ཟླ་བ་གཞོན་ནུ།
འཇིག་རྟེན་ཕན་ཞུགས་སྲུང་བ་གཅིག་ཉིད་ཉག་གཅིག་དཔའ་བ་ཁྱེད་ཉིད་དེ།།
གཉིས་པ་མེད་ཅིང་གཉིས་སུ་མི་གསུང་ཞི་གནས་ལྷག་མཐོང་གིས་བཞུགས་པ།།
རིག་གསུམ་གསལ་ཞིང་བསླབ་གསུམ་ལེགས་བསླབས་དུལ་གནས་གསུམ་གྱི་གཞི་ལ་མཁས།།
ཆུ་བོ་བཞི་བརྒལ་རྫུ་འཕྲུལ་རྐང་བཞིའི་གཞིར་གནས་བསྡུ་དངོས་བཞི་ལ་སྦྱངས།།
ཡན་ལག་ལྔ་སྤངས་འགྲོ་ལྔ་ལས་འདས་ཕུང་ལྔ་བདག་མེད་ཉིད་སྟོན་ཞིང༌།།
ཡན་ལག་དྲུག་ལྡན་ཕར་ཕྱིན་དྲུག་རྫོགས་དབང་པོ་དྲུག་གི་སྒོ་བསྡམས་པ།།
བྱང་ཆུབ་ཡན་ལག་བདུན་གྱི་མེ་ཏོག་བསྣམས་ཤིང་འཕགས་པའི་ནོར་བདུན་སྟོན།།
འཇིག་རྟེན་ཆོས་བརྒྱད་དྲི་ཙམ་མ་གོས་ལམ་གྱི་ཡན་ལག་བརྒྱད་སྟོན་མཁན།།
སྙོམས་འཇུག་གསུམ་གསུམ་དགུ་ལ་མཁས་ཤིང་མནར་སེམས་དངོས་དགུ་ལ་བྱང་བ།།
སྟོབས་བཅུ་མངའ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པ་དེ་ལ་འདུད།།
༠༩།༠༩།༡༥ལ་སྦྱར་རོ།།
བཀྲ་ཤིས་བདེ་ལེགས་ཞུ
ཚིག་གྲངས་བདུན་གྱིས་བསྟོད་པ།
གཅིག་ཉིད་༸སྐྱབས་མཆོག་ཤཀྱྰའི་ཏོག །
བདེན་གཉིས་སྟོན་པའི་གསུང་མཆོག་མངའ། །
དཀོན་མཆོག་གསུམ་ཉིད་སྐྱབས་སུ་བསྟན། །
རྣམ་འདྲེན་གྲངས་བཞིའི་ཚུལ་མཛད་ནས། །
ཐོག་མའི་གདུལ་བྱ་ལྔ་སྡེ་ལ། །
བདེན་བཞི་དེ་ནས་ཕྱིན་དྲུག་སོགས། །
སྟོན་ཚད་བསྡུས་ན་འཕགས་ནོར་བདུན། །
རྣམ་འདྲེན་གྲངས་བཞིའི་ཚུལ་མཛད་ནས། །
ཐོག་མའི་གདུལ་བྱ་ལྔ་སྡེ་ལ། །
བདེན་བཞི་དེ་ནས་ཕྱིན་དྲུག་སོགས། །
སྟོན་ཚད་བསྡུས་ན་འཕགས་ནོར་བདུན
བདེན་པ་འདུག
བསྡུས་དྲག་འདུག་པས་གོ་ཁག་པོ་རེད་ལགས།
རྩམ་དགའ་ལགས། ཕེབས་པ་བཟང་།
བརྗིད་པ་ཚིག་བསྡུ་མང་པོ་ཉིད༎ འདི་ནི་ལྷུག་པ་དག་གིའང་གསོས༎ ཞེས་པ་བཞིན་ཚིག་ལྷུག་ལའང་ཚིག་བསྡུ་དགོས་ན། ཚིགས་བཅད་ལ་བཤད་མ་དགོས་པ་མ་རེད་དམ།
