འཇིགས་མེད་ནུབ་པ།
༡)
ཚེ་ཡི་ཚེ་གྲོགས་ཁྱིམ་གྱི་དགའ་མ་སོགས།།
མི་ནག་ཕལ་བའི་ལས་དེ་སྔར་ནས་སྤངས།།
རི་ནགས་ལྷིང་ལ་འཇགས་པའི་མཚོ་ཁ་འདིར་།།
ཁྱི་ཞིག་གྲོགས་ལ་ཉར་ནས་བསམ་གཞིགས་གཏོང་།།
༢)
ང་ཡི་མེས་པོ་ཚོ་ལ་དད་སེམས་ཆེ།།
དད་སེམས་རེ་རེའི་ཀློང་ན་མ་ཎི་ཡོད་།།
མ་ཎི་རེ་རེའི་བདག་པོ་ཁོང་ཚོ་ཡིན།།
འོན་ཀྱང་དེ་རིང་སྐོར་མཁན་ཁྱོད་རེད་འདུག།
༣)
ས་མདོག་སྐྱ་རིལ་འདི་རུ།།
དད་པས་མཆོད་རྟེན་བརྩིགས་རུང་།།
ཕྱག་བསྐོར་བྱེད་མཁན་མེད་ན།།
རྟེན་དེ་ཉོབ་གི་མེད་འགྲོ།
ས་མདོག་སྐྱ་རིལ་དེ་རུ། མཆོད་རྟེན་སྐྱ་རིལ་ཞིག་བརྩིགས། དེའི་འཁྲིས་ལ་ཁང་པ་སྐྱ་རིལ་ཞིག་ཕིབས། དེའི་ནང་ལ་བླ་རྒན་སྐྱ་རིལ་ཞིག་བསྡད། དང་པོ་མཇལ་སྐོར་པ་སྐྱ་རིལ་འགའ་རེ་ཡོང་། བླ་རྒན་དེ་ལ་རྩམ་སྐྱ་རེ་ཕུལ། རྗེས་སུ་མ་ཡོང་། བླ་རྒན་ཡང་མ་བསྡད། ཁང་པ་ཡང་ཞིག མཆོད་རྟེན་དེ་གྱང་གོག་དེའི་འཁྲིས་ན་ཨུ་ཚུགས་ཀྱིས་ལངས་ནས་བསྡད་ཡོད།
“ཁྱོད་ཚོ་ཡོང་རྒྱུ་མིན་ནམ།”
ངོ་མ་བྲོ་བ་ཆེ་གི ཞིམ་གི
གྲོགས་པད་རྣམ་ཕེབས་པ་གློ་བ་དགའ།
“ཁྱེད་ཚོ་ཡོང་རྒྱུ་མིན་ནམ།”
ད་ཕལ་ཆེར་ཡོང་མཁན་ཡོད་ཀྱི་མ་རེད། ཡོད་ན་ནི་རང་བྱུང་གི་རླུང་བུ་གྲང་ཤུར་ཤུར་དེ་ཡིན་རྒྱུ་རེད།
ཆབ་བྲག་ལ་བྲོ་བ་བྱུང་བ་ཡག་བྱུང་ཟེར་གི་ཡིན།
ཆབ་བྲག་འདི་ནི་འབྲོག་རྒན་ཞིག།
འབྲོག་རྒན་དྲང་མོ་མདའ་འདྲ་ཞིག།
མདའ་མོ་དད་པས་འགུག་མཁན་ཞིག།
དད་པ་གར་ཡོང་མི་ཤེས་མཁན།།
(ཀུ་རེ་ཡིན)
པར་བཏབ་སྙན་ངག་ལ་གོ་རྒྱུ་ཡག་པོ་འདུག། ང་ཚོ་ཚང་མས་བཀླགས་ཡོད་དོ། དབྱིན་སྐད་དུ A picture is worth a thousand words ཟེར་བ་དེ་བདེན་པ་ལོས་ཡིན། །
མི་ཡི་ཚེ་རོགས་མི་ཞིག་མེད་པ་དེ།།
དུས་ནི་མི་འགྱུར་མི་རྣམས་འགྱུར་བས་ལན།།
མི་ཡི་སྐྱོ་རོགས་མི་ཞིག་མི་འདེམས་འདི།།
མི་འདིའི་སྤྱོད་ལམ་མི་དང་མི་མཐུན་རྟགས།།
རེ་བའི་ཕྱི་མྱིག་འཕེན་པའི་གྲྭ་རྒན་ཚོར།།
གངས་རི་པང་དུ་ལེན་པའི་སྤོབས་པ་མེད།
