ནམ་མཁའ།
ཨ་རོགས་དྲ་བའི་སྟེང་གི་རིག་པའི་གྲོགས།།
ཧ་ཅང་འཛུམ་པའི་རིག་པའི་བུ་མོ་དང་།།
ས་མཐའི་སྐྱིད་སྡུག་རི་མོ་འབྲི་ཞོར་དུ།།
ཤ་ཆང་མཚོ་མོ་རོལ་ལ་སྤྱོད་འདོད་ཀྱིས།།
ལ་ལུང་ཀུན་ཏུ་ཆོས་མིན་སྤེལ་མཁས་པའི།།
རྭ་ལྟར་གྱོང་བའི་གཡོ་ཅན་སྤྲུལ་རྫུན་ཡིས།།
ཡ་མ་ཟུང་གིས་ཆོས་ཀྱི་སྒྲ་སྒྲོགས་ལ།།
འ་ཅག་དྲང་བའི་ཚིག་གི་མདའ་མོ་འདི།།
ཟ་ཀོང་པགས་ནད་འཇོམས་ལ་འཕེན་པ་ཡང་།།
ཞྭ་སེར་བསྟན་པ་འཇིག་ལ་བཟོད་མ་ཡིན།།
ཝ་མོ་བཞིན་ཏུ་ཕྱི་འཇམ་སྤྲུལ་རྫུན་ཚོས།།
ཛ་ཧའི་གསུང་གི་དོན་དང་མི་མཐུན་པའི།།
ཚྭ་དང་མངར་མོ་བསྲེས་བའི་ཆོས་གསར་ཚོགས།།
ཙ་ར་ཁྲིམས་ཀྱིས་ཉེས་ཆད་གཅོད་ན་འདོད།།
མ་གྱུར་བརྗོད་བཞིན་མགོ་བོ་སྐོར་མཁས་པའི།།
བ་གླང་ལྟ་བུའི་སེམས་ཀྱི་འདུ་ཤེས་བཞིན།།
ཕ་བོང་བཞིན་ཏུ་སྒུལ་མེད་སྤྲུལ་སྐུ་ཞེས།།
པ་ཊ་ལྟ་བུའི་མཛེས་བའི་མིང་སྐམ་འདི།།
ན་ནིང་ད་ལོ་རྒྱལ་ཁམས་ཀུན་ཁྱབ་པས།།
ད་ལྟའི་དུས་ནས་ཚོད་འཛིན་མ་བྱས་ཚེ།།
ཐ་མར་ཀུན་ཏུ་སྲིན་འབུ་བཞིན་ཁྱབ་དུས།།
ཏྰ་ལའི་བླ་མའི་མཚན་ཡང་གསེག་ཉེན་ཆེ།།
ཉ་ར་བྱེད་པར་འདོད་པའི་སེམས་པ་འདིས།།
ཇ་ཆང་རོལ་བའི་ཚབ་ཏུ་བྲིས་ན་ཡང་།།
ཆ་ལུགས་ཆོས་མིན་སྤྱོད་ཅན་མི་སྤྲོ་མོད།།
ཅ་དག་ཅན་གྱི་ཆོས་བ་རྣམ་དག་ཚོས།།
ང་ཡིས་གང་ཞིག་བརྗོད་ལ་གཟུར་བོའི་བློས།།
ག་ནས་གཟིགས་ཀྱང་བདེན་པ་ཅུང་མཆིས་པས།།
ཁ་བ་ཅན་ལ་སྲི་ཞུ་ཅུང་སྒྲུབ་ཕྱིར།།
ཀ་ལའི་ཕྲེང་འདི་དྲ་བའི་ཁྲོམ་དུ་བཤམས།།
འོ་ལེ་ར་སྤྲུལ་སྐུ་ཚོར་ཁྱོས་ཅི་ལྟར་བཤད་ཀྱང་ཐུབ་ས་མ་རེད། དེ་ལས་ཁ་རོག་གེར་བསྡད་ན་ལུས་སེམས་གཉིས་ཀ་སྐྱིད་ནོ་དེ་མི་ཡག་ག
ཀརྨ་པ་ནས་ཁ་བའི་གཅེས་ཕྲུག་སོགས།།