གོང་གི་དྲ་གྲོགས་ཚང་མར་ཕེབས་པར་དགའ་བསུ་ཞུ། ལྷག་པར་དུ་ཀརྨ་རྡོ་རྗེ་ལགས་ཕེབས་ནས་ཚིག་གྲངས་བདུན་གྱིས་བསྟོད་པ་ཞིག་བྲིས་གནང་བ་ལ་ཐུགས་རྗེ་ཆེ།
ཡང་ན།
གཅིག་ཉིད་འགྲོ་བའི་མགོན་དང་སྐྱབས། །
གཞི་གཉིས་གསལ་སྟོན་སྤྲུལ་པའི་སྐུ། །
དཀོན་མཆོག་གསུམ་གར་མི་ཡི་གཟུགས། །
༤
༥
༦
༧
བརྒྱད་ཁྲི་བཞི་སྟོང་ཆོ་ཕུང་མང་། །
ཉེར་དགུའི་ལོ་ནས་ཁབ་ནས་བྲོས། །
མི་དགེ་བཅུ་སྤོངས་དབུ་སྐྲ་བཅད། །
ས་ལམ་བཅུ་གཅིག་པ་ཐོབ་རྗེས། །
གསུང་རབ་ཡན་ལག་བཅུ་གཉིས་སོགས། །
གཅིག་རྗེས་གཉིས་མཐུད་མང་པོ་གསུངས། །
གཅིག་གཉིས་ཚུར་ཤོག་དགེ་སློང་བསྒྲུབས། །
གདུལ་བྱ་གསུམ་པ་རླངས་པ་སོགས། །
འཁོར་དུ་རྣམ་བཞིའི་འཁོར་གྱིས་བསྐོར། །
ཚོགས་སྦྱོར་ལ་སོགས་ལྔ་དང་བཅུའི། །
སོ་སྐྱེ་ས་གཉིས་འཕགས་དྲུག་ས། །
སྦྱིན་སོགས་དྲུག་སྦྱར་མ་དག་བདུན། །
དགའ་བསུ་ཞུ། དགའ་བསུ་ཞུ། དགའ་བསུ་ཞུ།
་་་་འཕྲོས་་་་་་
བརྒྱད་པ་མི་གཡོ་ས་ནས་བཟུང་། །
ས་དགུ་ལེགས་པའི་བློ་གྲོས་དང། །
དག་ས་བཅུ་པ་ཆོས་ཀྱི་སྤྲིན། །
དེ་རྗེས་བཅུ་གཅིག་སངས་རྒྱས་ས། །
བཅུ་གཉིས་རྡོ་རྗེ་འཆང་ཡང་བཤད། །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
གཅིག་ནི་ང་ཡི་མགོ་བོ་གཅིག།
གཉིས་ནི་ང་ལག་པ་གཉིས།།
གསུམ་ནི་བོད་ཀྱི་ཆོལ་ཁ་གསུམ།།
བཞི་ནི་རྒྱལ་ཆེན་སྡེ་བཞི་འོ།།
ལྔ་ནི་བཅོམ་ལྡན་རིགས་ལྔའོ།།
དྲུག་ནི་མ་ནི་ཡིག་དྲུག་གོ།
བདུན་ནི་འཕགས་ནོར་བདུན་ཡིན་ནོ།།
བརྒྱད་ནི་ཆུ་བོ་ཡན་ལག་བརྒྱད།།
དགུ་ནི་་་་་་་་་་་་་་་་་་་་
དེང་དུས་ཀྱི་སྙན་ངག་པ་གྲགས་ཅན་ཀ་བྲག་དངོས་གྲུབ་བསོད་ནམས་དང་ཧོར་གཙང་ལེགས་བཤད་ཟླ་བ་གཞོན་ནུ་སོགས་ལ་ལད་ཟློས་བྱས་པ་ཡིན།
དགུ་ནི་ལྔ་བཅུ་ང་དགུའི་ལོ། །
