ཞིག་རྒྱབ་བསམས་པ་ལས་་་དངོས་ཡོད་ལག་ལེན་གྱི་ཐོག་ནས་གསར་གཏོད་ཤིག་དང་ཅ་དངོས་གསར་བཟོ་ཞིག་བྱ་དགོས་བསམས་པའི་དམིགས་ཡུལ་མི་འདུག ངོ་མ་སེམས་སྐྱོ་གི་འདུག བློ་ཕམ་གྱི་འདུག
ཅོ་རི་ལགས་སུ། གོང་དུ་ཨ་ནུ་ལགས་སུ་ཡང་འབོད་སྐུལ་ཞུ་རྒྱུ་བྱུང་། དོན་འབྲས་ཚིག་ལོས་མ་ཁེབས་པར་གནང་གལ་ཆེ་བ་འདུག དེ་མིན་ཕན་ཚུན་བསམ་ཚུལ་བརྗེ་རེས་འོག་བློ་སྐྱེད་གསར་པ་མེད་པར་དུས་ཚོད་ཆུད་འཛའ་སྲིད་པར་སྙམ།
སྐུ་ཉིད་མཁྱེན་པ་ཆེན་པོ་ཡིན་སྲིད་ལ། ང་ལ་ཕར་སྤྲོད་རྒྱུ་མེད་དེ་ཚུར་བསམ་ཚུལ་གསར་པར་རེ་ནས་ཡོད། དེས་ན། མཁྱེན་འཇོན་ཅན་ཡིན་ན། ཚིག་ཚོགས་མེད་པར། ༼བོད་ཀྱི་ནང་ཆོས་འདིའི་རྫུན་གྱི་ཨི་ཁུང་ལ་༽ཞེས་པའི་དེའི་རྫུན་མ་དེ་གང་ཞིག་རེད། གང་ལ་ངོས་འཛིན་ནས་རྫུན་མ་རེད། རྫུན་མ་ཡིན་པའི་རྒྱུ་མཚན་གང་ཡོད་དམ། ཁུངས་ཇི་འདྲ་རེད་ཅེས་བཀའ་འདྲི་བསྐྱར་ཞུར་བསུན་གནང་མེད་འཚལ།
བོད་ཀྱི་ནང་ཆོས་ང་རང་སྒེར་ལ་ཡིད་དུ་འོང་བ་ཞིག་རེད་ཞུས་པ་ལས། ཁ་ཆེ་དང་མཚུངས་བསྡུར་དེ་འགྲོ་མ་སོང་། ང་སྒེར་གཅིག་ལ་བདེན་པ་གཅིག་རེད། དེ་ནི་ལྟ་བ་རྟེན་འབྱུང་ཞེས་པ་དེ་ཡིན། སྤྱི་ཚོགས་བདེན་པ་སྣ་ཚོགས་ཡོད་ཆོག་རང་རང་འདོད་མོས་རེད་ལ། ཆོས་ལ་དུག་ཏུ་ལྟ་བ་ཡང་རང་འདོད་རང་རེད། སུས་ཀྱང་འགོག་ཐབས་མེད།
ངོས་ནས་ཁམས་ཀྱི་དྲ་བའི་ནང་གཅིག་མཇལ་སོང་། དེ་ནི་སྔོན་ཆོས་རྒྱལ་སྲོང་བཙན་གྱིས་མཐའ་བཞི་དམག་གིས་བསྡུས་ནས་བཞུགས་པའི་ཚེ། བོད་པ་ནང་ཁུལ་ནང་དམེ་འཁྲུག་འཛིངས་རྒྱུན་མ་ཆད་པར་་གཟིགས་ནས། རྒྱ་གར་ནས་ཆོས་གདན་འདྲེན་གྱིས་ཐབས་ཇུས་གནང་བ་ཡང་རྐྱེན་གཅིག་ཡིན་སྐོར་བྲིས་འདུག་ལགས། བདེན་པ་ཇི་ཙམ་ཡོད་མེད་མི་ཤེས།
ཡང་ངོས་རང་ལོ་ངོ་ཉི་ཤུ་ལྷག་རིང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཉན་རྒྱུའི་བགོ་སྐལ་བྱུང་བའི་བརྒྱུད་རིམ་ཁྲོད། མགོན་པོ་ཁོང་གིས་བོད་མི་སྐྱ་སེར་རྒན་བྱིས་སྤྱི་དང་སོ་སོར་ལམ་སྟོན་གསུང་ཚ་ཚ་མི་ལོ་མང་པོར་གནང་བ་དེ་ཡིད་ཆེས་མེད་ན། འཁོར་ཐག་དང་དཔེ་དེབ་གསུང་འབུམ་མཇལ་རྒྱུ་ཡོད་པས་དེ་ནས་གཟིགས་ན། མ་མཁྱེན་ཁྱོན་ནས་མེད།
ད་བོད་པས་ནོར་བུས་ནོར་ཉམས་མ་ཆོད་དུས། དཔེར་ན་དུས་འཁོར་དབང་ཆེན་ཞུ་རྒྱུ་ལས་སྔོན་འགྲོའི་གསུང་ཆོས་ཞུ་གལ་མི་བྱས་པ་སོགས། དེ་འདྲའི་གནད་དོན་ཞུ་ཚར་ཡས་མེད་པ་ཡོད། སྐབས་ཞིག་བརྒྱུད་ལམ་ཡིན་ན་གང་ལྟར་གཅིག་གིས་འདི་ལྟར། ཆོས་པ་བླ་མ་གྲ་པ་རྫུན་མ་དེ་འདྲའི་སྤྱི་ཚོགས་ནང་ཡོང་གི་འདུག་པར་བཀའ་སློབ་གནང་དགོས་རེ་སྐུལ་ཞུས་པར། ང་ཚོས་བསླབ་བྱ་རྒྱག་ན་ཉན་འཇོག་བྱེད་ཁག་པོ་རེད། དེ་ལས་ཁྱེད་རང་ཚོས། མི་འདི་དང་འདི། མིང་འདི་དང་འདི། དཔར་བཅས་ཁྱབ་བསྒྲགས་བྱས་ནས་ཁྲིམས་ལ་སྦྱར་ཐུབ་ན་ཡག་པོ་ཡོད། མི་ངན་ཁྲིམས་བཤེར་བྱས་པར་བསྟན་པ་ལ་མི་གནོད་ཅེས་བཀའ་གནང་ཡོད།
མཁས་དབང་ཁོང་གི་གསུང་བདེན་པ་རེད། བོད་ཁུལ་ནང་བསྟན་ཆོས་ལུགས་རིས་མེད་དག་སྣང་བྱ་རྒྱུ་ཡང་ཁག་པོ་ཡོད་ན། ང་སྒེར་གྱི་ངོས་ནས་འཇིག་རྟེན་བཀོད་པ་པོ་ཁྱོན་ནས་མི་འདོད། ལྟ་བ་རྟེན་འབྱུང་རང་ལས་ལྷག་ག་མེད་ལ། དེ་དང་འགལ་བའི་ལྟ་བ་ཁས་མི་ལེན་རུང་། ཚང་མར་དག་སྣང་དང་གུས་རྩིས་ཞུ་བར་སྐྱོན་མེད། དཔེར་ན། སོ་སོར་ཀ་རའི་ནད་ཡོད་པས་ཀ་ར་མི་དགོས་ཀྱང་འགྲུལ་པར་ཇ་མངར་མོའི་ཆེད་ཀ་རར་རྡོག་བརྫིས་གཏོང་དགོས་ཡས་མེད་སྙམ།
བོད་ཀྱི་ནང་ཆོས་ལ་བརྟེན་ནས་མཁས་གྲུབ་མང་པོ་བྱུང་ཡོད་ལ། ཁོང་ཚོའི་ལེགས་སྐྱེས་གསུང་གི་གཏེར་མཛོད་ཀྱང་མཇལ་རྒྱུ་ཡོད། བོད་པ་ཡིན་ན་ཆོས་པ་རྣམ་དག་ཡིན་མི་དགོས་ལ། བོད་པ་ཡིན་ནང་ཆོས་ལ་དད་མོས་ཀྱང་ཞུ་མི་དགོས། བོད་པ་ཁ་ཆེ་ཡང་ཡོད་པས་སོ།།རྒྱ་དམར་རིང་ལུགས་པ་ཡིན་ན་ཕྱུག་པོ་ཡིན་དགོས་སམ། དཔལ་འབྱོར་ནི་སྲོག་གི་སྙིང་པོ་ཡང་ཉིང་ཞེས་དམར་པོ་རིང་ལུགས་པ་ཚོས་སྨྲ་བའི་ཕྱིར། བོད་པ་སེམས་གདུལ་ཐབས་ཆེད་རྒྱ་གར་ནས་ནང་ཆོས་ཆེད་མངགས་གདན་དྲངས་པ་མ་ཡིན་ནམ། བློ་སྦྱོང་ལ་མོས་པ་དང་འབད་ན་བློ་སྦྱངས་ཟིན་པ་ཡིན་མི་དགོས།
མདོར་ཉག་ཉོག་མང་པོའི་དགོས་གལ་མི་ཆེ་ལ། བོད་ཀྱི་ནང་ཆོས་འདིའི་རྫུན་གྱི་ཨི་ཁུང་བཀབ་ཆེད་མཚན་རིག་ཅེས་པའིརྫུན་འདི་གསུང་གནང་ན་བསབ་བློ་གཏོང་རྒྱུར་ཁྱད་ཡོང་སྲིད་སྙམ་པས་དེ་ལྟར་ལགས།།
ད་ཅོར་ཉི་དང་ཨ་ནུ་ཐང་གཉིས་ཀྱིས་བོད་རྗེས་ལུས་དང་ཚན་རིག་ཡར་རྒྱས་མ་བྱུང་བ་ཆོས་ལུགས་ཀྱི་སྐྱོན་རེད་ཟེར་བསམ་ན་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་ཚན་རིག་དཔལ་འབྱོར་ཡར་རྒྱས་འགྲོ་བ་ལས་ལྡོགས་སྟེ་མུ་གེ་བྱུང་དགོས་དོན་གང་ཡིན་ལ་ལན་ཐོབས། དེ་མིན་ཆོས་ལུགས་དུག་རེད་ཅེས་པའི་མོའི་ཙི་ཏུང་གི་རྗེས་བརྗོད་རྐྱང་པས་བོད་ལ་ཕན་ཐོགས་ཀྱི་མ་རེད།
བོད་པའི་ཤཀྱའི་ཆོས་ལུགས་པ་ཚོས་ངོས་ནས་རྫུན་བཤད་པ་ཤིན་ཏུ་མང་པོ་རེད། རྫུན་གྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་ན་ཅུང་ཟད་ཐལ་ཆ་ཆེ་ཡང་རྫུན་གཏམ་དྲང་ལས་འདས་པ་བཤད་ཡོད་པ་དངོས་ཡོད་གནས་ཚུལ་རེད།
དཔེར་མཚོན་ཙམ་ཞུས་ན།
བོད་པའི་ཆོས་ལུགས་པ་ཚོས་བཤད་པའི་རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི། བདེ་ཆེན་དག་པའི་ཞིང་ཁམས། དམྱལ་ཁམས་ཅོ་བརྒྱད་སོགས་ཡོད་ཟེར་བ་དེ་དག་རྫུན་གཏམ་མིན་ན་ག་པ་ཡོད་དམ། ཚན་རིག་དང་མཐུན་པའི་ཐོག་ནས་སྟོན་ཐུབ་ཀྱི་ཡོད་དམ།་་་གཅིག་རེད།
གཉིས་པ། ལྟ་བ་རྟེན་འབྱུང་སྐོར་ལ་གྲུབ་མཐའ་སྨྲ་བ་སོ་སོར་སོ་སོས་འདོད་ཚུལ་མི་འདྲ་བ་རེད། སེམས་གཙོ་སྨྲ་བ་དང་དབུ་མ་པ་གཉིས་ཀྱི་འདོད་ཚུལ་མ་མཐུན། དབུ་མ་ཐལ་རང་གཉིས་ཀྱི་འདོད་ཚུལ་མ་མཐུན། གང་ལ་ཆ་བཞག་དགོས་སམ། སུ་ཡི་སྐད་ཆ་བདེན་པ་རེད་དམ། དཔལ་ལྡན་ཟླ་བ་གྲགས་པའི་སྐད་ཆ་བདེན་པ་རེད་དམ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སྐད་ཆ་བདེན་པ་རེད་དམ།
ཟླ་གྲགས་ཀྱིས་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པར་འདོད། ལེགས་ལྡན་འབྱེད་ཀྱིས་ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་ཀྱང་བཞག་་་ཡུལ་རང་དངོས་ནས་ཀྱང་གྲུབ། ཐུན་མོང་བའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འདོད། ཁོང་གཉིས་སུ་ཡི་སྐད་ཆ་བདེན་པ་རེད་དམ། གཅིག་གི་སྐད་ཆ་བདེན་པ་ཡིན་ན་གཞན་པ་དེའི་སྐད་ཆ་རྫུན་རེད།
གསུམ་པ། ཤཀྱ་ཐུབ་པས་་་ཆོས་འཁོར་དང་པོའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་ངོས་གྲུབ་པ་རེད་ཅེས་གསུངས། འཁོར་ལོ་གཉིས་པའི་སྐབས་སུ་ཀུན་བཏགས་རང་གི་མཚན་ཉིད་ཀྱི་མ་གྲུབ་ཤིང་གཞན་དབང་དང་ཡོངས་གྲུབ་རང་ངོས་ནས་གྲུབ་ཅེས་གསུངས། འཁོར་ལོ་མཐའ་མའི་སྐབས་སུ་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད་ཅེས་གསུངས།་་ཧཧ་་་་ཤཀྱ་ཐུབ་པ་ཁོང་རྫུན་གཏམ་མཁས་པ་ལ་ཨང་།
རྫུན་གྱི་ཨི་ཁུང་དེ་དག་ལ་རྗེ་རིན་པོ་ཆེན་་གྱིས་དྲང་ངེས་ལེགས་བཤད་སྙིང་པོས་ལྷན་པ་ཞིག་བརྒྱབ་ཡོད། གདུལ་བྱའི་ཁམས་དང་མོས་པ་ལ་བརྟེན་ནས་གསུངས་པ་རེད་ཅེས་གསུངས་ཡོད། ་
མཁས་དབང་དགེ་ཆོས་མཆོག་གི་ཚིག་ཞིག་དྲན་བྱུང་།
དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིར།
དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས།
བྱམས་མགོན་ཁྱི་མོར་མཐོང་བའི་ངང་ཚུལ་འདིར།
མ་བརྟག་ལྷན་སྐྱེས་བློ་ལ་ཡིད་མ་ཆེས།་་་་་་་་་ཅེས་གསུངས་ཡོད་རེད་དྲན། ཨོ་ཡ་་་་རང་གི་བསམ་ཚུལ་ཙམ་ཞུ་ཁུལ་ཡིན།།
སྤོབས་མཐའ་ལགས། མའོ་ཀྲུང་ཞིའི་ཡི་མཚན་ཉིད་རིག་པའི་གསུངས་རྩོམ་ནང་དུ་་་་བཟོ་ཞིང་མཉམ་འབྲེལ་བྱེད་ནས་ཀྲུང་གོའི་དཔལ་འབྱོར་ཡར་རྒྱས་གཏོང་གི་ཡིན་གསུངས་འདུག མི་ལོ་དྲུག་བཅུའི་གོང་གི་སྐད་ཆ་རེད། དེང་སང་་་བཟོ་ཞིང་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་ལ་བསླེབས་འོང་དུས་་་་ང་ནི་མའོ་ལ་ཧང་སང་གི་ཡོད། ཅི་འདྲ་བའི་མིག་རྒྱང་རིང་བ་ལ་ཨང་དྲན་གྱི་འདུག བོད་ལ་མའོ་ལྟ་བུའི་མིག་རྒྱང་ཅན་གྱི་མི་སྐྱེས་མྱོང་མེད་པའང་སྐྱེས་མ་བཅུག་པ་རེད་བསམས་ནས་བློ་ཕམ་མྱངས་ཡོད།
རྗེས་མ་གྲྭ་བ་བྱེད་ན་རིགས་རྒྱུད་དེ་འདྲ་བཀག་ཡོད་པའི་ལྟ་བ་འདྲ་ཞིག་ཡོད་པ་བདེན་ན་ཡང་། དེ་དག་གིས་རང་གི་མདུན་ལམ་རྒྱ་ཆེན་པོ། མཚན་རིག་དང་ལག་རྩལ་ག་རེ་སྦྱང་ན་ཡང་འདོད་པ་རེད། ཡིན་ན་ཡང་སོ་སོས་མ་འཇོན་པ་དང་མ་སྦྱང་བའི་གནད་དོན་ཞིག་ལ་གྲྭ་བ་ཚོས་མ་འགྲིག་པ་ཞིག་ག་ལ་སྒྲིབ་ཐུབ། མི་རུང་ངོ་།
སྤྱོར་བོད་ས་འདི་ས་ཆུ་ཐོན་ཁུང་བཟང་བས་ཚང་མས་སྐྱིད་ཉལ་རྒྱག་ཐུབ་སོང་བའི་རྒྱུ་མཚན་ཙམ་ལས། ཀླད་པ་མ་ཡོད་པ། བཀག་རྒྱ་ཡོད་པ་ཞིག་གིས། བོད་ལ་མི་འཁོ་བའི་མཚན་རིག་མ་དར་བ་ཞིག་མ་ཡིན་པར་བསམ། མ་ཡིན་ནམ། ཅོ་རི་ཁྱོས་དཔྱོད་ཤེས་ན། བློ་དྲང་ན། དེ་འདྲ་ཞིག་རེད།
བུ་ཉི་མ་ལགས། བོད་ལ་མའོ་ཙི་ཏུང་འདྲ་བོ་ཞིག་སྐྱེས་ནས་ཅི་བྱེད། བོད་མི་ལྷག་ལུས་དེ་ཚོ་མུ་གེས་གསོད་བསམ་པ་ཡིན་ནམ། ནང་ཆོས་ལ་ལྟ་གྲུབ་མང་པོ་ཡོད་པ་ནི་བཟང་རྟགས་ཤིག་རེད། ནུབ་ཕྱོགས་མཚན་ཉིད་རིག་པའི་ནང་གསེས་དེ་ལས་ཀྱང་མང་བ་ཡོད་པ་ལ་བསམ་བློ་ཐོངས་དང་།ལས་ཀ་ལ་ང་ཡང་མི་དགའ། ཁྱེད་ཀྱིས་ཤན་པའི་ལས་ཀ་ད་བྱེད་ཀྱི་ཡིན་ནམ།
བསྟན་འཛིན་རིག་ལྡན་ལགས།