ག་ལེ་བསམ་ཚེ་ང་ཚོར་མགོ་སྐོར་རིགས།།
ཅ་ཅོའི་རྫུན་གཏམ་ཆ་བཞག་མེད་པའི་ཚོགས།།
ཇ་རོ་བཞིན་དུ་ཉ་ཉོག་སྤྲུལ་རྫུན་མང་།།
ཏ་་་་་་ཧ ཧ ཨཨཨ
ཀ་ལུ་སྤྲུལ་སྐུ་མགོ་བཙུགས་ནས།།ཁ་བ་ཅན་གྱི་ཁྲི་ཐོག་གི།ག་ནས་ལྟས་ཀྱང་བརྗིད་ཉམས་ཅན།།ང་ཡིས་སྙིང་ནས་ཕྱག་འཚལ་ལོ།།
སྤྲུལ་སྐུ་མེད་པ་བཟོ་བར་བྱ་ཞེས་པ་ནི་ཀུན་ནས་བསྒྲུབ་མི་ཐུབ་པའི་བྱ་བ་ཞིག་ལའི། དེ་གར་བཀོལ་བླ་བའི་ལས་ཞིག་མིན་ནོ།
སྤྲུལ་སྐུ་སུ་དག་མཚམས་འཇོག་པར་བྱ་ཞེས་ན། སྤྲུལ་སྐུ་ལུགས་དང་མི་མཐུན་པ་རྣམས་འཚམ་འཇོག་ཟེར་རྐྱང་། འོ་ན། ལུགས་དང་མི་མཐུན་པའི་སྤྲུལ་སྐུ་ནི་སྤྲུལ་སྐུ་མི་རེའི་སྐུ་འཕྲེང་ན་བྱུང་བས། འདི་དག་ཇི་ལྟར་བྱ་ཟེར་ན་ལན་མི་བཏུབ། མཐོ་གོང་ས་ཏཱ་ལའི་བླ་མ་ནས། དམའ་གྲོང་པའི་སྨྱོན་སྤྲུལ་བར། ལ་ལར་སྡིག་ལས་ཁོ་ན་སྤྱོད་པ་དང་ལ་ལར་བྱང་ཆུབ་སེམས་དཔའ། ལ་ལར་འཁོར་ལོས་སྒྱུར་བའི་རྒྱལ་པོ། ལ་ལར་སྨད་ཚོང་མ་དང་འཆལ་པོ། ལ་ལར་རིགས་པ་སྨྲ་བའི་པཎ་ཊི་ཏའི་ཚུལ་ལ། ལ་ལར་ཀུན་གྱི་དོར་བའི་ཁྱི་རོ་ལྟ་བུ། གང་ལྟར་རང་རང་སོ་སོའི་ལས་དང་སྨོན་ལམ་དང་འཕྲིན་ལས་ཀྱི་དབང་གིས་འགྲོ་བའི་དོན་ལ་ཞུགས་པར་ཁས་བླངས་པས། དེ་ལྟར་བསྒྲུབ་བླ་བ་མ་ཡིན་ནོ།
དམངས་གཙོ་དང་། རང་དབང་དང་། ཆོས་ལུགས་རིས་མེད་དང་། སྙིང་རྗེ་དང་། གུས་ཞབས་དང་ དག་སྣང་དང་། བྱང་སེམས་དང་། གཉུག་མའི་སེམས་དང་། གཞན་སྟོང་སེམས་དང་། དབུ་མའི་སེམས་དང་། རྫོགས་ཆེན་གྱི་སེམས་དང་། ཕྱག་ཆེན་གྱི་སེམས་་དང་། དེ་བཞིན་གོང་ས་དང་། ཐམས་བཅད་མཁྱེན་པ་དང་། རྒྱལ་བའི་དབང་པོ་དང་། གོང་མ་རིན་པོ་ཆེ་དང་། གྲུབ་དབང་དང་། ཀུན་གཟིགས་དང་། ཁྲི་པ་དང་། ཁྲི་འཛིན་དང་