བཅུ་ནི་བཅུ་ཕྲག་ལྔ་ལྷག་འདས། །
བཅུ་གཅིག་པ་ནང་ཞི་མོལ་གྱིས། །
བཅུ་གཉིས་པ་ལ་གཞིས་བྱེས་འཛོམས། །
བཀྲ་ཤིས་ དོན་གྲུབ། །
ཨ་གཅིག་ཆ་གཅིག་གཙོའུ་རྭ་གཅིག།
ཨ་གཉིས་ཆ་གཉིས་ར་མ་ནུ་གཉིས།།
ཨ་གསུམ་ཆ་གསུམ་རྒྱད་པུ་མགོ་གསུམ།།
ཨ་བཞི་ཆ་བཞི་མཛོ་མོ་ནུ་བཞི།།
ཨ་ལྔ་ཆ་ལྔ་མཛུ་གུ་རྩེ་ལྔ།།
ཨ་དྲུག་ཆ་དྲུག་སྐར་མ་སྨིན་དྲུག།
ཨ་བདུན་ཆ་བདུན་རྒྱུ་སྐར་སྨེ་བདུན།།
ཨ་བརྒྱད་ཆ་བརྒྱད་ཤྭ་བོ་རྭ་བརྒྱད།།
ཨ་དགུ་ཆ་དགུ་སྲིན་པོ་མགོ་དགུ།
ཨ་བཅུ་ཆ་བཅུ་ཁྱི་ཕག་ནུ་བཅུ།།
ཧ་ཨ་བཅུ་གཅིག་ཉི་སྟོང་བཅུ་གཅིག
ཧ་ཨ་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས།
ཧ་ཨ་བཅུ་གསུམ་བྱིས་པའི་ལོ་སྐག
ཧ་ཨ་བཅུ་བཞི་༸སྐུ་ཕྲེང་བཅུ་བཞི།
ཧ་ཨ་བཅོ་ལྔ་བཅོ་ལྔའི་ཟླ་དཀར།
ཧ་ཨ་བཅུ་དྲུག་བརྒྱད་གཉིས་ལང་ཚོ།
ཧ་ཨ་བཅུ་བདུན་དོན་ཚན་བཅུ་བདུན།
ཧ་ཨ་བཅོ་བརྒྱད་དྲུག་གསུམ་བཅོ་བརྒྱད།
ཧ་ཨ་བཅུ་དགུ་ཉི་ཤུར་གཅིག་ཆད།
ཧ་ཨ་ཉི་ཤུ་ཉི་སྟོང་ཉི་ཤུ།
ཧ་ཨ་ཉེར་གཅིག་སྒྲོལ་མ་ཉེར་གཅིག
གཅིག་དགུ་ལྔ་དགུའི་ལོ་ནས། །
རྒྱ་དམར་གཞུང་དམངས་གཉིས་ཀ །
ཆོལ་གསུམ་བོད་ལ་འཛུལ་ནས། །
དྲུག་བཞིའི་དོན་རྐྱེན་བྱུང་སོང་། །
ཧ་ཧ་ཧ མིའུ་ཕྲུག་ལགས། བཞི་ནི་རྒྱལ་ཆེན་རིགས་བཞི་མ་རེད་དམ།
ཕེབས་པར་དགའ།
ཨ་རོགས་རྩམ་དགའ་ལོ་ལོ༎
རྒྱ་དམར་གཞུང་དམངས་གཉིས་ཀ།
ཆོལ་གསུམ་བོད་ལ་འཛུལ་ནས༎
དྲུག་བཞིའི་དོན་རྐྱེན་བྱུང་མེད༎
དྲུག་བཞིའི་དོན་རྐྱེན་ཟེར་བ༎
གནམ་བདེ་སྒོ་མོའི་ཐང་དུ༎
རྒྱ་རིགས་སློབ་མ་འབུམ་ཕྲག།
དུས་གཅིག་བསད་པའི་སྐྱོ་གར༎
འདི་ཙམ་ཡང་སེམས་ལ་ངེས་ན་ཡག
རྒན་པའི་གྲངས་འདྲེན་བྱེད་སྟངས།
གསུམ་ཚོ། ཉམས་དྲུག སྐར་དགུ ཇ་མར་བཅུ་གཉིས། ནག་སྟོང་བཅོ་ལྔ། དྲུག་གསུམ་བཅོ་བརྒྱད། གཉིས་བརྒྱབས་པའི་ཉི་ཤུ་ཐམ་པ།
