ནམ་མཁའ།
ལུས་རྟེན་གཅིག་ལ་སྒྲིབ་གཉིས་སྤངས་བའི་ཐབས།།
ཐབས་ཤེས་ཟུང་གིས་འཐབ་མོ་བྱས་བའི་འབྲས།།
འབྲས་བུ་མངོན་གྱུར་སྐུ་བཞི་ཐོབ་པའི་རྟགས།།
ཕྱག་ཞབས་འཁོར་ལོའི་རི་མོ་ཅན་དེར་འདུད།།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་འགྲོ་བའི་དོན་དུ་བྱོན་ཚུལ་ལ། ཐུན་མོང་བའི་སྣང་ངོར་བཤད་ཚུལ་ཞིག་དང་། ཐུན་མོང་མ་ཡིན་སྣང་ངོར་བཤད་ཚུལ་གཉིས་ཡོད་པ་བཞིན། ངས་འདིར་ཐུན་མོང་བའི་སྣང་ངོར་བཤད་ཚུལ་དེ་གཞིར་བཞག་ནས། བདག་ཅག་གི་སྟོན་པ་འཁྲུངས་སྟངས་ལ་ཅུང་ཟད་དཔྱད་པ་བྱེད་འདོད་བྱུང་། དེ་ཡང་གདུལ་བྱ་ཐུན་མོང་བའི་སྣང་ངོར་མཛད་པ་བཅུ་གཉིས་མཛད་ཚུལ་གྱི་ནང་གསེས་སྐུ་བལྟམས་པའི་མཛད་པ་དེའི་སྐོར་ལ་ཅུང་ཟད་དཔྱད་ཆོག་པར་ཞུ།
དེ་ཡང་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་པའི་བོད་སོག་ཆོས་འབྱུང་དང་དེ་མིན་ཆོས་འབྱུང་མང་པོ་ཞིག་ཏུ། ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པར་བཞུགས་རྗེས་ལུམྦིའི་ཚལ་ཡོད་སར་ཕེབས་སྟེ། བྱང་ཆུབ་སེམས་དཔའ་ཡུམ་ལ་གནོད་པ་མེད་པར་གློ་གཡས་པ་དྲལ་ནས་ན་བཟའ་དང་བཅས་སྐུ་བལྟམས་ཞེས་གསུངས་པ་དང་། དུང་དཀར་རིན་པོ་ཆེ་ཡིས་ཀྱང་ཡུམ་སྒྱུ་འཕྲུལ་མའི་ཕྱག་གཡས་པའི་མཆན་ཁུང་ནས་འཁྲུངས་ཞེས་གསུངས་འདུག
ཡིན་ན་ཡང་གསུངས་འདི་ནི། གནའ་བོའི་བོད་ཀྱི་ནང་པ་སངས་རྒྱས་བའི་མཁས་པ་ཚོས་དད་པའི་སྟོབས་ཀྱིས་ལྷ་སྒྲུང་གི་རྣམ་པར་བཟོས་ཏེ་གསུངས་པ་ཞིག་མ་ཡིན་པར། རྒྱ་གར་ཁོ་རང་ཚོའི་ནང་པའི་གསུངས་རྒྱུན་ཞིག་རེད་སྙམ། དེའི་རྒྱུ་མཚན་ནི། རྒྱ་གར་གྱི་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་རི་མོ་དག་ལས་ཤེས་ཐུབ་ཀྱི་འདུག ཡིན་ན་ཡང་བདག་ཅག་གི་སྟོན་པ་སྐུ་བལྟམས་སྟངས་འདི་ཐུན་མོང་བའི་སྣང་ངོར་བཤད་ཚུལ་དང་ཤིན་ཏུ་ནས་མཐུན་པ་ཞིག་མ་རེད་སྙམ། དེས་རྐྱེན་འདི་ལ་དོགས་སློང་བྱེད་འདོད་བྱུང་།
སྤྱིར་བདག་ཅག་གི་སྟོན་པའི་མཛད་ཆེན་བཅུ་གཉིས་འདི་ལ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་མཛད་ཚུལ་དུམ་བུ་གཉིས་སུ་དགར་ན་འགྲིག་མོད། འོན་ཀྱང་དེ་རིང་འདིར་སྐུ་བལྟམས་སྟངས་ཁོ་ན་ལ་དཔྱད་ངེས་ཡིན། ཐོག་མར་ངས་འདིར་དྲི་བ་ཞིག་འགོད་འདོད་པ་ནི། རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཡུམ་སྒྱུ་འཕྲུལ་མའི་མཆན་འོག་ནས་འཁྲུངས་པ་འདི་ཐུན་མོང་བ་ཞིག་རེད་དམ། ཐུན་མོང་མ་ཡིན་པ་ཞིག་རེད། ང་རང་ལྟ་བུ་མི་ཕལ་བ་ཞིག་གི་ངོས་ནས་ལྟས་ཚེ་ཐུན་མོང་བའི་སྣང་ངོར་འཆར་དཀའ་བ་ཞིག་ཡིན་པ་མ་ཟད། ལྷ་སྒྲུང་གི་རྣམ་པ་ཞིག་ཏུ་མཐོང་བས་དུས་རྒྱུན་ཏུ་ནས་ཡིད་གཉིས་ཀྱི་གནས་སུ་ལྷུང་། ཐུན་མོང་མ་ཡིན་པའི་གནས་ཚུལ་ལ་སྔོན་སྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་སངས་རྒྱས་ཟིན་ཡང་། གདུལ་བྱ་ཐུན་མོང་བའི་ཆེད་འཇིག་རྟེན་འདིར་མིའི་རྣམ་རོལ་དུ་བྱོན་ཚུལ་བཤད་ཀྱི་ཡོད།