། དེ་བཞིན་མཁན་པོ་དང་དགེ་བཤེས་དང་མཁན་སྤྲུལ་དང་དགེ་སྤྲུལ་དང་འོས་སྤྲུལ་སོགས་གང་ཟག་དང་སློབ་མ་སོ་སོའི་དག་སྣང་དང་དད་པ་ལ་བལྟོས་ཀྱི། རྒྱུ་མཚན་དང་ཁུངས་དང་དངོས་གཙོ་དང་། རིགས་པ་དང་། ལུང་དང་། ཚད་མ་སོགས་མིན།
བོད་པའི་སྙིང་ལྟ་བུའི་གོང་ས་ཏཱ་ལའི་བླ་མ་ལ། དོན་རྒྱལ་བསྟེན་མཁན་ཚོས་འདྲེ་ལྟར་ལྟ་ཞིང་། བོད་པ་སྤྱི་དང་། ནང་ཆོས་ཀྱི་བཤེས་གཉེན་དང་ངེས་སྟོན་པ་རྣམས་ཀྱིས་འདྲེ་ལྟར་ལྟ་བའི་གངས་ཅན་བླ་མའི་མིང་འཛིན་ལ། ཁོ་པའི་སློབ་མ་རྣམས་ཀྱིས་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་པར་བྱེད་པས། གཞི་གཅིག་ལ་འདོད་པ་མི་འདྲ་བ། དེ་ལ་ཀླུ་སྒྲུབ་དང་ཕགས་པ་ལྷ་སོགས་ཀྱིས། འཇིག་རྟེན་དངོས་པོ་གྲགས་པའི་ཕྱིར། ཡང་དག་སྒྲུབ་པའི་ཚད་མ་མིན་ཞེས་དང་། གང་ཞིག་བློ་ཡིས་བཏགས་པ་ཡིས། དེ་ལ་རང་བཞིན་གནས་མ་ཡིན་སོགས་རིགས་པ་དང་ཚད་མ་སོགས་ལ་བརྟེན་ནས། ཕྱི་དངོས་པོ་སྤྲུལ་སྐུ་ལ་སོགས་པ་བདེན་པ་ཨ་ཐད་དུ་འཛིན་པར་བཀག་ཡོད་པ་དོན་ལ་གནས་པར་སེམས།
སྤྱི་ཚོགས་ལ་ཐར་ཐུག་གི་ཞི་བདེ་དང་འཆམ་མཐུན། ཆིག་སྒྲིལ་སོགས་དགོས་ན། མན་ངག་གཅིག་ཁོ་ན་སྟེ། སྐྱེ་བོ་ཚང་མར་རང་རང་གི་དད་པ་དང་ཡིད་ཆེས་ཀྱི་འདམ་ཀ་བྱེད་པའི་རང་དབང་ཡོད་པ་དང་། དེ་ལ་གུས་ཞབས་བྱེད་ཐུབ་ན། ད་གཟོད་སྤྱི་ཚོགས་ལ་ཞི་བདེ་གནས། སྤྲུལ་སྐུ་ངོས་འཛིན་མཁན་ལ་སྤྲུལ་སྐུ་ངོས་འཛིན་པའི་ཐོབ་ཐང་ཡོད་ལ། སྤྲུལ་སྐུར་དད་པ་མེད་མཁན་ཚོར་སྤྲུལ་སྐུ་ཁས་མི་ལེན་པའི་ཐོབ་ཐང་ཡོད། དེ་ལྟར་ལག་ལེན་བྱེད་པ་སྦྱོང་བ་འཐོན་ཐུབ་ན། ད་གཟོད་ཆིག་སྒྲིལ་དང་མཐུན་སྒྲིལ་ཟེར་བ་ཞར་ལ་བསྒྲུབ་ཐུབ།
དེ་མིན་འཁོན་གཞིའོ།
