གནས་ཚུལ་མཁོ་གཏོང་བ། སྦྲ་དཔལ་ལྡན།༼ལྡི་ལི།༽
བོད་ནས་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྤྱི་ཚེས་བཅུ་གསུམ་ཉིན་མདོ་སྨད་རྔ་བ་རྗོང་དཔའ་བོའི་སྲང་ལམ་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་འདུག་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། མེར་སྲེག་གཏོང་མཁན་ཁོང་ནི་མི་སྐྱ་ཞིག་ལས་གྲོང་པ་གང་ཡིན་དང་མི་སུ་ཡིན་ཁ་གསལ་མི་འདུག
ད་ལྟའི་མེར་སྲེག་རྗེས་སུ་རྒྱ་དམར་གྱིས་དམ་དྲག་བྱེད་བཞིན་པའི་སྒང་རེད་ལ་ད་ལྟ་ས་གནས་ཀྱི་དྲ་རྒྱ་སོགས་བཀག་འགོག་བྱས་འདུག
འོག་གི་པར་དེ་དག་དམ་དྲག་བྱེད་བཞིན་པའི་པར་ཁག་ཅིག་རེད།
སྤུན་ཟླ་ཚོ་ལ་ཤ་ཚ་དགོས་པ་དང་སྙིང་རྗེ་འོས་པ་རེད་ཡ།
ས་གནས་ཡུལ་མི་ཞིག་གིས་རྗོད་པ་ལྟར་ན་མེ་སྲེག་གཏང་མཁན་མི་གཉིས་ཡོད་པའི་གནས་ཚུལ་ཞིག་འདུག ཡིན་ན་ཡང་དམ་བསྒྲགས་ཧ་ཅང་ཆེ་པས་གནས་ཚུལ་གསལ་པོ་རག་ཁག་པོ་འདུག
བཙན་བྱོལ་བོད་མིས་གཞིས་ལུས་བོད་མིའི་བློས་བཏང་ལ་སེམས་ངལ་ཏིལ་འབྲུ་ཙམ་ཡང་བྱེད་ཀྱི་མི་འདུག་ཀྱང་ངསབྱེད་ཐུབ་པ་ནི་མ་ཎི་དབྱངས་རྟར་འདྲེན་རྒྱུ་ལས་མ་འདས། དཀོན་མཆོག་མཁྱེན་བོད་མི་རིགས་ལ་དུང་ཞེན་ཟབ་པའི་མི་བུ་དག་དེ་ལྟར་འབུད་སོང་ན་ཅི་འདྲའི་བློ་ཕམ་དགོས་པ་ཞིག་རེད།
དཀོན་མཆོག་མཁྱེན། ད་བདེན་ནམ། ཡིད་སེམས་སྐྱོ་བ་ལ།
ང་ཚོའི་དཔའ་རྒོད་བརྒྱ་དང་སུམ་ཅུར་ཉེ་བ་འདི་ལྟར་གཤེགས་ཐལ།
རང་ལུས་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་མཆོད་མེར་སྤྲུལ་ནས་གཤེགས་ཐལ།
དེ་ནི་སངས་རྒྱས་བྱང་སེམས་སོགས་ཀྱི་སྤྲུལ་བ་ཡང་སྤྲུལ་ལྟ་བུ་མ་ཡིན་པར།
ཉམ་ཐག་པའི་མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་དངོས་སུ་གཤེགས་ཐལ།
བོད་མིའི་ལས་དབང་འདི་ཇི་འདྲའི་སྐྱོ་ཨང་་་་་་་་
ངའི་སྙིང་ནས་བརྩེ་བའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཁྱེད་ཀྱིས་ང་ཚོ་བོད་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བར་ངས་དུས་ནམ་ཡང་སྨོན་ལམ་དང་ཕྱི་མ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་དུ་སྐྱེ་བར་གསོལ་བ་འདེབས་ཀྱི་ཡོད
ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་བོད་མི་རྟ་མགྲིན་སྐྱབས་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༤ ཚེས་པ་༨ ཡས་མས་ནས་བཟུང་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་མཛོད་དགེ་རྫོང་གི་མི་དམངས་སྲིད་གཞུང་གིས། རྫོང་ཁོངས་སུ་རང་ལུས་མེར་བསྲེགས་ཐེངས་མང་བྱུང་བཞིན་པར་སྔོན་འགོག་ཆེད་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་དོན་ཚན་ ༡༦ ཅན་གྱི་ཡིག་ཆ་ཞིག་མཛོད་དགེ་རྫོང་ཁོངས་ཀྱི་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད་འདུག
གཞུང་འབྲེལ་ཡིག་ཆ་དེའི་ནང་རྫོང་ཡོངས་ཀྱིས་ནུས་ཤུགས་ཡོད་དགུས་ཐོད་བརྒལ་ཅན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ཡུན་རིང་བདེ་འགོད་ཀྱི་འགག་རྩའི་དུས་འདིར། མང་ཚོགས་མང་ཤོས་དང་དགོན་པ་མང་ཤོས། བཙུན་པ་མང་ཤོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱ་ལ། ཏང་གི་མི་རིགས་མངའ་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་དང་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་ཁྲོད་ནུས་པ་ཆེན་པོ་ཐོན་ཡོད། འོན་ཀྱང་མི་རེ་འགའ་དང་ཁྲིམས་འགལ་ཉེས་ཅན་སྐོར་ཅིག་གིས་དམིགས་ཡུལ་ངན་པ་ཞིག་གི་ཆེད་དུ། བསམ་གཟས་ནས་མཐུན་སྒྲིལ་དང་བདེ་འཇགས་ཀྱི་རྣམ་པ་བཟང་པོར་གནོད་སྐྱོད་བཟོས་ལ། ཤུགས་རྐྱེན་ངན་པའི་རང་སྲེག་གྱོད་དོན་འཕྲོས་མཐུད་ནས་བུད་བྱུང་། དེས་རང་རྫོང་གི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་གོ་རིམ་ལ་གནོད་པ་བཏང་ཞིང་། རང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་གནོད་པ་བཟོས། དེ་བས་ཁྲིམས་འགལ་ལ་རྡུང་རྡེག་བྱས་ཏེ་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་འགན་སྲུང་ཆེད། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་གཤམ་གྱི་ཆོད་དོན་འདི་བཟོས་པ་ཡིན་ཞེས་འཁོད་འདུག