འོན་ཀྱང་མཛད་ཆེན་བཅུ་གཉིས་ཀྱི་ནང་གསེས་སྐུ་བལྟམས་པའི་གནས་ཚུལ་བཤད་དུས། ཐུན་མོང་མ་ཡིན་པ་ལྷའི་རྣམ་པ་ཅན་དུ་བཤད་ནས་འཇིག་རྟེན་མི་དང་ཡོངས་སུ་བརྒལ་ཡོད་པས་ནང་འགལ་ལྟ་བུ་ཞིག་ཏུ་མཐོང་སོང་བས། རྒྱ་གར་གྱི་བྲམ་ཟེའུ་རིགས་ཀྱིས་རིག་བྱེད་གཏམ་རྒྱུད་བཤད་ཚུལ་དང་འདྲེས་འདུག་སྙམ། གལ་སྲིད་ཨ་མའི་མཚན་མ་མི་གཙང་བའི་དེ་ལྟར་མཆན་ཁུང་ནས་འཁྲུངས་པ་རེད་ཟེར་འདོད་ཡོད་སྲིད། དེ་ལྟར་ཡིན་ན་ཡུམ་སྒྱུ་འཕྲུལ་མའི་སྤྱི་གཙུག་ནས་ཅི་ཞིག་ལ་མ་འཁྲུངས་པ་རེད་ཅེས་དྲི་བ་ཞིག་སླེབས་ངེས་རེད།
མིའི་རྣམ་རོལ་དུ་བྱོན་ཚེ་འཁྲུངས་སྟངས་ཡང་མིའི་རྣམ་རོལ་གྱི་འཁྲུངས་སྟངས་ལྟར་ཡུམ་སྒྱུ་འཕྲུལ་མའི་མཚན་མ་ནས་འཁྲུངས་ཚུལ་བཤད་ན་ཀུན་དང་མཚུངས་བ་ཞིག་ཡིན་མོད། འོན་ཀྱང་ཨ་མའི་མཆན་ཁུང་ནས་འཁྲུངས་ཚུལ་བཤད་པ་འདི། ཡེ་ཤུ་སྟོན་པའི་ཨ་མའི་འཁྲིག་སྤྱོད་རྩ་བ་ནས་མ་བྱས་བར་ཡེ་ཤུ་སྟོན་པ་འཁྲུངས་ཚུལ་བཤད་པ་དང་གཅིག་མཚུངས་རེད་སྙམ། རྗེས་ནས་ཡེ་ཤུ་ཆོས་ལུགས་པ་དང་ཚན་རིག་པ་ཚོས་བར་འགལ་ཟླ་མི་ཉུང་བ་ཞིག་ཤོར་ཏེ། ཡེ་ཤུ་སྟོན་པའི་འཁྲུངས་སྟངས་དང་མཛད་རྣམ་ལ་ལྷན་པ་གང་མང་བརྒྱབ་ཚུལ་དེང་སང་ཚན་རིག་པ་མང་པོས་བཤད་ཀྱི་འདུག་ལ་གློག་བརྙན་ཡང་འགའ་རེ་མཐོང་བ་ཡོད།
དེས་རྐྱེན་བདག་ཅག་གི་སྟོན་པ་ཡང་ཡུམ་སྒྱུ་འཕྲུལ་མའི་མཚན་མ་ནས་འཁྲུངས་ཚུལ་བཤད་ཚེ། ནང་པ་སངས་རྒྱས་བའི་གཟི་བརྗིད་དང་རིག་པའི་འགྲོ་ལུགས་དང་མཐུན་པ་ཞིག་ཡིན་ལ། མ་ཟད་དེང་སང་འཇིག་རྟེན་འདིའི་ཐོག་ན་ཚན་རིག་པ་ཚོས་ཡིད་སྨོན་འཆོར་སའི་ཆོས་ཁོ་ན་ཞིག་ཡོད་པ་ནི་བདག་གི་སྟོན་པའི་གསུངས་བའི་ཆོས་ཁོ་ན་ཡིན་པས། འཁྲུངས་སྟངས་ཡང་མིའི་འགྲོ་ལུགས་དང་མཐུན་པར་བཤད་ན་ཤིན་ཏུ་ལེགས་སྙམ།
གཉིས་པ། རབ་ཏུ་བྱུང་རྐྱེན།
བདག་ཅག་སྟོན་པ་རབ་ཏུ་བྱུང་བའི་རྒྱུ་རྐྱེན་ནི། ནང་པའི་གཞུང་ལུགས་རྣམས་སུ་རྒྱལ་གཞོན་ནུ་གཞོན་ནུ་དོན་འགྲུབ་འཁོར་དང་བཅས་ཕོ་བྲང་ཕྱི་རོལ་ཏུ་སྤྲོ་འཆམ་ལྟ་བུ་ཕེབས་དུས། ཕོ་བྲང་གི་ཤར་ལྷོ་ནུབ་བྱང་གི་སྒོ་བཞི་ལས་རིམ་པ་ལྟར། རྒ་བ་དང་ན་བ། འཆི་བ། དགེ་སློང་ངུར་སྨྲིག་འཛིན་པ་སོགས་གཟིགས་པའི་རྐྱེན་བྱས་ཏེ། རྒྱལ་སྲས་གཞོན་ནུའི་ཐུགས་སུ་ངེས་འབྱུང་བཅོས་མ་ཡིན་པ་འཁྲུངས་ཚུལ་ཙམ་ལས་བཤད་མེད་མོད། འོན་ཀྱང་དེའི་སྔ་རོལ་དུ་རྒྱལ་སྲས་ཀྱི་ཐུགས་སུ་མི་ལ་སྐྱེ་རྒ་ན་འཆི་ཡོད་པ་མ་ཤེས་པ་རེད་དམ་ཅེས་དྲི་བ་ཞིག་སླེབས་ངེས་ཡིན་ལ། མ་ཟད་སྐྱེ་རྒ་ན་འཆི་ཡོད་པ་མཐོང་བ་དེ་ཙམ་གྱིས་རྒྱུ་ནོར་ལོངས་སྤྱོད་དང་ལྡན་པའི་རྒྱལ་སྲས་ཞིག་གི་ཐུགས་སུ་ངེས་འབྱུང་བཅོས་མ་མ་ཡིན་པ་ཞིག་འཁྲུངས་སླ་བ་ཞིག་ག་ལ་ཡིན། རྒྱུ་མཚན་ནི། བཅོམ་ལྡན་འདས་རང་ཉིད་ཀྱི་གསུངས་ལས་ཀྱང་སྡུག་བསྔལ་མེད་ན་ངེས་འབྱུང་མི་སྐྱེས་གསུངས་ཡོད་པས། ང་ཚོས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཡང་དཔྱད་པ་བྱེད་རྒྱུ་གལ་ཆེན་རེད།
