ཉེ་རབས་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད། Posted on 2014-02-12 By ཁ་བརྡ་ 22 Comments on ཉེ་རབས་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད། གློག་བརྙན་།, ལོ་རྒྱུས།
རྒྱལ་རབས་བཤད་དང་མ་བཤད་གང་ཡོད་ཕྱིས་ཚར་སོང་། ད་ནི་ཆབ་སྲིད་ཀྱི་སྐད་ཆ་བཤད་དགོས་ན་སྲིད་སྐྱོང་ལ་བཀའ་འདྲི་ཞུས་ནས་གསུང་ན་མ་གཏོགས་གང་བྱུང་མ་བཤད་ན་ཡག སོ་སོའི་སྐབས་རྒྱལ་རབས་དང་མཐུན་པའི་ཕྱག་ལས་གནང་ཡོད་མེད་ཚང་མའི་མཁྱེན་གསལ་རེད། ད་ཡང་རྒྱལ་རབས་ཤིག་བཤད་རྒྱུ་ཡོད་མདོག་བྱེད་པ་དེ་ཡག་མི་ཡོང་ཨ།
ད་ཡང་བྱུང་བ་རིག་པ་ཡིན་ན་གཅིག་ལབ་ཀི་འདུག ལོ་རྒྱུས་རིག་པ་ཞེས་པའི་ཚིག་ཡོད་བཞིན་དུ་བེད་སྤྱོད་མི་བྱེད་པ་བྱུང་བ་རིག་པ་ལབ་དགོས་དོན་གང་ཡིན་ནམ། བླ་རྒན་མགོ་འཁྲེག་འདི་ཚོས་རྒྱལ་རབས་ལོ་རྒྱུས་དྲང་པོ་ནམ་ཡང་བཤད་ཀྱི་མ་རེད།
ཞེན་པ་ལོག་དགོས་ས་དེ་གོང་གི་མཆན་དགོས་པ་འདི་ཚོ་རེད་ ཁོང་ནི་གོང་ས་མཆོགས་གི་བཀའ་དགོངས་དོན་ཁྱོལ་གནང་མཁན་དང་ དོལ་རྒྱལ་སྐོར་ལ་༧གོང་ས་མཆོགས་ལ་དབུ་འོག་དཔུང་བདེགས་གནང་མཁན་ཡིན་པས་ ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་སྐུ་ཚེ་སྐད་རྒྱའི་བར་དུ་རྟན་གྱུར་གཅིགས།
ཡང་བླར་རྒན་གྱིས་བོད་ཀྱི་བྱུང་རབས་གཙང་མ་མེད་རབས་དང་མག་མོག་ཡིན་རབས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་དགོངས་དོན་སྒྲུབ་རྒྱུ་དེ་ཡིན་རྒྱུ་རེད། དེ་མིན་བླར་རྒན་གྱི་ཞལ་ནས་བོད་ལ་དམན་པའི་ལོ་རྒྱུས་བྱུང་བ་ཞིག་བཤད་རྒྱུ་མེད་ཁོ་ཐག།
ལྷ་ཀླུ་ལོག་ནས་ཕེབས་བྱུང་། སེ་རི་སྤྲད་ནས་ཕེབས་བྱུང་། ང་ཕོད་ངར་ཁག་གནང་བགྱིད། ཟུར་ཁང་ཟུར་ནས་༼ཐད་༽ཕེབས་སོང་། སྤྱང་ལྡན་སྤྱང་རང་དྲགས་ནས། ཟ་པ་བྱ་ལས་མགྱོགས་ག ངས་གོ་ཚོད་ཙམ་ལ། ནོར་བཅོས་གྱིས།
