ཨོ་རྒྱན་ཉི་མ།
སྟུ་མཇེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ།
ཀ་ར་ལས་ཞིམ་དཀར་འཇམ་གྱི་ལུས་ལ།།
ཁ་རྐུབ་མེད་པར་ལྕེ་ལྡག་གིས་བྲེལ་ཞིང་།།
ག་ཚོད་སྦྱོར་ཡང་ཁྲོ་གཏུན་དང་འདྲ་བའི།།
ང་ཡི་མཇེ་འདི་བུད་མེད་ཀྱི་ཚེ་སྲོག །
ཅ་ཅོའི་ཅག་སྒྲ་སྟུ་སྒོ་ལས་གྲགས་ཤིང་།།
ཆ་གཉིས་ངར་བའི་གཡའ་ཆུ་དེ་ལུད་ན།།
ཇ་ཆང་མི་དགོས་ཉལ་ས་ཡི་བདེ་བས།།
ཉ་མགོ་འདི་ཡང་ར་བཟི་བཞིན་འགྱུར་ངེས།།
ཏ་ལེར་བརླ་གཉིས་ཕྲག་པ་རུ་དཔྱངས་ཏེ།།
ཐ་རྒོད་ལྕེ་ཡིས་དལ་མྱུར་གྱི་འགྲོས་ཀྱིས།།
ད་ཆུ་ཚ་ཡི་བྲོ་བ་དང་ལྡན་པའི།།
ན་ཆུང་བྱ་ལེ་གཞིབ་པ་འདི་མ་བརྗེད།།
པ་ཏྲའི་རིས་ཅན་མཛའ་མོ་ཡི་སྟུ་ལ།།
ཕ་ཇོས་མདུན་རྒྱབ་ཙོག་འགྲེང་གིས་བསྒྱུར་ཏེ།།
བ་ལང་ལྷ་མིའི་སྤྱོད་ལུགས་ཀུན་སྤྱད་ན།།
མ་གཅིག་དགའ་བའི་དགོད་སྒྲ་དེ་འཆོར་ངེས།།
ཙ་ར་གཅོད་འདྲའི་འཕག་ཚག་དེ་མེད་ན།།
ཚ་བ་དྲག་འབར་ཆགས་སྲེད་རང་དཀའ་བས།།
ཛ་དྲག་ཅན་གྱི་རྩ་གནད་ལ་བསྣུན་ཏེ།།
ཝ་མོ་ནང་བཞིན་སྐད་ཅོར་དེ་འབྱིན་དགོས།།
ཞ་ལུ་དམར་འདྲའི་མཆུ་ཏོ་གཉིས་འོ་བཞིན།།
ཟ་རྔམ་ལང་འདྲས་སོ་སེན་གྱིས་བཙུར་ཏེ།།
འ་ཅག་སྟུ་མཇེ་ཤེད་ཤུགས་ཀྱིས་བརྡར་ན།།
ཡ་ཐོད་བདེ་བ་རྐང་སེན་ལ་ཐིམ་ངེས།།
ར་ལྟར་མཇེ་དེས་སྟུ་དྲོད་ལ་བསྣུན་བཞིན།།
ལ་གཅིན་ལུང་གཅིན་བརླ་བར་ཀུན་བརླན་པའི།།
ཤ་ནང་ཤ་བཅུགས་བདེ་དགའ་ལས་ལྷག་པའི།།
ས་སྟེང་འདི་ན་སྤྲོ་སྐྱིད་ཅིག་མི་འདུག།།
ཧ་ཅང་འབད་པའི་ལུས་རྩལ་དེ་མེད་ན།།
ཨ་ཕ་ཨ་མའི་དབང་རྩ་ཀུན་ལྷོད་ནས།།
ཧ་གཅིག་ཟེར་དུས་ཁུ་བ་ཡང་འཆོར་ཞིང་།།
ཨ་མས་འོག་འདེགས་སྒྱུ་རྩལ་འདི་ཞན་ནོ།།
ཧ་ཧ་ཧུ་ཧུ་སྐད་སྙན་གྱི་རོལ་མོ།།
ཨ་ཨ་ཨུ་ཨུ་རམ་འདེགས་དང་ལྡན་ན།།
ཧ་སི་གཉིས་སྦྱོར་སྟུ་མཇེ་ཡི་བདེ་བས།།
ཨ་ལ་ལ་ཧོ་གཟིམ་མལ་དེ་སྐྱིད་དོ།།