སྐབས་དེའི་སྤྱི་ཚོགས་ནི་སྤྱི་ལོ་སྔོན་གྱི་དུས་རབ་ལྔ་བ་དང་དྲུག་པའི་བར་སྐབས་ལ་འཁེལ་ཡོད་པས། དེའི་སྐབས་རྒྱ་གར་གྱི་སྤྱི་ཚོགས་ནི་རིགས་རུས་ཀྱི་འཐབ་རྩོད། རྒྱལ་ཕྲན་ཕན་ཚུན་བར་དམག་འཁྲུགས་སོགས་བྱུང་བའི་རྙོག་འཛིངས་ཆེ་བ་མ་ཟད། སྐབས་དེར་སེར་སྐྱའི་རྒྱལ་ཕྲན་ལ་མཚོན་ན། དཔལ་འབྱོར། དམག་དོན་སོགས་ཀྱི་ཆ་ནས་རྒྱལ་ཕྲན་གཞན་པ་བསྡུར་ན་སྟོབས་ཆུང་ཤོས་དེ་ཡིན་སྲིད་པས་རྒྱལ་ཕྲན་གཞན་གྱིས་བཙན་འཛུལ་ལ་འཇིགས་དགོས་བའི་གནས་ཚུལ་བྱུང་ཡོད་པར་སྙམ། མ་ཟད་སྐབས་དེར་རིགས་རུས་དབྱེ་འབྱེད་ཀྱི་འཐབ་རྩོད་འདིས་མི་དམངས་དཀྱུས་མའི་དམངས་རིགས་ལ་སོགས་རིགས་དམའ་བའི་མི་དམངས་རྣམས་འགྲོ་འདུག་སྡོད་གསུམ་གྱི་དཀའ་ངལ་ཡང་། དུད་འགྲོ་བཞིན་བྱུང་ཡོད་པས་གནས་ཚུལ་འདི་དག་མང་པོ་ཞིག་ལ་གཟིགས་ཏེ་ངེས་འབྱུང་བཅོས་མ་མ་ཡིན་པ་ཞིག་འཁྲུངས་པ་ལ་ཐེ་ཚོམ་མེད་པར་སྙམ་ལ། བཅོམ་ལྡན་འདས་རང་གིས་ཀྱང་ངའི་བསྟན་པ་ལ།རིགས་མི་གཙོ། རུས་མི་གཙོ། བསླབས་པ་གཙོ་གསུངས་པ་ཡང་འདི་འདྲ་ཞིག་མིན་ནམ་སྙམ། གང་ལྟར་བདག་ཅག་གི་སྟོན་པའི་འཁྲུངས་སྟངས་ལ་དོགས་པའི་དབང་གིས་བསམ་ཚུལ་ཕྲན་བུ་བྲིས་པ་འདིས། ལྷ་སྒྲུང་ལ་དད་པའི་སྤུ་ལོང་གཡོ་བའི་གྲོགས་པོ་ཚོས་ཁ་གཉེར་དང་སྣ་གཉེར་བྱས་ཏེ་ཁ་རྡུང་སྒྱོགས་རྡོ་འདྲ་འཕངས་ཀྱང་ཆོག
རྟོག་པའི་སེམས་ཀྱིས་བྲིས་བའི་ལྷ་སྒྲུང་རིང་མོ་ལ།།
དད་པའི་སྤུ་ལོང་གཡོ་བའི་མིག་ལ་མི་མཛེས་ཀྱང་།།
རྟོན་པ་བཞི་ཡི་རྗེས་འབྲངས་རིག་པའི་ཞིང་ས་རུ།།
ཡིན་མིན་དཔྱད་ལ་ནས་འབྲུའི་ས་བོན་ཅུང་ཟད་བཏབས།།
རྟོག་པའི་ལྷ་མོར་འཁྲུངས་བའི་གེ་སར་སྒྲུང་གི་བུས།།
ཤེད་ཀྱིས་སྒྱོགས་རྡོ་འཕངས་ཀྱང་དགའ་བསུ་ཡོད།།
ཤེས་རབ་ལྷ་མོར་འཁྲུངས་བའི་རིག་པའི་བུས།།
བདེན་མིན་དཔྱད་ལ་རེ་བ་ཅུང་ཟད་མཆིས།།
ཁ་བརྡ་རྩོམ་སྒྲིག་པ་ལགས།རི་མོ་གཉིས་བསྐུར་ཡོད་པའི་དེ་འཇོག་པའི་རེ་བ་ཤིན་ཏུ་ཆེ།
– -ཧ ཧ ནམ་མཁའི་པདྨོ་བཞད་འདུག། ལོག་རྟོག་དྲི་མ་ཐུལ་སེ།།མ་དག་འུག་པའི་མིག་ལ།།ཉི་མ་མི་མཛའ་བདེན་ནོ།།
ངས་བསམ་ན་རྒྱུ་མཚན་འདུག་དྲན་་་ཡག་པོ་ཞིག་བྲིས་འདུག་་་ང་ཚོས་དོད་པ་རྐྱང་པ་རྗེས་སུ་འགྲོ་སྡོད་ན་ཡག་པོ་མི་འདུག་
ནང་ཆོས་ཀྱི་རེ་བ་ཚན་རིག་བཅོལ་ན། རང་ཉིད་ནང་ཆོས་ཀྱིས་ཕོངས་པའི་རྟགས་རེད་དོ།།
ཚན་རིག་བཅོལ་ན།
འདི།
ཚན་རིག་ལ་བཅོལ་ན།
ལྷ་གྲུང་མེད་པའི་ཆོས་ཞིག་ག་ན་ཡོད། །
ཆོས་ནང་ཡོད་ཚད་བདེན་པར་འཛིན་དགོས་མེད། །
གཞོན་ནུ་དོན་གྲུབ་གློ་གཡས་འཁྲུངས་ཀྱང་སྲིད། །
གློ་གཡས་འཁྲུངས་ན་ཚན་རིག་བརྒལ་དོན་མེད། །
བརྒལ་དོན་མེད། །
འདི།
འགལ་དོན་མེད།
ནང་ཆོས་ཚན་རིག་ལ་བཅོལ་བ་ཞིག་བྲིས་མི་འདུག ཀརྡོ་ལགས།གནས་ལུགས་བཤད་མ་ཤེས་བར་གད་མོ་ཤོར་ནས་ཅི་ཕན།པད་མ།ཡོད་ན་གནས་ལུགས་རྒྱུ་མཚན་རིག་པས་སྒྲུབ མཆན་ཁུང་ནས་འཁྲུངས་ཆོག་ན་ཀླད་གཙུགས་འཁྲུངས་ན་གཙང་མ་རེད་ཟེར་བས་བདེན་པ་འདྲ་མཐོང་སོང་སོང་།
མཆན་ཁུང་ནས་འཁྲུངས་ཚུལ་བཤད་པ་དེ་སྔོན་མ་གྷི་རིག་གི་ལྷ་དང་ལྷ་མོ་འཁྲུངས་ཚུལ་དང་འདྲ་པོ་འདུག་ལ། རྒྱ་གར་ལ་རིགས་དབྱེ་བས། བྲམ་ཟེ་མགོ་དང་འདི་ནས་མར་རིམ་བཞིན་རིགས་རྣམས་དབྱེ་བས། འདི་དང་འབྲེལ་བ་ཨེ་ཡོད།
གང་ལྟར་སྟོན་པ་མཆན་ཁུང་ནས་འཁྲུངས་མེད་པ་དེ་ང་ཚོས་ཤེས་དགོས་ལ། ཡུམ་སྒྱུ་ཕྲུལ་མའི་སྐུ་ཕུང་གསོན་པོ་ཞིག་མ་བརྙེད་བར་དུ་གནས་ལུགས་འདི་ལ་བསྒྱུར་བ་གཏོང་ཐབས་མེད། ང་ཚོས་སྟོན་པ་སྐུ་གཤེགས་དུས་མི་ཕལ་པ་ལྟར་གཤེགས་པ་ལས། གནམ་ལ་ཕུར་བ་དང་ས་ལ་འཐིམས་པ་སོགས་བྱུང་མེད་པས། དེ་མཚུངས་འཁྲུངས་ཚུལ་ཡང་སྐྱེ་བོ་སྤྱི་དང་མཐུན་པ་ལས་དམིགས་བསལ་རྣམ་རྟོག་ཆེ་དྲག་ན། གསེར་སྐུ་རག་ལ་གཏོང་སྲིད།