ཀ་རྡོ་ལགས། འདི་ལྟར་རེད། ང་ཕོད་ངར་ནས་ཕྱིན་སོང་། ཆབ་མདོ་བསྐྱལ་ནས་ལོག་བྱུང་། བཀའ་ཤོད་ཌ་རུ་མགོ་བོས། ལྷ་ས་སྐྱེལ་འགྲབས་བྱེད་དོ། རྭ་ཡི་མགོ་ལ་བཏིངས་པའི། སྟག་པགས་གདིང་བ་སེར་པོ། བླ་མ་བརྟན་པོ་གནང་དགོས། ཟུར་ནས་གཡུ་རྡོ་རྒྱབ་ཡོང་། ༼འདི་རྭ་སྒྲེང་ཕབ་མ་ཐག་སྟག་བྲག་ཡར་རྒྱལ་པོར་བཀོད་རྒྱུའི་གྲ་སྒྲིག་སྐབས་ལ། ཟུར་ཁང་དང་གཡུ་ཐོག་གིས་ས་འོག་དར་ཐག་ཐེན་པས་སྟག་བྲག་ལ་སྔོན་བརྡ་གཏོང་བའོ།༽
བསམ་ཤེས་བཀའ་དྲིན་ཆེ། ཁྱེད་ཀྱིས་བྲིས་པ་འདི་དག་གོ་མྱོང་མོད། ཁྱོད་ལྟར་ཚིག་གཙང་མ་ཞིག་ངག་ལ་སྐྱོར་རྒྱུ་མེད།
ཟམ་གདོང་བླ་མས་འཇོན་ཡང་ཆོག་མ་འཇོན་ན་རེད་མཁས་པའི་གདན་གྲལ་དུ་འཇོག་པར་ངོ་གནོང་མི་དགོས་པ་ཞིག་རེད། དེ་མིན་སྒེར་གྱི་ཞེན་འཁོན་འཁྱེར་ནས་ལ་བཤད་ལུང་བཤད་བྱེད་དགོས་དོན་མི་འདུག ཟམ་གདོང་བླ་མས་གང་བཤད་པ་དེའི་ནང་ན་ལོ་རྒྱུས་དང་འགལ་བ་དངོས་ཡོད་དང་མི་འཚམས་པ་སོགས་ཀྱི་འགལ་འཛོལ་ཡོད་ན་དེའི་སྟེང་ཚ་འདེད་གཏོང་ཆོག་གི་རེད།
དེ་བྱུང་རིག་པའི་རིགས་ལམ་ཞིབ། དེ་བཞིན་ལེགས་སོ་ཞུ་བ་ལས། དེ་མིན་གཞན་ཞིག་བརྗོད་པ་ལ། དེ་དག་ངག་ནི་ལྐུག་པར་འགྱུར།
ལོ་རྒྱུས། སྔ་ལོ་དེ་ལ་འདི་དང་འདི་བྱུང་བ་ཡིན་པར་རྒྱུས་ཡོད་ཀྱིས་རྒྱུས་གཏམ་སྨྲ་འབྲི་བྱས་བ་ལ་ལོ་རྒྱུས་ཟེར། རྒྱལ་རབས། རྒྱལ་པོ་ཚོའི་རྒྱལ་རྒྱུད་འཛིན་རྫོག་གི་ཆགས་འཇིག་ལ་དབྱེ་ཞིབ་བདེན་བྱུང་གི་ཚེ་ལོ་རྒྱལ་རབས་ཟེར། སྲིད་པ་ཆགས་ལུགས་ཟེར་བ་ཞིག་བཤད་ནི་ཡང་ཡོད། སྔར་བྱུང་རིག་པ་ཟེར་ན་གོ་རྒྱུ་ཨ་བོ་ཙི་མེད་འགྲོ། བྱུང་བ་རིག་པའམ་བྱུང་བ་རིག་པ་ཚོས། ཕལ་ཆེར། མེ་ལས་དུ་བ་བྱུང་། བརླན་ནས་ཆུ་བྱུང་། མོ་ལས་བུ་བྱུང་བ་སོགས་ཀྱི་བྱུང་སྟེང་ཞིག་ཤེས་ནས་བཤད་དགོས་བ་ཞུ་གི་ཡོད་པ་འདྲ། མགོ་སྤུ་མེད་ལ་རལ་བའི་ཁྲལ་ཡག་པོ་ཞིག་བཀལ་འདུག་ཐལ། ཡང་མིང་ཚིག་འདི་བློ་ལ་འཛིན་དགོས་བ་རེད་པ་ཨ།
ཟམ་མི་ཆད་པའི་རོལ་གར།། གདོང་དམར་བོད་པའི་སྐལ་བཟང་།། བླ་མའི་བཀའ་དགོངས་སྒྲུབ་པར།། བློ་གྲོས་ཆེན་པོའི་གདེང་བཅས།། བཟང་པོའི་སྤྱོད་པས་བཙུན་ཞིང་།། བསྟན་དང་ཆབ་སྲིད་མཁས་པ།། འཛིན་མའི་ཁྱོན་འདིར་ཁོང་ཉིད།། སྐུ་ཚེ་བརྟན་ཅིང་བཞེད་དགོངས་འགྲུབ་པར་སྨོན་འདུན་དང་བཅས།།
