འབའ་སྲས།
ཀ་ཡེ་སྙན་ངག་ང་མཁས་ཟེར་བ་ཚོ །
ཁ་སྟོང་ནང་གི་ཚིག་སྟོང་མ་སྒྲོགས་ཤིག །
ག་ལེར་བོད་ཀྱི་རིག་གནས་འདང་རྒྱོབས་དང་།།
ང་དང་ཁྱོད་ཀྱིས་ཤེས་པ་ཅི་ཞིག་ལགས།།
ཅ་དག་ཡང་དག་བོད་སྐད་བཤད་མི་ཤེས།།
ཆ་ལུགས་ཀུན་མཐུན་སྤྱོད་པ་འཁུར་མི་ཐུབ།།
ཇ་ཆང་བར་ནས་རྫིག་རྫིག་བཤད་པའི་གཏམ།།
ཉ་ཉོག་གཏམ་ལས་ནང་དོན་ཅི་ཞིག་མཆིས།།
ཏ་ཀུ་དབྱུག་པ་འཛིན་པའི་རྒད་པོ་བཞིན།།
ཐ་ཐོར་འཁྱོག་འགྲོ་ལྟ་བུའི་གཏམ་སྨྲ་བ།།
ད་ནས་བཟུང་སྟེ་མེད་པར་བཏང་བྱས་ཏེ།།
ན་གེ་ནོག་གེ་སྐད་ཆ་ཉུང་ན་མཛེས།།
པ་གོར་བཱེ་རོ་ཙཱ་ན་ར་ཀཥི་ཏ།།
ཕ་བོང་ཁ་ལ་སོགས་པའི་པཎྜི་ཏ།།
བ་གླང་རྫི་བོ་སློབ་དཔོན་ནག་མོ་ཁོལ།།
མ་རིག་མུན་འཇོམས་རྒྱ་བོད་མཁས་པར་གཟིགས།།
ཙ་ཀོ་ར་བཞིན་མཚམས་མཚས་གྱག་གྱག་གྱག །
ཚ་ཤེད་རྒྱས་དུས་སྐད་མགོ་འུར་རུ་རུ།།
ཛ་དྲག་དུས་སུ་དབུགས་ཀ་ཆད་ལ་ལ།།
ཝ་འཕྱང་སྤྱོད་པ་ཅན་ལ་ཡིད་རྟོན་ཅི།།
ཞྭ་མོ་ཟུར་གོན་གསར་བུ་ང་རྒྱལ་ཅན།།
ཟ་བེ་ཟོ་བེ་རང་ཚུགས་ཡ་མ་བརླ།།
འ་ནི་འོན་ནེ་ཅི་ཡང་མི་ཤེས་པ།།
ཡ་རེ་ཡོ་རེ་འདི་ཚོ་ངོ་ཞིག་རྫོགས།།
ར་མགོ་ལུག་སྦྱར་ལག་པ་གཉིས་པ་ཅན།།
ལ་བཏགས་ར་བཏགས་གཉིས་ལ་ཁྱད་མེད་མཁན།།
ཤ་གཟུགས་ཙམ་ལས་རུས་རྐང་མི་ལྡན་པས།།
ས་སྟེང་འདི་ནས་ནམ་ཡང་མི་འཕྲད་ཤོག །
ཧ་ཧ་ཀུ་རེ་ཡིན་ནོ་ཨ་རོགས་ཚོ།།
ཧ་ཅང་བཤད་རྒྱུ་མང་ན་རང་མགོ་ཤོར།།
ཨ་མཚར་རྩེད་མོ་འདི་མོ་མ་རྩེས་ན།།
ཨ་རོགས་ཁྱོད་ཚོས་འདུག་གི་ག་ལ་འཇུག །
༡༤/༠༢/༡༤ རང་ཁྱིམ་དུ་འབྱོར་མ་ཐག
ཅ་ཆ་ཇ་ཉའི།
ཅ་ལག་ལས་ལྷག་བོད་སྐད་བདག་པོ་རྒྱོབས། །
ཆ་ལུགས་ཀུན་མཐུན་གོན་པ་ལེགས་པར་གྱོན། །
ཇ་ཆང་གཉིས་ལས་ཇ་དེ་མང་ཙམ་འཐུངས། །
ཉ་ཉོག་གཏམ་ནང་ནང་དོན་མང་ཙམ་སྨྲོས། །
པ་གོར་འཇིག་རྟེན་མིག་ཏུ་གྲགས།