ནམ་མཁའ་དང་རིན་ཆེན་གཉིས་ཀྱིས་ལྷ་བབས་དུས་ཆེན་ཇི་ལྟར་བརྩིས་སམ། སྟོན་པ་ལྷ་ཡུལ་དུ་ཕེབས་ནས། ཡུམ་ལ་ཆོས་གསུངས་པ་ཁས་མི་བླངས་སམ། ལགས།
འུ་ཚང་གི་སྟོན་པ་སྐྱེ་ས་ནས་མ་སྐྱེས་པར་མི་སྐྱེ་ས་ཞིག་ནས་སྐྱེས་འདུག་པས་ཚན་རིག་པ་ཚོ་མ་ཟད་སྤྱི་བཏང་གི་མི་ཞིག་གིས་ཀྱང་ཁས་ལེན་ཁག་པོ་རེད་་་་་རྟོག་སྒྲུང་བཟོ་བ་ལས་དངོས་ཡོད་བྲིས་པ་ཡག་པོ་མི་འདུག་གམ
རྒན་ཀརྡོ་ལགས།ལྷ་ལས་བབ་པ་དེ་སྟོན་སངས་རྒྱས་ཟིན་རྗེས་ཀྱི་སྐད་ཆ་ཞིག་རེད།དེ་དུས་སྟོན་པ་ལ་འཇིག་རྟིན་སྟེང་ལྐོག་གྱུར་མེད་ལ།རྫུ་འཕྲུལ་ལ་མངའ་ཡོད།
# 12 རིན་ཆེན་ལགས།
སངས་རྒྱས་ལྷ་ཡུལ་ཕེབས་པར་འདོད་ཐུབ་ན། ད་འགྲིག་སོང་། དགའ་ལྡན་ནས་ཡུམ་གྱི་ལྷུམས་སུ་རང་དབང་གིས་བཞུགས་མཁན་དེ། མི་ཕལ་པ་ཅིག་ཏུ་བརྩིས་ག་ལ་རུང་ངོ་།།
# 11 ཆུ་ཐིགས་སྔོན་མོ་ལགས།
ཡུམ་གྱི་མཆན་ཁུངས་ནས། འཁྲུངས་སྟངས་འདི། རྟོག་སྒྲུང་ཅིག་བཟོས་པ་ཡིན་པའི་ངེས་པ་མེད།
ཚན་རིག་གིས་འདོད་པའི་ཡ་མཚན་དངོས་འབྱུང་།
http://www.youtube.com/watch?v=pNxIlpdVr0E
གཞོན་ནུ་དོན་གྲུབ་འཁྲུངས་ས་ཤིང་སྡོང་འོག་ལ་རེད། སངས་རྒྱས་ས་ཤིང་སྡོང་འོག་ལ་རེད། མྱ་ངན་ལས་འདས་ས་ཤིང་སྡོང་འོག་ལ་རེད། འདི་ཡང་རྟོག་བཟོར་མཐོང་ངམ།
ཤཀྱ་ཐུབ་པ་མི་འདྲ བ་ཞིག་རེད། འཁྲུངས་སྟངས་མི་འདྲ་བ་བྱས་ཏེ་འཁྲུངས་ན་ཉེས་པ་ཨེ་ཡོད། མ་གཞི་འགྲིག་མ་འགྲིག་ཚང་མ་ཚན་རིག་པ་ཡིན་ན་ཅིག་གིས་ཐག་གཅོད་དགོས་པའི་ཁྲིམས་སུས་བཅས། རྒྱ་ལ་ཡོད་ཚད་ཚན་རིག་དང་མཐུན་དགོས་པའི་དབང་དུ་བཏང་ཡང་བྱིས་པ་ཞིག་མཆན་ཁུངས་ནས་བཙས་མི་ཆོག་པ་ཞིག་བཤད་ཡོད་དམ།
དེ་དང་བསྟུན་ནས་ངས་ཀྱང་དོགས་པ་ཞིག་བསླངས་འདོད།
སངས་རྒྱས་ཁྱིམ་ལ་བྲོས་ནས་རྒྱལ་སྲིད་སྤངས་དུད་དགུང་ལོ་༢༩ རེད། དེའི་རྗེས་སུ་དགུང་ལོ་སོ་ལྔའི་ཐོག་རྡོ་རྗེ་གདན་དུ་སངས་རྒྱས་པ་རེད། སྐབས་དེར་སྐར་རྩིས་ཀྱི་བཤད་ཚུལ་ལ་ཟླ་བ་སྒྲ་གཅན་གིས་བཟུང་བའི་དུས་སུ་ཁེལ་ཡོད་སྟབས་གྲགས་འཛིན་མ་ལ་ཡང་སྟོན་པའི་སྲས་གཅིག་འཁྲུངས་བར་མིང་ལ་སྒྲ་གཅན་འཛིན་ཞེས་བཏགས་པར་བཤད།
གྲགས་འཛིན་མ་ཤཀྱཱ་ཐུབ་པ་དང་ཁ་བྲལ་ནས་ལོ་དྲུག་གི་རྗེས་སུ་གཞི་ནས་ཤཀྱཱ་ཐུབ་པའི་བྱིས་པ་བཙས་པ་འདི་ལ་བསམ་ན་སྒྲ་གཅན་འཛིན་འདི་སྟོན་པའི་བུ་རྒྱུད་དངོས་གནས་དེ་མིན་པ་འདྲ།
གཞན་བོད་དང་རྒྱ་གར་གི་དཔེ་ཆ་མང་བོ་ན་སྒྲ་གཅན་འཛིན་མངལ་དུ་ཟླ་བཅུ་སྦྲུམས་པར་བཤད་འདུག
ཀརྡོ་ལགས།ནམ་མཁས་འདིར།གཞོན་ནུ་དོན་འགྲུབ་ཤིང་སྡོང་འོག་གི་འཁྲུངས་པ་ལ་རྟོག་བཟོ་རེད་ལབ་མི་འདུག ཡུམ་གྱི་མཆན་ཁུང་ནས་འཁྲུངས་ཟེར་བ་དེ་རྟོག་བཟོ་རིག་བྱེད་གཏམ་རྒྱུད་དང་འདྲེས་འདུག་ཟེར།
༼# 17 དབྱངས་ཅན་དགྱེས་པའི་བློ་གྲོས།་ལགས་ཀྱིས་མཆན་བཏབ་པ།:
February 12th, 2014 at 3:19 AM
དེ་དང་བསྟུན་ནས་ངས་ཀྱང་དོགས་པ་ཞིག་བསླངས་འདོད།
སངས་རྒྱས་ཁྱིམ་ལ་བྲོས་ནས་རྒྱལ་སྲིད་སྤངས་དུད་དགུང་ལོ་༢༩ རེད། དེའི་རྗེས་སུ་དགུང་ལོ་སོ་ལྔའི་ཐོག་རྡོ་རྗེ་གདན་དུ་སངས་རྒྱས་པ་རེད། སྐབས་དེར་སྐར་རྩིས་ཀྱི་བཤད་ཚུལ་ལ་ཟླ་བ་སྒྲ་གཅན་གིས་བཟུང་བའི་དུས་སུ་ཁེལ་ཡོད་སྟབས་གྲགས་འཛིན་མ་ལ་ཡང་སྟོན་པའི་སྲས་གཅིག་འཁྲུངས་བར་མིང་ལ་སྒྲ་གཅན་འཛིན་ཞེས་བཏགས་པར་བཤད།