ཀརྨ་པ་སོགས་སྤྲུལ་སྐུ་མང་། །
ཁ་བའི་ལྗོངས་ལ་ཕན་པ་མང་། །
ག་ས་གར་ལ་སྤྲུལ་རྫུན་མང་། །
ང་ཚོའི་སེམས་ལ་གཟན་པ་མང་། །
[རྭ་ལྟར་གྱོང་བའི་གཡོ་ཅན་སྤྲུལ་རྫུན་ཡིས།།]
ན་མ་ར་ལའི་རྗེས་སུ་ཡིས་ཐོབ་པ།།
ཐོན་མི་ཨ་ནུས་སྔོན་ཆད་མ་གསུངས་པ།།
ཁ་བརྡ་ནང་གི་ཁ་མཁས་ཚོས།།
བརྡ་སྤྲོད་མགོ་མཇུག་བཟློག་ནི་ཅི་ཡིས་ནོངས།།
[ཛ་ཧའི་གསུང་གི་དོན་དང་མི་མཐུན་པའི།།]
ཛ་ཧ་ཟེར་བའི་གསུངས་དེ་ཆ་མ་འཚལ།།
ཛ་ཡ་སངས་རྒྱས་མིང་གི་རྣམ་གྲངས་ལས།།
ཛ་ཧའི་མིང་འདི་ཛ་ཧུ་ཡིན་ན་ནི།།
གངྒ་འཐུང་བའི་ཕྱི་རོལ་དྲང་སྲོང་ཞིག།
བོད་མི་སུ་ཡང་ཁོང་ལ་དད་མཁན་མེད།།
ཁོང་གི་གསུང་ལ་ཉན་པ་སྤྲོས་བྲལ་ཡིན།།
[བ་གླང་ལྟ་བུའི་སེམས་ཀྱི་འདུ་ཤེས་བཞིན།།]
ཚིག་གི་རྐང་བ་ལྡུམ་ལྡུམ་འདི་འདྲ་ལ།།
མཚུངས་གསལ་གཉིས་ཙམ་བཀོད་པའི་སྨྱོན་པ་ཞིག།
ད་ལྟ་ཁ་བརྡ་དྲ་ལམ་འདི་ན་རྒྱུ།།
བོད་ཡིག་ཤེས་པ་ཀུན་གྱི་སྤྱི་དགྲ་ཡིན།།
[ཏྰ་ལའི་བླ་མའི་མཚན་ཡང་གསེག་ཉེན་ཆེ།།]
གསེག་འདི་ཡི་གེ་ནོར་བ་མིན་ན་ནི།།
དོན་གྱི་སྦྱོར་ཚུལ་རྩ་ནས་མི་འབྲེལ་བས།།
རང་གི་མཛུབ་མོ་རང་གི་གདོང་ལ་ཚུགས།།
ད་དུང་དག་ལ་གསར་སྒྲིག་བང་དུ་ལོངས།།
བརྡ་སྤྲོད་བོད་ཀྱི་སྐད་ལ་མ་བྱང་བར།།
དྲ་ལམ་འདི་ནས་རྒྱ་མཚོའི་ཕ་རོལ་སོང་།།
གལ་ཏེ་མི་འགྲོ་ན་ནི་ཡེ་ཤེས་ཀྱི།།
རྡོ་རྗེ་མེ་འབར་བས་ནི་བསྲེག་རྒྱུ་ཡིན།།
གཞོན་ནུ་ཟླ་མེན་བརྡ་དག་འཕྲུལ་མེད་རེད།
ག་རེ་གསུང་ན་སྙན་མོ་སྦྱོར་ནི་རེད།
ཁ་བརྡ་ཚང་ན་ཁ་ལྕེ་མང་ནི་རེད།
ཁ་རོག་འདུག་ནིའི་དྲ་འབུ་ཉུང་ནི་རེད།
ཧ་ཧ་ཧ།
གྲྭ་བ་ཡིན་ན་རྟོག་པ་མཐོ་ས་རེད།
གྲྭ་ལོག་ཡིན་ན་དད་ལོག་མེད་ས་རེད།
སྔ་ནས་རྗེས་འདེད་བཏང་བའི་གཞོན་ནུ་འདི།
