ཉི་མ་རྒྱལ་མཚན།
རྨི་ལམ་ལགས།
ངས་ཁྱེད་ལ་སེམས་ཁོངས་ནས་བཞུར་བཞིན་པའི་རེ་བ་དང་ཡིད་ཆེས། ལྷད་མེད་ཀྱི་བརྩེ་སེམས། བདེ་སྐྱིད་ཀྱི་རྟེན་གནས། མི་ཚེའི་སྙིང་དོན་རྣམས་བཅོལ་འདོད་ཀྱང་། དེ་ནི་ངའི་རྨི་ལམ་རེད། གང་ཡིན་ཟེར་ན། ངའི་བྲིས་པའི་ཡི་གེ་ལ་ཁྱོད་ཀྱི་ཡིག་ལན་རྒྱག་འདོད་མེད་པ་དང་གདེང་འཇོག་བྱེད་ཀྱི་མེད་པར་ཤེས་པས་རེད།
རྨི་ལམ་ལགས།
དུས་དེ་ནས་བཟུང་། ངའི་སེམས་པ་དེ་སྨག་རུམ་ཞིག་གིས་བསྟུམ་སོང་ལ་བསྲན་མ་ཐུབ་པའི་ན་ཟུག་ཞིག་གི་རྒྱུན་མཐུད་སོང་ལ། ད་དུང་ཉལ་དུས་གཉིད་དང་ཟས་ལ་བཅུད་མེད་པར་གྱུར་སོང་། དངོས་གནས་མི་ཚེ་ཟེར་བ་དཀའ་ལས་ལ། སེམས་ནང་ངང་སྒུག་བྱེད་བཞིན་པའི་རེ་བ་དེ་མ་འགྲུབ་ཚེ། མི་ཚེ་འདི་སྟོང་ཟད་ཅིག་ཏུ་སྐྱེལ་དགོས་ངེས་རེད་ཨང་རྨི་ལམ་ལགས། ལྷད་མ་འདྲེས་པའི་ལྷག་བསམ་དང་དྲང་བདེན་ལ་རྒྱབ་རྟེན་ནས་འཚོ་བཞིན་པའི་མི་ཚེ་ཞིག་འདི་འདྲ་སྟོང་ཟད་དུ་གྱུར་དགོས་དོན་ཅི།
རྨི་ལམ་ལགས།
དུས་ད་ནས་བཟུང་སྟེ། ངས་སྙིང་གཏམ་གམ་སེམས་གཏམ་རིགས་ནམ་ཡང་བསྐུར་མི་ཡོང་ལ་བཤད་ཀྱང་མི་ཡོང་རྨི་ལམ་ལགས། མ་གཞི་ངས་ཚུར་སེམས་མེད་པའི་མི་ཞིག་ལ་ནམ་ཡང་ཨུ་ཚུཊ་རྒྱག་འདོད་མེད་ལ་རྒྱག་མྱོང་ཡང་མེད།
རྨི་ལམ་ལགས།
ཁྱོད་ནི་དུས་ནམ་ཡང་བརྗེད་དཀའ་བའི་ངའི་སེམས་ནང་གི་རྨི་ལམ་ངོ་མ་དེ་ཡིན་དུས་ཨུ་ཚུགས་དེ་བས་རྒྱག་འདོད་མེད་རྨི་ལམ་ལགས། གང་ཡིན་ཟེར་ན། ཨུ་ཚུགས་ལས་གྲུབ་པའི་གཏན་གྲོགས་སམ་བརྩེ་གྲོགས་ཤིག་ངས་ནམ་ཡང་བཙལ་མི་འདོད། དེར་བརྟེན་ང་ལ་དགོས་ཡ་ལྷད་མེད་པའི་བརྩེ་སེམས་ངོ་མ་དེ་ཡིན།
རྨི་ལམ་ལགས།
ཁྱོད་ལ་མ་འོངས་པའི་སྐྱིད་སྡུག་མཉམ་དུ་རོལ་ཆོག་པའི་གཏན་གྲོགས་སམ་བརྩེ་གྲོགས་བཟང་པོ་དེ་དང་ལྷན་དུ་བསྐྲུན་པའི་དྭངས་གཙང་གི་ཆུ་བོ་དེ་ཅི་འདྲའི་མཛེས་སྡུག་ལྡན་ཞིང་། ཡིད་དུ་འོང་བའི་ལྷད་མེད་པའི་བདེ་སྐྱིད་ཀྱི་གཞི་མའམ་མི་ཚེའི་རྟེན་གནས་ཞིག་རེད།
རྨི་ལམ་ལགས།
ད་དུང་ཁྱེད་གཉིས་ཀྱི་དྭངས་གཙང་གི་ཆུ་བོ་དེ་རྒྱུན་བཞེས་གནོངས་དང་རྨི་ལམ་ལགས། ལྷད་མ་འདྲེས་པའི་དྭངས་གཙང་གི་ཆུ་བོ་ལ། ངས་ནམ་ཡང་ནག་ནོག་བར་ཆད་བཟོ་མི་ཐུབ་ལ་བཟོ་ཡང་མི་སྲིད། གང་ཡིན་ཟེར་ན། འདི་ནི་ངའི་རྩ་དོན་ཞིག་ཡིན།
༢༠༡༤/༠༢/༡༤ ཉིན་བྲིས།
ཉི་མ་རྒྱལ་མཚན་ཟེར་བའི་མི་དེ་བུ་མོ་མ་རག་པའི་གསར་བུ་མགོ་སྟོང་ཞིག་ཡིན་ཚོད་རེད། དེང་གི་དུས་ན་ཤོག་དངུལ་ཡོད་ན། བུ་མོ་ཟེར་བ་ལག་པའི་ཤ་རེད། ངོ་མ་སྙིང་རྗེ། ཧཧཧཧཧ
ཤོག་དངུལ་ལས་ཐོབ་པའི་བུ་མོ་ཡིན་ན། བརྩེ་བ་རྣལ་མ་ཞིག་ཐོབ་མི་སྲིད། འཛུམ་ལགས་ཀྱི་བརྩེ་དུང་གི་སྙིང་དོན་མ་རྟོགས་པ་འདྲ། ཡིན་ནས་ཉི་མ་རྒྱལ་མཚན་ཟེར་བ་དེ་བརྩེ་དུང་གི་སྨྱོས་པའི་གསར་བུ་བ་ཞིག་ཡིན་པ་འདོད།