ཡིག་ཆའི་ནང་དོན་ཚན་བཅུ་དྲུག་བཀོད་ཡོད་པ་ལས་དང་པོ། རང་བསྲེགས་མཁན་གྱི་བཟའ་ཟླ་བུ་ཕྲུག་གཉེན་ཉེ་དང་བཅས་པ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ལས་དོན་མི་སྣ། བཟོ་བ་དང་དམག་ནང་ཞུགས་རྒྱུའི་ཐོབ་ཐང་མེད་པར་བཟོ་རྒྱུ། གཉིས་པ། རང་བསྲེགས་མཁན་གྱི་གཉེན་ཉེ་ཡིན་ན། རིམ་པ་སོ་སོའི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། སྡེ་བའི་ལས་བྱེད་ཚུན་ལ་བདམས་རྒྱུའི་ཐོབ་ཐང་མེད། གསུམ་པ། རྒྱལ་ཁབ་ཀྱི་གཞུང་ཞབས་དང་ལས་དོན་མི་སྣ། ལས་བཟོ་བ་སོགས་ཀྱིས་རང་གི་གཉེན་ཉེར་སློབ་གསོ་ནན་པོ་གཏོང་དགོས། གལ་ཏེ་གཉེན་ཉེའི་ནང་རང་བསྲེགས་བྱུང་ན་གཏན་འབེབས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུ། བཞི་བ། རང་བསྲེགས་མཁན་དང་གྱོད་དོན་དེར་རང་འགུལ་གྱིས་ཞུགས་པ་ཁྱིམ་ཚང་ལ་ལོ་གསུམ་དང་། ཚོ་བར་ལོ་གཅིག་རིང་གི་དམངས་ཕན་སྲིད་ཇུས་ཚང་མ་མེད་པར་བཟོ་རྒྱུ།
ལྔ་བ། རང་བསྲེགས་པ་ཡོད་སའི་སྡེ་བ་དང་དགོན་པར་རྒྱལ་ཁབ་ཀྱི་མ་དངུལ་གཏོང་བའི་རྣམ་གྲངས་མེད་པར་བཟོ་རྒྱུ་དང་། ཚོང་འདྲེན་རྒྱུ་འགུག་དང་དམངས་ཁྲོད་མ་དངུལ་རྣམ་གྲངས་ཚང་མ་མཚམས་འཇོག་རྒྱུ། དྲུག་པ། རང་བསྲེགས་མཁན་དང་གྱོད་དོན་ལ་རང་འགུལ་གྱིས་ཞུགས་མཁན་ཁྱིམ་ཚང་རྣམས། བློ་གཏད་མེད་པའི་ཁྱིམ་ཚང་གྲས་སུ་འཇོག་ལ། དེའི་སྡེ་བ་དང་དགོན་པའང་བློ་གཏད་མེད་པའི་སྡེ་དགོན་ཡིན་སྟབས། ལོ་གསུམ་རིང་དངུལ་བུན་མི་གཏོང་ལ་བཏང་ཟིན་པ་རྣམས་ཕྱིར་བསྡུ་རྒྱུ་ཡིན། བདུན་པ། རང་སྲེག་གྱོད་དོན་བྱུང་བའི་དགོན་པ་དང་སྡེ་བས་ངེས་པར་དུ། སྒོར་ཁྲི་གཅིག་ནས་ཁྲི་ལྔ་བཅུའི་རང་སྲེག་རྒོལ་བའི་ཁག་ཐེག་མ་དངུལ་སྤྲོད་དགོས། གལ་ཏེ་ལོ་གཉིས་རིང་རང་སྲེག་མ་བྱུང་ན་དངུལ་ཕྱིར་སློག་ཆོག