གྲགས་འཛིན་མ་ཤཀྱཱ་ཐུབ་པ་དང་ཁ་བྲལ་ནས་ལོ་དྲུག་གི་རྗེས་སུ་གཞི་ནས་ཤཀྱཱ་ཐུབ་པའི་བྱིས་པ་བཙས་པ་འདི་ལ་བསམ་ན་སྒྲ་གཅན་འཛིན་འདི་སྟོན་པའི་བུ་རྒྱུད་དངོས་གནས་དེ་མིན་པ་འདྲ།
གཞན་བོད་དང་རྒྱ་གར་གི་དཔེ་ཆ་མང་བོ་ན་སྒྲ་གཅན་འཛིན་མངལ་དུ་ཟླ་བཅུ་སྦྲུམས་པར་བཤད་འདུག༽
འདི་ནི་དོན་སྙིང་ལྡན་པའི་དྲི་བ་ཞིག་རེད་འདུག་སྙམ།
བོན་གྱི་འདུལ་གཞུང་རྣམས་སུ། རབས་ཆད་མ་ནིང་བྱ་བའི་ངག་བཅག་ཕྱིར། ཁབ་ཀྱི་དཔལ་འབར་སུམ་བརྒྱ་དྲུག་ཅུ་བཞེས། ཅེས་སོགས་གསུངས་ཡོད་པ་རེད། ཚིག་འདི་ཚོ་བན་བོན་གཉིས་ཀའི་ཁས་ལེན་ཞིག་ཡིན་པར་སེམས། དེ་འདྲ་ཡིན་དུས་སྟོན་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པར་རིགས་པས་སྒྲུབ་དུས་སྟོན་པ་མཆོག་ལ་ཁྱེད་ཉིད་་་་་རབས་ཆད་དང་མ་ནིང་་་་རེད་ཟེར་བའི་གཞན་སྡེ་གདུག་པ་ཅན་ཚོས་སྐྱོན་འགེལ་མཁན་བྱུང་སོང་ན་དེའི་སྒྲུབ་བྱེད་ཡག་ཤོས་དེ་་་སྟོན་པ་ཁོང་ཉིད་ཀྱིས་བཟོས་པའི་ཕྲུག་གུ་ཁ་ཤས་ཅིག་སྟོན་རྒྱུ་མེད་ན་སྟོན་པ་ཉིད་་་་རབས་ཆད་དང་མ་ནིང་་་་མ་ཡིན་པའི་སྒྲུབ་བྱེད་བསྐལ་པ་སྔོན་དུས་སུ་ཕལ་ཆེར་འཇོག་རྒྱུ་མེད་པ་འདྲ། དེ་འདྲ་ཡིན་དུས་སྟོན་པ་དག་ལ་ཕྲུག་གུ་ཁ་ཤས་ཅིག་ཡོད་དགོས་པར་ཁས་ལེན་མི་བྱེད་རང་བྱེད་ཡིན་པར་སེམས། དེང་སང་བོད་པས་ཕྲུག་གུ་ཆུང་དུས་ནས་གྲྭ་བ་བྱེད་བཞིན་པའི་ལམ་ལུགས་འདིས་མི་བུ་གང་ཉིད་་་་རབས་ཆད་དང་མ་ནིང་་་་མ་ཡིན་པའི་སྒྲུབ་བྱེད་ཅི་འདྲ་ཞིག་འཇོག་དགོས་སམ། འདུལ་གཞུང་རྣམས་སུ། ཕྲུག་གུ་གྲྭ་བ་བྱེད་དུས། མཁན་པོས། མཚན་འགྱུར་བ་ཅན་མ་ལགས་སམ། དབང་པོ་ཉམས་པ་ཅན་མ་ལགས་སམ། མ་ནིང་མ་ལགས་སམ། སོགས་འདྲི་གི་རེད། དེ་དུས་མ་ལགས་སོ་ཞུ་དགོས་པ་རེད། ཡིན་ནའང་མ་ལགས་པ་ཡིན་པའི་ཡིན་ཚུལ་སྟོན་རྒྱུ་མེད་ན་ཏོག་ཙམ་ཁག་པོ་འདྲ་པོ་མི་འདུག་གམ། །
འདུལ་གཞུང་ན། མཚན་མ་ཚོར་བར་བརྟག་གོ གསུངས་སོ་བོན་པོ་ལགས། འདི་རབ་བྱུང་མ་སྒྲུབ་གོང་དུ་བརྟག་དགོས་པ་རེད་དོ། མི་ཤེས་ཆ་ཚང་བ་ཞིག་སྦྱང་དགོས་པ་རེད་དོ།
# 20 BONPO་ལགས་ཀྱིས་མཆན་བཏབ་པ།:
རབས་ཆད་མ་ནིང་བྱ་བའི་ངག་བཅག་ཕྱིར། ཁབ་ཀྱི་དཔལ་འབར་སུམ་བརྒྱ་དྲུག་ཅུ་བཞེས།
དྲངས་པ་ལྟར་གཞོན་ནུ་དོན་གྲུབ་ལ། སྲས་ཡོད་དགོས་པའི་དགོས་པ་བསྟན་པ་རེད། འདིར་བོན་པོ་ལགས། བདེན་པ་རེད།
# 17 དབྱངས་ཅན་དགྱེས་པའི་བློ་གྲོས་ཀྱིས།
གཞན་བོད་དང་རྒྱ་གར་གི་དཔེ་ཆ་མང་བོ་ན་སྒྲ་གཅན་འཛིན་མངལ་དུ་ཟླ་བཅུ་སྦྲུམས་པར་བཤད་འདུག
ཤོད་སྟངས་ལྟར། ལྷ་རིས་ཡོད་ཚད་ལ། ༢༩ལོར་བྲོས་དུས། ཡུམ་དང་མཉམ་སྲས་ཅིག་ཡོད་པར་བྲིས་འདུག་པ་མང་།
ཡང་།
་་་་་་དགུང་ལོ་སོ་ལྔའི་ཐོག་རྡོ་རྗེ་གདན་དུ་སངས་རྒྱས་པ་རེད། སྐབས་དེར་སྐར་རྩིས་ཀྱི་བཤད་ཚུལ་ལ་ཟླ་བ་སྒྲ་གཅན་གིས་བཟུང་བའི་དུས་སུ་ཁེལ་ཡོད་སྟབས་གྲགས་འཛིན་མ་ལ་ཡང་སྟོན་པའི་སྲས་གཅིག་འཁྲུངས་བར་མིང་ལ་སྒྲ་གཅན་འཛིན་ཞེས་བཏགས་པར་བཤད། ་་་་་
འདི་ལྟར་ཆོས་འབྱུང་ནང་ལ་ཡོད་པ་ངས་ཀྱང་མཇལ་བྱུང་། དེའི་ནང་ལ་ཡུམ་ས་འཚོ་མ་མྱ་ངན་གྱིས་ལོ་དྲུག་བདུན་བར་འཁྲུངས་མ་ཐུབ་པར། ཡབ་སངས་རྒྱས་དུས་འཁྲུངས་པ་ན།