ཉིད་ཀྱིས་དྲང་ངེས་ཀྱི་ཁྱད་པར་དགོས་ཚུལ་གྱི་གཞུང་ལུགས་ལྟར་འགྲེལ་བཤད་མང་དུ་གསུངས་ཀྱང་ངས་དོན་དངོས་དེ་ལྟར་ཡིན་པའི་ཁས་ལེན་བྱེད་མི་ཐུབ རྒྱུ་མཚན་ནི། དེ་ལྟར་བྱས་ཚེ་ཆོས་པ་སོ་སོའི་མོས་བ་དང་རིག་པ། རྣམ་དཔྱོད་ལ་བརྟེན་ནས་ཅི་འདོད་དུ་ཐག་གཅོད་པའི་ལམ་ཁ་བྱུང་བས། གསལ་པོ་ཞུས་ན་ཐབས་ལམ་གཡོ་ཐབས་རེད། ཐབས་ལམ་དེ་དག་མི་རྣམས་སངས་ཆོས་འཇུག་པ་ཕན་པ་མ་ཟད། ཚང་མ་ལ་བདེན་ཁ་སྤྲད་པས་སངས་རྒྱས་ཆོས་ལུགས་པའི་ནང་ཁུལ་གྱི་བཞད་མི་མཐུན་པ་སེལ་བྱེད་ལ་ཕན་ཡང་། དེ་ནི་སངས་རྒྱས་ཀྱི་དགོངས་བ་མིན་པ་སོ་སོའམ་རང་གི་བླ་མའམ་ཆོས་རྒྱུད་ཀྱི་ལྟ་ཚུལ་དུ་འགྱུར་བས། སངས་རྒྱས་ཀྱི་དགོངས་བ་རྣལ་མ་མིན་ན། དེ་ལ་ཡིད་ཆེས་བྱས་ཤིང་སངས་རྒྱས་བ་འདོད་མཁན་གྱི་མི་རྣམས་མགོ་སྐོར་འོག་ཏུ་ཚུད་པའི་ལམ་ཁ་ཡོད་པ་མ་ཟད། ཆོས་དཔོན་སོ་སོས་རང་ཉིད་ཀྱི་དགོངས་བ་དང་མཐུན་པའི་གྲང་ངེས་ཀྱི་ཁྱད་པར་འབྱེད་པས་མི་རེ་ལ་སངས་རྒྱས་ཀྱི་དགོངས་བ་རེ་ཡོད་པ་འགྱུར་ལ། ལྟ་ཚུལ་དེས་སངས་དགོངས་རྣལ་མ་རྟོགས་པའི་བཀག་ཏུ་འགྱུར་ཞིང་ཆོས་རྫུན་མཁན་པོ་ཚོ་ལ་རང་དོན་སྒྲུབ་བྱེད་ཀྱི་ལམ་ཁ་སྤྲད་པས་ཁས་ལེན་བྱེད་མི་ནུས། རྒྱུ་མཚན་ནི། ཆོས་པ་རྣམས་ཀྱིས་བསམ་ཚུལ་སངས་དགོངས་ཡིན་ཚུལ་འགྲེལ་ནས་མི་མང་ལ་སངས་ཆོས་གསུངས་ཤིང་། སུ་ཞིག་གིས་ཁོང་ལ་སྐྱོན་བརྗོད་བྱས་ཚེ་སངས་རྒྱས་ལ་སྐྱོན་འཛུགས་བྱེད་པའི་ཉེས་མིང་འདོགས་པསས་ཡིན། དེ་ནི་བདེན་པ་མ་རེད་ལ། དྲང་བདེན་ཡང་མ་རེད།
དོན་དངོས་དྲང་ངེས་ཀྱིད་ཁྱད་པར་འབྱེད་མཁན་གཙོ་བོ་ནི་ཐེག་ཆེན་པ་རྣམས་ཡིན་ཞིང་དེ་ཚོས་སངས་གསུངས་ལ་སྒྲ་ཇི་བཞིན་ཁས་ལེན་འོས་ཡ་དང་མི་འོས་བ། དངོས་བསྟན་དང་ཤུགས་བསྟན་སོགས་ཀྱི་དབྱེ་བ་སྣ་ཚོགས་ཕྱེས་བས། རང་མོས་ལྟར་བསྒྲུབས་ཆོག་ལ། ཆོག་པའི་ཁོར་ཡུག་ཡག་པོ་བསྐྲུན་ཞིག་ཡོད། དེ་བརྟེན། དེང་སྐབས་མི་རྣམས་ཀྱིས་སངས་ཆོས་ཆོས་ལུགས་གཞན་དང་བསྡུར་ན་རང་དབང་ཆེ་བ་འདོད། ཡིན་ཏེ། དགེ་སྡུག་གང་བྱས་ཀྱང་། སྡོམ་སྲུང་དང་སྡོམ་འགལ་གང་བྱས་ཀྱང་བཤད་ཤེས་ན་ཆོས་འཐུན་གྱི་འགྲེལ་བཤད་ཡོད་པས་རེད། འོན་ཀྱང་། དེང་སྐབས་སངས་གསུངས་རྣལ་མ་ཞིག་བཙལ་དགོས་ན་རེག་རྒྱུ་ཁག་པོ་རེད།
སངས་གསུང་བཙལ་དགོས་ན་ཐེག་དམན་གྱི་མདོ་རྣམས་བཙལ་དགོས་ཤིང་གཅིག་བྱས་ན་ཐེག་དམན་གྱི་བསྟན་པ་དར་ཡུལ་ན་མི་ཉུང་བ་ཞིག་ལྷག་ཡོད་ཤས་ཆེ། བོད་དང་ན་ལན་གྲུའི་མཁས་བ་ཚོས་ཐེག་ཆེན་ལ་ཕྱོགས་རིས་བྱས་བས་ཐེག་དམན་པའི་ལྟ་བ་རྣལ་མ་ཞིག་རྙེད་ཐབས་དཀའ། ལྷག་པར་དུ་ན་ལན་དྲའི་མཁས་བ་ཚོས་ཕྱི་ནང་གཉིས་ཀྱི་ལྟ་གྲུབ་མཉམ་སྦྲེལ་གྱི་ཐེག་ཆེན་གསར་བཏོད་མཛད་ཕྱིན། དགོན་དེར་ཐེག་དམན་པ་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད།
བོད་ཀྱི་སངས་ཆོས་ཀྱི་ཐོན་གྱི་ཁུང་གཙོ་བོ་ནི་ན་ལན་དྲ་ཡིན་ཕྱིིན། བོད་ཀྱི་ལོ་པན་དག་ལ་སངས་གསུངས་དག་མ་ལས་རྫུན་མ་མང་དུ་རེག་ཡོད། རྒྱུ་མཚན་ནི། བོད་ཀྱི་ལོ་པན་ཚོས་ཆོས་ཁུང་ཀླུ་སྒྲུབ་དང་ཏེ་ལོ་པ་སོགས་ལ་གཙོ་བོ་བཏུགས་ཀྱང་། ཁོ་གཉིས་ཀྱི་སྐྱེས་ཁུང་ཧིན་རྡིའི་ཡིན་པ་མ་ཟད། ཁོ་གཉིས་ཀས་ཕྱི་ནང་གཉིས་ཀྱི་གྲུབ་མཐའ་ལ་ཧ་ཅང་གི་མཁས་བ་རེད། ལྷག་པར་དུ་ཀླུ་སྒྲུབ་ཀྱིས་ཕྱི་རོལ་གྱི་གྲུབ་མཐའ་ཡག་པོ་ཞིག་མཁྱེན་མ་ཟད་དེ་ལྟར་གནང་བས། ཁོང་གི་དགེ་ཕྲུག་ཨ་ཡ་འདས་བས་ཀྱང་ཀླུ་སྒྲུབ་ནང་པ་མིན་པའི་དོགས་གཞི་སྐྱེས་ཡོད། ཨ་ཡ་འདས་བས་རྟ་དབྱངས་ཕམ་དགོས་དོན་ཡང་ཀླུ་སྒྲུབ་ཀྱིས་ཕྱི་རོལ་བའི་གྲུབ་མཐའི་འགྲོ་ཕྱོགས་ཡག་པོ་ཁོང་ལ་བསླབས་ཤིང་། གནད་འགག་རྣམས་གསུང་བས་རེད། ཐ་ན་ད་ལྟ་མཐོང་ཡ་ཡོད་པའི་ཀླུ་སྒྲུབ་ཀྱི་སྐུ་དཔར་གྱི་རྒྱབ་ལའང་སྤྲུལ་གཉིས་ཡོད་པས། ཧིན་ཆོས་ཀྱི་ལྷའི་སྐུའི་ཁྱད་ཉམས་དོད་ཡོད། མ་ཟད་ཁོང་ནས་རྒྱུད་པའི་གསང་སྔགས་ཀྱི་ལྷ་རིགས་ཀུན་ལ་ཧིན་ལྷ་ལྟར་མི་དང་དུད་འགྲོ་ཟླ་བསྒྲིགས་བཏང་བའི་ཉམས་འགྱུར་སྔོན་ཡོད།
གསང་སྔགས་ཀྱི་ལྷ་རིགས་མགོན་པོ་དང་རྟ་མགྲིན། སྒྲོལ་མ། འཇིགས་བྱེད་སོགས་ནི་ཧིན་ངྷིའི་རིག་བྱེད་ཆོས་ལུགས་དང་ཧིན་ཆོས་ལས་མིང་དང་བཅས་བ་ཐད་ཀར་བླངས་འདུག འོན་ཀྱང་། བོད་པ་ཚོས་འགྲེལ་བཤད་གནང་དང་ཧིན་ངྷས་འགྲེལ་བཤད་གནང་སྟངས། ལྷ་གཟུགས་སོགས་ཅུང་མི་མཐུན་པ་འདུག དེ་ནི་གནད་འགག་མ་རེད། དངོས་བོ་གང་དང་ལྷ་ཆོས་གང་རུང་ཡུལ་ལུང་གཞན་ལ་དར་ཚེེ་དེ་མཐུན་གྱི་འགྲེལ་བཤད་ཡོད་ཁར། གྲུབ་མཐའ་གཞན་གྱིས་རང་ཉིད་ཀྱི་ལྟ་གྲུབ་བཞིིན་དུ་འགྲེལ་ངེས་རེད། དཔེར་ན། གཡུང་དྲུང་གི་རི་མོ་ལྟ་བུ་རེད། སངས་ཆོས་ལ་སངས་ཆོས་ཀྱི་འགྲེལ་སྟངས་དང་ཧིན་ཆོས་ལ་ཧིན་ཆོས་གྱི་འགྲེལ་སྟངས། བོན་ལ་བོན་གྱི་འགྲེལ་སྟངས། རྒྱལ་བ་བ་རྒྱལ་བའི་འགྲེལ་སྟངས། གསི་ཝེའི་སྒྲན་ལ་གསི་སྒྲན་གྱི་འགྲེལ་སྟངས། འཇར་མན་གྱི་ཧེ་ཐི་ལཱ་ལ་ན་ཚིའི་འགྲེལ་སྟངས་སོགས་ཡོད་པ་བཞིན་རེད། མ་ཟད་སྤྱན་གཟུགས་དང་སྒྲོལ་མ་སོགས་འབྲི་སྐབས་བོད་ཀྱི་མི་ཆོས་གཙོ་བཟུང་གི་བྲིས་བ་བཞིན་རེད།
ཕྱིས་ཀྱི་སྨྲ་བའི་སློབ་དཔོན་ན་རོ་པས་ཀྱང་ཧིན་ངྷིའི་ཆོས་འཛིན་པའི་ཁྱིམ་ཚང་ནས་འཁྲུངས་ཤིང་དང་པོ་ཧིན་ཆོས་ལ་ཐོས་བསམ་གནང་། དགུང་ལོ༢༨སྟེང་ན་ལན་དྲར་ཕེབས་ཤིང་གནས་དེར་སློབ་གཉེར་གནང་བས། ཕྱིས་སུ་ཧིན་སངས་གཉིས་ཀའི་སྟེང་ལ་བྱང་གོམས་ཡོད་པས་བོད་ཀྱི་གསང་སྔགས་དང་ཐེག་ཆེན་གྱི་ཆོས་ལུགས་འདི། སངས་ཆོས་དང་རིག་བྱེད། ཧིན་ཆོས་སོགས་ལས་ལེགས་ཆ་བླངས་ཤིང་། གཅིག་བསྡུ་ཡིས་ཐོན་པའི་གྲུབ་མཐའ་ཞིག་ཡིན་པ་གསལ་པོ་རེད། མ་ཟད་ཧིན་ངྷིས་པ་མང་པོས་ཀྱང་སངས་ཆོས་འདི་རང་ཉིད་ཀྱི་ཆོས་ལུགས་ཀྱི་བྱེ་བྲག་ཅིག་ཡིན་པ་འདོད་ཀྱི་འདུག ཅིག་བྱས་ནས་ཧིན་སངས་གཉིས་ཀས་ཆོས་ལུགས་དར་སྤེལ་བཏང་མཁན་གཞན་དང་འདྲ་བ་ཐབས་ལམ་རྙིང་པ་དེ་བེད་སྤྱོད་བཏང་བས་ཡིན་ཤས་ཆེ། དོན་དངོས་ཀྱང་སངས་ཆོས་དེ་ཧིན་ཆོས་དང་རྒྱ་གར་གྱི་ཆོས་ལུགས་གཞན། རིག་བྱེད་ཀྱི་བསྟན་བཅོས་སོགས་ལས་ལག་ཆ་ཚུལ་ལེན་གྱིས་དུས་དང་སྟུན་ནས་ཡར་རྒྱས་བཏང་བ་གསལ་པོ་རེད།
སངས་རྒྱས་ཀྱིས་གྲངས་མེད་གསུམ་དུ་ཚོགས་བསགས་དགོས་ཚུལ་ནི་ཐེག་ཆེན་པས་ཐེག་དམན་པ་ལ་བཅང་བའི་འགྲེལ་བཤད་རེད། དེ་ནི་མཐའ་གཅིག་ཏུ་བདེན་མིན་ཐེ་ཚོམ་རེད། གང་ལྟར་ཐུབ་པས་ལོ་དྲུག་དཀའ་བ་སྤྱད་ནས་སངས་རྒྱས་བ་རེད། ཐེག་ཆེན་ནམ་སྔགས་ལུགས་ལྟར་ན་ཚེ་གཅིག་ལུས་གཅིག་ཏུ་སངས་རྒྱས་བ་འདོད་པ་མ་ཟད། ལོ་གསུམ་གྱི་ནང་དང་ལོ་བཅུ་གཅིག་གི་ནང་སོགས་སུ་སངས་རྒྱས་བ་འདོད། དེ་ནི་གང་ཟག་སོ་སོའི་འཇོན་ནུས་དང་དཀའ་སྤྱད། བླ་སློབ་ཀྱི་དམ་ཚིག་སོགས་ལ་བརྟེན་པས་སངས་ཡུན་སྣ་ཚོགས་ཡོོད་པ་འདོད། ད་ལྟ་ནུབ་ཕྱོགས་སུ་ཆོས་སྤེལ་མཁན་གྱི་སློབ་དཔོན་དུ་མས་ཀྱང་ཚེ་འདིར་སངས་རྒྱས་ཚུལ་དང་། ཐ་ན་རང་ཉིད་སངས་རྒྱས་ཟིན་ཚུལ་གསུངས་མཁན་ཡང་འདུག དོན་དངོས་སངས་ཤིག་རྒྱས་ཡ་ཡོད་པ་དང་། གལ་སྲིད་ཡོད་ན་སངས་ཆོས་ཀྱིས་གསུངས་བ་བཞིན་ཕྱིན་ན། འགྲོ་ལམ་མ་ནོར་བ་སངས་རྒྱས་བ་ང་ལ་མཚོན་ན་དོགས་གཞི་རེད། རྒྱུ་མཚན་ནི། ཆོས་དཔོན་ཚོས་སོ་སོའི་དགོས་མཁོ་སླད་དུ་དུས་དང་འཇོན་ནུས་ལ་དཔགས་པའི་ཁ་སྣོན་དང་གཅོད་འདྲུ་སྣ་ཚོགས་བྱས་བས། ཡིད་རྟོན་བྱེད་པ་དཀའ། གལ་སྲིད་ཡིད་རྟོན་བྱེད་ན་རང་མགོ་རང་གིས་གཡོག་པ་རེད། མ་ཟད་མི་ཚོས་སངས་རྒྱས་རྒྱུའི་རེ་བ་བཅང་བ་ནི་གཅིག་བྱས་ན་འདོད་རྔམ་ལ་ཚིམས་པ་མེད་པའི་ཉེར་ལེན་གྱིས་ཡིན་སྲིད།
སྤོབས་པ་མཐའ་ཡས་ཀྱི་གསོ་མ་ལི་ཡ་སོགས་ཨ་ཧྥུ་རི་ཁའི་དཔལ་འབྱོར་གྱི་གནས་སྟངས་གླེང་བ་ནི་རང་མགོ་གཅོད་པའི་སྟ་རེ་ཡོད། འཛམ་གླིང་ཐོག་གི་ཆེས་ཆོས་དད་ཆེ་ཤོས་ཀྱི་གླིང་ཕྲན་ནི་ཨ་ཧྥུ་རི་ཁ་རེད། གནས་དེར་ཆོས་ལུགས་ཕན་ཚུན་བར་ལ་དམག་འཁྲུག་རྒོད་ཁར། ཆོས་ལུགས་ཀྱི་ཆེད་དུ་དམར་གསོད་དང་ནང་འཁྲུག གཉའ་གནོན་སོགས་བྱེད་མཁན་མང་བས་རེད།
ཨ་ཧྥུ་རི་ཁའི་ཡི་ཤུ་པ་མང་པོས་ཁོང་ཚོའི་མི་ཚེ་འདིའི་སྟེང་། ཡེ་ཤུའི་སྟོན་པ་འཇིག་རྟེན་དུ་སྐྱར་ལོག་བྱེད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། ཨ་ཧྥུ་རི་ཁའི་རྒྱལ་ཁབ་མང་ཤོས་ཀྱི་མི་འབོར་བརྒྱ་ཆ་གོ་ལྔ་ནས་བརྒྱ་བར་ཕལ་ཆེར་ཆོས་དད་པ་ཡིན། ཆོས་དད་མེད་མཁན་དང་ཆོས་ལུགས་གཞན་ལ་སྐྱབས་སུ་འགྲོ་མཁན་ཞིག་གནས་དེར་འཚོ་སྡོད་དཀའ་པས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་སེམས་འཁུར་བྱེད་ཡུལ་དུ་ཆགས་ཡོད་ལ། ཆོས་ལུགས་ཕན་ཚུན་བར་ལ་འཐབ་འཛིང་རྒོད་ཅིང་ཁ་ཆེའི་རྟག་མཐའ་རིང་ལུགས་པ་དག་གིས་འཛམ་གླིང་ལ་འཇིགས་སྣང་སྐུལ་བ་ཉུང་ཉུང་མིན།
ཨ་ནུ་ཐང་བསོད་ནམས་ཀྱི་མཆན་་༡༢༤ དེ་ནི་ཚན་རིག་དང་མཐུན་པའི་དཔྱད་བརྗོད་ཅིག་རེད་འདུག དེ་བཞིན་་་དྲང་བདེན་ལ་དགའ་ཞིག་རྫུན་སྒྲིག་ལ་རྒོལ་བ། རང་ལུགས་ལ་དགའ་ཞིང་གཞན་ལུགས་ལ་དག་སྣང། རང་མི་རིགས་དང་རང་ཡུལ་ལ་དགའ་ཞིང་བཙན་འཛུལ་བ་ལ་རྒོལ་བའི་དྲ་གྲོགས་་་ཅོ་རི་ཉི་མ་སོགས་ཀྱི་དཔྱད་པའི་གཏམ་ལ་བལྟ་བཞིན་ཡོད། སྤོབས་མཐའ་ཡིན་ད།
བོད་པའི་ཆོས་ལུགས་པ་ཚོས་བཤད་པའི་རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི། བདེ་ཆེན་དག་པའི་ཞིང་ཁམས། དམྱལ་ཁམས་ཅོ་བརྒྱད་སོགས་ཡོད་ཟེར་བ་དེ་དག་རྫུན་གཏམ་མིན་ན་ག་པ་ཡོད་དམ། ཚན་རིག་དང་མཐུན་པའི་ཐོག་ནས་སྟོན་ཐུབ་ཀྱི་ཡོད་དམ།་་་གཅིག་རེད།
རྩ་བའི་འདིའི་སྐོར་ཨ་ནུ་ལགས་དང་བྒརོ་གླེང་སྐབས་རོབ་ཙམ་ཞུས་ཡོད། འཛམ་གླིང་ལེབ་ཟླུམ་གང་ཡིན་རུང་མཚན་རིག་པས་དཔང་རྟགས་ཡོད་པ་གཞིར་བཟུང་འགྲོ་ན་བོད་ཀྱི་ནང་ཆོས་དང་འགལ་འདུ་གང་ཡང་མེད། དེ་དག་ཞར་ཞོར་གྱི་གནས་ཚུལ་ཆུང་ཙག་རེད། རྩ་བའི་དམ་བཅའ་ལ་གནོད་ཡས་གང་ཡང་མིན་འདུག་གོ། རྣམ་འགྲེལ་ལས། གལ་ཏེ་རིང་ཐུང་ཚད་ིན་ན། །ཚུར་ཤོག་བྱ་རྒོད་བརྟེན་པར་བྱ། །དེ་ཡིས་སྲིན་བུའི་གྲངས་མཁྱེན་པ། །ང་ལ་ཉེར་མཁོ་གང་ཡང་མེད།།ཅེས་མཚན་རིག་པ་ལྟ་ཅི་སངས་རྒྱས་ཀྱི་སྲིན་བུའི་གྲངས་མཁྱེན་རུང་གྲོལ་བ་དོན་གཉེར་ལ་དགོས་མཁོ་མེད་གསུངས། ཐག་རིང་པོ་མཐོང་འདོད་ཡོད་བྱ་རྒོད་ལ་སྐྱབས་བཅོལ་བ་དགའ། རྒྱ་དམར་གུང་བྲན་གྱིས་བོད་ནང་། ཁྱོད་ཚོས་དམྱལ་བ་འདོད་ན་ག་པར་ཡོད་དམ། བསྟན་དང་འབར་གས་གྱིས་