གལ་ཏེ་ཡང་བསྐྱར་རང་སྲེག་བྱུང་ན་སྔར་གྱི་ཁག་ཐེག་དངུལ་རྒྱལ་མཛོད་དུ་སྤྲོད་ལ། མུ་མཐུད་དུ་ཁག་ཐེག་དངུལ་སྤྲོད་དགོས། བརྒྱད་པ། རང་སྲེག་གྱོད་དོན་དེ་སྡེ་བའི་ལས་བྱེད་པ་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ། དགེ་རྒན་འགན་ཁུར་མཁན་གྱི་འཚོ་བའི་རོགས་དངུལ་ཐོབ་ཐང་དང་འབྲེལ་རྒྱུ། དེའི་མ་ཚད་ལོ་དེའི་ལེགས་དཔྱད་རྩེ་བསྡུར་གྱི་ཐོབ་ཐང་མེད་པ་བཟོ་རྒྱུ།
དགུ་བ། རང་སྲེག་བྱེད་པའི་མི་དེའི་ས་ཞིང་དང་རྩྭ་ས་ལ་བེད་སྤྱོད་བྱེད་པའི་དབང་ཆ་ཕྱིར་ལེན་པ། རང་སྲེག་བྱེད་པའི་སྡེ་བ་དེའི་ས་ཞིང་དང་རྩྭ་ས་གཉེར་སྐྱོང་གི་དབང་ཆར་བཀག་བསྡོམས་ནན་པོ་བྱེད་རྒྱུ། བཅུ་བ། རང་སྲེག་པའི་ཐད་ཀའི་གཉེན་ཉེ་དང་གྱོད་དོན་དེར་རང་འགུལ་གྱིས་ཞུགས་པ་ཚོར། ཁྱིམ་ཚང་གི་ཁང་ས་དང་ཁང་ཁྱིམ་ལ་མཐར་ཐུག་གི་དབང་ཆ་ཁས་ལེན་གྱི་དཔང་རྟགས་སྟེར་རྒྱུ་མིན། ཚོང་ལས་གཉེར་སྐྱོང་གི་བྱེད་སྒོར་ལོ་གསུམ་ནང་ཞིབ་མཆན་འགོག་རྒྱུ་མིན། བཅུ་གཅིག་པ། རང་སྲེག་པའི་ཐད་ཀའི་གཉེན་ཉེ་ཕྱི་རྒྱལ་དང་ལྷ་ས་སོགས་སུ་འགྲོ་བར་སྙན་ཞུ་བྱས་ན། ལོ་གསུམ་ནང་ཞིབ་མཆན་འགོད་རྒྱུ་མིན། བཅུ་གཉིས་པ། རང་སྲེག་གྱོད་དོན་ལ་རྡུང་རྡེག་དྲག་པོ་བྱས་ཏེ་ཆེས་ནན་པོས་ཁྲིམས་ལྟར་འཆུན་འདོམས་བྱ་རྒྱུ།
བཅུ་གསུམ། རང་སྲེག་གྱོད་དོན་བྱུང་སའི་སྡེ་བ་དང་དགོན་པའི་ནང་དུ། ཁྲིམས་ལུགས་སློབ་གསོའི་འཛིན་གྲྭ་འཛུགས་རྒྱུ། བཅུ་བཞི་པ། རང་སྲེག་གྱོད་དོན་བྱུང་སའི་དགོན་པའི་གྲྭ་བཙུན་རྣམས་ཆོས་ལུགས་བྱེད་སྒོ་སྤེལ་བར་བཀག་སྡོམ་ནན་པོ་བྱ་རྒྱུ། བཅོ་ལྔ་པ། རང་སྲེག་བྱུང་སའི་དགོན་པའི་རྒྱུ་ནོར་ལ་ཁྲིམས་ལྟར་དག་ཐེར་དང་། དགོན་པའི་གཉེར་སྐྱོང་གི་བྱ་བ་མཚམས་འཇོག་དག་ཐེར། དགོན་པའི་རྒྱུ་ནོར་འགྲོ་སོང་གནས་ཚུལ་དང་། ཞལ་འདེབས་དང་བེད་སྤྱོད་ཀྱི་རིམ་པ་དགོན་པ་དོ་དམ་ཁང་ལ་སྙན་གསེང་ཞུ་རྒྱུ། དུས་ལྟར་གྲྭ་བཙུན་དང་ཆོས་དད་མང་ཚོགས་ལ་སྤྱི་བསྒྲགས་བྱ་དགོས་པ། བཅུ་དྲུག་པ། རང་སྲེག་གྱོད་དོན་གྱི་གནས་ཚུལ་དང་སྐད་འཕྲིན་ཡར་ཞུ་བྱེད་མཁན་རྣམས་