རྒྱལ་པོ་ཟས་གཙང་སོགས་རྒྱལ་འབངས་ཡོངས་རྫོགས་ཡིད་འཆེས་པར་བྱ་བའི་ཕྱིར། ཡུམ་ས་འཚོ་མས། སྲས་མ་འབྱར་དེ། རྡོ་ལ་བཏགས་ནས། གལ་སྲིད་བུ་འདི་གཞོན་ནུ་དོན་གྲུབ་ཀྱི་སྲས་ཡིན་ན། ཆུའི་་ནང་ན་མི་བྱིང་བ་དང་། གལ་ཏེ་མིན་ན། ཆུ་ནང་བྱིང་བ་འགྱུར་ཅིག་ཅེས་དམོད་པ་བོར་ནས།
མཚོའི་་ནང་མ་བྱིང་བར་མཐོང་བ་ན་ཀུན་ཡ་མཚན་ནས། རྒྱལ་སྲས་དོན་གྲུབ་ཀྱི་སྲས་སུ་ཡིན་པར་ཀུན་གྱིས་ངོས་ལེན་བྱས་པའི་ལོ་རྒྱུས་གཅིག་ཀྱང་ཡོད་པས་ད་དུང་དཔྱད་པར་འཚལ།
མི་གང་ཞིག རང་གི་སྐྱེ་འཆི་གཉིས་དང་། ལས་དོན་གལ་ཆེ་ཤོས་བསྒྲུབ་ས་དེ། ཤིང་སྡོང་རང་ལ་བདམས་ཐུབ་མཁན་གྱི་མི་དེས། རང་ཨ་མའི་མངལ་ནས། ཕྱོགས་ག་ནས་ཐོན་མ་ཐོན་ལ་ཡང་། རང་དབང་ཡོད་ཆོག་པ་རེད་སྙམ་ལགས། ཧ་ཧ། སྐུ་རྩེད་དང་བཅས།
སངས་རྒྱས་མཆན་འོག་ནས་སྐྱེས་པ་འདོད་པ་དང་་་་་སློབ་དཔོན་ཨོ་རྒྱན་པད་མའི་མེ་ཏོག་ནས་སྐྱེས་པ་ཡིན་པའི་བཤད་སྲོལ་འདི་དག་་་བོད་རྒྱལ་གཉའ་ཁྲི་བཙན་པོ་གནམ་ནས་ཕེབས་པ་ཡིན་ཚུལ་བསྒྲགས་པ་དང་འདྲའོ།
ཡང་ཅིག་བཤད་ན་སངས་རྒྱས་མཆན་འོག་ནས་འཁྲུངས་པ་བསྒྲགས་མཁན་དང་པོ་དེ་་་་་བུ་མེད་ཚོའི་མཚན་མར་མི་གཙང་བ་ལྟ་མཁན་ཆོས་ལུགས་པ་ཐེབས་ཆག་དེ་འདྲ་ཡིན་ས་རེད།
འདི་ཡང་མཆོག་དམན་གྱི་ལྟ་བ་ལས་བྱུང་བའི་འདུ་ཤེས་ཞིག་རེད
སྐྱེས་གནས་ལ་བཞི་ཡོད་རེད།
མངལ་སྐྱེས། གཞོན་ནུ་དོན་གྲུབ། མི་དང་དུད་འགྲོ་མང་ཆེ་བ།
སྒོང་སྐྱེས། བྱ་རྣམས། ༼མི། ་་་་་་་་་་་་་་་་་་་༽
དྲོད་གཤེར་ལས་སྐྱེས་པ། སློབ་དཔོན་ཨརྱ་དེ་ཝའམ། འཕགས་ལྷ་དང་། འབུ་སྲིན་མང་ཆེ་བ།
རྫུས་སྐྱེས། སློབ་དཔོན་པདྨ་དང་། ལྷ་དང་དམྱལ་ཁམས་པ།
མི་ལ་འདི་བཞི་ག་ནས་སྐྱེས་པར་གསུངས་ཡོད། མཚན་གཞི་དེ་ཚོ་ད་ལྟ་གསལ་པོར་མི་དྲན། དྲན་མཁན་ཅིག་གིས་འདིར་བཅུག་རོགས་གནོངས།
ལྷ་སྒྲུང་མ་འདྲེས་པའི་ཆོས་ལུགས་ཤིག་ཡོད་དམ།
སྟོན་པ་མཆན་ཁུངས་ནས་འཁྲུངས་པ་མིན་ན།
འཁྲུངས་མ་ཐག་ནས།
གོམ་པ་བདུན་བོར་ནས་་་་་ ཞེས་སོགསདང་། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །ཞེས་སོགས་ཀྱང་མི་འཐད་པར་འགྱུར་རོ།།
ཐེག་དམན་ཐུན་མོངས་ཀྱི་འདོད་ཚུལ་ལྟར་ན་སྟོན་པ་མཆན་ཁུངས་ནས་འཁྲུངས་པ་དང། གོམ་པ་བདུན་སྤོ་བ་སོགས་
རིགས་པའི་ངོར་མི་འཐད་པ་བདེན་ཀྱང། ཐེག་ཆེན་ཐུན་མོངས་མ་ཡིན་པའི་འདོད་ཚུལ་ལྟར་དུ་བྱས་ན་གོང་སྨྲས་རྣམས་
རིགས་པའི་ངོར་གྲུབ་ཐུབ་སྟེ། སྟོན་པ་ཡེ་ནས་སངས་རྒྱས་ཟིན་པ། རྣམ་སྨིན་གྱི་སྐུ་མ་ཡིན་པ་ཡེ་ཤེས་ཀྱི་སྐུ་འབའ་ཞིག་
ཡིན་པའི་ཕྱིར། དེས་ན་ཐེག་དམན་ལ་མི་རྟོན་ཐེག་ཆེན་ལ་རྟོན་ཞེས་སྨྲས་ཀྱང་ཆོག་སྙམ་མོ།
ཐོག་མར་ཁ་བརྡ་ཚང་གིས་རི་མོ་དེ་གཉིས་བརྒྱུད་འགོད་བྱས་པ་ལ་ཐུགས་རྗེ་ཆེ་ཞུ། ལྷག་པར་དྲ་གྲོགས་ལྷན་རྒྱས་ཕེབས་སྟེ།སོ་སོའི་བསམ་ཚུལ་རེ་བགྲོ་གླེང་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། འོག་ལ་རྒན་ཀར་ཕྱག་ལགས་ཀྱིས་དྲི་བ་ཞིག་བཀོད་གནང་འདུག་པ་དེ་ལ། ངས་འདིའི་ཕྱོགས་ལ་ཡང་་འདི་དང་མཉམ་དུ་དོགས་འདྲི་བྱས་ཡོད་མོད།འོན་ཀྱང་ཚིག་ཚོགས་མང་དྲགས་པས་ད་ཐེངས་ཀྱི་རྩོམ་འཆལ་འདིའི་མཉམ་དུ་བཀོད་མེད། ཡིན་ཡང་ང་རང་ལ་མཚོན་ནས་བཤད་ན་འཐད་པར་དཀའ་བ་ཞིག་རེད། རྒྱུ་མཚན་ནི་དང་པོ་མི་ཕལ་བའི་གནས་སྐབས་ནས་རིམ་གྱིས་ངེས་འབྱུང་དང་སྐྱེས་ཏེ་དཀའ་སྤྱད་སོགས་མཛད་གནང་སྟེ་སངས་རྒྱས་པ་ཐུན་མོང་བའི་སྣང་ཚུལ་དང་མཐུན་ལ།དེ་མིན་དང་པོ་ནས་ཡ་མཚར་གྱི་སྒྲུང་གིས་བཤད་ན་ང་ལྟ་བུ་བླུན་པོ་རིགས་ཡིད་ཆེས་དཀའ་བ་ཞིག་རེད།