གཏོར་གྱི་ཡིན་ལབ་དང་མཚུངས། དམྱལ་བ་དང་ལྷ་ཡུལ་ཡོད་ན། ཁྱོད་དང་ངས་མཐོང་དགོས་སམ། མི་དགོས་ཏེ། མ་མཐོང་ཕྱིར་
ན་མེད་མ་ཡིན། །ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། །བུང་བུས་མ་བགྲོད་ལམ་འཕྲང་མང་། །མཚན་རིག་པར་དྲིས་དང་དམྱལ་བ་
མེད་པ་ཐག་གཅོད་ཀྱི་འདུག་གམ། ང་ཚོས་མཐོང་གི་མིན་འདུག་ཡོད་མེད་ཐེ་ཚོམ་རེད་ལབ་སྲིད། ཡང་ཡོད་ན་མཚན་རིག་པས་མཐོང་དགོས་སམ། མི་དགོས་ཏེ། ཁོ་རང་ཚོ་ད་ལྟ་དཔྱད་པ་འཇུག་བཞིན་སྐབས་ཡིན་ལ། ངའི་སེམས་ནང་ག་རེ་དྲན་པ་དང་རྟོག་པ་འདྲ་མིན་ཡོད་པ་ངས་ཤེས་པ་ནང་བཞིན་མཚན་རིག་པས་དཔང་རྟགས་བསྟན་རྒྱུ་ཡོད་དམ། ཡོད་ན་མངོན་སུམ་གྱིས་མཐོང་དགོས་པ་ནི་ཧ་ཅང་ཐལ་བ་ཡིན་སྙམ།
གཉིས་པ། རྟེན་འབྱུང་སྐོར་ཞུ་ན། ནང་པ་ཚང་མས་རྒྱུ་འབྲས་རྟེན་འབྱུང་ཁས་ལེན་གྱི་ཡོད། གཙོ་བོ་ལས་འབྲས་རེད། འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་ཙང་ཐམས་ཅད་རྒྱུ་ལས་བྱུང་བར་འདོད་པ་ཡིན། དེ་ནས་མདོ་སྡེ་པའི་སྐབས་ནས་རྟོག་པས་བཏགས་ཙམ་གྱི་རྟག་པ་འཇོག་སྟངས་ཤེས་ཀྱི་ཡོད། ཡང་དངོས་པོ་རྟོག་བཏགས་བཞག་ན་རང་ལུགས་ཀྱི་བདེན་གཉིས་རྣམ་གཞག་འཇོག་དཀའ་བར་གཟིགས། སེམས་ཙམ་པས་ཚད་མ་སྟེ་སེམས་ཉིད་ཀྱིས་ཆོས་ཀུན་གཏན་ལ་ཕབ་ཚུལ་གསུངས། མདོ་སྡེ་པས་ཕྱི་དོན་གོ་བོ་དང་སེམས་ཙམ་པས་སེམས་ལས་གཞན་ཕྱི་དོན་མི་བཞེད་ཅིང་། ཤེས་པ་བདེན་གྲུབ་མ་འདོད་ན། ཚད་མ་འཇོག་མ་ཤེས་པ་ནི། ཡོད་ན་རང་ངོས་ནས་ཡོད་དགོས་པ་དང། རང་ངོས་ནས་མེད་ན་མེད་པར་ཐལ་བའི་བློས་དེ་ལྟར་ཡིན། དེ་ནས་རང་རྒྱུད་པས་བློས་ཕར་བཞག་རང་ངོས་ནས་ཀྱང་ཚུར་གཉིས་འཛོམས་དགོས་པར་འདོད། གང་ལགས་ན། རྣམ་ཤེས་བདེན་པར་གྲུབ་ན། གཅིག་དུ་བྲལ་གྱིས་རིགས་པས་བདེན་པར་མ་རྙེད་དུས་མེད་པར་འགྱུར་བ་དང་། མེད་ན་ཡང་སྐྱེ་བ་ལེན་མཁན་མེད་པར་ཆགས་ཉེན་ཡོད་པས། བདེན་པར་མ་གྲུབ་ཀྱང་རང་ངོས་གྲུབ་པར་ཁས་ལེན་གནང་གི་ཡོད། དཔལ་ལྡན་ཐལ་འགྱུར་བས། རང་ངོས་ཡོད་ཙམ་གྱིས་བདེན་པར་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ། དོན་དམ་པར་གྲུབ་པར་སོང་བས་ཡང་ན་རྟག་པ་དང་ཡང་ཆད་པར་གྱུར་ནས། རྟག་ཆད་མཐར་མ་ལྷུང་བར་དབུ་མར་གཏན་ལ་ཕབ་ཡོད། ཐུན་མོང་མ་ཡིན་པའི་ལྟ་གྲུབ་ལ་འགལ་འདུ་ཆེ་ཡང་། ནང་པའི་མཐུན་མོང་ལྟ་བ་དང་འགལ་མེད། ལྟ་བ་ལ་ཕྲ་རགས་ཤོར་བ་ནི་བློ་གྲོས་རྣམ་དཔྱོད་ཀྱི་དབང་གིས་ཡིན་ལ། རྩ་བ་དམ་བཅའ་ནི་ལས་རྒྱུ་འབྲས་ཀྱི་ཕྱག་རྒྱ་ལས་འདའ་ན་མི་འགྲིགས་པས། རང་རང་གི་ལྟ་གྲུབ་ཀྱིས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་མ་ཤོར་བའི་འགན་ཐེག་བྱེད་པ་ཡིན་སྙམ། གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་མཐིལ་ཕྱིན་པ་ཤེས་ན། སོ་སོར་མདོ་སྡེ་པ་སེམས་ཙམ་པ་དབུ་མ་པ་ག་རེ་རང་བློས་ལྕོགས་པ་དེ་འདོད་ན་འགྲིག་པ་རེད། གྲུབ་མཐའ་སྨྲ་བ་ཕན་ཚུན་ཕྱོགས་རེས་འཐེན་འཁྱེར་དང་དམག་འཁྲུག་བརྒྱབ་པ་གོ་མ་མྱོང་། རྣམ་དཔྱོད་ཡོད་ན་རིགས་པའི་དམག་རྒྱག་དགོས། དཔལ་ལྡན་ཟླ་བ་དང་སློབ་དཔོན་ལེགས་ལྡན་སུའི་ལྟ་ཚུལ་དེ་ཡག་ག་མཐོང་ན་དེ་ག་རང་ལ་སློབ་སྦྱོང་བྱས་ན་འཐུས། རང་མོས་རེད། འོན་ཀྱང་སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ལེགས་ལྡན་གཉིས་ཀྱི་དཔལ་མགོན་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་ཚུལ་ལ་མ་མཐུན་པ་བྱུང་བས། དཔལ་ལྡན་ཟླ་བས་སངས་རྒྱས་བསྐྱངས་ཀྱི་དགོངས་འགྲེལ་ལ་སློབ་དཔོན་ལེགས་ལྡན་གྱིས་སྐྱོན་བརྗོད་གནང་བ་དེ་མི་འཐད་པ་དང་། སངས་རྒྱས་བསྐྱངས་ཀྱིས་ཀླུ་སྒྲུབ་ཀྱིས་དགོངས་པ་འགྲེལ་ཚུལ་ལ་འཐད་སྒྲུབ་གནང་བ་རེད་མ་གཏོགས། འཁྲུག་འཛིངས་གནང་མེད་ལ། གཅིག་བྱས་ན་ཕན་ཚུན་ཐུགས་ཉེ་པོ་ཡོད་སྲིད་པ་ཡང་ཡིན། དེ་དག་ནི་རྩ་ཤེའི་རྣམ་འགྲེལ་ཆེན་མོ་དག་ན་གསལ་ཡོད་ལ། ལྷག་པར་དབུ་མ་ལ་འཇུག་པས་མཐིལ་ཕྱིན་པའི་ལེགས་བཤད་མཛད་ཡོད་སྙམ་མོ།།མདོར་ན། དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱིས།།འོད་དཀར་ཕྲེང་བས་གསལ་བྱེད་པ།།བླ་མའི་དྲིན་གྱིས་མཐོང་བའི་ཚེ།།བདག་གི་ཡིད་ཀྱིས་ངལ་གསོ་྄ཐོབ།།རྗེ་བདག་ཉིད་ཆེན་པོས་དེ་ལྟར་གསུངས་འདུག་པས། ངོས་ནི་དཔལ་ལྡན་ཟླ་བའི་བཞེད་པ་འཐད་ཤོས་འདུག་སྙམ་པ་ཙམ་ཡིན།།ལུང་དང་རིགས་པ་བློ་སྦྱོང་ཟུང་འབྲེལ་གྱིས་གཏན་ལ་འབེབས་དགོས་ལ། མྱུ་གུ་ཆོས་ཅན། རང་ངོས་ནས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་རིགསཔའི་རྒྱལ་པོ་རྟེན་འབྲེལ་ནི་འཐད་ཤོས་ཡིན་སྙམ་པ་དང་བཅས་སོ།།
མཁྱེན་ལྡན་རྩོམ་པ་པོ་ལགས། ཁྱེད་ཀྱིས་བོད་ལ་གྲྭ་བཙུན་མེད་ན་ཡར་རྒྱས་དཔེ་མེད་ཅིག་འགྲོ་རྒྱུ་ཡིན་ཚུལ་མ་རྩོམ་དུ་བྲིས་འདུག་པར་བརྟེན་ངས་སོ་མ་ལི་ཡའི་མུ་གེ་ལས་འཕྲོས་ཏེ་དོག་སློང་བྱས་པ་ཡིན། བགྲོ་གླེང་གི་སྐབས་སུ་མ་རྩོམ་དུ་ཡོད་པའི་བརྗོད་གཞི་མི་བོར་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལགས། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཅུང་ཟད་དེ་ནི་ཆོས་ལ་དུག་ཏུ་ལྟ་བའི་མའོ་ཙེ་ཏུང་གི་དུས་མ་ཡིན་པར་དེ་ལས་ལྡོག་སྟེ་ཆོས་དད་རང་མོས་སྲིད་ཇུས་བསྐྱར་གསོ་བྱས་རྗེས་ལ་བྱུང་བ་དེར་ཡང་བསམ་བློ་གཏོང་རོགས
སངས་རྒྱས་ཀྱིས་རི་རབ་གླིངང་བཞི་སོགས་བཤད་པ་ད་ལྟ་མཐོང་དུ་མེད་པས་དེས་བཤད་ཚད་རྫུན་རེད་ཟེར་བ་དེ་ནི་བསམ་གཞིག་མ་ཤེས་པའི་སྐད་ཆ་རེད། མི་ལོ་2500གོང་ལ་སངས་རྒྱས་ཀྱིས་གསུངས་པ་ལས་ལྷག་པའི་འཇིག་རྟེན་གྱི་རྣམ་བཞག་ཅིག་སུས་བཤད་སྟོན་ཤོག དེ་ནི་འཆར་སྣང་གི་རྣམ་བཞག་ཡིད་འཕྲོག་འོས་པ་ཞིག་རེད། འཆར་སྣང་ཟེར་བ་དེ་གསར་བཏོད་དང་གསར་རྙེད་ཀྱི་སྔོན་འགྲོ་ཡིན་པ་རེད། ཚན་རིག་མ་རེད་ཟེར་ན་འགྲིགས་གི་མ་རེད། འདི་རིགས་ལ་ཚན་རིག་གི་བཅོས་སྒྲུང་ཟེར་ཆོག་གི་འདུག science fiction ངོ་མ་དེ་འདི་འདྲ་རེད། ཨ་ཡེན་སི་ཐན་གྱིས་ཆོས་ལུགས་ནི་ཚན་རིག་གི་རྨིངས་གཞི་རེད་ཅེས་བཤད་པ་རེད།
དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །
ལས་ཟེར་བ་ནི་ལུས་དང་ངག་དང་ཡིད་དག་གཡོ་བའི་བྱ་བ་གོ་བ་ལེན་གྱིན་ཡོད་པས། ལས་མེད་ཟེར་ན་ཁག་སེ་ཡོད། ལས་ཡོད་པར་ཆ་ཞོག་ལུས་དང་ངག་གི་གཡོ་བ་གཙོ་བོ་ཡིད་ལ་རག་ལས་ནའང་། ཡིད་དང་ཕྱི་རོལ་གྱི་ཕན་གནོད་ལ་སོགས་པའི་དོན་དང་འབྲེལ་ཅི་ཡོད་ཟེར་ན། ཕྱི་ནས་གྲུབ་མཐའ་མ་འདྲ་བའི་འདོད་པ་འབྱུང་གི་ཡོད། ལྟོ་ཆས་མ་ཟོས་པར་བདེ་སྐྱིད་འབྱུང་དཀའ། ལྟོ་ཆས་ཟོས་ཀྱང་བདེ་སྐྱིད་འབྱུང་བའི་ངེས་པ་མེད། དེེས་ན་ཕྱི་རོལ་གྱི་གནོད་པ་ལས་ནང་གི་གནོད་པ་གཙོར་འཛིན་གྱིན་ཡོད། མདོ་ནས་རྒྱས་པ་གསུངས་པར་མགོན་པོ་ཞི་བ་ལྷས་འདི་ལྟར། ས་སྟེང་འདི་དག་གོས་གཡོག་ཏུ། དེ་རྙེད་གོ་བས་ག་ལ་ལོང་། ལྷམ་འཐིལ་ཙམ་གྱིས་གོ་བས་ནི། ས་སྟེང་ཐམས་ཅད་གཡོགས་དང་འདྲ། ཞེས་པར་བསྡུས་འདུག
ནང་སེམས་དང་ཕྱི་རོལ་གྱི་དོན་རྣམས་བདག་ཉིད་གཅིག་ཏུ་འདོད་པ་དང་། བདག་ཉིད་ཐ་དད་ལ་འབྲེལ་བ་དང་བཅས་པའི། སེམས་འདུལ་བ་སྟེ་སེམས་ཞི་བར་གནས་ཚུལ་གསུངས་པ་མ་གཏོགས། ཕྱི་ནང་གཉིས་འབྲེལ་མེད་དོན་གཞན་དུ་སངས་རྒྱས་ཀྱི་གསུངས་པ་མེད་ལ་ཐེག་པ་གང་དུ་འང་མི་འབྱུང། བསྟན་པའི་སྙིང་པོ་སྟོང་པ་ཉིད་ཟེར་པའང་ནང་སེམས་དང་ཕྱི་རོལ་ཀྱི་དངོས་པོའི་འབྲེལ་བར་གནས་ཤིང་མ་འབྲེལ་མི་གནས་པ་གཏན་འབེབ་བྱེད་དམ་འབབ་པའི་གསང་ཚིག་ཅིག་ཡིན།
བཟོ་ལས་ཀྱིས་དགོས་དོན་གང་ཡིན་ཨ་ནུ་ཐང་མ་ཆད་ན་ལན་ཡོད་པ་ཞུ། བྲོས་བྱོལ་བ་རྣམས་ཀྱི་ལུས་བྲོས་བྱོལ་དུ་ཕྱིན་པ་ནི་རྡར་མའི་སྤྱོད་བདག་གི་མི་ཁུམས། ད་ཆར་ཨ་ནུ་སོགས་ཀྱི་རིག་གཞུང་གི་བྲོས་བྱོལ་བ་ཡིན་མདོག་བཤད་པར་ཤ་ཚ།
དཔལ་ལྡན་འབྲུག་པས་རང་གི་རྒྱལ་སྲིད་སྲུང་གི་ཡོད། ལྟ་ལོག་པ་རྒྱལ་ཁུངས་སུ་མི་འཛུལ་ཆེད་ཐབས་ལམ་གནང་གི་ཡོད། ལྟ་ལོག་པའི་ལྟ་བར་འཇིགས་སྣང་སྤུ་ཙམ་ཡང་སྐྱེ་འི་མེད། གང་ལ་འཇིགས་སྣང་ཡོད་ཟེར་ན་ལྟ་ལོག་པ་ནི་ལྟ་ལོག་པ་རང་ཡིན་སྟབས་གོ་མཚོན་ལ་སྐྱབས་བཅོལ་ཀྱིན་ཡོད། མའོ་ནི་ངེས་དོན་ཀྱི་ལྟ་ལོག་པ་རང་ཡིན་སྟབས་གོ་མཚོན་ལ་སྐྱབས་བཅོལ་ཀྱིན་ཡོད།
ཅོར་ཉིར་ནི་དོལ་ཏང་གིས་བངགས་པའི་བོད་ཁྱི་གཅིག་ཡིན།
སྙིང་ཉེ་བའི་དྲ་གྲོགས་བན་དེ་བ་ཕེབས་པར་ལེགས། ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་ངོ་མ་ཡག་པོ་གསུངས་བྱུང་། དགའ་པོ་བྱུང་།
སྤོབས་པ་མཐའ་ཡས་ཀྱིས་དེ་རིང་རིག་པའི་གཞུང་ཡག་པོ་ཞིག་སྲུང་གི་མི་འདུག་ག་་་་་བསྟན་འཛིན་རིག་ལྡན་ཁྱོད་གཉིས་ཀྱིས་རིག་པའི་གཞུང་སྲུང་ནས་བཀའ་མོས་གནང་རོགས་བྱོས་ཅེས་རེ་བ་ཞུ་རྒྱུ་ཡིན།
ཨོ་ཡ།་་་་་ད་ང་ཚོས་གཏན་ཚིགས་རིག་པའི་ཐོག་ནས་སྒྲུབ་བྱེད་བཀོད་རེས་བྱེད་ཀྱི་ཡིན་ད། ལན་ཁ་ཐུག་གནང་རོགས་བྱོས།
༡་་་་རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི་སོགས་ཆོས་ཅན། མེད་པ་ཐལ། འཇིག་རྟེན་ཁམས་ཀྱི་དངོས་པོ་ཆེ་ཤོས་ཀྱི་རི་རྒྱལ་འདིར་འཛམ་གླིང་འདིའི་སྟེང་གི་ཚན་རིག་པ་དང་མི་དམངས་ཀྱིས་མ་མཐོང་པའི་ཕྱིར། ཞེས་རྟགས་བཀོད་ན་ལན་ག་རེ་ཡོད་དམ།
༢་་་བསྟན་འཛིན་རིག་ལྡན་ལགས་ཀྱིས་མ་མཐོང་ཕྱིར་ན་མེད་མི་དགོས་ཅེས་གསུངས་འདུག མ་མཐོང་ཕྱིར་ན་མེད་མི་དགོས་ན་་་་རི་བོང་གི་རྭ་མེད་པའི་རྒྱུ་མཚན་ཡང་དག་ཞིག་ག་རེ་ཡོད་དམ། མིག་གིས་མ་མཐོང་། ཚད་མས་མ་དམིགས་པའི་རྒྱུ་མཚན་གྱིས་མེད་ཟེར་གྱི་ཡོད་པར་མིན་ནམ།