ཕ་ཚབ་བ་རྫི་བཞག་ན་མཛེས།
བ་གླང་རྫི་བོར་འགྲོ་ཞོར་དུ།
མ་རིག་མུན་འཇོམས་སྒྲོན་མ་ཚོལ།
ཀ་ཡེ་སྙན་ངག་འབའ་སྲས་ལགས།།
ཁ་སྟོང་ནང་གི་ཚིག་སྟོང་སྒྲོག།
ག་ལེར་བོད་ཀྱི་རིག་གནས་ལ།།
ང་ཁྱོད་སུས་འབྱོན་མ་ཡིན་ནམ།།
འཇོན་ན་འཇོན་པའི་འབྲས་བུ་དགོས།།
མ་འཇོན་གདོང་གི་མི་ཆུ་དགོས།།
འཇོན་དང་མ་འཇོན་བར་གསེབ་ནས།།
ཁ་ཕོད་ཅན་ལ་ང་མིི་དགའ།།
ཀ་ཁ་འབྱོར་བ་སྔོན་མ་ཞིག་ནས་ཤེས།།
ཁ་སྐད་བཀོལ་དེ་རིང་གཞུག་ནས་ཤེས།།
ག་རེ་ལབ་རུང་སྙན་ངག་རྐང་ཆག་མ།།
ང་རྒྱལ་ཅི་ཡང་མེད་པར་འབྲི་རྐྱང་རེད།
ཧ་ཧ་ཧ།
བཀོལ་བ། བ་ཞིག་ཆད་འདུག།
ཅ་མ་ཅོར་གི་གཏམ་ལ་སྙན་ངག་ཟེར།།
ཆ་རྒྱུས་སྙན་ངག་གདམས་ངག་ཁོར་ཡོད་ཟེར།།
ཇ་རེ་འཐུང་ཞོར་རེ་རེ་བྲིས་འཇོག་ཟེར།།
ཉ་ཉོག་འཁྱུག་རྩལ་ལྡན་པ་ཁོ་ཡིན་ཟེར།།
ཧ་ཧ་ཧ།
ཇ་ཞོར་འཛག་ཞོར་བར་གྱི་ཡི་གེ་དག །
སྙན་ངག་ཡིན་ཞེས་ང་མི་སྤོབས་མོད།།
ཉིན་མ་རེ་ལ་བོད་ཡིག་བཀོལ་བ་བོ།།
རྒྱུ་སྐར་ཁྲོད་ན་ཟླ་བ་ང་ཙམ་ཉིད།།
བོད་པའི་ཀ་བཤད་ལྟ་བུའི་འབྲི་སྟངས་སྐད་ཡིག་གཞན་པའི་ནང་ལ་ཨེ་ཡོད། ལེགས་སྦྱར་སྐད་ལ་འབྲི་སྲོལ་ཨེ་ཡོད། དབྱིན་ཇིའི་ནང་ལ་གསལ་བྱེད་༢༦ཡི་སྙན་ངག་མཐོང་མྱོང་ཨེ་ཡོད། ངས་མཐོང་མ་མྱོང་།
གཤམ་ལ་ཚོད་ལྟ་ཡིན།
དཔེར་ན།
A sweet girl with long hairs,
Beauty shines through her eye,
Clouds hangs beneath her feet
Devine a being was her Tara.
A man,
Be good,
Can you,
Do it.
འདི་ལྟར་ཙམ་ལས། བོད་སྐད་བོད་ཡིག་ཀ་ཕྲེང་ལྟར། འབྲི་ཐབས་མེད་པ་འདི། བོདཀྱི་་སྐད་ཡིག་གི་ཡོན་ཏན་ཅིག་རེད་འདུག
སྤྱི་ཚོགས་མེ་ལོང་མས། ཁ་བརྡའི་ནང་གི་ཁ་བདེ་འགའ་ཡི་ཁ་བརྡ་་ ཞེས་པའི་ལེ་ཚན་དུ་གཡར་རོགས་ཟེར།