ཕྲུག་གུས་གྲངས་ཀ་རྒྱག་སྟངས།
བྱ་ ཤ་ བྱིའུ་ ཤ་ བྱིའུ འི་ ཤ། །བྱིའུ འི་ ཤ་ ལས་ ཞིམ་ པ་ མེད། །ང་ རང་ གྲངས་ ཀ་ མ་ བརྒྱབས་ ནའང། །ཉི་ ཤུ་ ཐམ་ པ་ ཏག་ ཏག་ ཡོད། །
ཡུལ་སྐད་འདིའི་དག་ཆར་དག་བཅོས་དགའ་བསུ་ཡོད། །
ཡུལ་སྐད་བཅོས་ན་བྲོ་བ་ཡལ་འགྲོ དེས་རྐྱེན་གྱིས་སྙན་ངག་གི་བསྟན་བཅོས་ལས་བི་ཤ་ཙི་ཤ་ཟའི་སྐད་དེ་ཟློས་གར་བསྟན་བཅོས་ལ་ཕུལ་དུ་བྱུང་བར་བཤད།
དེང་སང་བལ་ཡུལ་བོད་ཀྱི་གཞི་ཆགས་ཀྱི་ལྷ་མོ་འཁྲབ་སྟངས་ལ་གཞོན་སྐྱེས་རྣམས་ཀྱིས་དགའ་བོ་བྱེད། རྒྱུ་མཚན་ནི་ལྷ་མོ་འཁྲབ་སྐབས་ནང་དུ་ཡུལ་སྐད་འཚར་བོ་དཀྲུགས་ཀྱི་ཡོད་པས་རྐྱེན་གྱིས་རེད། ད་དུང་དེ་ལ་དོ་སྣང་སློང་བ་དང་། གཞུང་གོ་བ་ལ་ཡང་ཁྱད་པར་ཡོད། སྔོན་མ་ཡིན་ན་ན་གཞོན་མང་ཆེ་བ་ལྷ་མོ་འཁྲབ་གཞུང་ལ་བལྟ་རྒྱུར་དགའ་བོ་མེད་ན་ཡང་དེང་སང་དགའ་བོ་ཆགས་ཀྱི་ཡོད་པ་ནི་ས་གནས་སོ་སོ་ན་སྔ་མོའོ་དབྱངས་རྟ་ལ་ག་ལ་ག་ལ་ག་ལ་ག་ཟེར་བ་སོགས་ཉུང་རུ་བཏང་། དེའི་ཚབ་དུ་དེང་སང་གི་འཚར་སྐད་རེ་གཉིས་བཅུགས་པ་དེས་རེད་སྙམ།
དེང་སང་བལ་ཡུལ་བོད་ཀྱི་གཞི་ཆགས་ཀྱི་ལྷ་མོ་འཁྲབ་སྟངས་ལ་གཞོན་སྐྱེས་རྣམས་ཀྱིས་དགའ་བོ་བྱེད། རྒྱུ་མཚན་ནི་ལྷ་མོ་འཁྲབ་སྐབས་ནང་དུ་ཡུལ་སྐད་འཚར་བོ་དཀྲུགས་ཀྱི་ཡོད་པས་རྐྱེན་གྱིས་རེད། ད་དུང་དེ་ལ་དོ་སྣང་སློང་བ་དང་། གཞུང་གོ་བ་ལ་ཡང་ཁྱད་པར་ཡོད། སྔོན་མ་ཡིན་ན་ན་གཞོན་མང་ཆེ་བ་ལྷ་མོ་འཁྲབ་གཞུང་ལ་བལྟ་རྒྱུར་དགའ་བོ་མེད་ན་ཡང་དེང་སང་དགའ་བོ་ཆགས་ཀྱི་ཡོད་པ་ནི་ས་གནས་སོ་སོ་ན་སྔ་མོའོ་དབྱངས་རྟ་ལ་ག་ལ་ག་ལ་ག་ལ་ག་ཟེར་བ་སོགས་ཉུང་རུ་བཏང་། དེའི་ཚབ་དུ་དེང་སང་གི་འཚར་སྐད་རེ་གཉིས་བཅུགས་པ་དེས་རེད་སྙམ།
རེད་པས།