༣་་་ངས་མ་མཐོང་ན་མེད་མི་དགོས་པ་བདེན་ཡང་ངས་མ་མཐོང་ན་ཡོད་དགོས་པའི་རྒྱུ་མཚན་རྩ་བ་ནས་མེད། བོང་བུ་མ་བགྲོད་ན་ལམ་འཕྲང་མེད་མི་དགོས་པ་བདེན་ཡང་བོང་བུ་མ་བགྲོད་ན་ལམ་འཕྲང་ཡོད་དགོས་པའི་རྒྱུ་མཚན་རྩ་བ་ནས་མེད། རི་ཡི་རྒྱལ་པོ་རི་རབ་ང་ཅོ་རིས་མ་མཐོང་བ་ཙམ་གྱིས་མེད་མི་དགོས་པ་བདེན་ཡང་ངས་མ་མཐོང་བ་ཙམ་གྱིས་ཡོད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། ཁྱོད་ལ་རི་རྒྱལ་དང་གསེར་གྱི་ས་གཞི་ཡོད་པའི་རྒྱུ་མཚན་ཅི་བཤད་ཀྱི་ཡོད་དམ།
ཁྱོད་གཉིས་ཀྱིས་རྒྱ་མི་སྐད་ཆ་རེད་་་་མའོ་ཙི་ཏུང་གི་སྐད་ཆ་རེད་ཅེས་ཟེར་ནས་བདེན་པ་མིན་མདོག་མདོག་བཤད་འོང་གི་འདུག རྒྱ་མི་དང་མའོ་སོགས་ཀྱི་བཤད་པའི་སྐད་ཆ་བདེན་ཁ་མེད་ན་མི་སེར་དུང་ཕྱུར་མང་པོའི་ཡིད་དབང་ཇི་ལྟར་འགུག་སོང་རེད་དམ།་་་་ཧཧཧ རྒྱུ་མཚན་མེད་པའི་སྐད་ཆ་བཤད་མ་འོང་ཨ།
༤་་་བདེན་གཉིས་དང་བདེན་བཞིའི་སྐོར་དེ་ལས་མི་བཤད་་་བཤད་ནས་ཐག་ཆོད་ཡོང་བ་ཞིག་དང་གོ་བརྡ་འཕྲད་འགྲོ་བ་ཁག་པོ་ཡིན་པར་ངས་སྔ་ནས་ཤེས་ཀྱི་ཡོད་་་་ཧཧཧ
སྤོབས་པ་ལགས་་་རི་བོང་གི་མགོ་ལ་རྭ་ཞིག་འདུག་བསམ་པའི་འཆར་སྣང་དེ་ཡང་གསར་བཏོད་དང་གསར་རྙེད་ཀྱི་སྔོན་འགྲོ་ཡིན་པ་ཨེ་རེད། ཚན་རིག་མ་རེད་ཟེར་ན་མ་འགྲིགས་པ་རེད་དམ
སྙིང་ཉེ་བའི་དྲ་གྲོགས་བན་དེ་བ་ཕེབས་པར་ལེགས། འཚམས་འདྲི་ཡོད། ཨ་ནུ་ཐང་ལགས་ཀྱིས་ཡག་པོ་གསུངས་འདུག་པས་དགའ་པོ་བྱུང་།
སྤོབས་པ་མཐའ་ཡས་དང་བསྟན་འཛིན་རིག་ལྡན་རྣམས་གཉིས་ལགས་སུ་ཞུ་རྒྱུ་་་་ཁྱོད་གཉིས་ཀྱི་ཆེད་དུ་མང་ཐག་ཆོད་ཤིག་བྲིས་པ་ཡིན་ཀྱང་མཆན་བུ་ཡར་འགྲོ་རོགས་མ་བྱས་ནས་བོར་སོང་། ད་ནི་་་ཡང་བསྐྱར་འབྲི་བའི་དུས་ཚོད་དཀོན་པོ་འདུག་པས་དགོངས་མེད་པ་བྱོས།
མི་སེར་དུང་ཕྱིར་མངས་པོའི་ཡིད་དབང་མ་བཀུག་པ་མ་ཟད། བདུད་དུ་བརྩི་མཁན་མངས། ད་ཡིན་ན་དངོས་གནས་དོལ་ཏང་ཟུང་འབྲེལ་གྱིས་ཁྱི་ཚུགས་མངོན་གྱིན་འདུག་ག དེ་ལས་ངས་རང་ལ་བོད་ཀྱི་དཔའ་བོ་དང་དཔའ་མོའི་ཚོའི་རུས་པ་སྟེར།
རྡ་ས་ཆབ་སྲིད་ཚོགས་པའི་འཐོར་བཤིག་ཏུ་ཅོ་རིས་གཏོང་ཐུབ་གི་རེད། ཆོས་དུག་རེད་ཅོ་ཁྱི་ཕྲུག་གི་བཟའ་མི་ཡོང་ང་།
སྤོབས་མཆོག་མཐའ་ཡས་ལགས།
ངས་སྲིད་དབང་གཅིག་བསྡུ་རིང་ལུགས་པ་དང་ཆོས་ལུགས་ཀྱི་རྟག་མཐའ་རིང་ལུགས་རྣམས་གཅིག་ཏུ་འདོད་པ་ལས་གཞན་དུ་མེད། མེད་པ་མ་རྩོམ་དུ་འདི་ལྟར་ཏེ། ༼དེ་དུས་ཁོང་ཚོའི་བཤད་པའི་སྙིང་རྗེ་མེད་ལ། སྙིང་རྗེ་ཡང་ཆོས་ལུགས་ལས་གལ་ཆུང་ཆགས་ཤིང་། ཆོས་ལུགས་ཀྱི་ཆེད་དུ་སྙིང་རྗེ་འདོར་པས། ཆོས་ཀྱི་ཁེ་ཕན་ནི་ཡོད་ཚད་ལས་ལྷག་པས་གཅིག་བསྡུ་རིང་ལུགས་དང་གཅིག་མཚུངས་རེེད། དེ་ནི་སངས་ཆོས་གཅིག་བུ་མ་ཡིན་པ་ཆོས་ལུགས་གཞན་དང་། སྲིད་དབང་གཅིག་བསྡུ་པ་ཚོས་རང་ཉིད་དང་མི་མཐུན་པའི་ལྟ་གྲུབ་བམ། གང་ཟག་ཅིག་ཡོང་བར་བཟོད་སྒོམ་དཀའ་བས་རེད། དེ་ལྟར་ཡིན་ཚེ། ཁོང་ཚོས་སྐྱར་ཟློས་ཡང་ཟློས་ཀྱིས་མཐོང་ཆེན་ལ་བཀུར་བའི་བཟོད་པའང་ཁ་ཙམ་ལས་ལག་ལེན་དུ་མེད་པས། བཟོད་པ་དང་སྙིང་རྗེ་ཟེར་བའང་ཁོང་ཚོའི་ཚོང་རྫས་ལས་གཞན་དུ་མེད་ཕྱིན། གསལ་དུ་བཤད་ན་གཡོ་ཐབས་ལྟ་བུ་རེད།༽
དྲུག་ཅུའི་བོད་དུ་མི་གུ་ཡོང་དགོས་དོན་ནི་སྲིད་དབང་གཅིག་བསྡུ་དང་ཐན་པ། གུང་ཁྲན་ཏང་གི་དམག་འཁྲུག་གི་བུ་ལོན་བཅས་ཀྱི་རྐྱེན་རེད། དེ་ལྟར་ཡིན་པ་དེ་སྔོན་ནས་ཞུས་ཟིན།
ངས་གྲྭ་བ་བཟོ་བ་ལ་ངོ་རྒོལ་མེད་ཀྱང་ཚོད་མེད་ཀྱི་གྲྭ་བ་བཟོས་ན་མི་འབོར་དང་དཔལ་འབྱོར་གཉིས་ཀར་གནོད་པས་ངོ་རྒོལ་ཡོད། དེ་ལྟར་ཡིན་པའི་འགྲེལ་བཤད་མང་དུ་ཞུས་ཟིན་ལ། དོན་དངོས་དེ་ལྟར་རེད། མདོར་ན་སྲིད་དབང་གཅིག་བསྡུ་བ་དང་ཆོས་ལུགས་སྒེར་འཛིན་པ་སོགས་ནི་རང་དབང་དང་འདྲ་མཉམ་གྱི་བཀག་རྡོ་ཡིན་པས། མི་རྣམས་ལ་ཆོས་ལུགས་དང་ཆབ་སྲིད་ཀྱི་གཉན་གནོན་མེད་པ་རང་ཉིད་ཀྱི་མོས་འདོད་དང་མཐུན་པའི་དྲང་བདེན་དང་རང་དབང་། འདྲ་མཉམ་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་ཡིད་སྨོན་བྱེད་ཀྱིན་ཡོད། དེ་ལྟར་ཡོང་བའི་སྨོན་ལམ་ཡོད།
ནོར་བཅོས།
# 137 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
February 21st, 2014 at 8:42 AM
སྤོབས་མཆོག་མཐའ་ཡས་ལགས།
ངས་སྲིད་དབང་གཅིག་བསྡུ་རིང་ལུགས་པ་དང་ཆོས་ལུགས་ཀྱི་རྟག་མཐའ་རིང་ལུགས་པ་རྣམས་གཅིག་ཏུ་འདོད་པ་ལས་གཞན་དུ་མེད། མེད་པ་མ་རྩོམ་དུ་འདི་ལྟར་ཏེ། ༼དེ་དུས་ཁོང་ཚོའི་བཤད་པའི་སྙིང་རྗེ་མེད་ལ། སྙིང་རྗེ་ཡང་ཆོས་ལུགས་ལས་གལ་ཆུང་ཆགས་ཤིང་། ཆོས་ལུགས་ཀྱི་ཆེད་དུ་སྙིང་རྗེ་འདོར་པས། ཆོས་ཀྱི་ཁེ་ཕན་ནི་ཡོད་ཚད་ལས་ལྷག་པས་གཅིག་བསྡུ་རིང་ལུགས་དང་གཅིག་མཚུངས་རེེད། དེ་ནི་སངས་ཆོས་གཅིག་བུ་མ་ཡིན་པ་ཆོས་ལུགས་གཞན་དང་། སྲིད་དབང་གཅིག་བསྡུ་པ་ཚོས་རང་ཉིད་དང་མི་མཐུན་པའི་ལྟ་གྲུབ་བམ། གང་ཟག་ཅིག་ཡོང་བར་བཟོད་སྒོམ་དཀའ་བས་རེད། དེ་ལྟར་ཡིན་ཚེ། ཁོང་ཚོས་སྐྱར་ཟློས་ཡང་ཟློས་ཀྱིས་མཐོང་ཆེན་ལ་བཀུར་བའི་བཟོད་པའང་ཁ་ཙམ་ལས་ལག་ལེན་དུ་མེད་པས། བཟོད་པ་དང་སྙིང་རྗེ་ཟེར་བའང་ཁོང་ཚོའི་ཚོང་རྫས་ལས་གཞན་དུ་མེད་ཕྱིན། གསལ་དུ་བཤད་ན་གཡོ་ཐབས་ལྟ་བུ་རེད།༽
དྲུག་ཅུའི་ནང་གི་བོད་ཀྱི་མུ་གེ་ཡི་རྒྱུ་རྐྱེན་ཡང་སྲིད་དབང་གཅིག་བསྡུ་པ་དང་ཐན་པ། གུང་ཁྲན་ཏང་གི་དམག་འཁྲུག་གི་བུ་ལོན་བཅས་ཀྱི་རྐྱེན་རེད། དེ་ལྟར་ཡིན་པ་དེ་སྔོན་ནས་ཞུས་ཟིན།
ངས་གྲྭ་བ་བཟོ་བ་ལ་ངོ་རྒོལ་མེད་ཀྱང་ཚོད་མེད་ཀྱི་གྲྭ་བ་བཟོས་ན་མི་འབོར་དང་དཔལ་འབྱོར། མི་སྒེར་གྱི་ཐོབ་ཐང་སོགས་ལ་གནོད་པས་ངོ་རྒོལ་ཡོད། དེ་ལྟར་ཡིན་པའི་འགྲེལ་བཤད་མང་དུ་ཞུས་ཟིན་ལ། དོན་དངོས་དེ་ལྟར་རེད། མདོར་ན་སྲིད་དབང་གཅིག་བསྡུ་པ་དང་ཆོས་ལུགས་སྒེར་འཛིན་པ་སོགས་ནི་རང་དབང་དང་འདྲ་མཉམ་གྱི་བཀག་རྡོ་ཡིན་ཕྱིན། མི་རྣམས་བཀག་རྒྱ་དེ་གཉིས་ལས་གྲོལ་ཞིང་རང་གི་མོས་འདོད་དང་མཐུན་པའི་དྲང་བདེན་དང་རང་དབང་། འདྲ་མཉམ་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་ཡིད་སྨོན་བྱེད་ཀྱིན་ཡོད། དེ་ལྟར་ཡོང་བའི་སྨོན་ལམ་ཡོད།
མཛོད་ནས་གསུངས་པའི་རི་དབང་དང་མཎཌལ་ནས་བཤད་པའི་དབང་ཆེན་ས་གཞི་ཆོས་ཅན། ཡོད་ཀྱང་མཚན་རིག་པ་དང་མི་མང་པོས་མཐོང་མི་དགོས་ཏེ། དཔེར་ན། ངའི་སེམས་ནང་ད་ལྟ་ག་རེ་དྲན་པ། མཚན་རིག་པ་དང་མི་མང་གིས་མ་མཐོང་བས་སོ། །
ཡང་རི་དབང་ཆེན་པོ་ཡིན་པས་ཀྱང་མཐོང་མི་དགོས་ཏེ། མཚན་རིག་པ་དང་མི་མང་གིས་མ་མཐོང་བའི་ཆེ་བའི་གླིང་དང་གླིང་ཕྲན་གྲངས་མེད་པ་ཡོད་པས་སོ།།དེ་ལྟར་ཡོད་དེ། Big bang བིག་བེང་སྟེ་བེང་ཆེན་གཅིག་མིན་པར་མང་པོ་ཡོད་པ་མཚན་རིག་པས་ཁས་ལེན་ལ། འཛམ་གླིང་འདི་འདྲ་བ་འཐེར་འབུམ་ཡོད་པའི་ཚོད་དཔག་ཉེ་ཆར་རང་མཚན་རིག་པས་བཤད་པས་སོ།།
ཡང་གོང་དུ་ཞུས་ཟིན་རུང་ཉིད་ནས་ཡག་པོ་མཐོང་མིན་འདུག གང་ལགས་ན། སངས་རྒྱས་བཅོམ་ལྡན་འདས་འཛམ་གླིང་ཚད་འཇལ་བར་ཕེབས་མེད་ལ། འཛམ་གླིང་གི་དབྱིབས་མཛོད་དང་དུས་འཁོར་སོགས་ནས་མི་འདྲ་བ་གསུངས་ཡོད་ལ་སོགས་མང་དུ་བཤད་དུ་ཡོད་མོད་དགོས་པ་མཐོང་། གང་ལྟར་སྣོད་ཀྱི་དབྱིབས་ཇི་འདྲ་ཡང་མཚན་རིག་པས་ལབ་པ་དེར་ཆ་འཇོག་ན་རྩ་བའི་དམ་བཅར་གནོད་ཀྱི་མིན་འདུག དག་ཞིང་དང་རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་དང་སྟོང་གསུམ་རིན་ཆེན་གྱིས་བཀང་སྟེ་བློས་འབུལ་བར་སྐྱོན་གང་ཡང་མེད། དེ་དག་ནི་བློ་སྦྱོང་གི་ཆེད་རེད། འདོད་ཆེན་གྱིས་ས་གཞི་ཀེང་རུས་གང་བར་གོམས་ནས་ཆགས་པ་ཆུང་དུ་འགྲོ་ན་དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་དེ་རང་རེད། གནད་ཀྱི་དོན་པོ་བདེན་གཉིས་བདེན་བཞི་ལས་སྐྱབས་གསུམ་གྱི་རྣམ་གཞག་དགག་བཞག་སྤོང་གསུམ་དོ་གལ་ཆེ་ཡང་ཁྱེད་ནས་གཙོ་ཕལ་གོ་ལྡོག་འདུག་ཅེས་ཞུ།
རི་བོང་ར་སུས་ཀྱང་མཐོང་ཡས་མེད་པས་མེད་པར་ཐག་ཆོད། ངས་མཐོང་ན་ཡོད་དགོས་ཀྱང་ངས་མ་མཐོང་ན་མེད་མི་དགོས། དཔེར་ན་ཅོ་རི་ལགས་་ངས་མ་མཐོང་ཡང་མེད་མི་དགོས། གང་ལགས་ན། ཁྱེད་རང་གིས་མཐོང་བས་ཡོད་པ་རེད། ཅོ་རིས་རིགས་ལྡན་མ་མཐོང་བས་རིགས་ལྡན་མེད་པར་ཐག་གཅོད་མ་ཐུབ་ཀྱང་། ཅོ་རིས་ཅོ་རི་མཐོང་བས་ཡོད་པར་འཇོག་ཐུབ། སྐུ་རྩེད་དང་སྦྲགས་ཞུས་ན། རིགས་ལམ་ཡག་པོ་ཞེ་དྲག་སྦྱངས་མྱོང་ཡོད་ས་མ་རེད། ཅོ་རིས་མ་མཐོང་བས་ཡོད་དགོས་པ་ནི་རིགས་ལམ་གང་ཡང་མ་རེད།
རྒྱ་དམར་དང་མའོ་སྐོར་ནི། དཔེར་བཀོད་པ་ཡིན། དུང་ཕྱུར་མང་པོ་ཕྱུག་པོ་བཟོས་ཀྱང་དེ་ལས་མང་བ་ཕུང་ལ་སྦྱར་ཡོད། ཁྱི་གཅིག་གསོ་བའི་ཆེད་ཉ་སྟོང་ཕྲག་མང་པོ་བསད་པ་ནི་གོ་ལོག་གི་ལྟ་སྤྱོད་རེད་སྙམ། ཕུགས་རྒྱང་ལ་ག་ཚོད་ཚབས་ཆེའི་རྨས་ཡོད་པ་རིམ་གྱིས་གསལ་ཡོང་སྙམ།
ང་ལ་བདེན་གཉིས་བདེན་བཞིའི་སྐོར་ལ། མངོན་རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི།།ཞེས་སོགས་ལ་ལྟ་ཀློག་དང་བློ་སྐྱེད་ནི་སྔར་ལས་ཇེ་ཆེར་འགྲོ་གི་འདུག མ་ཟད་མུ་མཐུད་སློབ་གཉེར་བྱས་ན་གོ་བ་བཟང་དུ་འགྲོ་རྒྱུ་ཡོད། འོན་ཀྱང་ལམ་སེང་ཀ་ཁ་ག་ང་ཞེས་སླ་ཆོས་ཙམ་མིན། ཅོ་རི་ལགས་ནས་བདེན་གཉིས་བདེན་བཞིའི་སྐོར་དབྱིངས་མེད་དུས་ནང་ཆོས་ནས་རིང་པོར་བསྐྱོད་འདོད་ཡིན་སྲིད་པས་འདི་གས་འཐུས་པར་བྱས་པ་ཙམ་མོ།།
བཀྲིས་བདེ་ལེགས་ཞུ།།
ཨ་ནུ་ལགས། ཅོ་རི་དང་བགྲོ་གླེང་ནས་བསྐྱར་ལོག་ཞུ་ཆོག་པར་ཞུ།