ཆ་ཚང་ཉན་པ་ཡིན། རིན་པོ་ཆེ་ལགས་སུ་བཅོས་མིན་ཐུགས་རྗེ་ཆེ་ཞུ། སྔོན་མ་སིམ་ལའི་འཆིག་ཡིག་བཞག་སྐབས་དང་། རྒྱ་གར་ནང་ཨེ་ཤིའི་ཚོགས་འདུ་འཚོགས་སྐབས་ཀྱི་གཞུང་ཞབས་པ་དང་། དེང་སང་ང་ཚིའི་དབར་དུ་ཁྱད་པར་དང་ཡར་རྒྱས་ཇི་ཙམ་སོང་ཡོད་དམ།
མཁས་དབང་ཟམ་གདོང་མཆོག་གིས། ཉ་སྙད་གསར་བཏགས་ལ་ལམ་སེང་ཀུན་གྱིས་ཁས་བླངས་དཀའ་ན་ཡང་། གསུང་གི་གནད་ཚང་མ་ལ་ཕན་ཐོགས་ཅན་རྐྱང་རྐྱང་དུ་མཐོང་བས། ད་དུང་ཁོང་གི་དོན་ཚན་ཆུང་ཙག་རྣམས་གསུང་རྒྱུའི་དུས་ཚད་ལྡང་ངེས་མ་གནང་བ་ལ་བློ་ཕམ་ཡོད།
རྒྱ་གར་སྐད་དུ། ཨིཏཧྰས། ཨིན་སྐད་དུ། ཧིསཊིརི། སྐད་དོད་ལ། དེ་ལྟ་བུའི་བྱུང་བ། དེ་བྱུང། ཡིན་པ་དང་། དེ་བྱུང་ནང་ལ། རྒྱལ་རབས། ཆོས་འབྱུང་། ལོ་རྒྱུས་གསུམ་ག་ཚང་དགོས་ཟེར།
དེ་ལྟ་བུ་བྱུང་བ། ་ མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། རྨད་འབྱུང་གཏན་ལ་དབབ་པ་དང་། གསུང་རབ་ཡན་ལགས་བཅུ་གཉིས་ཡིན།། ་ བུས་སྟོན་རིན་པོ་ཆེས། བརྒྱད་སྟོང་འགྲེལ་པ་ན་ཡོད་པ་དེ་རང་གི་ཆོས་འབྱུང་དེབ་གཟུགས་ཤོག་གྲངས་༡༧དུ་བྲིས། ཟམ་གདོང་རིན་པོ་ཆེས་འདི་སོགས་ལ་ཁུངསགཏུགས་པ་དེ་མཁས་པའི་བྱ་བ་འཛིན་པར་མཛད་དོ།
གསུང་རབ་ཡན་ལག་བཅུ་གཉིས་ནི། ༡༽ མདོ་སྡེའི་སྡེ། ༢༽ དབྱངས་ཀྱི་བསྙད་པའི་སྡེ། ༣༽ ལུང་དུ་བསྟན་པའི་སྡེ། ༤༽ ཚིགས་སུ་བཅད་པའི་སྡེ། ༥༽ ཆེད་དུ་བརྗོད་པའི་སྡེ། ༦༽ གླེང་གཞིའི་སྡེ། ༧༽ རྟོགས་པ་བརྗོད་པའི་སྡེ། ༨༽ དེ་ལྟ་བུ་བྱུང་བའི་སྡེ། ༩༽ སྐྱེས་པའི་རབས་ཀྱི་སྡེ། ༡༠༽ ཤིན་ཏུ་རྒྱས་པའི་སྡེ། ༡༡༽ རྨད་དུ་བྱུང་བའི་སྡེ། ༡༢༽ གཏན་ལ་ཕབ་པའི་སྡེ།
རྒྱལ་རབས་བཤད་དང་མ་བཤད་གང་ཡོད་ཕྱིས་ཚར་སོང་། ད་ནི་ཆབ་སྲིད་ཀྱི་སྐད་ཆ་བཤད་དགོས་ན་སྲིད་སྐྱོང་ལ་བཀའ་འདྲི་ཞུས་ནས་གསུང་ན་མ་གཏོགས་གང་བྱུང་མ་བཤད་ན་ཡག སོ་སོའི་སྐབས་རྒྱལ་རབས་དང་མཐུན་པའི་ཕྱག་ལས་གནང་ཡོད་མེད་ཚང་མའི་མཁྱེན་གསལ་རེད། ད་ཡང་རྒྱལ་རབས་ཤིག་བཤད་རྒྱུ་ཡོད་མདོག་བྱེད་པ་དེ་ཡག་མི་ཡོང་ཨ།