ཞེས་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་གནད་འདུས་ལ་གོ་བདེ་བའི་ཀ་རྩོམ་འདི་ནི། མི་ཕམ་རིན་པོ་ཆེ་དང་། དགེ་ཆོས། སློབ་དཔོན་གཟུགས་བཟང་སོགས་ཀྱི་མན་ངག་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཁོ་བོའི་ཆུང་མའི་བརྩེ་བ་དང་། འཛུམ་པའི་ཞལ། དཀར་འཇམ་གྱི་ལུས། ཚ་དྲོད་ལྡན་པའི་སྟུ་ལ་ཤིན་ཏུ་ཆགས་པའི་རྨོངས་བརྟུལ་ཨོ་རྒྱན་ཉི་མ་འབོད་པས། ཡེ་ལོ་༢༠༡༤་ཟླ་བ་༡་ཚེས་༣༠་ལ་བརྩེ་ལྡན་མ་དང་ཞལ་གྱེས་རན་ཁར་བྲིས་པའོ།།
་་རྨོངས་བརྟུལ་ཨོ་རྒྱན་ཉི་མ་འབོད་པས། ་་་་
ཀ་མ་སུ་ཏ་རའི་ཀ་ལི་ཡི་ཀ་ཕྲེང་། །
ཁ་ནས་ཐོན་ཚད་བྲིས་ཤིང་ཡིད་ལའང་བསམ་དུས།
ག་ལེར་བསམ་དུས་ཨ་ཕའི་དབང་ཀུན་ལྷོད་དང་། །
ང་ནི་ཨ་མའི་འོག་འདེགས་གོ་དུས་ངོ་ཚ། །
རྨོངས་རྟུལ་ཨོ་ཉི་མིང་དོན་དེ་མཚུངས་འདུག
དྲ་གྲོགས་རྣམ་པ་དྲང་པོ་གནང་རོགས་ཨྱོན་ཉི་མ་རྨོངས་བཏུལ་ཞིག་རྩ་ནས་མ་རེད་འདུག་ཆོས་འཇིག་རྟེན་གང་ལའང་ཡིག་ཐོགས་ལ་བྲིས་རྒྱུ་དང་བྲིས་པ་དེ་རྣམས་དེ་ལས་ཡག་ག་གང་དགོས།
ངས་འདིར་མཁས་དབང་ཨོ་ཉི་ལགས་སུ།
ཆགས་འདོད་སློང་དུས་སུ། སུ་གང་གི་ཡང་། ཕ་མ་འཁྲིད་མ་ཡོང་ཞུས་པ་ཙམ་མོ།།
བླ་མ་གཞན་པ་འགྲིག་མི་འདུག་ཟེར་མཁན་གྱི་མི་དེ་རེད་པས།
འདོད་བསྟན་ཀ་རྩོམ་འཇིགས་ཀི
འདོད་ཆགས་རྒྱ་མཚོའི་ཨ་ཁུ།
འདོད་གཏམ་སྨྲ་བའི་རྟོག་གེ
འདོད་ལྷས་རྗེས་སུ་བཟུང་ངོ།
ཨོ་རྒྱན་ཉི་མ་ཆགས་པས་སྨྱོས་ཡོད་ཀི།
ཧོ་ཧོ་རང་གི་གསང་བ་བྲིས་ཡོད་ཀི།
ཨོ་ཙམ་སོང་ན་ཐར་ལམ་བསམ་ཡོད་ཀི།
ཧོམ་ཁུངས་ནང་གི་དགྲ་བགེགས་རེད་ཡོད་ཀི།
སོ་སོ་ཆགས་སྤྱོད་སོ་སོས་བྲིས་ཡོད་ཀི།
ཤོ་ཤོ་ནང་དུ་བཙུགས་པ་ཡོད་ཚད་པོ།།
ལོ་ན་སོན་དང་མ་སོན་ཐམས་ཅད་ལ།།
རོ་རྒན་དུར་ཁྲོད་བཞིན་དུ་བཤམ་ཡོད་ཀི།
ཀ་རྩོམ་དེ་རིགས་སྤྱི་ཚོགས་མེ་ལོང་མས་གཡར་རོགས་གནང་ཟེར།
དྲང་པོར་བཤད་ན་ཁྱེད་ཀྱི་མཇེ་དེ།།
དོག་མོའི་སྟུ་ལ་འབེག་པའི་ནུས་པ།།
སྔར་ནས་ཉམས་ཟིན་ཁྱེད་ཀྱི་མཇེ་འདི།།
འུ་ཐུབ་ཐབས་ཟད་ལས་འདི་ཡིན་འདྲ།།
ཤ་ལ་ཤ་བཅུག་འདི་མི་ཤེས།
ཤ་ལ་རྒྱུས་པ་བཅུག་པར་སྣང་།