སྐུ་ཉིད་ཀྱི་བསམ་ཚུལ་དངོས་གནས་གལ་ཆེ་རེད། ༧རྒྱལ་བ་རིན་པོ་ཆེས། སྔོན་མ་ཞིག་གྲ་བ་སྤུས་དག་པོ་ག་ཚོད་ཡོད་ཀྱང་སྐྱོན་མེད། སྐྱ་མིན་སེར་མིན་ཞབས་འདྲེན་ཞུ་མཁན་གཅིག་ཡིན་རུང་མང་སྐྱོན་ཡོད། དེ་ལས་ང་ཚོར་མི་འབོར࿒གྱི་དཀའ་ངལ་ཡོད་པས། འཇིག་རྟེན་པ་བྱས་ན་ཡག་གི་རེད་གསུང་མྱོང་ཡོད། འོན་ཀྱང་དེང་སང་བོད་པ་རང་ཡིན་པའི་གྲ་རྒྱུན་དཀོན་པོ་དང་བོད་པའི་སློབ་གྲ་ཁག་ཏུ་ཡང་བོད་པ་རང་ཡིན་པ་འཛུལ་མཁན་ཉུང་དུ་འགྲོ་བའི་དཀའ་ངལ་ཆེན་པོ་ཡོད་ས་རེད།
ང་ཚོར་ཆོས་རིག་སྤུས་དག་ཡོད་རུང་། དེར་འགལ་རྐྱེན་དང་ཡག་པོ་མ་ཤེས་པར་མིང་ཙམ་གྱིས་གསེར་ཟངས་སུ་འགྱུར་ཉེན་ཡོད་མོད། ཁྱེད་རང་གིས། ཆོས་ཀྱི་གཡོ་འགུགས་དང་མ་གསུངས་པར་ཆོས་བྱེད་པའི་གཡོ། ཞེས་ཆོས་བྱེད་མཁན་གྱིས་གོ་ལོག་རྩེད་མཁན་མང་པོ་རེད་སྙམ། གང་ལྟར་དངོས་གཞིར་ལག་ལེན་ལས་འགུལ་མ་རྩོམ་ན་དེ་འདྲ་རང་རེད་སྙམ། འོན་བསམ་ཚུལ་བརྗེ་ལེན་ནི་ཕན་ཐོགས་ཡོད་ངེས་རེད་བཅས།།།།
འདིའི་ནང་ལ་ཨ་ནུ་ཐང་གི་འདྲི་བ་འགའ་ཤས་ལ་ལན་བརྒྱབ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གནས་སྡོད་བོད་མི་ཚོར་བཀའ་སློབ་སྩལ་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་༢༠༡༤ ཟླ་༢ ཚེས་༢༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་༣།༣༠ ཐོག་བཞུགས་གནས་མགྲོན་ཁང་གི་(Park hyatt)ཚོགས་ཁང་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་གྲོང་ཁྱེར་ནིའུ་ཡོཀ་སོགས་ནས་ཆེད་བཅར་ཞུས་པའི་བོད་མི་༤༠༠ བརྒལ་བར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་ཡོང་སྟེ་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་བྱུང་བར་ཧ་ཅང་དགའ་པོ་བྱུང་།
སྤྱིར་བཏང་ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་ང་ལྔ་ཙམ་འགྲོ་གི་ཡོད་པ་མ་ཟད་མི་རབས་ཀྱང་བརྗེ་འགྲོ་གི་ཡོད། ལྷག་པར་འདས་པའི་ལོ་ལྔ་བཅུ་དྲུག་ཅུ་ལྷག་དེའི་རིང་བོད་ནང་གི་རྒྱ་ཆེའི་མི་དམངས་རྣམས་དཀའ་སྡུག་སྣ་ཚོགས་ཤིག་མྱངས་དང་མྱོང་མུས་སུ་གནས་ཡོད། འོན་ཀྱང་གཞིས་ལུས་རྒྱ་ཆེའི་མི་དམངས་མི་རབས་བརྗེ་འགྲོ་གི་ཡོད་ནའང་། བོད་མི་རིགས་ཀྱི་ལ་ཞེན་གྱིས་གཙོས་ཆོས་དང་སྐད་ཡིག དེ་བཞིན་སོ་སོའི་རིག་གཞུང་ལ་གཅེས་ཞེན་བྱེད་རྒྱུ་འགྱུར་མེད་ཐོག་བསྡད་འདུག མདོར་ན། ང་ཚོས་བདེན་དོན་འཐབ་རྩོད་བྱེད་རྒྱུར་འགྱུར་བ་མེད་པར་བསྡད་འདུག གཞིས་ལུས་རྒྱ་ཆེའི་མི་དམངས་རྣམས་ནི་ང་ཚོའི་དོན་གྱི་བདག་པོ་རེད། དོན་གྱི་བདག་པོ་རྣམས་ནས་དངོས་གནས་དྲང་གནས་ལྷག་བསམ་གཡོ་མེད་ཐོག་བསྡད་ཡོད་སྟབས། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་ཀྱང་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱིས་མཚོན་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་ཡིན། ཞེས་ཁ་བཀྱགས་བཀྱགས་བྱས་ཏེ་ཤོད་རྒྱུ་ཡོང་གི་ཡོད།
དེ་བཞིན་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ལྔ་བཅུ་ང་ལྔ་ཙམ་ཕྱིན་ཡོད། དུས་ཡུན་དེའི་རིང་དེ་སྔ་བོད་མཐོང་ཐོས་མེད་མཁན་དང་བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས། ལུང་པ་ཁུ་ཀྱོག་ཅིག་ནང་ལྷ་གསོལ་ཀླུ་གསོལ་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་རྒྱུ་དེར་འགྱུར་བ་ཕྱིན་ཏེ། དེང་སྐབས་འཛམ་གླིང་འདིའི་ནང་བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ཚན་རིག སངས་རྒྱས་པའི་ཆོས་དང་འབྲེལ་བའི་ལྟ་གྲུབ། ཅེས་བརྗོད་སྐབས་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག དེ་ཡང་ཡ་མཚན་མཚན་ཐོག་ནས་བྱས་པ་ཞིག་མིན་པར་དངོས་ཡོད་གནས་ཚུལ་ཐོག་མིའི་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད་པར་ངོས་འཛིན་གྱིས་དོ་སྣང་བྱེད་ཀྱི་འདུག དཔེར་ན། དེ་རིང་སྔ་དྲོ་དང་ཁ་སང་ང་ཚོ་བགྲོ་གླེང་གི་ཚོགས་འདུ་ཚོགས་པ་རེད།
དེ་རིང་གི་བགྲོ་གླེང་འདི་དངོས་གནས་བྱས་ན་དཔལ་འབྱོར་སྐོར་གཙོ་བོ་ཆགས་ཡོད། ཕན་ཚུན་བགྲོ་གླེང་ཐོག་སྐད་ཆ་ཤོད་སྐབས་གང་ལྟར་མིའི་བདེ་སྐྱིད་ཀྱི་རྩ་བ་སེམས་ལ་ཐུག་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོ་འདྲ་མཉམ་ཐོག་ནས་སྐད་ཆ་དང་གོ་བསྡུར་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། ཕྱོགས་མཚུངས་ང་ཚོ་བོད་ལ་ལོ་སྟོང་ཕྲག་གོང་ནས་དཔལ་ནཱ་ལེནྡྲ་ནས་མཆེད་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་ཚན་རིག་གི་གྲས་དེ་ཧ་ཅང་ཕྱུག་པོ་རེད་འདུག དེང་སྐབས་འཛམ་གླིང་འདིའི་ཐོག་དེ་དག་དངོས་སུ་ཕན་ཐོགས་ཡོད་པ་ཞིག་ཏུ་ཕྱི་རྒྱལ་མིས་མཐོང་གི་ཡོད་པ་དེ་ནི་ང་ཚོ་བཙན་བྱོལ་དུ་གནས་པ་ཚོའི་ཕལ་ཆེར་བྱས་རྗེས་ལྟ་བུ་རེད། ང་ཚོ་བོད་པའི་ཁ་རྒྱུན་ལ་ཡོད་པ༌ལྟར། རྐྱེན་ངན་གྲོགས་སུ་འགྱུར་ཐུབ་རྒྱུ་ཞིག་བྱུང་ཡོད། ང་ཚོ་བོད་མི་རིགས་དང་རིག་གཞུང་བཅས་པ་གནས་དང་མི་གནས་ཀྱི་མཚམས་སུ་སླེབས་ཏེ་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་རེད། ཕྱོགས་གཅིག་ནས་འཛམ་གླིང་ཕྱི་ཕྱོགས་སུ་བོད་མིའི་བསམ་བློའི་ཁྱད་ནོར་གང་འདྲ་ཡོད་མེད་དེ་འདོན་ཐུབ་རྒྱུ་ཞིག་ཆགས་ཡོད།
དེ་བཞིན་ང་ཚོས་ང་ཚོའི་ཆོས་རིག་དང་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱེད་རྒྱུ་ཞེས་པ་ནི། གཙོ་བོ་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་ཁྱེད་རང་ཚོ་ཕྱི་རྒྱལ་ལུང་པའི་ནང་བསྡད་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་བོད་ཡིག་དང་བོད་སྐད་མ་བརྗེད་པ་བྱེད་དགོས། ཕལ་ཆེར་ལོ་གཉིས་གོང་ངོས་རང་ཀ་ཤི་མིར་ལ་ཐེངས་ཤིག་བསླེབས་པ་རེད། དེ་གར་བོད་པའི་སྐད་ཡིག་བསླབ་རྒྱུའི་དམིགས་བསལ་སློབ་གྲྭ་མི་འདུག་ཀྱང་ལྷ་ས་ཁ་ཆེའི་བུ་ཕྲུག་གིས་ངོས་རང་ཐུག་སྐབས་ལྷ་སའི་སྐད་ཡག་པོ་རྒྱག་གི་འདུག
ཕལ་ཆེར་ཨ་རིར་ཡོད་པའི་བོད་ཕྲུག་ཚོ་ལས་ཀ་ཤི་མིར་ཡོད་པའི་ཁ་ཆེའི་བུ་ཕྲུག་ཚོ་བོད་སྐད་བདེ་བ་ལྟ་བུ་འདུག ཁོང་ཚོས་རང་ཉིད་ཀྱི་ཁྱིམ་ཚང་ནང་ཞར་དང་ཞོར་དུ་བོད་སྐད་བརྒྱབ་ཀྱི་ཡོད་པ་རེད། གང་ལྟར་བོད་ཕྲུག་ཅིག་ཡིན་ཕྱིན་ཆད་ལ་བོད་པའི་སྐད་ཡིག་མ་བརྗེད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པས་སེམས་ལ་བཞག་དགོས། སྤྱིར་བཏང་མི་རིགས་གང་ཞིག་ཡིན་རུང་ངས་ཐུབ་པ་དང་ནུས་ཞེས་པའི་སྤོབས་པ་དགོས། ང་ཚོ་བོད་མི་རིགས་ནི་རིག་གཞུང་ཕྱུག་པོ་ཡོད་མཁན་ཞིག་ཡིན།
༼འདྲེན་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།༽
དེ་བཞིན་སྤྱི་ཡོངས་ནས་བཤད་ན། བོད་པར་ཡ་རབས་དང་དྲང་པོ་འདུག་ཅེས་བརྗོད་ཀྱི་འདུག འོན་ཀྱང་བར་སྐབས་དངུལ་ལ་འདོད་རྔམ་ཆེ་དྲགས་པའི་དབང་གིས་ཡ་རབས་སྤྱོད་བཟང་ཕྲན་བུ་ཉམས་རྒུད་འགྲོ་གི་ཡོད་པ་ལྟ་བུ་འདུག ཡ་རབས་དང་དྲང་པོ། སྙིང་རྗེ་བྱེད་རྒྱུ་ནི་ང་ཚོའི་ཕ་མེས་ནས་ང་ཚོར་འཇགས་པའི་གཅེས་ནོར་ཡིན་སྟབས། དེ་དག་མི་རབས་གཞོན་པའི་རྒྱུད་ལ་འཇགས་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཡོད།
བསམ་ཤེས་ལགས།
བཀའ་དྲིན་ཆེ།
ལོ་གསར་བཀྲིས་བདེ་ལེགས་ཞུ།།
ད་་དུས་ཚོད་འདི་འདྲ་ལ་བསླེབས་ཟིན་ནའང་་་་ད་དུང་རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི་ཡོད་ཟེར་ནས་ཨུ་ཚུགས་བརྒྱབ་འདི་ནི་ཆོས་ལུགས་ཀྱིས་བཟི་དྲག་པས་རེད་བསམས་ཀྱི་འདུག ཐུགས་རྗེ་གཟིགས་་་་འགྲིག་སོང་།
བཞུགས་གདན་འཇག་གོ
གོང་དུ་རིགས་ལྡན་ལགས་ནས་དགག་བཞག་སྤང་གསུམ་གནང་བའི་རིགས་ལམ་དེ་དོན་གྱི་རྩོད་པར་མཐོང་བས་མངོན་པར་བསྟོད།
སྲིད་ཆོས་གང་ཡིན་ཀྱང་། ཚོད་མེད་བགྱིས་ན་གྱོང་རག་གི་རེད། ་་་་་་་་་་་སྲིད་དོན་པའི་གཡོ་འགུགས་དང་དེའི་འཇུག་འབྲས་་་་་་ཟེར་པའི་རྩོམ་ཡིག་གཅིག་ཁྱེད་ཀྱི་འབྲི་མདོག་ཁ་པོ་རེད་ཡིན་ནའང་ངས་རེ་བ་རྒྱག་གི་མིན། མའོ་འདྲ་མཉམ་དང་མཉམ་ལས་ཀྱི་མིང་འོག་ནསབོད་ཕམ་ཚུལ་གཅིག་འབྲི་བགྱི་མེད་པར་ཆོས་པས་སྙིང་རྗེ་མིང་ཐོགས་ནས་མའོ་ལུགས་འགོག་མ་ནུས་པར་བོད་ཕམ་ཚུལ་བྲིས་པས་ཡིན་མདོག་བཤད་རྐྱང་མ་གནང་། དངོས་གནས་འདྲ་མཉམ་ལ་དགའ་གི་ཡོད་དམ། ཆུང་ཚོད་མེད་བཏུང་ན་ར་བཟི་གི་རེད། ཆུ་ཚོད་མེད་བཏུང་ན་ར་བཟི་གི་མ་རེད། སྲིད་ལོག་དང་ཆོས་ལོག་གང་ཡིན་ཀྱང་གནོད་པ་ཅན་ཞིག་ཡིན།
སྲིད་ལོག་ཕལ་ཆེ་བས་མི་ལ་ཐད་ཀར་སྡུག་གྱོང་གཏོང་གི་ཡོད། ཆོས་ལོག་ཕལ་ཆེར་གྱིས་མི་ལ་སྡུག་གྱོང་ཐད་ཀར་གཏོང་གི་མེད།
སྲིད་ལོག་ཕལ་ཆེར་དམག་ཤུགས་བརྟེན་ནས་སྡུག་གྱོང་གཏོང་གི་ཡོད། ཆོས་ལོག་ཕལ་ཆེར་ཡིད་འོང་གི་སྤྱོད་པར་བརྟེན་ནས་སྡུག་གྱོང་གཏོང་གི་ཡོད། དཔལ་འབྱོར་ནི་མིའི་དམིགས་ཡུལ་ངོ་མ་མིན། འདིའི་ཐོགས་ནས་ལྟ་ལོག་པ་དང་རྩོད་པ་ཡོང་སྲིད། གོང་ནས་ག་གེ་མོས་བཤད་པ་ལྟར་མི་ལ་རས་པ་ཆོ་ཡོད་མེད་དང་འབྲེལ་བ་ཡོད། དེ་ལས་ཀྱང་རང་དབང་དང་འདྲ་མཉམ་ཀྱི་སྤྱི་ཚོགས་ལ་སྨོན་པ་འཆོར་བ་ནི་མི་འབོར་དང་འབྲེལ་གཏན་མེད་པ་རང་གི་ཕྲུ་གུ་ལ་དྲིས་དང་ཤེས་ངེས་ཡིན།
མདོ་དོན་་་ཆོས་ལུགས་པའི་སྒེར་གཅོད་ཀྱི་འོག་ཏུ་མི་ལོ་སྟོང་གི་རིང་དུ་བསྡད་ཀྱང་་་རང་དབང་གི་ཉི་མ་ཤར་མྱངས་མེད་ལ་དཔལ་འབྱོར་གྱི་ལོངས་སྤྱོད་བཟང་པོ་ཐོབ་མྱངས་མེད། མ་འོངས་པར་ཆོས་ལུགས་པའི་སྒེར་གཅོད་འོག་ནས་མ་ཐར་ཚེ་་ཡང་དག་པའི་དམངས་གཙོའི་རང་དབང་ལ་ལོངས་སྤྱོད་པའི་སྐལ་བཟང་འཐོབ་མི་སྲིད་ལ་དཔལ་འབྱོར་ཡར་རྒྱས་དང་མི་འབོར་འཕེལ་རྒྱས་ནི་དེ་ལས་ཀྱང་ཡོང་སྲིད།
དེ་ལས་ཀྱང་ཡོང་མི་སྲིད་་་་་ཅེས་བཅོས
འདི་གར་ཕེབས་པའི་དྲ་གྲོགས་ཚོས་བགྲོ་གླེང་ལྷུག་པོར་གནང་བར་དགའ་བོ་བྱུང། ་ལྷག་པར་དུ
ཨ་ནུ་ཐང་ནས་རྩོམ་གཞི་འདི་འདྲ་སྤེལ་བར་དགའ་བསུ་ཡོད། ང་ཚོ་ཆོས་ལུགས་པའི་རྗེས་འབྲེངས་པ