ད་ཡང་བྱུང་བ་རིག་པ་ཡིན་ན་གཅིག་ལབ་ཀི་འདུག ལོ་རྒྱུས་རིག་པ་ཞེས་པའི་ཚིག་ཡོད་བཞིན་དུ་བེད་སྤྱོད་མི་བྱེད་པ་བྱུང་བ་རིག་པ་ལབ་དགོས་དོན་གང་ཡིན་ནམ། བླ་རྒན་མགོ་འཁྲེག་འདི་ཚོས་རྒྱལ་རབས་ལོ་རྒྱུས་དྲང་པོ་ནམ་ཡང་བཤད་ཀྱི་མ་རེད།
ཞེན་པ་ལོག་དགོས་ས་དེ་གོང་གི་མཆན་དགོས་པ་འདི་ཚོ་རེད་ ཁོང་ནི་གོང་ས་མཆོགས་གི་བཀའ་དགོངས་དོན་ཁྱོལ་གནང་མཁན་དང་ དོལ་རྒྱལ་སྐོར་ལ་༧གོང་ས་མཆོགས་ལ་དབུ་འོག་དཔུང་བདེགས་གནང་མཁན་ཡིན་པས་ ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་སྐུ་ཚེ་སྐད་རྒྱའི་བར་དུ་རྟན་གྱུར་གཅིགས།
སུ་འདོད་ཀྱང་རུང་མ་འདོད་ཀྱང་རུང་། ཁོང་ནི་དོན་གྱི་མཁས་དབང་རེད།
རྒྱ་གར་སྐད་དུ། ཨིཏཧྰས། བོད་སྐད་དུ། བྱུང་བ་རིག་པ། ཨིན་སྐད་དུ། ཧིསཊིརི།
ཡང་བླར་རྒན་གྱིས་བོད་ཀྱི་བྱུང་རབས་གཙང་མ་མེད་རབས་དང་མག་མོག་ཡིན་རབས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་དགོངས་དོན་སྒྲུབ་རྒྱུ་དེ་ཡིན་རྒྱུ་རེད། དེ་མིན་བླར་རྒན་གྱི་ཞལ་ནས་བོད་ལ་དམན་པའི་ལོ་རྒྱུས་བྱུང་བ་ཞིག་བཤད་རྒྱུ་མེད་ཁོ་ཐག།
རྒྱལ་རབས།
ལོ་རྒྱུས།
རྒྱལ་རབས་ལོ་རྒྱུས།
རྒྱལ་རབས་ཆོས་འབྱུང་།
བྱུང་བ་རིག་པ།
ལྷ་ཀླུ་ལོག་ནས་ཕེབས་བྱུང་།
སེ་རི་སྤྲད་ནས་ཕེབས་བྱུང་།
ང་ཕོད་ངར་ཁག་གནང་བགྱིད།
ཟུར་ཁང་ཟུར་ནས་༼ཐད་༽ཕེབས་སོང་།
སྤྱང་ལྡན་སྤྱང་རང་དྲགས་ནས།
ཟ་པ་བྱ་ལས་མགྱོགས་ག
ངས་གོ་ཚོད་ཙམ་ལ། ནོར་བཅོས་གྱིས།
༧ མཁས་དབང་ཁོང་གི་གསུང་ཚད་བདེན་དོན་དུ་མི་འཛིན་ཀྱང་ང་ནི་ཁོང་གི་གསུང་བཤད་ལ་ཤིན་ཏུ་མོས།
ཀ་རྡོ་ལགས། འདི་ལྟར་རེད།
ང་ཕོད་ངར་ནས་ཕྱིན་སོང་།
ཆབ་མདོ་བསྐྱལ་ནས་ལོག་བྱུང་།
བཀའ་ཤོད་ཌ་རུ་མགོ་བོས།
ལྷ་ས་སྐྱེལ་འགྲབས་བྱེད་དོ།
རྭ་ཡི་མགོ་ལ་བཏིངས་པའི།