དོན་དངོས་ཡིན་ན། དེའི་རིན་ཐང་ལ་གཞིག་ནས་དམངས་སྒོར་ཉིས་སྟོང་ནས་ཁྲི་ལྔ་བཅུ་ཡི་བྱ་དགའ་སྟེར་བ་མ་ཟད། ཞུ་གཏུག་པའི་གནས་ཚུལ་གསང་རྒྱ་བྱེད་ངེས་ཡིན། ཆོད་དོན་འདི་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱེད་དགོས། ཆོད་དོན་འདིར་མི་བསྟུན་པ་ཡོད་ན་ཆོད་དོན་འདི་ཚད་གཞིར་འཛིན་དགོས། ཞེས་འཁོད་འདུག
རང་སྲེག་པ་མངས་པའི་སྲིད་གཞུང་ནི་བློ་གཏད་མེད་པའི་སྲིད་གཞུང་གི་གྲས་ཡིན།
བདེན་པ་ཉིད་རྒྱལ་གྱུར་ཅིག
རང་སྲེག་བྱེད་པ་ལ་ཁྲིམས་གཅོད་གཏོང་བ་ནི་རིག་གནས་གསར་བརྗེ་མོ་རོ་ལངས་བརྒྱབ་པ་རེད།
བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོ་ནམ་ཡང་རྒྱས་གྱུར་ཅིག །
རང་སྲེག་མང་དྲགས་མིན་ནམ། །
རྒྱ་གཞུང་གནོད་མིན་མི་ཤེས། །
བོད་མིར་ལུས་སྲོག་གནོད་བགྱིད། །
ལས་འགུལ་ཐབས་གཞན་བཙལ་ན། །
རང་གཞན་ཕན་ཐོགས་མེད་དམ། །
1 དགྲ་བོ་རྒྱ་དམར་ཚང་གིས། སྡུག་ལ་མཐའ་མེད་པའི་སྡུག་སྐུལ་མ་ཐེག་པར། དམར་པོའི་མྱེ་ལ་བསྲེགས་པ་ཡིན་པས།
2 དགྲ་བོ་རྒྱ་དམར་ཚང་གིས། སྡུག་ལ་ཐུག་ཏུ་བཅུག་ནས་ཅི་བྱེད་ལ་ལམ་ཁ་མེད་པར། དམར་པོའི་མྱེ་ལ་བསྲེགས་པ་ཡིན་པས།
3 དགྲ་བོ་རྒྱ་དམར་ཚང་གི། སྡུག་གི་མནར་གཅོད་ལ་ངོ་རྒོལ་གྱི་ཚུལ་དུ། དམར་པོའི་མྱེ་ལ་བསྲེགས་པ་ཡིན་པས།
4 སྡུག་བསྔལ་ཅན་གྱི་བོད་མིའི་གནད་དོན་ཕྱི་ལ་བསྒྲགས་ཕྱིར། དམར་པོའི་མྱེ་ལ་བསྲེགས་པ་ཡིན་པས།
བོད་་་་དཔའ་མི་ཚོ་འདི་ལྟ་བཞུད་པ་ལ་ངས་ནི་དེ་རིང་ནས་རང་སྲེག་ཟེར་བའི་མིང་ཚིག་འདི་དོན་ལ་མི་གནས་བས། སྡུག་སྲེག་དཔའ་བོ་དཔའ་མོ་ཟེར་རྒྱུ་ཡིན།
སྡུག་སྲེག་བཏང་བའི་དཔའ་བོ་ཚང་མར། འཆི་གསོན་གྱི་སྡུག་བསྔལ་འདི། འདི་ནས་གང་ཞིག་གི་གནས་ལ་ལྷག་རུང་། ཁྱེད་ཚོ་ནི་མི་རིགས་ཤིག་གི་མིག་མདུན་ནས། ཞྭ་ཕུད་ས་དང་ཕྱག་འཚལ་ས་ཡིན། ཨ་བུའི་རེས་དང་རྐྱལ་བའི་རེས། རྐྱལ་བ་ཁ་ལོ་ལོག་ཚུལ་ལོས་ཡོད། ངས་མ་ཎི་དབྱངས་དྲུག་གིས་ཀི་ཀི་བསྭོ་བསྭོ་ཞིག་བཏབ་ཡོད།