ཚོས་ཀྱང་རང་ཉིད་གང་ལ་དད་ཞེན་གྱི་དབང་གིས་ལྐུགས་པ་ཨུ་ཚུགས་ཀྱང་གནང་རྒྱུ་མེད། དེ་ནི་༧ གོང་ས་མཆོག་གིས་ནང་བསྟན་ནི
ཚན་རིག་དང་མཐུན་པའི་ཆོས་ལུགས་གཅིག་པོ་དེ་ཡིན་གསུངས་པ་རེད། བྱས་ཙང་ཚན་རིག་དང་མཉམ་གཤིབས
བྱེད་ཐུབ་ཀྱི་ཡོད་ན་ཚན་རིག་པའི་དཔྱད་ཞིབ་བྱ་འོས་པ་དང་བྱེད་དགོས་པ། བྱས་ན་དགོངས་པ་མི་འཚངས་པ་སོགས་དགོས་ངེས
དང། ལྷག་པར་དུ་མཛོད་ནས་བཤད་པའི་སྣོད་བཅུད་ཆགས་སྟངས་བཤད་ཚུལ་དེ་ཚོ་ནི་དེ་ཙམ་གྱིས་གསང་བ་ཟབ་མོ
ཞིག་མིན་ཅིང་དེས་ན་དེ་ཚོར་དྲང་ངེས་ལྡེམ་དགོངས་སུ་གོ་བ་ལེན་དགོས་མིན་ནི་དེ་བས་ཀྱང་དགོས་པ་མེད། སྤྱིར
ནི་ཆོས་ལུགས་དང་ཚན་རིག་གཉིས་རྣམ་པ་ཀུན་ནས་འགལ་བ་མིན་ཅིང་དེས་ན་ཆོས་ལུགས་ཐམས་ཅད་ལ་ཚན
རིག་དང་མཐུན་པའི་ཆ་ཡོད་པ་གཅིག་མཚུངས་རེད། འོན་ཀྱང་ནང་པའི་ཚད་མའི་རིགས་པ་དེ་ཚོའི་ནང་དུ་ཁས་ལེན་བྱེད་ཚུལ་ལ
ཕྱོགས་གཅིག་ནས་སྒྲིག་ལམ་མང་ཐག་ཆོད་ཅིག་ཡོད། དཔེར་ན། དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དེ་ལ་མ་ཁྱབ་ཟེར་ན་ཧབ་དགོད་བྱེད། ངོ་ཐོག་བཤད་ན་་་་མ་ཁྱབ་པའི་མུར། མེ་མེད་པའི་དུ་ལྡན་ཁ་ནང་བཞག་ན་ཅིས་མི་འགྲིག གང་ལྟར་ཨ
ནུས་བཤད་རྒྱུའི་གཙོ་བོ་ནི། ཆོས་བྱེད་མི་སྣས་མི་རིགས་དང་རྒྱལ་ཁབ་སོགས་ལ་གཏོར་བཤིག་བཏང་འདུག
ཟེར་བ་དེ་རེད། གཏམ་དེ་ལ་བདེན་ཆ་ཤུགས་ཆེན་པོ་རེད། ཆོས་བྱེད་མི་སྣས་ཕྱི་མི་ནང་འབོད་བྱས་ནས་སྔར་སྲོལ་ཉམས་རྒུད
བཏང་བ་དང། རྒྱ་དམག་བོད་ལ་གདན་དྲངས་བ། ཧོར་དམག་བོད་ལ་མགྲོན་འབོད་བྱས་པ། གོར་དམག་བོད་ལ་བསུ
བསྐྱེལ་བྱས་པ། རང་གི་རྒྱལ་རྒྱུད་རྩད་ནས་བཅད་པ་ལས་སོགས་ནི་ཆོས་བྱེད་མི་སྣས་རང་གི་ཆོས་ལུགས་གྲུབ་མཐའི་་དཔུང
ངོམས་དང་རྒྱ་བསྐྱེད་བྱེད་པའི་ཕྱིར་དུ་འཕུངས་པ་་་་ང་ཚོས་ཤེས་ཤེས་རིག་རིག་གསལ་གསལ་མ་ཡིན་ནམ།
བྱས་ཙང་དེང་རབས་རང་རིགས་ཀྱི་ཆོས་ལུགས་གྲུབ་མཐའ་ལས་རང་གི་རྒྱལ་ཁབ་དང་མི་རིགས་ལ་བརྩེ་དུང
དང་ལྷག་བསམ་ཅན་གྱི་བོད་རིགས་གཞོན་སྐྱེས་ཚོའི་སེམས་ལ་ཟུག་རྔུ་ཆེན་པོ་ཞིག་འབུས་བཞིན་འདུག
དུ་
ཨ་ནུ་དང་ཅོ་རི་སོགས་ཀྱིས་དངོས་ཡོད་སྨར་བརྗེན་དེ་ལ་རྒྱབ་སློགས་ནས། ལྟ་བ་སླ་མོ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་འདིས་བདག་གི་ཡིད་གདུང་བར་བྱེད། འདི་ལ་སྔོན་མ་རྒྱལ་བ་དགེ་འདུན་གྲུབ་ཀྱིས། འདྲེ་ཤར་སྒོར་གནས་པ་ལ་ཀླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་གསུངས་བ་དང་། དེ་བཞིན་ལྕང་སྐྱས།
ད་ལྟ་རང་རེའི་བློ་གསལ་ཡི་འགའ་ཞིག
ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས།
སྣང་བ་ལིང་ལིང་དེ་རང་སོར་བཞག་ནས།
དགག་རྒྱུའི་རྭ་ཅན་ཞིག་འཚོལ་བར་སྣང་སྟེ། ཅེས་པ་ཚིག་ཁ་བསྒྱུར་ན།
ད་ལྟ་རང་རེའི་བློ་གསལ་འགའ་ཞིག་གིས།
གསར་བརྗེ་དམངས་གཙོ་སྲིད་དབང་ལ་ཞེན་ནས།
དགྲ་དམར་ལིང་ལིང་དེ་རང་སོར་བཞག་ནས།
དགག་རྒྱུའི་རྟོགས་པའི་ཆོས་ལུགས་འཚོལ་བར་སྣང་། ལྟ་བུར་མཐོང་།
ཁྱེད་རྣམ་པར་དངོས་ཡོད་སྨར་བརྗེན་གཉིས་བཤམ་རྒྱུ་ཡིན། མིག་ཕུར་ཕུར་ཞིག་བཏང་ནས་ཡག་པོ་ལྟོས་ཨ།
༡ འཛམ་གླིང་ནང་ལ་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུ། ཆོས་མེད་སྨྲ་བའི་རྒྱལ་ཁབ་མ་ཡིན་ཏེ། ཆོས་སྨྲ་བའི་རྒྱལ་ཁབ་ཡིན་པས། ཆོས་དངསྲིད་གཉིས་མཉམ་གནས་བྱས་པར་སྐྱོན་མི་མཐོང་། དཔེར་ན། God Bless America! ཟེར་བའི་ཚིག་འདི་ཨ་རིའི་སྲིད་འཛིན་ཡོད་དོ་ཅོག་གི་ངག་ནས་འཕྱུང་བའོ།
༢ འཛམ་གླིང་འདིའི་ནང་ལ་ཆོས་ལུགས་པས་འགྲིགས་ཀྱི་མིན་འདུག་ཟེར་ནས་ལས་འགུལ་སྤེལ་བའི་མཇུག་འབྲས་ལ། ཨུ་རུ་སུའི་དམར་པོ་སྲིད་དབང་བཙུགས་སོང་། མི་ས་ཡ་ཤི་ནས་མཐར་ཁ་འཐོར་སོང་། རྒྱ་ནག་པས་དམར་པོའི་ལས་འགུལ་དང་གསར་བརྗེ་སྤེལ་ནས་ཁྱོད་གཉིས་ཀྱི་ཕ་མེས་རྣམས་ཀྱི་ཡུལ་ཕལ་མོ་ཆེ་བཅོམས་སོང་། ཁོང་ཚོའི་དད་བརྟེན་མང་ཆེ་བ་ཐལ་བར་བཏང་སོང་། མཐར་གསར་བརྗེའི་ལས་འགུལ་དེ་ནོར་འཁྲུལ་ལ་ངོས་འཛིན་ནས། ད་ལྟ་རྒྱ་དམར་པོས་ཆོས་ལུགས་པར་འཐབ་རྫིང་བྱ་རྒྱུ་དེ་མཚམས་འཇོག་བྱས་སོང་། ད་ཁྱོད་གཉིས་འདི་ནས་ག་པར་འགྲོ་རྩིས་ཡིན་ནམ།
ཅོ་རི་ལགས།
ཐུགས་རྗེ་གཟིགས། འདི་འདྲའི་ཐུགས་ཐག་ཐུང་ཐུང་མ་གནང་རོགས། རི་རབ་སོགས་ཡོད་མེད་ལ་ང་ཚོའི་བོད་ནང་ཆོས་ལ་ཁྱད་པར་ཅི་ཡང་མིན་འདུག་ཞུས་པ་ལས། རི་རབ་ཆེན་པོ་དེ་ཚོ་ཡོད་ཅེས་ཨུ་ཚུགས་ཞུས་པ་མིན་ལ། ནམ་ཡང་ཞུ་རྩིས་མེད། སྐུ་རྩེད་དང་སྦྲགས། དོན་སྙིང་ཡོད་པ་ཞིག་བྱ་འདོད་ན་ཆོས་ཀྱི་ཟབ་རྒྱས་ཀྱི་་གནས་མང་པོར་ཉམས་ཞིབ་བྱ་རྒྱུས་་ཁེངས་ནས་ཡོད། རི་རབ་ཡོད་མེད་ནི་གལ་ཆེན་པོ་གང་ཡང་མ་རེད། སློབ་དཔོན་དབྱིག་གཉེན་གྱིས་གསུངས་ཀྱང་དགོངས་པ་ཞུ་ཡས་རེད་མ་གཏོགས་ཨུ་ཚུགས་མེད། རང་དབང་གནང་ཡོད། ལེགས་པར་བརྟག་ནས་བླང་བར་བྱ་བ་ལས། གུས་གུས་ཞུམ་ཞུམ་མི་དགོས་བཅས་པའི་གསུང་ཚངས་དབྱངས་ཀྱིས་འཇིག་རྟེན་འདར་བར་མཛད་ཡོད་དོ།།
དེ་ནས་བན་དེ་ལགས་ནས་གསུངས་པ་བདེན། ཆོས་ཀྱིས་མ་རེད་ཆོས་ལུགས་ཆོས་བྱེད་མི་སྣས་བྱབ་བསྐྱལ་བ་དེ་ཆོས་སྒང་ལ་མ་ཉེས་ཁ་གཡོགས་མ་གནང་མཛོད། བོད་སིལ་བུར་ཐོར་ནས་ས་རིན་གཙང་དེ་དགའ་སོགས་སུའི་སྐབས་ཞབས་འདྲེན་ཞུས་རུང་ཚར་བ་རེད། འདས་པར་ཡས་མས་འདྲུད་འཐེན་བྱབ་མེད། དེ་མིན་ཆོས་ཀྱི་གནད་དོན་ལ་རྩོད་དགོས་ན། ཡང་ཡང་ཞུས་ཡོད་གཞི་
ལམ་འབྲས་གསུམ་ནས་བགྲོ་གླེང་ཞུ་ཆོག་པས་སུ་ཡང་བྱོན་པ་ལེགས། བཀྲིས་བདེ་ལེགས།།
ཆོས་པའི་ཆ་ལུགས་ཅན་ཡིན་ན་ཡང་འདྲ། མི་སྐྱའི་ཆ་ལུགས་ཅན་ཡིན་ན་ཡང་འདྲ། ནོར་འཁྲུལ་ཅན་མང་པོ་བྱུང་ཡོད། བོད་ཀྱི་སྲིད་དོན་ལོ་རྒྱུས་སྟེང་ནས་མལྟས་ན། ཉེ་ཆར་སྟོན་བཞིན་པའི་ལོ་རྒྱུས་རང་བཞིན་གྱི་གློག་བརྙན་ཏྲེ་ཧོར་དགེ་སྟག་སྤྲུལ་སྐུས་རྒྱ་དམག་གུང་ཁྲན་བོད་དུ་འཛུལབའིའི་མཐུན་རྐྱེན་སྦྱར་བ་ལྟ་བུ་རེད། ཡིན་ན་ཡང་། དེ་འདྲ་བ་ནི་མི་རྐྱའི་ཁྲོད་ན་ཡང་ཧ་ཅང་མང་པོ་ཡོད་པས་གྲྭ་བཙུན་ཞེས་ཟུར་འདོན་བྱ་ས་ཞིག་མེད།་
སངས་རྒྱས་ཆོས་ལུགས་པའི་དཔེ་མཚོན་མི་སྣ་སངས་རྒྱས་ཁོ་རང་བཞག་ནས་དགག་སྒྲུབ་བྱ་ཟགོས། ཏྲེ་ཧོར་ཏྲེ་ཧོར་དགེ་སྟག་ལྟ་བུ་སྲིད་དོན་ལོ་རྒྱུྒྱུྒྱུྒྱུས་སྟེང་གི་ནོར་འཁྲུལ་ཅན་གྱི་མི་སྣནོར་འཁྲུལ་ཅན་གྱི་མི་སྣ་དེ་ཚོས་སངས་རྒྱས་ཆོས་ལུགས་པའི་དཔེ་མཚོན་བྱེད་མི་ནུས།
ཨ་རིའི་སྲིད་གཞུང་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་མ་ཡིན་པ་ཆོས་སྲིད་ཐ་དད་ཀྱི་སྲིད་གཞུང་ཞིག་རེད། དཀོན་མཆོག་གིས་ཨ་རི་བ་བྱིན་གྱིས་རླབས་པའི་སྨོན་ལམ་འདི་ནི། སྲོལ་རྒྱུན་གྱི་ལུགས་སྲོལ་ཞིག་ལས་ཆོས་སྲིད་ཟུང་དུ་སྦྲེལ་བའི་བརྡ་རྟགས་མིན། ཨ་གཞུང་ལྟ་ཅི་གཞུང་གི་སློབ་གྲྭ་ཁག་ལ་གང་བྱུང་གིས་ཆོས་ལུགས་ཀྱི་སློབ་ཚན་བཀོད་པ་བཀག་རྒྱ་ཡོད། ལྷག་པར་དུ་ཨ་རིའི་རྩ་ཁྲིམས་སུ་གཞུང་གིས་མི་ཚང་མ་ཆོས་ལུགས་སུ་འཇུག་ཆེད་དུ་ཁྲིམས་བཟོ་མི་ཆོག་རྒྱུ་ལ། དེ་བཞིན་དཀག་འགོག་གི་ཆེད་དུའང་ཁྲིམས་ལུགས་མི་བཟོ་རྒྱུའི་རྩ་ཁྲིམས་ཡོད། ལྷག་བསམ་ལགས། ར་མགོ་ལུག་སྦྱར་གྱིས་རང་གི་ཞེན་འདོད་མ་སྒྲུབ་རོགས། དེ་ལྟར་བྱས་ན། ཆོས་ལུགས་ཀྱི་ཆེད་དུ་སྐྱག་རྫུན་བྱེད་པ་འགྱུར་ཞིང་། གྱུར་ན་བོད་མི་མང་པོ་ཞིག་ལ་མགོ་སྐོར་བཏང་བའི་ནག་ཉེས་ཡོད།
ཁ་ཅིག་གིས་ཆོས་བྱེད་མི་སྣ་རེ་ཟུང་གི་ནོར་འཁྲུལ་རེད་གསུངས་མཁན་འདུག་ཀྱང་། དོན་དངོས་དེ་ལྟར་ཁོ་ན་མིན་པ་གཙོ་བོའི་ཆོས་ལུགས་ཀྱི་ལམ་ལུགས་ཀྱིས་མ་འགྲིག་རེད། ལམ་ལུགས་དེ་རྙིང་ཟིན་ཞིང་དུས་དང་མཐུན་པའི་མདུན་སྐྱོད་བྱེད་མ་ཐུབ་པས་ཡིན་ཁར། ལམ་ལུགས་དེའི་རྩ་བའི་རྨང་གཞི་ལ་ཆགས་སྐྱོན་ཤོར་བས་རེད།
གསལ་བོ་བཤད་རྒྱུ་ནི་ངས་ཆོས་ལུགས་མི་དགོས་བའི་འདོད་ཚུལ་འཛིན་གྱི་མེད་ལ། བཀག་འགོག་བྱེད་དགོས་བའི་འདོད་འདུན་དེ་བས་འཛིན་ཀྱིན་མེད། བྱེད་ཀྱི་ཡོད་པ་ནི་ཆོས་བྱེད་པས་ཆོགས་ལུགས་ཁ་ལ་འཁྱེར་ནས་བོད་མི་མང་ལ་མགོ་སྐོར་བཏང་བ་ཡིན་ན། ངས་བཟོད་སྒོམ་བྱེད་མི་ཐུབ། ལྟ་གྲུབ་རྫུན་པ་ཞིག་གིས་མི་མང་བེད་སྤྱོད་བཏང་ན་དེ་བས་མོས་མཐུན་མེད། རྒྱུ་མཚན་ནི། མི་མང་ལ་བདེན་པ་རྟོགས་རྒྱུའི་དབང་ཆ་ཡོད་ལ། མི་སུ་ཡིན་ཡང་གཞན་གྱི་མགོ་སྐོར་འོག་ཏུ་མི་ཚུད་རྒྱུའི་རང་དབང་ཡོད་པས་ཡིན། དེ་བརྟེན། མི་སུ་ཡང་བདེན་པ་སྨྲ་བའི་དབང་ཆ་ཡོད་པ་རེད།
ད་གང་ཤེས་གང་ཤེས། ཡིན་ནའང་ནམ་ཡིན་ཡང་སེམས་ལ་གང་ཤར་པའི་དཀའ་ངལ་རྣམས་སྦས་གསང་མི་དགོས་པར་ལབ་བསྡད་ན། རུལ་དྲི་མི་ཁ་རབས་འདུག དེ་བདེན་པ་འདྲ་མོ་འདུག སྒྲོ་མ་བཏགས་པར་གང་སྣང་བར་མི་འགྲོ་བ་དེ་རང་གསལ་པོ་བཟོས་ནས་འབྲི་དགོས་པ་གལ་ཆེན་པོ་རེད། དངོས་གནས་བྱས་ན་ལེགས་ཆ་འམ་སྡུག་མྱོང་བའི་ཉམས་མྱོང་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་མ་ཐུབ་ན་མའོ་ཏང་གིས་འདྲ་ཆགས་ཆགས་བཤད་བཤད་པའི་མཐར་མྱོང་མཁན་བོད་མི་ཡོངས་ཆགས་སོང་ང་།
ཨ་མེ་རི་ཁས་ཁ་ཆེའི་ཆོས་ལུགས་དར་བའི་ཡུལ་ལུང་མང་པོ་བཙན་འཛུལ་བྱ་འདུག་རྒྱུ་དེ་དང་ཨི་ཟི་རལ་ལ་རྒྱབ་སྐྱོར་བྱེད་འདུག་རྒྱུ་དེ་ཆོས་ལུགས་ཀྱི་ན་ན་ཚ་ཚ་ཆེན་པོ་ཞིག་རེད་བསམ་གྱིན་འདུག ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ་དེ་ཚོ་དྲང་པོ་གཏན་ནས་མི་འདུག ཁ་ཆེའི་དད་ལྡན་པ་ལ་འབྲེལ་བ་ཡོད་མཁན་ཞིག་གིས་དྲག་སྤྱོད་ཀྱི་ལས་ཀ་བྱས་ན་ཨི་ཟི་ལམ་གྱི་འཇིགས་སྐུལ་རིང་ལུགས་ཟེར་ནས་གཤེ་གཤེ་གཏོང་གིན་འདུག ནོར་ཝེ་རུ་ཡེ་ཤུའི་ཆོས་ལིགས་འཁྲེགས་འཛིན་པ་ང་ཡིན་ཟེར་མཁན་ཞིག་གིས་སློབ་ཕྲུག་ན་གཞོན་གཙོ་བོར་གྱུར་པའི་མི་དགུ་བཅུ་ཡིན་ནམ་ཞིག་མེ་མདའི་འབེན་དུ་བཞག་པ་དེར་ཡེ་ཤུ་པའི་འཇིགས་སྐུལ་རིང་ལུགས་ཟེར་བའི་མིང་གཏན་ནས་བཏགས་མ་སོང་། དེ་འདྲ་རེད། ཆོས་ལུགས་ཡིན་ན་ཡང་འདྲ། དེ་ཞར་བྱུང་ཙམ་ཡིན།