དྲ་འབུ་རྐང་ཐོ་དང་ཡིག་འབྲི་བ་ནམ་མཁར་ཞུ་འོ།
དེང་གི་ཆར་ཡང་བུད་མེད་སྦྲུམ་མ་སྦྲུམ་ཡུན་ཅི་ཙམ་གྱི་རིང་བ་དེ་ཚམ་གྱིས་བཙས་པའི་བུ་བོང་ཆེ་བར་ནི་བདག་གིས་མཐོང་ངོ་།
བོང་ཆེ་བར་སྐྱེར་ངེས་པའི་བུའི་ཤེད་དང་རུས་རྩ་རྒྱུས་རྣམས་སྲ་བ་འོང་ཕྱིར་དུ་སྐྱེད་མ་རྣམས་ཀྱིས་མངལ་རྩོལ་ལམ་ལུས་ཀྱི་རྩོལ་བ་ལ་བསྟེན་པར་བྱེད་དོ།
བོང་ཚོད་ཆེ་བའི་བུ་བཙའ་བ་ནི་སྐྱེད་མར་ཤིན་ཏུ་དཀའ་འོ། འདིས་ཀྱང་མ་དང་བུ་སྲོག་འདེམས་དགོས་པ་དག་འབྱུང་སྲིད་པ་ནི་ཡ་རབས་ཀྱི་ཁྱིམ་རྣམས་ཀྱི་བྱ་དཀའ་བའི་ལས་སོ། དེས་ན་ངེད་ཅག་གི་གཞོན་ནུ་དོན་ཀུན་གྲུབ་པ་གློར་གཡས་པ་ནས་འབྱུང་བ་ནི་གདུལ་བྱ་ཐུན་མོང་དག་ལ་་མངོན་པར་འབྱུང་སྲིད་དོ། འཇིག་རྟེན་ཡོངས་ཀྱི་མ་འདྲིས་པའི་འཛའ་བཤིས་ཀྱི་ཡུམ་འཕགས་མས་ཤིང་གི་ཡལ་ཀར་འཇུས་པ་ནི་གཤག་བཅོས་ཀྱི་ཤིང་གྲི་ཡིན་སྲིད་དོ། ཁ་གཉེར་དང་སྣ་གཉེར་མིན་པའི་བཤད་པ་འདི་ཡང་བཙས་མ་ཐག་གོམ་པ་བདུན་བོར་བ་དང་ཉིན་བདུན་པ་ན་འཇིག་རྟེན་ཡོངས་ཀྱི་མ་མ་སྒྱུ་འཕྲུལ་ལྷ་མོར་ཞིང་དུ་གཤེགས་པ་དང་ཡང་འགྲིགས་པར་མི་དཀའ་འོ། ཐུན་མོང་བ་བློར་མི་ཤོང་བའི་མིའི་ཡང་ཉོན་ཅིག་དང་གློར་གཡས་པ་ནས་འབྱུང་བའི་ཚུལ་མདོར་བསྡུས་ཏེ་བཀོད་དོ། རྒྱས་པར་ནི་གཞུང་ལུགས་དག་ལ་དཔྱད་ནས་སོ།
གཞོན་ནུ་ཟླ་མེད་ལགས།
མཚན་མ་ཚོར་བར་བརྟག་གོ་་་གསུངས་ཡོད་ཤས་ཆེ་ཡིན་ནའང་དེ་གཙོ་བོ་མཚན་མ་བརྟག་སྟངས་འདྲ་ཞིག་ཡིན་ས་རེད། འོན་ཀྱང་བུད་མེད་ལ་འབྲེལ་བ་མེད་པར་ཕོ་ཡི་ས་བོན་དངས་མ་ལ་ཕྲུག་གུ་སྐྱེ་བའི་ནུས་པ་ཡོད་མེད་དེ་སྔོན་དུས་སུ་ཇི་ལྟར་བརྟག་གི་ཡོད་པ་ཡིན་ནམ། དེ་མ་ཚོར་བར་བརྟག་ཐབས་ཡོད་ན་འགྲིག་འདུག མེད་ན་རབས་ཆད་ཡིན་པའི་ཁ་ཅིག་གི་སྐྱོན་ངག་བཅག་ཐུབ་ས་མ་རེད་དོ། །
འཇིག་རྟེན་འདི་ལ་བྱོན་པ་རྩོད་མེད་རེད།
ཅི་ལྟར་བྱུང་བ་སུ་ཡིས་ཅི་བཤད་རེད།
རང་རང་དད་པའི་ཕུག་ན་འཁྲུང་ཚུལ་རེ།།
དམ་ཆོས་བདུད་རྩིར་ངོམས་ཚོད་མ་ཟིན་ནོ།
ངས་བསམ་ན་སྟོན་པ་ཡུམ་གྱི་མཚན་མ་ལས་སྐུ་བལྟམས་ཡོད་ཀྱི་རེད། དངོས་གནས་བཤད་ན་མཚན་མ་དང་མཆན་འོག་ལས་འཁྲུངས་པའམ། ཡང་ན་གཟུགས་པོའི་ཆ་ཤས་གང་རུང་ལས་འཁྲུངས་བར་ཁྱྱད་པར་གང་ཡང་མེད་པར་འདོད། གཟུགས་པོ་མ་གཞི་ནས་མི་གཙང་བ་ཡིན་པ་་རེད།
ངས་བལྟས་ན་སངས་རྒྱས་ཨ་མའི་མཆན་ཁུང་ནས་བལྟམས་ཚུལ་བཤད་པ་དེ་དོན་དངོས་རེད་སྙམ། གང་ཡིན་ཞེ་ན། དེ་དུས་ནས་ཕྲུ་གུ་སྐྱེ་དུས་མཚན་མ་ནས་ཐོན་མི་དགོས་པར་བཤའ་བཅོས་ཀྱི་ལག་རྩལ་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་ཅི་ནས་ཀྱང་སྲིད་པ་རེད་སྙམ།
