དྲ་གྲོགས་ཚོར་དཔྱད་གཞིར་ཕུལ་བ།
1
༄༅།། རིས་མེད་ཆོས་བརྒྱུད་ཁག་གི་གདན་ས་གྲྭ་ཚང་སོ་སོའི་མཁན་བླ་ལས་སྣེ་འདུས་མང་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར།
ངེས་པར་འབྱུང་བའི་བསམ་པས་དྲངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་ནི་ཐར་པ་སྒྲུབ་པའི་ལམ་ལ་གཅིག་ཏུ་འགྲུས་དགོས་པས་སྲིད་དོན་རྐྱང་པའི་བྱ་བཞག་ནང་ཞུགས་རྒྱུ་འོས་འཚམས་མིན་ཡང༌། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང༌། སྐྱེ་རྒུའི་ཕན་བདེ་སྒྲུབ་པར་དམ་བཅས་པ་ཡིན་པས། སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་ཞིང་ཁ་ན་མ་ཐོ་བ་མེད་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་བྱ་བར་མཉམ་ཞུགས་འོས་པ་དང་དགོས་པ་ནི་དམ་ཆོས་འདུལ་བའི་དགོངས་དོན་དང་མི་འགལ་བ་མ་ཟད་ད་ལྟའི་དུས་ཀྱི་དགོས་མཁོ་ཡང་ཡིན། ལྷག་པར་འདས་པའི་ལོ་ལྔ་བཅུར་ཉེ་བའི་ནང་བོད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱེད་པ་པོ་གྲྭ་བཙུན་མང་པོ་བྱུང་ཡོད་པ་ནི་བསྟན་པ་ཉག་ཅིག་ཡིད་ལ་བརྣག་པའི་དབང་གིས་ཡིན་པ་སྨྲོས་མ་དགོས།
འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཡུལ་རྒྱ་ཁྱབ་ཏུ་བྱུང་བའི་ཞི་བའི་ལས་འགུལ་སྤྱི་དང༌། ཁྱད་པར་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་སུ་གྲགས་པའི་ཆོས་འགལ་བཙན་གནོན་མ་བཟོད་པའི་དབང་གིས་གྲྭ་བཙུན་ཧ་ཅང་མང་པོས་ཞི་རྒོལ་བྱས་པར་གསོད་བརྡུང་བཙོན་འཇུག་གིས་མནར་གཅོད་ཚད་མ
གོང་གི་གཏམ་བཤད་དེའི་དོན་ཟབ་དྲགས་པའི་ཡིན་ནམ་ང་རང་གི་ཤེས་ཡོན་དམའ་སོང་བས་ཡིན།
ཅིག་གོ་མ་ཐལ། ཕལ་ཆེར་ཁོས་བོད་དོན་ཟེར་བ་མཐར་གཏུགས་ན་བསྟན་པའི་དོན་དག་རེད་ཟེར་གིན་
ཡོད་པ་འདྲ། ལྷག་པར་ཏུ་གྲ་བཙུན་མང་བོས་ལུས་སྲོག་བློས་བཏང་བའི་རིན་ཐང་དེ་ཁོས་ཇེ་ཆུང་ལ་བཏང་