བདེན་པ་རེད་འདུག ཨ་རིས་ཆོས་ལུགས་ཚང་མ་ལ་འདྲ་མཚུངས་ཀྱི་ཐོང་ཐང་ཡོད་ཚུལ་གླེང་ཡང་ཁ་ཆེའི་ཐོག་ལ་ལྟ་ལྟངས་དེ་ཙམ་ཡག་པོ་མེད་པ་འདྲ། ཡིན་ཡང་། གཙོ་བོ་སྲིད་གཞུང་མིན་པ་མི་མང་ཡིན་པ་འདྲ། ཨ་རི་དང་ཡོ་རོབ་ཀྱི་མི་མང་པོ་ཁ་ཆེ་ལ་དགའ་བོ་མི་འདུག གཅིག་བྱས་ན་ཁ་ཆེ་ཁོ་རང་ཚོ་ཧམ་པ་ཚ་དྲགས་ཤིང་སྤྱོད་པ་རྩུབ་དྲགས་པས་ཡིན་ཤས་ཆེ། ངས་བཤད་པ་ནི་ཁ་ཆེའི་མི་ཚང་མ་མིན། སྤྱི་སྟངས་ཀྱིས་བཤད་ཀྱིན་ཡོད། ནོར་ཝེ་ཡི་གནས་ཚུལ་དེའང་ཁོས་བཤད་རྒྱུ། ཁ་ཆེ་ཚོས་ཡོ་རོབ་ལ་བཙན་འཛུལ་བྱེད་ཡ་མང་དྲགས་ཀྱང་། ཡོ་རོོབ་སྲིད་གཞུང་ཁག་གིས་དེ་ལ་གདུང་ལེན་བྱེད་ཀྱིན་མི་འདུག་ཟེར་ནས་བྱིས་པ་ཚོ་བསད་པ་རེད།༼དེའི་སྐོར་དགོས་བ་ཡོད་ན་མ་འོངས་བ་མང་དུ་འབྲི་དགོས༽ ལོ་བཅུ་འདྲ་ཡི་སྔོན་ཡིན་ན་ཡོ་རོབ་པ་མི་མང་པོས་ཁ་ཆེས་ཡོ་རོབ་ལ་བཙན་འཛུལ་བྱེད་མི་འོང་སྙམ་ནས་ཞེད་སྣང་ཡོད་པ་རེད། ད་ལྟ་འང་ཡོད་མཁན་ཁ་ཤས་ཡོད་ས་རེད།
ནོར་ཝེ་ཡི་མི་མང་པོ་གསོད་ཙཁན་དེས་ཡེ་ཤུའི་ཆོས་ལུགས་ཀྱི་དོན་དུ་ལས་ཀ་དེ་བྱས་ཚུལ་གསལ་པོ་བཤད་འདུག རིག་གཞུང་སྣ་མང་ཅན་གྱི་སྲིད་ཇུས་ལ་ངོ་ལྒོལ་ཡིན་ལུགས་གསལ་པོ་བཤད་འདུག ཡིན་ན་ཡང་། ནུབ་ཕྱོགས་པའི་གསར་ལམ་ཚོས་དེ་ལ་ཡེ་ཤུའི་འཇིགས་སྐུལ་རིང་ལུགས་པ་ཞེས་གཏན་ནས་མི་འབོད་ཁུལ་མི་བྱེབྱེད་པ་རེད། ཁ་ཆེ་དང་འབྲེལ་བ་ཡོད་མཁན་ཞིག་གིས་དྲག་སྤྱོད་དང་འབྲེལ་བ་ཆུང་ཆུང་ཞིག་བྱས་ཀྱང་ཨི་ཟི་ལམ་གྱི་འཇིགས་སྐུལ་རིང་ལུགས་པ་ཟེར་གྱི་འདུག དེ་ཡག་པོ་མི་འདུག དེ་འདྲས་མཇུག་འབྲས་ཡག་པོ་བསྐྲུན་གི་མ་རེད།
བསྟན་འཛིན་རིག་ལྡན་ལགས།
ཉིད་ཀྱིས་ཆོས་བྱེད་མི་སྣ་ཡི་གཡོ་བྱུས་ཞེས་ན་ཡག་ཚུལ་གསུངས་བ་ལ་མོས་གུས་ཡོད། གལ་སྲིད་ཆོས་བྱེད་མི་སྣ་ཡི་གཡོ་བྱུས་ཞེས་ན་ཆོས་ལ་ནོར་འཁྲུལ་མེད་པ་འདྲ་བོ། གལ་སྲིད་ཆོས་ཀྱི་གཡོ་བྱུས་ཞེས་ན་ཆོས་བྱེད་མི་སྣ་ལ་ནོར་འཁྲུལ་མེད་པ་འདྲ་བ་ཆགས་པས་ཁོང་གཉིས་ལའང་ཞན་ཆ་དང་བཟང་ཆ་གཉིས་ཀ་ཡོད་སྲིད་པས། བཟང་ཆ་རྣམས་ལེགས་བསྡུས་དང་ངན་ཆ་རྣམས་སྤངས་དགོས་བའི་གནས་སུ་མཐོང་།
ཕྱོགས་གཅིག་ནས་སྟོན་པ་ཡིས་ཞལ་རྫུན་གསུངས་ཤིང་གསུངས་ཀྱི་འདུག་ཅེས་སྨྲ་མཁན་ཡང་དྲང་ངེས་གྱི་ཁྱད་པར་འབྱེད་མཁན་རྣམས་ཡིན། རྒྱུ་མཚན་ནི། དྲང་མདོ་རྣམས་ཞེ་ས་མ་ཞུས་ན་རྫུན་མ་རེད་ཅེས་བའི་དོན་ཡིན་པ་དྲ་གྲོགས་ཤིག་གིས་གསུངས་ཤིང་། ངས་བལྟས་ན་དེ་ནི་བདེན་པར་མཐོང་། གལ་སྲིད་དྲང་ངེས་ཀྱི་དབྱེ་བ་འདོད་ན་སངས་རྒྱས་ཀྱིས་ཞལ་རྫུན་གསུངས་བ་མཁས་ལེན་དགོས་བ་འགྱུར་ལ། གལ་སྲིད་མ་འདོད་ན་ཐེག་ཆེན་པ་རྣམས་ཀྱིས་སྐྱག་རྫུན་གསུངས་བ་ཁས་ལེན་དགོས། སུ་ཞིག་གིས་སྐྱག་རྫུན་གསུངས་བ་ཡིན་ནམ། ཐེག་ཆེན་པ་ཡིན་ནམ། སྟོན་པ་ཤཱཀྱ་ཐུབ་པ་ཡིན། ང་ཚོས་ཁོ་གཉིས་ཀྱི་སུ་ཞིག་གིས་སྐྱག་རྫུན་གསུངས་བ་འམ། གཡོ་སྒྱུ་གནང་བ་་ཧ་གོ་ན། དེ་ནས་ཆོས་ཀྱི་གཡོ་བྱུས་ཡིན་ནམ། ཆོས་བྱེད་པའི་གཡོ་བྱུས་ཡིན་པ་གསལ་པོ་ཤེས་ངེས་རེད། གཅིག་བྱས་ན་གཉིས་ཀའི་གཡོ་བྱུས་ཡིན་སྲིད།
ཨ་ནུ་ལགས།
ཁྱེད་རང་ཐུགས་བདེན། ལབ་སྲོལ་ཞིག་ལ། དྲང་ངེས་དང་ངེས་ན་ངེས་བརྟན་རེད། ཅེས་དངོས་གནས་བདེན་ཤུགས་ཆེ། གང་ལགས་ན། དྲང་ངེས་ཀྱི་རྣམ་གཞག་དེ་ཞེ་དྲག་ཁག་པོ་ཡོད། ལམ་སེང་འདི་དང་འདི་ཞེས་ཐག་གཅོད་ཁག་པོ་ཡོད། ལོ་དང་ལོ་འབྲེལ་ནས་ཤེས་སྦྱོང་ཐེབས་པ་ཞིག་དགོས། ངས་དྲང་ངེས་ཀྱི་རྣམ་གཞག་མང་པོ་བཀླགས་མྱོང་ཡང་དྲང་ངེས་ལེགས་བཤད་སྙིང་པོ་ནི་ཧ་ལས་པ་རེད། དཀའ་གནད་མང་པོ་ཞིག་ལུང་རིགས་ཀྱིས་མཐིལ་ཕྱིན་པ་གནང་ཡོད་ཚོད་རེད།
ཡང་སྐབས་རེ་འདི་ལྟར་བསམ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར། གྲུབ་མཐའ་རྙོག་དྲ་ཚ་པོ་མང་པོ་གསུངས་པ་ཡིན་ནམ་སྙམ། ངས་ཀྱང་བསམ་སྟེ་ཆོས་རྣམས་རང་བཞིན་གྱིས་སྟོང་པ་རེད་ཅེས་འདི་གཅིག་པུ་གསུངས་ནས་ཚིག་ཐག་བཅད་གནང་ཡོད་ན། དྲང་ངེས࿒དང་དགོངས་ལྡེམ་དགོངས་ཀྱི་རྣམ་གཞག་དཀའ་རྙོག་ཅན་དེ་དག་ཡོང་དོན་མེད་ཚོད་ཀྱང་། གལ་ཏེ་དཔལ་ལྡན་ཐལ་འགྱུར་བ་གཅིག་པུ་གསུངས་ན། གདུལ་བྱ་གཞན་རྣམས་ཆད་མཐར་ལྷུང་ནས་ལས་འབྲས་ཀྱང་མེད་པར་ལྟ་བ་སྨྲ་ན་ནི་གནས་སྟངས་ཇི་གར་གྱར་བར་བསམ་དགོས། དཔེར་ན། མི་རྒན་པའི་འཐུང་རྒྱུའི་གློ་སྨན་དེ་སྨན་རེད། བྱིས་པའི་གློ་སྨན་དེ་ཡང་སྨན་རེད། འོན་ཀྱང་བྱིས་པར་རྒན་པའི་སྨན་དེ་སྤྲད་ན་ཕན་མེད་གནོད་པས་རང་ལ་འཚམས་པའི་སྨན་དེ་བསྟེན་དགོས་པ་ཡིན། གང་ལགས་ན། བྱིས་པར་རྒན་པའི་སྨན་འཇུ་བའི་ནུས་པ་དེ་མེད་པས་གནོད་བསྐྱལ་བས་མ་སྤྲད་པའི་དགོས་པ་ཡོད། དེ་བཞིན་མདོ་སྡེ་པར་ཆོས་རྣམས་རང་ངོས་ནས་མེད་གསུངས་ན། ལས་འབྲས་དང་ཅི་ཡང་མེད་པར་ལྟ་ནས་ཆད་མཐར་དྲངས་ན་མི་འགྲིགས་པས་དངོས་པོ་རང་མཚན་གྱིས་ཡོད་རྟག་པ་རྟོག་པས་བཏགས་པ་རེད་ཅེས་གདུལ་བྱའི་བློ་ནུས་དང་འཚམས་པ་གསུངས་པ་དེ་ག་རང་གིས་སྟོན་པ་ཁོང་ཐབས་མཁས་ཐུགས་རྗེ་དང་ལྡན་པར་ལྟ་ཐུབ་ཀྱི་འདུག་གོ།།དཔལ་མགོན་ཀླུའི་ཞབས་ཀྱིས། སྔོན་དང་ཕྱི་མའི་མཐའ་ཡོད་དམ་མེད་ཅེས། སྟོན་པར་བཀའ་འདྲི་ཞུ་དུས། གང་ཡང་མ་གསུངས་པ་ཞལ་རས་བཞུགས་པ་དེས་རྣམ་མཁྱེན་སྒྲུབ་པ་གསུངས་ཡོད། གང་ལགས་ན། ཡོད་མེད་གང་ཞིག་གསུངས་ཀྱང་ཕན་ཐོགས་མེད་པ་ཐུགས་ཀྱིས་མཁྱེན་པས་རེད་ཅེས་གསུངས་ཡོད། དེ་ལྟར་ན་སྐབས་རེ་མ་གསུངས་པ་དང་། སྐབས་རེ་ཡོད་པ་དང་མེད་པ་སྣ་ཚོགས་གསུངས་པ་ནི། ཁོང་རང་གི་དགོངས་པ་མཐར་ཐུག་མིན་པར་གདུལ་བྱའི་བསམ་མོས་ལ་ལྟོས་ནས་ཡིན། དེ་ཡང་ཀླུའི་ཞབས་ཀྱིས། སངས་རྒྱས་ཐུགས་རྗེའི་གཞན་དབང་དུ་གྱུར་ལ་ཐུགས་རྗེ་ནི་སེམས་ཅན་གྱི་དོན་ལས་རང་གི་དོན་ཡལ་བར་དོར་བས། གང་ལ་གང་ཕན་རེད་མ་གཏོགས། བཀོད་པ་པོ་དང་ཚངས་པ་ནང་བཞིན། ང་ནི་ཚངས་པའོ།།ཚངས་པ་ནི་ཆེན་པོ་རེད། ཅེས་ཐམས་ཅད་དཀོན་ཅོག་གིས་ལག་པར་སྤྲད་ནས་ཆུ་སྣ་གར་འཁྲིད་གནང་གི་མེད་པས་རེད་སྙམ།
ཡང་མཁྱེན་དགོས་པ་ཞིག་ལ། བདེན་པ་གང་ཡིན་ཇི་འདྲར་ངོས་འཛིན་བྱ་དཀའ་རུང་། དཔེར་ན། ང་ཚོ་ཚང་མས་ང་ང་ཞེས་ང་རྒྱལ་བ་རེད་ཅེས་ང་བདེན་གཞན་མི་བདེན་ཞེས་པའི་གོང་བུ་འདིའི་འོག་ནས་བདེན་པ་གང་འཇོག་མཚམས་དཀའ་ཡང་། ངོས་ཀྱི་བསམ་པར། སྒེར་ལ་ལྟོས་ནས་བདེན་པ་གཅིག་བཞག་ཆོག་ཀྱང་། སྤྱི་ལ་ལྟོས་ནས་བདེན་པ་གཉིས་བཞག་ན་སྐྱོན་མེད་དེ། སངས་རྒྱས་ཁོང་གི་ཤེས་པར་བྱ་བ་ཡང་གཉིས་སུ་ཟད་དོ།།ཞེས་གསུངས་པར་དགོས་པ་ཡོད་པས་སོ།།ཡང་རྩོད་སྤོང་ཞིག་ལ། གལ་ཏེ་ཀུན་རྫོབ་བདེན་ཡིན་ན་ཡོད་དགོས་པས། གཞན་འདོད་པའི་ལྟ་བ་དག་ཡོད་པར་ཐལ། ཀུན་རྫོབ་བདེན་པར་འཇོག་ན་འགྲིགས་པས་སོ།།ཞེ་ན། ཀུན་རྫོབ་ཏུ་བཞག་ཀྱང་ཀུན་རྫོབ་བདེན་པ་རང་ཨེ་ཡིན།
སུས་ཀྱལ་རྫུན་བཤད་པ་རེད་དམ་ཞེས་པར། ཀླུ་སྒྲུབ་ཡབ་སྲས་དང་ལྷག་པར་སངས་རྒྱས་ཁོང་གིས་ཀྱལ་རྫུན་བཤད་པའི་དཔང་རྟགས་ང་ལ་གང་ཡང་མེད། ཁོང་རྣམ་པས་དེ་ལྟར་གསུངས་པར་འགག་དགོས་ཡོད་པ་གོང་དུ་ཕྲན་བུ་ཞུས་པ་ལས་དང་། དཔེར་ན་སྤྱིར་བཏང་ཁྲིམས་ལས། ཀློག་དམར་པོ་འབར་སྐབས་སྣུམ་འཁོར་བཀག་དགོས་ཀྱང་། སྨན་ཁང་ཛ་དྲག་སྣུམ་འཁོར་དང་སྐོར་བྱ་བའི་སྣུམ་འཁོར་ཤར་འགྲོ་བྱ་ཆོག་སྟེ། རྒྱལ་ཁབ་སྲུང་སྐྱོབ་དང་ནད་པ་ཛ་དྲག་ཡོད་པས་སོ།།དེ་བཞིན་སྤྱིར་བཏང་ཆོས་རྣམས་རང་ངོས་ནས་མེད་ཀྱང་། སྐབས་རེ་མདོ་ལས་དེ་ལྟར་གསུངས་པ་ནི་དེ་འདྲའི་གདུལ་བྱ་ཡོད་ལ། དེ་དག་སེམས་ཅན་ཡིན་པས་གལ་ཆེན་དུ་ཆགས་ལ་དེ་དག་ལ་ལྟ་བ་མཐོན་པོ་བསྟན་ན་མི་གོ་ཞིང་། གནོད་ཀྱང་སྲིད་པས་སོ།།དཔེར་ན། དགེ་རྒན་མཁས་པ་ཞིག་ནས། འཛིན་གྲ་དང་པོར་འཛིན་གྲ་བཅུ་པའི་སློབ་ཚན་ཁྲིད་ན་ཕན་ལས་གནོད་པ་ཆེ་སྟེ། ཤེས་ཡས་མེད་ལ་དུས་ཚོད་འཕྲོ་བརླག་དང་ཐབས་མ་མཁས་པ་དང་ཕྲུ་གུ་དེར་བརྩེ་བ་མེད་པའི་རྟགས་རེད།
དེ་དང་དུས་མཚུངས། རང་ལུས་མེར་བསྲེགས་གནང་བ་དེ་འཚེ་བ་ཡིན་མིན་སོགས་ཀྱང་ཤེས་དགོསཔ་ཡོད་སྙམ།
ལྷོད་ལྷད་བཞུགས་ཨ། ལོ་གསར་བཀྲིས་བདེ་ལེགས་ཡོད།
བསྟན་འཛིན་རིག་ལྡན་ལགས།
ཉིད་ཀྱིས་གསུངས་བ་དེ་དག་དྲང་ངེས་འདོད་མཁན་གྱི་མཁན་པོ་རྣམས་ཀྱི་དགོངས་བ་ཇི་བཞིན་གསུངས་བཞིན་ཡོད་པས། སྐད་ཆ་དེ་དག་ཕྲན་ལ་མཚོན་ན་ཧ་ཅང་གི་རྙིང་བ་རེད། གྲུབ་མཐའ་སྦྱང་དུས་དང་ལམ་རིམ་སྦྱང་དུས། ཐེག་ཆེན་པའི་ཆོས་ལུགས་ལ་འགྲེལ་བཤད་གནང་སྐབས་དགེ་རྒན་རྣམས་ཀྱིས་དུས་རྒྱུན་གསུངས་བའི་བཀའ་འགྲེལ་དེ་དག་་རེད། ངས་དང་པོར་ཁོང་ཚོའི་གསུངས་ལ་ཡིད་ཆེས་བྱས་ཀྱང་། རྗེས་སུ་ཧ་གོ་དུས་རྫུན་མ་མང་པོ་འདུག ཁོང་ཚོས་གཞུང་ལུགས་ཤིག་དང་ཁྲིད་རྒྱུད་ཅིག དམ་ཚིིག་ཅིག་དང་ལྟ་གྲུབ་ཅིག་གཙོ་བཟུང་གིས་མཐུན་ཕྱོགས་བསྒྲིགས་ནས་ཕེབས་བཞིན་འདུག་པས། བདེན་པ་ལ་གུས་བཀུར་དེ་ཙམ་བྱེད་ཀྱིན་མི་འདུག ཁོང་ཚོར་མམཚོན་ན་དམ་ཚིག་ནི་བདེན་པ་ལས་གལ་ཆེན་རེད།
དྲང་ངེས་ཀྱིས་བརྒྱ་སྟོང་གི་རྩ་བ་ནི་དབུ་མ་ཐལ་འགྱུར་བ་དེ་ཡང་དག་ཏུ་སྒྲུབ་རྒྱུ་དང་། དེའི་སྒྲུབ་བྱེད་དུ་རྒྱ་བོད་ཀྱི་ལོ་པན་མང་པོ་བགྲང་བ་རེད། དོན་དངོས་རྗེ་གཙང་བ་དེ་ཅི་ལྟ་གནང་ནས་མཁྱེན་པ་ཡིན་ནམ། ལོ་པན་ཚོས་གསུངས་རྩོམ་ལ་དཔགས་ནས་མཁྱེན་པ་ཡིན་ཚུལ་གསུངས་ཀྱང་། ལོ་པན་དེ་དག་གི་དགོངས་བ་ཐུབ་དགོངས་རྣལ་མ་ཡིན་པ་རྗེ་གཙང་ཁ་བས་ཅི་ལྟར་གནང་ནས་མཁྱེན་པ་ཡིན་ནམ། ཁོང་གི་སྐྱེས་སྟོབས་ཀྱི་ཤེས་རབ་དང་ལྷག་པར་དུ་འཇམ་པའི་དབྱངས་དགེ་རྒན་དུ་བསྟན་པས་ཡིན་ཚུལ་གསུངས་བས། དེ་ནི་ལྷ་སྒྲུང་ཙམ་ཞིག་རེད། འཇམ་དབྱངས་ནི་འཇིག་བྱེད་དྲག་ཏུ་ཁྲོས་བ་ཡིན་ཞིང་། འཇིག་བྱེད་ནི་ཧིན་དྷིའི་རིག་བྱེད་གཏམ་རྒྱུད་ཀྱི་གནའ་བོའི་རྒྱ་གར་ལྷ་སྒྲུང་རིང་ལུགས་པས་བཟོས་བའི་ལྷའམ། མི་རྒོད། དབུ་ཁྲིད་ཅིག་ཡིན་པས། མཐའ་དེད་ན་རིག་བྱེད་ལ་ཐུག་འདུག དེ་ལྟར་ཡིན་ན་རྗེ་གཙང་ཁ་པས་ཕྱི་རོལ་བའི་ཡིད་དམ་བསྟན་པས་ཕྱི་རོལ་བར་གྱུར་བར་མ་ཡིན་ནམ།