ལྟོས་དང་་་སངས་རྒྱས་མཆན་འོག་ནས་སྐྱེས་པའི་རྟགས་ལ་་་་་ས་ཆེན་འདི་ལ་གོམ་པ་བདུན་སྤོས་ཚུལ་བཀོད་འདུག་་ཧ་ཧ་་་ད་གཡུག་ཤོག་་་་སངས་རྒྱས་མཚན་མ་ལས་མ་སྐྱེས་པའི་རྒྱུན་མཚན་ཁུར་ཤོག རྒྱུན་མཚན་མེད་ན་བུ་མེད་ཚོའི་མཚན་མ་མི་གཙང་བར་ལྟ་མཁན་དང་བོ་དེ་སངས་རྒྱས་རང་ལས་འགྲོ་ས་ཁྱོན་ནས་མེད་པའི་ངོས་འཛིན་བྱེད་རྐྱང་ཡིན།
ཐེག་ཆེན་ལུགས་ལ་གང་ཡང་རུང་ཆོག དེ་མིན་སངས་རྒྱས་སྐྱེས་པ་ཐག་གོམས་པ་བདུན་བོར། དེ་རྗེས་མེ་ཏོག་འཁྲུངས་ཚུལ་བཤད་པ་དེ་ལྷ་སྒྲུང་མ་གཏོགས་གང་ཡང་མིན།
དྲ་འབུ་དྲན་དཔལ་དང་རྒན་ཀརྡོ་གཉིས་ཀྱིས་།གསེར་སྐུ་རག་སྐུ་ཡི་གཏོང་ས་རེད།གོང་གི་མ་རྩོམ་ན་མཚན་མ་མི་གཙང་བས་མཆན་ཁུང་ནས་འཁྲུངས་ཟེར་ན་།འོ་ན་སྤྱི་གཙུགས་ནས་ཅི་ཞིག་ལ་མ་འཁྲུངས་པ་རེད་ཟེར་ནས་དོག་འདྲི་བྱས་འདུག་བྱས་འདུག སྤྱི་གཙུགས་མཆན་ཁུང་ལས་གཙང་བར་འཇོག་གི་རེད་དམ།མ་རེད།འདི་ངའི་དྲི་བ་ཡིན།
སེམས་ཁྲལ་དགོ་ས་མི་འདུག སངས་རྒྱས་ཀྱི་ཡུམ་ལ་སངས་རྒྱས་འཁྲུངས་ས་མཆན་འོག་ལ་ཡོད་མི་སྲིད་པ་མ་རེད། ཡ་མཚན་དངོས་བྱུང་ཟེར་བ་ཚན་རིག་པས་ཀྱང་ཁས་ལེན་གི་མ་རེད་དམ།
མཚན་མ་དང་མཆན་ཁུང་གང་ནས་འཁྲུངས་མིན་བཤད་མི་ཤེས།ཡིན་ཡང་དྲ་མཆན་པ་ཚོའི་ནང་གི་རིག་པས་དཔྱད་པ་རྣོ་བོ་དེ་བསམ་ཤེས་ཟེར་བ་དེ་རེད་འདོད་སོང་།
རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱིས་གཟིགས་པའི་དགེ་སློང་ངུར་སྨྲིག་འཛིན་པ་ཟེར་བ་དེ་དག་ཕྱི་ནང་གང་གི་དགེ་སློང་ཡིན་ནམ།
རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱིས་གཟིགས་པའི་ངུར་སྨྲིག་འཛིན་པ་དེ། ཕྱི་རོལ་པས་རབ་འབྱུང་ཞིག་ལས། ནང་པའི་དགེ་སློང་ཡིན་མི་སྲིད་སྙམ་ལགས།
ཕྱི་རོལ་པའི་་་
ཕྱི་རོལ་པར་དགེ་སློང་ཡོད་དམ། ཡོད་ན་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་ཐང་ཀའི་ངོས་ཀྱི་དགེ་སློང་དེ་འདྲ་ཞིག་ཨེ་ཡིན་ནམ།
ཕྱི་རོལ་པའི་གྲྭ་བ་ཞིག་ལ་རབ་བྱུང་བའམ་དགེ་སློང་ཞེས་བོས་ན་འགྲིག་གམ།
ཐང་ག་ཡོད་ཚད་ལ་ཁུངས་ལུངས་བཙན་པའི་ཡིད་ཆེས་བྱེད་དཀའ།
ཕྱི་རོལ་པའམ་ཆོས་ལུགས་གཞན་གྱི་དགེ་སྦྱོང་པ་རྣམས་ལ་གྲ་བ་འམ་དགེ་སློང་བོས་ན་འགྲིག་གི་རེད་སྙམ།ཁོ་རང་ཚོའི་ཆོས་ལུགས་དེ་ཟླ་མེད་དུ་མཐོང་ལ།ཁོང་ཚོའི་ཆོས་དང་མཐུན་པའི་ཁྲིམས་སྲུང་གི་ཡོད་པས་དེ་ལ་ཡང་དགེ་སློང་དང་རབ་བྱུང་ཞེས་བོས་ན་གནད་འགག་མི་འདུག་སྙམ་མོ།
མུ་སྟེགས་པ་ལ། རོབ་རྩིས་བྱས་ན། དྲང་སྲོང་། བྲམ་ཟེ། སནཡཱསིའམ་བྱ་བྲལ། གྲྭ་པ་ཞེས་བཞི་ཙམ་འདུག
ནང་པའི་གྲྭ་པར། བནྡེ་ཞེས་པའི་འོག་ལ། ཁས་བླངས་གྲངས་ངེས་ཅན་ཞིག་བྱས་པའི་ལོ་ཉི་ཤུ་བརྒལ་བའི་གྲངས་མང་བ་སྲུང་མཁན་དེ་ལ་དགེ་སློང་དང་། གྲངས་ཉུང་བ་སྲུང་མཁན་ལ་དགེ་ཚུལ་ཞེས་མིང་ཆགས་འདུག ནང་པའི་སྐྱ་བོ་སྡོམ་ལྡན་ལ། དགེ་བསྙེན་ཞེས་གྲགས།
གྲྭ་བ་བྱས་རྗེས་ཐིག་ལེ་ཤོར་བའམ་ཡང་ན་བཏང་ན་སྡོམ་པ་ཤོར་ཡོད་དམ།
བོད་པ་ཟེར་བའི་མིང་འདི་མི་རིགས་གཞན་ལ་བཏགས་ན་འོས་སམ། དགེ་སློང་དང་བྱང་ཆུབ་སེམས་དཔའ་སོགས་ཀྱང་དེ་བཞིན་ནོ། ཡིན་ན་ཡང་ཚང་མར་ཆོས་ལུགས་པ་དང་ཆོས་བྱེད་པ།་ཆོས་པ་སོགས་འདོགས་ཆོག ཡིན་ན་ཡང་ནང་པའི་ཆོས་པ་དང་ཕྱི་རོལ་པའི་ཆོས་པའི་རིགས་ལ་ཆོས་པ་ཚད་ལྡན་ཡིན་མིན་གྱི་ཚད་གཞི་གཏན་མི་འདྲའོ།