ནས་ཆོས་གཅིག་བུ་ལ་བཀུགས་ནས་བཤད་ཀྱིན་འདུག གྲ་བཙུན་མང་བོས་ཆོས་ལས་ལྷག་པ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་བཅས་ཀྱི་དོན་ལ་དགྲ་དང་ཁ་གཏད་གཅོག་གི་ཡོད་པ་ཁོས་ག་རེ་བྱས་ནས་སྣང་མེད་བྱས་པ་རེད། ང་ཧ་ལས་སོང་ལ་ཁྱག་འཁོལ་ལེ་ཡང་ཤི་ཐལ། སྐད་ཆ་འདི་འདྲ་གྱོང་ཏོ་བཤད་ན་བོད་ཕྲུག་རྣམས་ཅི་ཁག་ང་རང་ཡང་བོད་ཡིག་ལ་དངས་ག་འགག་གྲབས་འདྲ་བྱེད་ཀི།
རྩོམ་འདིའི་མཇུག་མི་འདུག གང་ལྟར་ཁྱད་པར་མི་འདུག རྩོམ་འདིའི་བརྗོད་དོན་ནི་གོ་ཐུབ་པས་ཡིན། ངའི་བསམ་པར་སེར་མོ་བ་ཚོ་ཆབ་སྲིད་ལས་འགུལ་ཁྲོད་མཉམ་ཞུགས་བྱེད་ཆོག་ཀྱང་། བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་བཞེས་ཚེ་འོས་པར་མ་མཐོང་། ཐ་ན་རྒྱལ་བ་རིན་པོ་ཆེས་ཀྱང་རང་གི་ཆབ་སྲིད་ཀྱི་ཐུགས་འགན་འདི་སྐྱ་བོ་རིགས་ལ་གནང་དགོས་ཀྱི་འདུག དྲང་མོར་བཤད་ན། ང་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད། ངའི་རྩ་བའི་བླ་མ་ཡིན། སངས་རྒྱས་རློན་པ་རེད། འོན་ཀྱང་། དམངས་གཙོ་རྒྱལ་ཁབ་ཚོའི་ནང་དུ་བླ་མ་ཞིག་གིས་ཆོས་དང་སྲིད་གཉིས་ལྷན་གཅིག་ཏུ་སྐྱོང་བཞིན་པ་བོད་འདི་མ་གཏོགས་ཡོད་པ་མ་རེད་ལ། རྒྱལ་བ་རིན་པོ་ཆེས་དགུང་ལོ་བཅུ་དྲུག་ནས་སྲིད་འདི་བསྐྱངས་དང་སྐྱོང་བཞིན་མུར། ད་དུང་ཡང་མ་མཐུད་དུ་སྐྱོང་མུས་རེད། རྒྱལ་བ་རིན་པོ་ཆེས་བཀའ་ཤག་ཡིན་ནའང་འདྲ། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་འདྲ། མར་ལ་བཀའ་སློབ་གནང་ཆོག་པ་རེད། ལམ་སྟོན་གནང་ཆོག་པ་རེད་དེ། གང་ཟག་གཅིག་གིས་རྒྱབ་ཁབ་ཅིག་གི་ཆབ་སྲིད་བདག་ཏུ་བཞེས་པ་དམར་ཤོག་རྒྱལ་ཁབ་ཁག་ནང་མ་གཏོགས་ཡོད་མི་འདུག ནུབ་ཕྱོགས་པ་མང་པོ་ཞིག་གིས་འདིའི་ཐད་ལ་ལྟ་ཚུལ་ཡག་པོ་འཛིན་གྱི་མི་འདུག སེར་མོ་བ་ཚོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་མི་ཉམས་གོང་འཕེལ་གྱི་ལས་ལ་བརྩོན་རྒྱུ་ནི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཧ་ཅང་དགོས་ངེས་ཅན་དུ་མཐོང་། དེ་བཞིན་ཐེངས་རྗེས་མའི་བཀའ་བློན་ཁྲི་བ་དེ་ཡང་སྐྱ་བོའི་ནང་ནས་འདེམས་དགོས་པ་མ་གཏོགས། སེར་མོ་བའི་ནང་ནས་མགོ་རིལ་ཞིག་འདེམས་ཚེ་དཔེ་བསགས་པ་རེད། བོད་ཀྱི་དབུ་ཁྲིད་ཀྱང་སེར་མོ་བ་ཞིག