འཇམ་དབྱངས་གོང་མར་བཀུར་བའི་མཐའ་མར་མཐའ་མཚམས་རྟ་བོས་འཚེར་སྐད་སྒྲོགས་སྟེ་མེར་རུ་འཆོང་།
ལྷ་དམག་རྣམས་ཀྱང་འ་ཆད་འུ་གཏུག་གིས་ནི་གཟན་རྩྭས་མི་རྣམས་བསླུ་བའི་སླ་ཆོས་བྱེད།
འཇིག་རྟེན་འདོད་པའི་གནས་ལ་བསུན་སྣང་སྐྱེ་བའི་སྐྱེ་དགུའི་རེ་བའི་རང་དབང་ལྷ་མོས་ཡང་།
མེ་ཡི་བྲོ་གར་གྱིས་ནི་བཙིར་གནོན་འགོག་དང་ལྷན་ཅིག་ས་གཞིར་གཙང་མར་འགྲོ་ལ་རང་དབང་བསུ།
དཔའ་བོར་དཔའ་བོའི་འགྲོ་སྲོལ།
ཁྱི་ལ་ཁྱི་རྔའི་གཡུག་སྲོལ།
སྤྱོད་པ་སྡུག་ག་མ་གཏོགས།
དྲ་འབུའི་ལས་ལ་བཀོད་མེད།
སྐྱེ་སྐྱེ་ཐམས་ཅད་འཆི་འགྲོ
སྡོད་དགོས་འདུག་དགོས་བསམ་པ།
ཡིད་ལ་ཝ་ལེར་ཝ་ལེར།
འཆར་གིན་འཆར་གིན་འགྲོ་ཨང་།
ལས་ངན་ལས་འགུལ་སྤེལ་སོང་།།
རྒྱ་ལ་གནོད་པ་ཕར་ཞོགས།།
བོད་ལ་ཕན་པར་ལྟ་ཅི།།
གསོན་གསོན་གསོན་པོ་བསྲེག་སོང་།།
རྒྱལ་བ་ཕེབས་རྒྱུ་མི་འདུག།
སྲིད་སྐྱོང་འཕགས་རྒྱུ་མི་འདུག།
སྟོབས་ཆེན་རྒྱལ་ཁབ་ཟེར་ཀྱང་།།
གཡོ་གཏམ་ཚིག་ལས་མི་འདུག།
༧གོང་ས་མཆོག་གཙོས་བླ་ཆེན་རྣམས་དང། སྲིད་སྐྱོང་གཙོས་དབུ་ཁྲིད་རྣམས་ནས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་
བཀག་འགོགས་མི་གནང་བའི་རྒྱུ་མཚན་ཅི་ཡིན་ནམ།
བཀྲ་ཤིས་ལགས། དྲི་བ་དེ་གལ་ཆེན་པོ་རེད། ངས་འདི་ལྟར་བསམ་གྱིན་ཡོད།
གཅིག རང་སྲེག་པས་ངོ་རྒོལ་བྱེད་ས་དེ་རྒྱ་ནག་གཞུང་རེད།
གཉིས། ཞུ་གཏུགས་བྱེད་ས་དེ་འཛམ་བུ་གླིང་རེད།
གསུམ། རེ་བ་བྱེད་ས་དེ་ཡིད་བཞིན་ནོར་བུ་རེད།
དེས་ན་ང་ཚོས་བྱེད་ཐུབ་པ་ཅུང་ཞིག་ཡོད་པ་དེ་ཞུ་གཏུགས་དེ་ཀུན་ཏུ་སྒྲོག་པ་འདི་ཙམ་རེད། དོན་དག་གཞན་པ་གཉིས་རྒྱ་ནག་གཞུང་ལ་ཐུག་ཡོད། གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་སྤྲོད་ཆོག་ཅེས་ཁས་བླངས་ན་རང་སྲེག་ངོ་རྒོལ་མཚམས་འཇོག་གི་རེད། ཡང་ན་ཏཱ་ལའི་བླ་མ་ཕེབས་བསུ་གནང་ནས་བོད་དོན་ཐག་གཅོད་བྱས་ན་དཀའ་ངལ་ཚང་མ་སེལ་ཐུབ།
མདོར་ན། ང་ཚོའི་ངོས་ནས་ཁོ་ཚོའི་རེ་འདུན་དེ་དག་སྒྲུབ་མི་ཐུབ་པས་ཁ་ཏ་བསླབ་བྱ་གནང་རྒྱུའི་འོས་བབ་དང་་ནུས་པ་གཉིས་ཀ་མེད།