ཁ་མྱིག་ཡར་ལྟ་བཤད་སའི་མྱི་རྒན་ཡིན།
ཧ་ཧ་ཧ།
བཤད་དེ་བྱེད་ལ་བཅོས་སོ།
ཀ་ཕྲེང་སུམ་ཅུའི་སྨྲ་སྒོ་ཡང་མདོག་གིས།།
ཁ་བ་གངས་ཅན་ཚང་གི་ཡ་ཐོད་ཚོར།།
ག་རེ་ཁོ་རེ་ལབ་ཡ་མང་དྲགས་པས།
ང་ལ་མཚོན་ན་འདི་ཚོ་སྨྱོས་ཚར་འདུག།
ཅ་ལག་མང་གི་ཟེར་ནས་ངན་བཤད་ཀི།
ཆ་ལུགས་བཙོང་གི་ཟེར་ནས་ཁ་གཏོང་གི།
ཇ་ཆང་འཐུང་གི་ཟེར་ནས་སྐྱོན་བཤད་ཀི།
ཉ་ཉོག་བཤད་མཁན་འདི་ཚོ་སྙང་མ་རྗེ།།
ཏ་ཐ་ག་ཏའི་དམ་སྡོམ་ཤོར་མཁན་འགས།།
ཐ་ཆད་ཁ་ཁོག་ཀླད་པ་སྟོང་བའི་མཚང་།།
ད་ཆ་དེ་འདྲའི་ལྟ་བ་ཡོད་མདོག་འདི།
ན་ཚོད་རྒས་དུས་འགྱོད་པ་ཤོར་གྱུར་ཅིག།
པ་ཕ་ཤི་ཤུལ་སྐྱེས་བའི་ལྡུམ་བུ་རྩྭ།།
ཕ་རྒྱུད་རྦད་དེ་རྫོད་པའི་བུ་ཕྲུག་རེད།
བ་གླང་ཞིག་གི་ཡན་ན་ཅང་མེད་པ།།
མ་གྱུར་འགྲོ་བས་གོ་ན་ངོ་ཚ་སྤྱད།
ཙ་རི་ཡན་གྱི་ལྷོ་ཕྱོགས་ཆོས་སྒར་སོགས།
ཚ་བ་ལུང་བའི་སྐྱེས་ཆེན་དམ་པ་ལ།།
ཛ་དྲག་དག་ཐེར་དགོས་ཞེས་ཞྭ་ནག་ཞིག།
ཝ་མོ་འདི་ཚོས་གཡོག་པར་ཐོལ་ལོ་ཤོག།
ཞ་ཀྱོག་གཟའ་རོ་ཀླད་ཞོ་མགོ་རོ་ཅན།
ཟ་འདྲེ་འདི་ཚོས་གང་བླ་གོང་མ་ཚོའི།
འ་འུར་སྐད་ཆས་མཚན་སྙན་བཅོམ་ཁུལ་འདི།
ཡ་མཚན་ངོ་ཚ་མེད་པའི་ཐན་ལྟོས་རེད།
ར་བ་གངས་རིར་མཁོ་བའི་བླ་སྤྲུལ་དང་།།
ལ་ལུང་གང་ན་ཡོད་པའི་སེམས་དཔའ་ཚོ།།
ཤ་རུས་བོད་ནས་ཆད་པ་ཡིན་མིན་དག།
ས་སྟེང་འདི་ན་འགྲོ་དྲུག་སྐྱོང་བའི་མགོན།
ཧ་ཅང་སྐྱིད་དུས་སྡུག་དུས་ནམ་ཡིན་ལ།།
ཨ་ལགས་འདི་ཚོ་མེད་ན་མགོན་མེད་ཡིན།
ཧ་ཞིག་གོ་ན་ས་མཐའི་མྱི་གཡོག་གི།
ཨ་མའི་བུ་ཚོར་ཁ་བདག་ཡོད་ན་མཚར།།
བཟང་ལ་ཡག་བྱུང་མེད་པའི་མི་བུ་སྐེ་རིང་ཁ་ཚ་ཅན་ཚོ་ལ་ཕུལ་ལོ།
ནམ་མཁའི་འཇའ་ཚོན་འདྲ་བོ།།གནམ་ནས་སྤྲིན་པ་གཡོག་ཐལ།།ཟླ་མེད་མཁས་ཉམས་བསྟན་ཐལ།།