བོད་ཀྱི་བཀའ་བློན་ཁྲི་བ་ཡང་སེར་མོ་བ་ཞིག འདི་ཁྱད་མཚར་ཞིག་མི་འདུག་གམ། ང་ཚོས་ཁ་ནས་བཙན་བྱོལ་བོད་གཞུང་འདི་དམངས་གཙོ་ཡིན་ཟེར་གྱི་ཡོད། ངས་འདིའི་ཐད་ལ་ནུབ་ཕྱོགས་པ་ཚོ་དང་མཉམ་དུ་ཁ་བརྡར་ཐུབ་ཀྱི་མི་འདུག
རེད་ཡ། དམངས་གཙོ་དང་འགྲོ་བ་མིའི་རང་ལུས་སྲུང་སྐྱོབ་ཀྱི་ཐོབ་ཐང་དཔེར་ན་དགེ་བསྐོས་ཇི་འདྲའི་བཙན་པོ་ཞིག་ལ་ཡང་གྲྭ་པའི་རང་ལུས་སྲུང་སྐྱོབ་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་པའི་འོས་འགན་ཡོད་པ་སོགས།
¯ô¤-»ÛG-ºhÛºÛ-¤WâG-¤-±P-z-ºiü iÔ-IôGÅ-h;ôm-¤VôG-¤Û-Dô-¼P-¾Å-¤ïh-¸ï¼-¤Dm-HÛ-P-M¾-Tm-hïÅ-ˆP-¯ô¤-ˆÛ-¤Gô-¤WâG-±P-¤Ûm-¤-Gô-GôP-mÅ-z;º-zˆôm-GbôP-AP-‚ïh-ˆÛm-ºhÝG
རྩོམ་ཡིག་འདིའི་མཇུག་མ་ཚང་བ་འདྲ། དྲྭ་གྲོགས་དཀོན་མཆོག་མི་ཁོ་རང་ལས་མེད་ཟེར་མཁན་གྱི་ང་རྒྱལ་ཅན་དེས་ཀྱང་རྩོམ་ཀྱི་མགོ་མཇུག་ཚང་མིན་མ་གོ་གོང་ནས་བཀའ་བཀྱོན་གཏོང་རྐྱང་བྱེད་ཀྱིན་འདུག དགོང་དག གོང་དུ་འགོད་ནོར་ཤོར་སོང་།
ཨ་ཁུ་སྤོབས་པ་ལགས། གཏམ་བཤད་དེ་འཐུས་ཆང་མིན་པར་དོ་སྣང་བྱུང་ལགས། ཡིན་ནའང་གོང་གི་གཏམ་བཤད་སྤེལ་མཁན་དེ་ཡང་ཁྱོད་རང་ནང་བཞིན་ཁ་གདངས་ཡོང་དུས་ཁོག་རིག་གི་ལགས།།
ཁ་གདངས་ན་ཁོག་པ་རིག་པ་དེ་ཡག་པོ་ཞིག་ལོས་ཡིན། དེ་ལ་ཁ་ཁོག་མཚུངས་པ་ཟེར་གྱི་རེད། དེ་འདྲ་མ་ཡིན་པར་ཁ་ཅི་ཙམ་གདངས་ན་ཡང་ཁོག་པར་མུན་པ་འཁྲིགས་ནས་རིག་རྒྱུ་ཅི་ཡང་མེད་པ་དེ་རིགས་ལ་ཁ་གསལ་གཏིང་ནག་ཟེར་གྱི་རེད།
ཆེ་ས་ནས་བཤད་ན་རྒྱ་བོད་གཉིས་ཀྱི་དོན་དག་འདི་ལོ་ངོ་ལྔ་བཅུའི་རིང་ལ་ཐག་ཆོད་ཀྱི་མེད་པ་དེ་ཡང་ཁ་གདངས་རེས་ཅི་ཙམ་བྱས་མིན་ལ་མ་ལྟོས་པར་ཁོག་པ་སྟོན་གྱི་མི་འདུག་ཁོག་པ་མཐོང་གི་མི་འདུག་ཟེར་ནས་ད་བར་ལུས་སོང་བ་མིན་ནམ།