སྟག་པགས་གདིང་བ་སེར་པོ།
བླ་མ་བརྟན་པོ་གནང་དགོས།
ཟུར་ནས་གཡུ་རྡོ་རྒྱབ་ཡོང་།
༼འདི་རྭ་སྒྲེང་ཕབ་མ་ཐག་སྟག་བྲག་ཡར་རྒྱལ་པོར་བཀོད་རྒྱུའི་གྲ་སྒྲིག་སྐབས་ལ། ཟུར་ཁང་དང་གཡུ་ཐོག་གིས་ས་འོག་དར་ཐག་ཐེན་པས་སྟག་བྲག་ལ་སྔོན་བརྡ་གཏོང་བའོ།༽
བསམ་ཤེས་བཀའ་དྲིན་ཆེ། ཁྱེད་ཀྱིས་བྲིས་པ་འདི་དག་གོ་མྱོང་མོད། ཁྱོད་ལྟར་ཚིག་གཙང་མ་ཞིག་ངག་ལ་སྐྱོར་རྒྱུ་མེད།
ཟམ་གདོང་བླ་མས་འཇོན་ཡང་ཆོག་མ་འཇོན་ན་རེད་མཁས་པའི་གདན་གྲལ་དུ་འཇོག་པར་ངོ་གནོང་མི་དགོས་པ་ཞིག་རེད། དེ་མིན་སྒེར་གྱི་ཞེན་འཁོན་འཁྱེར་ནས་ལ་བཤད་ལུང་བཤད་བྱེད་དགོས་དོན་མི་འདུག ཟམ་གདོང་བླ་མས་གང་བཤད་པ་དེའི་ནང་ན་ལོ་རྒྱུས་དང་འགལ་བ་དངོས་ཡོད་དང་མི་འཚམས་པ་སོགས་ཀྱི་འགལ་འཛོལ་ཡོད་ན་དེའི་སྟེང་ཚ་འདེད་གཏོང་ཆོག་གི་རེད།
དེ་བྱུང་རིག་པའི་རིགས་ལམ་ཞིབ། དེ་བཞིན་ལེགས་སོ་ཞུ་བ་ལས།
དེ་མིན་གཞན་ཞིག་བརྗོད་པ་ལ། དེ་དག་ངག་ནི་ལྐུག་པར་འགྱུར།
ལོ་རྒྱུས། སྔ་ལོ་དེ་ལ་འདི་དང་འདི་བྱུང་བ་ཡིན་པར་རྒྱུས་ཡོད་ཀྱིས་རྒྱུས་གཏམ་སྨྲ་འབྲི་བྱས་བ་ལ་ལོ་རྒྱུས་ཟེར།
རྒྱལ་རབས། རྒྱལ་པོ་ཚོའི་རྒྱལ་རྒྱུད་འཛིན་རྫོག་གི་ཆགས་འཇིག་ལ་དབྱེ་ཞིབ་བདེན་བྱུང་གི་ཚེ་ལོ་རྒྱལ་རབས་ཟེར།
སྲིད་པ་ཆགས་ལུགས་ཟེར་བ་ཞིག་བཤད་ནི་ཡང་ཡོད། སྔར་བྱུང་རིག་པ་ཟེར་ན་གོ་རྒྱུ་ཨ་བོ་ཙི་མེད་འགྲོ།
བྱུང་བ་རིག་པའམ་བྱུང་བ་རིག་པ་ཚོས། ཕལ་ཆེར། མེ་ལས་དུ་བ་བྱུང་། བརླན་ནས་ཆུ་བྱུང་། མོ་ལས་བུ་བྱུང་བ་སོགས་ཀྱི་བྱུང་སྟེང་ཞིག་ཤེས་ནས་བཤད་དགོས་བ་ཞུ་གི་ཡོད་པ་འདྲ།
མགོ་སྤུ་མེད་ལ་རལ་བའི་ཁྲལ་ཡག་པོ་ཞིག་བཀལ་འདུག་ཐལ། ཡང་མིང་ཚིག་འདི་བློ་ལ་འཛིན་དགོས་བ་རེད་པ་ཨ།
ཟམ་མི་ཆད་པའི་རོལ་གར།།
གདོང་དམར་བོད་པའི་སྐལ་བཟང་།།
བླ་མའི་བཀའ་དགོངས་སྒྲུབ་པར།།
བློ་གྲོས་ཆེན་པོའི་གདེང་བཅས།།
བཟང་པོའི་སྤྱོད་པས་བཙུན་ཞིང་།།
བསྟན་དང་ཆབ་སྲིད་མཁས་པ།།
འཛིན་མའི་ཁྱོན་འདིར་ཁོང་ཉིད།།