་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་་
རྐང་ལག་བཞི་བོ་ས་ཟད་རྡོ་ཟད་ཀྱིས།
ལུས་རྩལ་ལག་སྐོར་ཡང་ཡང་སྐོར་བར་སྨོན།
་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་་་་
རི་བ་ཇག་པས་བཏད་པའི་ཤུལ་ལམ་ན།
མཆོད་རྟེན་རླུང་གིས་ཞིག་པའི་སྣང་བརྙན་ཞིག།
གནམ་གྱི་ཚིག་རིས་ལ་བསམ་བློ་གཏོང་བཞིན་ཡོད།
ཁྱི་དང་ནག་མོ་ཟེར་ནས་སྨད་ན་ཡང་།།
དོན་གྱིས་ཆོས་གཟུགས་ཁོག་གི་རབ་བྱུང་ཡིན།།
ཚུལ་འཆོས་རྒན་པོས་རྫུན་བག་མ་སྟོན་པར།།
འདྲ་མཉམ་ཁ་བའི་བདེ་སྡུག་གྱེར་ལ་ཤོགས།།
གནམ་ལགས།
རེ་བའི་ཕྱི་མིག་འཕེན་པའི་གྲྭ་རྒན་ཚོས། །
གངས་རི་ཡོད་ཚད་འགྲོ་ལྟའི་སྤོབས་པ་ཡོད། །
་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་་
རྐང་ལག་བཞི་པོ་སར་ཟད་རྡོར་ཟད་ཀྱིས།
ལུས་རྩལ་ཕྱག་འཚལ་ལག་སྐོར་ཡང་ཡང་སྐོརད། །
་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་་་་
གཞན་རིགས་ཇག་པས་གཏོར་བའི་ཤུལ་ཡང་སྲིད། །
བརྟན་མེད་མི་རྟག་སྒྱུ་མའི་སློབ་དཔོན་འདྲ། །
ཡག་གི་ཡ
ཀརྡོ་རིག་པ་ཅན་པོས།།
རིག་རིག་བསྒྱུར་བྲིས་རྒྱག་གི།
ཀརྡོ་ཡིག་རྩ་ཅན་པོས།།
ཡོད་ཡོད་བཅོས་ནས་ཕེབས་ཀི།
སྐྲག་རྒྱུ་སྤུ་ཙམ་མེད་པའི།།
ཀརྡོ་ཡ་མེད་ཡིག་མཁན།
ཚེག་གི་སྒང་ལ་སྟོང་ཆ།།
ཀརྡོའི་ཕྱག་སྲོལ་བྱས་རྗེས།།
རྒན་ལ་སྐུ་ཚེགས་མེད་པར།།
དཀའ་ལས་ཀརྡོས་གནང་སོང་།།
ཧ་ཧ་ཧ།
ཧཧཧ།
སྙན་དངགས་ཟེར་བ་འདི་ཁ་གསལ་བོ་གསལ་བོ་ཞིག་དང་ བརྗོད་བདེ་བོ་བདེ་བོ་ཞིག་རང་ཡིན་མི་དགོས་ལ། དེ་བས་ཀྱང་ཚིག་ཚོགས་མང་པོ་ཞིག་མིན་ན་ལེགས། གཙོ་བོ་བྲོ་བ་ཡོད་དགོས།
ཚིགས་སུ་བཅད་པ་འདི་རིགས་ནི། གྲོལ་བ་མཚན་ཉིད་པ་ཡིན། གྲོལ་རིགས་མཛོད་འདུས་བཞི་བོ་སྙན་དངགས་ཆེན་པོའི་ལུས་ཁོ་ནར་གོ་མི་འོས། ད་དུང་སྡེབ་སྦྱོར་རིང་ལུགས་ཀྱི་ཚིགས་སུ་བཅད་པ་ཁོ་ན་ཡང་ཡིན་མི་དགོས་པར་གོ་ན་ལེགས།
ཨ་ཁུ་མགོ་རིལ་གཅིག
ཁྱི་རྒན་རྒྱ་རིལ་གཅིག
སྡོམ་པ་ཞབས་མེད་གཅིག
ཤིང་ནགས་སྟུག་པོ་གཅིག