ཀར་ཕྱག་དཀར་འཆམ་རྒྱབ་ནས།།གཏམ་གྱི་པད་མོ་བཞད་སོང་།།བསམ་ཤེས་ཤེས་རབ་ཅན་པོས།།སྐད་ཆ་དྲང་མོར་གསུངས་པ།།རིན་ཆེན་སེམས་ལ་བབ་སོང་།།
ཀ་ལི་ཕྲེང་བའི་མགོ་རྐང་སྒྲིག་མཁན་འགའ།།
ཁ་སང་དེ་རིང་ཇེ་མང་ཇེ་མང་རེད།།
ག་ནས་བསམ་བློ་བཏང་རུང་ཡག་རྟགས་ཞིག།
ང་ཡིས་བལྟས་ན་རྩ་ནས་མི་མཐོང་གི།
ཅ་དག་བོད་ཀྱི་ཡི་གེ་དྭངས་གསལ་མཚོ།།
ཆ་འཇོག་མེད་པའི་རྙོག་མར་བསྲེས་དང་ཐ།།
ཇ་ཚྭ་གང་ཡིན་མི་ཤེས་ཚིག་སྦྱོར་དག།
ཉ་དང་ཉུང་མ་བསྲེས་ནས་འབད་པ་བྱེད།།
ཏཱ་ལེ་བླ་མས་སྐུ་ཚེ་གང་འབད་རུང་།།
ཐ་ཤལ་འདི་ཚོས་ཁ་ལ་གང་ཐོན་བཤད།།
ད་ལྟ་བལྟས་ན་བོད་ཀྱི་བསོད་ནམས་ནི།།
ན་ནིང་ད་ལོ་ཇེ་ཟད་ཇེ་ཟད་རེད།།
པ་སངས་ལྟར་དཀར་རེ་བ་ཁྱོར་གང་ཞིག།
ཕ་རོལ་གངས་ཅན་ཡུལ་ནས་བརྒྱབ་ན་ཡང་།།
བ་ལང་རྟོལ་ལུ་ལྟ་བུའི་བུ་ཚ་དག།
མ་རབས་ཐ་ཤལ་སྤྱོད་པས་རྒྱལ་ཁམས་འགེངས།།
ཙ་རི་ཚུན་ལ་སླེབས་དུས་དད་པ་ལོག།
ཚ་བ་ནང་ནས་ལུས་ཀྱི་སྤྱོད་པ་ལོག།
ཛ་རེ་ཛོ་རེར་ཕྱི་རྒྱལ་ཡུལ་དུ་ལོག།
ཝ་མོ་བཞིན་དུ་ལ་ཡོག་མི་ཐུབ་ཀི།
ཞྭ་དང་གོན་པ་ཡ་མ་ཟུང་གྱོན་གི།
ཟ་རྒྱུ་འཐུང་རྒྱུ་འབུ་སྲིན་ཡོད་ཚད་རེད།།
འ་འུར་གཏམ་གྱིས་སྐྱབས་གནས་རྣམས་ལ་དམོད།།
ཡ་མཚན་འདི་འདྲ་མཐོང་ན་ཡིད་མུག་གི།
ར་སྤུས་བཟོས་པའི་འུར་རྡོ་རང་ལ་འཁོར།།
ལ་ལུང་བརྒལ་བའི་མི་ཡིས་རང་ཡུལ་དཀྲུགས།།
ཤ་ཚ་ཅན་ལ་རོགས་རམ་མི་བྱེད་རུང་།།
ས་མཐའ་འདི་ནས་ཡི་རངས་བྱས་ན་བཟང་།།
ཧ་ཅང་ཚ་མིན་གཉོམ་མིན་ཚིག་སྦྱོར་ཞིག།
ཨ་ལགས་འགའ་རེར་དད་པ་ཅན་ཞིག་གིས།།
ཧ་ཅང་སྐྱོ་བའི་མཆི་མ་དཀྲིགས་བཞིན་དུ།།
ཨ་རིའི་ཤར་ནས་ཤར་མར་བྲིས་བའོ།།
༢༠༡༤།༢།༡༧ཉིན་སྤེལ།།