སྐུ་ཚེ་བརྟན་ཅིང་བཞེད་དགོངས་འགྲུབ་པར་སྨོན་འདུན་དང་བཅས།།
ཆ་ཚང་ཉན་པ་ཡིན། རིན་པོ་ཆེ་ལགས་སུ་བཅོས་མིན་ཐུགས་རྗེ་ཆེ་ཞུ།
སྔོན་མ་སིམ་ལའི་འཆིག་ཡིག་བཞག་སྐབས་དང་། རྒྱ་གར་ནང་ཨེ་ཤིའི་ཚོགས་འདུ་འཚོགས་སྐབས་ཀྱི་གཞུང་ཞབས་པ་དང་། དེང་སང་ང་ཚིའི་དབར་དུ་ཁྱད་པར་དང་ཡར་རྒྱས་ཇི་ཙམ་སོང་ཡོད་དམ།
མཁས་དབང་ཟམ་གདོང་མཆོག་གིས།
ཉ་སྙད་གསར་བཏགས་ལ་ལམ་སེང་ཀུན་གྱིས་ཁས་བླངས་དཀའ་ན་ཡང་། གསུང་གི་གནད་ཚང་མ་ལ་ཕན་ཐོགས་ཅན་རྐྱང་རྐྱང་དུ་མཐོང་བས། ད་དུང་ཁོང་གི་དོན་ཚན་ཆུང་ཙག་རྣམས་གསུང་རྒྱུའི་དུས་ཚད་ལྡང་ངེས་མ་གནང་བ་ལ་བློ་ཕམ་ཡོད།
རྒྱ་གར་སྐད་དུ། ཨིཏཧྰས། ཨིན་སྐད་དུ། ཧིསཊིརི།
སྐད་དོད་ལ།
དེ་ལྟ་བུའི་བྱུང་བ། དེ་བྱུང། ཡིན་པ་དང་།
དེ་བྱུང་ནང་ལ།
རྒྱལ་རབས། ཆོས་འབྱུང་། ལོ་རྒྱུས་གསུམ་ག་ཚང་དགོས་ཟེར།
དེ་ལྟ་བུ་བྱུང་བ།
་
མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན།
ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་།
རྟོགས་བརྗོད་དེ་ལྟ་བུ་བྱུང་དང་།
སྐྱེས་རབས་ཤིན་ཏུ་རྒྱས་པ་དང་།
རྨད་འབྱུང་གཏན་ལ་དབབ་པ་དང་།
གསུང་རབ་ཡན་ལགས་བཅུ་གཉིས་ཡིན།།
་
བུས་སྟོན་རིན་པོ་ཆེས། བརྒྱད་སྟོང་འགྲེལ་པ་ན་ཡོད་པ་དེ་རང་གི་ཆོས་འབྱུང་དེབ་གཟུགས་ཤོག་གྲངས་༡༧དུ་བྲིས། ཟམ་གདོང་རིན་པོ་ཆེས་འདི་སོགས་ལ་ཁུངསགཏུགས་པ་དེ་མཁས་པའི་བྱ་བ་འཛིན་པར་མཛད་དོ།
གསུང་རབ་ཡན་ལག་བཅུ་གཉིས་ནི།
༡༽ མདོ་སྡེའི་སྡེ།
༢༽ དབྱངས་ཀྱི་བསྙད་པའི་སྡེ།
༣༽ ལུང་དུ་བསྟན་པའི་སྡེ།
༤༽ ཚིགས་སུ་བཅད་པའི་སྡེ།
༥༽ ཆེད་དུ་བརྗོད་པའི་སྡེ།
༦༽ གླེང་གཞིའི་སྡེ།
༧༽ རྟོགས་པ་བརྗོད་པའི་སྡེ།
༨༽ དེ་ལྟ་བུ་བྱུང་བའི་སྡེ།
༩༽ སྐྱེས་པའི་རབས་ཀྱི་སྡེ།
༡༠༽ ཤིན་ཏུ་རྒྱས་པའི་སྡེ།
༡༡༽ རྨད་དུ་བྱུང་བའི་སྡེ།
༡༢༽ གཏན་ལ་ཕབ་པའི་སྡེ།
དེ་དག་གི་དཔེ་ཆ་མཚན་གཞི་རེར་བྱུང་ན་ཀུན་ལ་ཕན་ངེས།
ངེས་པ་དོན་གྱི་མཁས་དབང་རེད་འདུག