ཕྲན་གྱིས་ལོ་གཉིས་ལ་བློ་འཛིན་བྱས་ཤིང་། ལོ་གཉིས་ཀྱི་རིང་ལ་དུས་ཚོད་མང་པོ་བདག་འཇུག་གི་ཚོགས་ལ་ཞོགས་ཀ་ནས་དགོང་མོ་བར་ཕྱིན་ནས་དཀའ་ངལ་བརྒྱབས་པའི་རྒྱུད་སྡེ་ཡི་ལྷ་ཚོགས་དེ་དག་ལས། ད་ལྟ་ཕྱེད་ཀ་ཙམ་ཧིན་དྷིིའམ། ནང་པ་ལྟར་ན་འབྱུང་ཁུང་ཕྱི་རོལ་བའི་ལྷ་ཡིན་པ་ངོས་ཟིན་སོང་། དཔར་དང་ལོ་རྒྱུས་གཉིས་ཀ་ཡོད། ངས་དེ་སྔོན་དེ་དག་ལ་རེ་བཅོལ་ཞུས་མྱོང་། དད་པ་བྱེད་མྱོང་། བདག་འཇུག་ཚོགས་པའི་སྐབས་ཀྱི་དུང་སྒྲ་དང་རྔ་སྒྲ། དུང་ཆེན་གྱི་སྒྲ་དང་དྲིལ་སྒྲ་སོགས་ལྷན་དུ་དཀྲོལ་སྐབས་དགའ་མགུ་དང་དད་པ། ཡིད་སྨོན་མཉམ་བསྲེས་ཡིས་མིག་ཆུ་ཤོར་འཕྲོ་བྱས་མྱོང་། གཅིག་བྱས་ན་ང་ངུ་སླ་བས་ཡིན་སྲིད། ཡིན་ཡང་མི་ཞིག་གི་མིག་ནང་ནས་ལས་སླ་པོ་མིག་ཆུ་ཐོན་མི་ཐུབ་པ་ཉིད་ཀྱིས་མཁྱེན་སྲིད་ངེས་རེད། ཡིན་ཡང་། ད་ལྟ་རྟོགས་དུས་ངས་དད་པ་དང་མིག་ཆུ་བྱེད་ཡུལ་གྱི་ལྷ་དེ་དག་ལས་མང་པོ་ཞིག་ང་ཚོས་རྣམ་རྟོག་བྱེད་སའི་ཕྱི་རོལ་བའི་ལྷ་ཡིན་འདུག གཅིག་བྱས་ན་དེ་ནི་ང་ཚོས་ཕྱི་རོལ་བ་ངན་པར་སྒོམ་ཡ་མང་དྲགས་པས་རྒྱུ་འབྲས་ཀྱིས་ང་ཚོར་ཉེས་ཆད་བཏང་བ་ཡིན་སྲིད། ཕྱིི་རོལ་བ་ལ་རྣམ་རྟོག་བྱེད་ཁུལ་གྱིས་སོ་སོས་བསྟན་སའི་ཡིད་དམ་དང་དད་པ་བྱེད་ཡུལ་དེ་དག་ཕྱི་རོལ་བའི་ལྷ་ཡིན་འདུག དེ་ནི་ང་གཅིག་བུ་མིན་པ་དེ་སྔོན་གྱི་བདག་དང་འདྲ་བ་བོད་མི་མང་པོ་ཞིག་གིས་དེ་ལྟར་བྱེད་ཀྱིན་ཡོད། དེ་ལྟར་བྱས་ནས་མི་ཚེ་བཏང་བཞིན་ཡོད། ཚེ་གང་གཞན་གྱི་གཡོ་འོག་ཏུ་ཚུད་ནས་མི་ཚེ་བཏང་བཞིན་ཡོད། དེ་ལྟར་བྱས་ན་སྙིང་རྗེ་མ་རེད་དམ།
དོན་དངོོས་སངས་རྒྱས་ཆོས་ལུགས་ནི་རྒྱ་གར་གྱི་གནའ་བོའི་རིག་བྱེད་དང་ཆོས་ལུགས་གཞན་མང་པོ་ནས་ལག་ཆ་བླངས་ཤིང་ལེགས་བསྡུས་མཛད་ཅིང་། ལྷག་པར་དུ་སེར་སྐྱ་བའི་ཆོས་ལུགས་ནས་མང་པོ་ཞིག་ནང་འདྲེན་བྱས་འདུག ༼ཁོམ་པ་ཡོད་དུས་དེའི་སྐོར་མང་དུ་ཞུས་ཆོག༽ དེ་བཞིན་བསླབ་པ་གསུམ་དང་དགྲ་གཅོམ་གྱི་གོང་འཕང་སོགས་རྒྱ་གར་གནའ་ཆོས་ལས་ཚུལ་བཞིན་བླངས་བ་མ་ཟད། བསླབ་པ་གསུམ་ནི་ཕྱི་རོལ་བའི་བསླབ་གསུམ་ལས་ལྷག་པ་ཡིན་ཚུལ་དང་། དགྲ་བཅོམ་གྱི་གོང་འཕང་ནི་ཉོན་སྒྲིབ་སྤངས་བའི་གནས་ཚད་ཡིན་པས། ཕྱི་སངས་གཉིས་ཀས་དེ་ལྟར་འགྲུབ་ཀྱང་ཕྱི་རོལ་བས་བདག་མེད་རྟོག་པའི་ཤེས་རབ་ངོས་མ་ཟིན་པས། དེ་ལས་ལྷག་གི་འགྲོ་ས་མེད། འོན་ཀྱང་། སངས་ཆོས་ལ་བདག་མེད་རྟོགས་པའི་ཤེས་རབ་རྟོགས་པའི་ལམ་ཁ་ཡོད་པས། ཤེས་སྒྲིབ་སྤངས་བའི་ཐབས་ལམ་ཡོད་ཕྱིན། མཐའ་ཐུག་གི་སངས་རྒྱས་ཀྱི་གོང་འཕང་ཐོབ་ཐབས་སངས་ཆོས་ཁོ་ན་ལ་ཡོད་པ་འདོད། མ་ཟད་བདེན་གཉིས་ཀྱང་ཕྱི་རོལ་བའི་གྲུབ་མཐའ་ལ་འཇོག་ཚུལ་ཡོད། དེ་དག་ལ་འགྲེལ་བཤད་མ་འདྲ་བ་གནང་བ་ཙམ་ལས་ཚིག་ཀྱང་ཇི་མ་ཇི་བཞིན་དུ་རྒྱ་གར་གྱི་གནའ་ཆོས་གཞན་ལས་བླངས་ཤིང་། ཁ་ཤས་རང་སར་བཞག་པའང་མང་དུ་ཡོད་པས་སངས་ཆོས་ནི་གནའ་བོ་རྒྱ་གར་གྱི་མང་མཉམ་སྦྲེལ་གྱི་ཐོན་རྫས་ཤིག་ཡིན་པ་སྙོན་མེད་རེད། དེ་ནི་སངས་ཆོས་གཅིག་བུ་མིན་པ་ཆོས་ལུགས་ཚང་མའང་དེ་བཞིན་རེད།
སྐབས་དེ་དུས་རྒྱལ་བ་པའི་ཆོས་ལུགས་ཀྱང་སངས་ཆོས་དང་ལྷན་དུ་གསར་བཏོད་མཛད་འདུག སྤྱོད་པ་འཚེ་བ་སྤངས་བའི་ཐབས་ལམ་སྟེང་ནས་བཤད་ན་རྒྱལ་བ་བའི་ཆོས་ལུགས་སངས་ཆོས་ལས་ཡག་པ་ཉམས་ཞིབ་པ་མང་པོས་གླེང་བཞིན་འདུག དོན་དངོས་ཀྱང་དེ་ལྟར་སེམས། གང་ལྟར་དུས་དེ་དུས་ནས་རྒྱ་གར་ནང་ཆོས་ལུགས་གསར་བཏོད་མཛད་ནས་མི་མང་ལ་དབང་སྒྱུར་བྱ་བའི་འགྲན་བསྡུར་འདུག
ཆོས་ལུགས་མཁན་པོ་རྣམས་སྤྱང་པོ་འདུག དང་པོ་རང་ཉིད་ཀྱི་གསར་བཏོད་མཛད་པའི་ཆོས་ལུགས་དེ་མང་ཁྲོད་དུ་ཁསལེན་ཡོད་པའི་ཆོས་ལུགས་དུས་གང་ཞིག་ཡིན་ཡང་དེའི་ཆ་ཤས་ཡིན་ཚུལ་སྨྲས་ནས་དར་སྤེལ་བཏང་། རིིམ་བཞིན་རང་རྐང་ཚུགས་ཚེ་ཆོས་ལུགས་དེ་མིན་ཞིང་། རང་སྐྱ་འཕེལ་བའི་ཆོས་ལུགས་ཤིག་ཡིན་པ་གླེང་མཁན་ཡང་ཆོས་དཔོན་མང་པོ་འདུག སངས་ཆོས་ཀྱང་ལོ་མང་པོའི་རིང་ལ་ཧིན་ངྷིའི་དར་ཁྱབ་ཆེ་བའི་ཡུལ་གྲུ་ཁག་ཏུ་སངས་ཆོོས་ནི་ཧིན་ངྷིའི་ནང་ཁུལ་གྱི་ཆོོས་ལུགས་ཤིག་ཡིན་པ་ངོས་འཛིན་བྱས་ཤིང་། སྟོན་པའང་ཧིན་དྷིའི་ལྷ་ཆེན་དྲུག་གི་གྲས་སུ་བཀོད་པའི་དཔར་ཡང་ད་ལྟ་མཐོང་ཡ་འདུག མ་ཟད་ཧིན་རྒྱལ་མང་པོས་ནང་བའི་ལྷ་ཁང་བཞེངས་འདུག
འདི་ལྟར་བསམ་བློ་བཏང་ཚེ་སངས་ཆོས་ཀྱི་འཇིག་རྟེན་ལྟ་སྟངས་དེ་ཐུབ་པས་དངོས་སུ་གསུངས་ཡོད་ཀྱང་། ཕྱིས་སུ་རྗེས་འཇུག་པ་རྣམས་ཀྱི་རང་མོས་ཀྱིས་འགྲེལ་བཤད་གནང་ཁར། འགྲེལ་བཤད་རྒྱག་སྟངས་དེ་དང་ཐུབ་པས་གསུངས་སྟངས་དེ་དག་དུས་དང་སྟུན་ནས་ཡར་རྒྱས་དང་ཁ་གསབ་གནང་འདུག དེ་ནི་གསལ་བོ་རེད།
ཡ་ཡ་དེ་རིང་དེ་ཙམ་བྱོས། བདེ་མོ། ཉིད་དང་བསམ་ཚུལ་བརྗེ་རེས་བྱས་བ་ཡག་བྱུང་།
འདིར་ཁྱེད་རྣམ་པས་བགྲོ་གླེང་ཡག་མོ་གནང་འདུག མང་ཆེ་བ་ཞིབ་པར་བཀླགས་ཡོད། ད་མང་པོ་མང་པོ་བཤད་ཡོང་དུས་འབབ་ས་གཅིག་པ་ཡིན་ས་རེད་མི་འདུག་གམ། །
ཆོས་ནི་ཆོས་པས་གནང་ངོ་།
ཆོས་པའང་ཆོས་ཀྱི་ཚིམ་མོ།
བསླུ་བ་བྱུང་ན་ཇུས་སོ།
བསླུ་མེད་གནས་པ་ཆོས་སོ།
ཆོས་ཀྱིས་འགྲོ་བ་བདེ་བ།
ཇུས་ཀྱིས་རང་ཉིད་བདེ་བ།
ཇུས་ངན་ཁ་དཀར་གཏིངས་ནག།
སྲོག་གི་གཤེད་མར་བཞེངས་འདྲ།
སྲོག་ལ་སྲོག་ལན་དགོས་ན།
ལྟས་ངན་མའོ་ཙེ་ཏུང་ལ།
ཅི་ཆད་འདི་ཆད་མེད་པར།
འགྲོ་ལ་ཆད་ནས་ཕྱིན་སོང་།
ཏང་ངོར་བྲིས་བྲིས་མང་ངོ་།
རྨོངས་སམ་སྨྱོ་བས་བྲིས་འདྲ།
ལོ་གསུམ་ལོ་བཞིའི་རྗེས་ལ།
ཁོང་ཚོས་ཁོ་ཚོ་མི་ཤེས།
གཡས་གཡོན་ནོར་འཁྲུལ་ཡིན་འགྲོ།
འཁོ་བའི་མགོ་དང་ཟུང་ཁྲག
ལུག་གི་རུལ་མ་གཏོང་གཏོང་།
བ་མོས་གཉང་བ་ཤོར་ཤོར།
ཕ་མགོ་ཤོར་བའི་རྗེས་ལ།
བུ་མགོས་ཏང་ལ་གཏུད་པས།
ལྟས་ཕྲུག་ཨ་ནུ་ཐང་བ།
སྔོན་ཐོན་དཔའ་རྒོལ་འདྲ་བྱུང་།
འཇམ་དབྱངས་ནི་འཇིག་བྱེད་དྲག་ཏུ་ཁྲོས་བ་ཡིན་ཞིང་། འཇིག་བྱེད་ནི་ཧིན་དྷིའི་རིག་བྱེད་གཏམ་རྒྱུད་ཀྱི་གནའ་བོའི་རྒྱ་གར་ལྷ་སྒྲུང་རིང་ལུགས་པས་བཟོས་བའི་ལྷའམ། མི་རྒོད། དབུ་ཁྲིད་ཅིག་ཡིན་པས། མཐའ་དེད་ན་རིག་བྱེད་ལ་ཐུག་འདུག དེ་ལྟར་ཡིན་ན་རྗེ་གཙང་ཁ་པས་ཕྱི་རོལ་བའི་ཡིད་དམ་བསྟན་པས་ཕྱི་རོལ་བར་གྱུར་བར་མ་ཡིན་ནམ།
ཨ་ནུ་ཐང་བསོད་ནམས་ཀྱིས། འཇམ་དབྱངས་ནི་འཇིག་བྱེད་དྲག་ཏུ་ཁྲོས་བ་ཡིན་ཞིང་། འཇིག་བྱེད་ནི་ཧིན་དྷིའི་རིག་བྱེད་གཏམ་རྒྱུད་ཀྱི་གནའ་བོའི་རྒྱ་གར་ལྷ་སྒྲུང་རིང་ལུགས་པས་བཟོས་བའི་ལྷའམ། མི་རྒོད། དབུ་ཁྲིད་ཅིག་ཡིན་པས། མཐའ་དེད་ན་རིག་བྱེད་ལ་ཐུག་འདུག དེ་ལྟར་ཡིན་ན་རྗེ་གཙང་ཁ་པས་ཕྱི་རོལ་བའི་ཡིད་དམ་བསྟན་པས་ཕྱི་རོལ་བར་གྱུར་བར་མ་ཡིན་ནམ། ཟེར་་་་་
ཧིནདྷུ་ཆོས་ལུགས་དང་ཧིན་དི་སྐད་ཡིག་ལ་གོ་བའི་ཚུལ་ཤེས་ནས་འཇིགས་འཇིགས་དང་འཇམ་འཇམ་མོལ་ན་མཛེས།
ལྷ་དེ་ཚོའི་ཁུངས་ཧིན་དུ་ལ་ཐུག་སོང་ན་བསྐྱེད་རིམ་རྫོགས་རིམ་སྦྱོར་དྲུག་སོགས་ཀྱི་ཆོས་སྤྱོད་དེ་ཚོའི་མཐའ་འབྲས་གང་དུ་འགྲོའམ། བཤད་རིམ་བཞིན་དུ་ཙི་གུའི་རྔ་མ་ཇེ་ཕྲ་ལ་འགྱུར་འགྲོ་ས་མ་རེད་དམ།
འཇིགས་བྱེད་དེ་རིག་བྱེད་ལ་ཐུག་པའི་ཁུངས་ལྡན་གྱི་ཡིག་ཆ་སྔོན་ལ་ང་ཚོར་གནོངས་དང་། དེ་ནས་ང་ཚོས་འཇིགས་བྱེད་དེ་རིག་བྱེད་ཀྱི་ལྷ་མིན་པའི་གྲུབ་བྱེད་ཡིག་ཆ་འབུལ་ཆོག
ད་དཔྱོད་ལྡན་བགྲོ་གླེང་ལ་པ་ཚོས་རྩོམ་གྱི་གཞི་རྩའི་བརྗོད་གཞི་ལས་ཁ་གྱེས་ནས་འབྲེལ་མེད་དོན་གཞན་ཞིག་ལ་སླེབས་སོང་བས་བགྲོ་གླེང་དེ་བརྗོད་གཞི་ངོ་མའི་སྟེང་དུ་འབབ་པར་འབད་བརྩོན་བྱེད་རེགས། རྩོམ་པ་པོ་རང་གིས་ཀྱང་དེ་ལུགས་གསལ་འདེབས་ཞུ་རོགས།
ཨ་ནུ་ལགས།
འཇིག་རྟེན་བཀོད་པ་པོ་མི་འདོད་ཀྱང་བདག་མེད་པ་དང་སྟོང་ཉིད་མི་འདོད་ལ། ཆོས་རྣམས་རང་ངོས་མེད་པའི་སྟོང་ིད་སྨྲ་བ་ནི། སང་རྒྱས་པ་ཉིད་བསམ་པ་དང་བཅས།།
ལོ་གསར་ལ་བཀྲིས་བདེ་ལེགས།།
དྲ་གྲོགས་རྣམ་པས་དགོངས་ཚུལ་གསུངས་བ་ཡག་བྱུང་། ཡིན་ཡང་ང་ཚོས་གླེང་བཞིན་པ་ནི་བརྗོད་གཞི་དང་འབྲེལ་བ་ཁོ་ན་ལས་བརྗོད་གཞི་གཞན་ཞིག་དང་འབྲེལ་བ་མི་འདོད། རྒྱུ་མཚན་ནི། རྩོམ་ཡིག་གི་བརྗོད་གཞི་ནི་ཆོས་བྱེད་མི་སྣ་ཚོས་གཡོ་བྱུས་དང་གཡོ་འགུག་ཡིན་ཕྱིན། དེ་སྔོན་དུས་ཅི་ལྟར་བྱས་ནས་བྱུང་མིན་དང་། ད་ལྟ་ཅི་ལྟར་བྱེད་མིན། ཁ་ཕྱོགས་ཅི་འདྲ་ཞིག་བྱས་ནས་འཕེལ་རྒྱས་བྱུང་མིན་སོགས་བརྗོད་ཆོག་ལ། བརྗོད་འོས་བ་ཞིག་ཀྱང་རེད། དེ་བརྟེན། དེ་ག་འདྲ་བྱས་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་འཚར་ལོངས་བྱུང་མིན་རྟོགས་རྒྱུ་དང་། དེ་ལ་ཞིབ་འཇུག་བྱེད་རྒྱུ་ནི་རྫུན་གྱི་འབྱུང་ཁུང་རྟོགས་པའི་གསོས་སུ་གྱུར་བས་གལ་གནད་དུ་ཁུམས།
དེ་རྗེས་སུ་བོད་དང་ལུང་པ་གཞན་དུ་ཅི་ལྟར་འཕེལ་མིན་དང་། ད་ལྟ་སྤྱི་ཚོགས་གཞན་དུ་ཅི་ལྟར་བྱས་ནས་དར་ཁྱབ་འགྲོ་བཞིན་ཡོད་མེད། དར་ཡུལ་གྱི་མི་རྣམས་ཀྱིས་དེ་ལ་ངོས་འཛིན་ག་འདྲ་བྱེད་ཀྱིན་ཡོད་མེད་སོགས་ལ་རྒྱུས་ལོན་བྱེད་རྒྱུ་ནི། ཆོས་ལུགས་ཀྱི་དངོས་བོ་ར་སྤྲོད་བྱུང་བར་ཕན་ཐོགས་བླ་མེད་དུ་ཡོད་པས། དེ་དག་གླེང་ཡ་དང་གྲོས་བསྡུར་བྱེད་ཡ། ཞིབ་འཇུག་བྱེད་རྒྱུ་ནི་གནད་དུ་ཁུམས། དད་པ་སྒོམ་མཁན་ཡོད་ན་རང་མོས་རེད། ཡིན་ཡང་། དེ་དག་ནི་གནས་ཚུལ་རྟོགས་རྒྱུ་ནི་ཆོས་ལུགས་ལ་དགའ་མཁན་དང་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཧ་ཅང་གི་གལ་གནད་དུ་མཐོང་ངོ་།