ཆབ་མདོ་ངག་ཕུན།
ཀ༵་ཡེ་གསོན་དང་སྐལ་ལྡན་རིགས་ཀྱི་བུ།།
ཁ༵་ཞེན་མེད་པའི་ཡིག་ཆུང་འདི་ལ་གཟིགས།།
ག༵་ནས་བལྟས་ཀྱང་རང་དབང་མེད་གྱུར་ན།།
ང༵་ཚོའི་དཀའ་སྡུག་འདི་དག་རྟོགས་པ་ཡིན།།
ཅ༵་ཅོ་དོན་མེད་མ་སྒྲོག་ཤེས་བྱར་བརྩོན།།
ཆ༵་ལུགས་ཡ་རབས་ཕྱོགས་ལ་བརྩོན་པར་རིགས།།
ཇ༵་ལན་ཆུ་འཇལ་གཏན་ནས་བྱེད་མི་རུང་།།
ཉ༵་མོ་ལྕགས་ཀྱུས་ཟིན་ལྟར་དཀའ་སྡུག་འོང་།།
ཏྭ༵་ལའི་འདབ་བཞིན་གནའ་དེང་ཤེས་རིག་སྦྱོངས།།
ཐ༵་མག་ཆང་རག་ལ་སོགས་དུག་ལྟར་འདོར།།
ད༵་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག །
ན༵་གཞོན་རྣམས་ཀྱིས་བརྩོན་པར་བྱེད་དགོས་སོ།།
པ༵་ཕས་ཞལ་ཆེམས་ནམ་ཡང་འདོར་མི་ཉན།།
ཕ༵་ནོར་བུ་འཛིན་ལས་ལ་བརྩོན་པ་དང་།།
བ༵་གླང་ལྟ་བུར་མི་འགྱུར་ཤེས་རིག་སྦྱོངས།།
མ༵་ཚང་མེད་པར་གངས་ལྗོངས་བསྐྲུན་དགོས་སོ།།
ཙ༵་གེ་ཙི་གེས་དོན་ཆེན་བསྒྲུབ་མི་ཐུབ།།
ཚ༵་གྲང་མི་ཡུལ་ལུང་ལ་འཐབ་འགྱུར་ཡང་།།
ཛ༵་རེ་ཛོ་རེའི་གནས་ལ་འབད་མི་ཉན།།
ཞ༵་ར་འགྱུར་བའི་ཧ་ཅང་ཉེན་ཁར་ཆེ།།
ཟ༵་ཚོད་ཟིན་ན་ལུས་སེམས་བདེ་ལ་འཁོད།།
འ༵་ཅག་ནང་པའི་རྗེས་འཇུག་ཡིན་པ་ན།།
ཡ༵་ང་ཆེ་བའི་དམར་ཟས་ཉུང་ན་བཟང་།།
ར༵་ལུག་བསད་པ་མཐོང་ན་སྙིང་རྗེའི་ཡུལ།།
ལ༵་ལུང་མང་པོར་བརྒལ་ནས་རྒྱུ་ན་ཡང་།།
ཤ༵་མདོག་མི་གཅིག་སེམས་ཉིད་གཅིག་པ་འདྲ།།
ས༵་གཞི་གནས་པའི་གཅིག་མཐུན་བདེ་བར་འདོད།།
ཧ༵་གོ་ཐོག་ནས་སྡུག་བསྔལ་རྒྱང་རིང་འདོར།།
ཨ༵་མེས་གཅེས་ནོར་ཀ་མད་སྙིང་དབུས་ཟུངས།།
ཞེས་པ་འདི་ཉིད་ཐོལ་བྱུང་དུ་བྲིས་སོ།
བརྗོད་བྱ་དོན་དང་ལྡན་ལ། རྗོད་བྱེད་གོ་བདེར་འདུག་པས་བཟང་ལགས།
ཀ་ཡེ་ཉོན་དང་ཁ་བརྡའི་དྲ་གྲོགས་ཚོ། །
ག་ས་གང་གི་ང་འདྲའི་འཁྱམ་པོ་རྣམས། །
ཅ་ཅོའི་ཆལ་གཏམ་ཆ་རྒྱུས་མེད་པའི་ཚིག །
ཇ་ཡུན་ཙམ་ལ་ཉ་ཉོག་ཤོད་པའི་གཤིས། །
ཏ་ཟིག་ལུགས་ཀྱི་ཐ་ཤལ་སྤྱོད་ངན་དག །
ད་ནས་བཟུང་སྟེ་ན་ནིང་ལྟར་མིན་པར། །
པ་སངས་སྐར་བཞིན་ཕ་མའི་བཀའ་གསུང་ལ། །
བ་གླང་ལྟར་མིན་མ་ཡི་གཅེས་ཕྲུག་ཚོ། །
ཙ་གེ་ཙིག་གེར་ཚ་གདུང་བཟོད་མེད་ཀྱི། །
ཛ་དྲག་ན་ཟུག་ཝ་ཡི་ངུ་སྐད་བཞིན། །
ཞ་ར་དུད་འགྲོའི་ཟ་མ་འཚོལ་བ་ལྟར། །
འ་ཆད་འུ་ཐུག་ཡ་ངའི་སྤྱོད་ལམ་དག །
ར་ལུག་ངན་གཤིས་ལ་ལུང་ལ་ཁྱབ་ན། །
ཤ་རིས་གཅིག་གྱུར་ས་ཡ་དྲུག་པོ་ལ། །
ཧ་ཆ་རྒྱག་མཁན་ཧ་ཅང་མང་ཡོད་པས། །
ཨ་རོགས་ཨ་རོགས་ཨ་མའི་བུ་ལོ་ཚོ། །