འབའ་སྲས།
སུས་ཀྱང་མ་བརྩིགས་གངས་རི་མཐའ་ན་བརྗིད།།
བཏབ་པ་མ་ཡིན་མེ་ཏོག་ཕྲེང་བ་དགོད།།
དྲངས་མིན་གཙང་བོའི་འབབ་པ་ལྷང་ལྷིང་བཞུར།།
གངས་རིའི་ལྗོངས་འདི་ཨེ་མ་ངོ་མཚར་ཆེ།།
སྟོད་ན་འབྲོག་པའི་ཕྱུགས་ཀྱི་འཕེལ་ཁ་རྒྱས།།
སྨད་ན་རོང་བའི་ཞིང་གི་སྙེ་མ་མཐོ།།
བར་ན་ཤིང་ནགས་སྨན་གྱི་སྐྱེས་རྒྱ་ཡག །
གངས་ཅན་བོད་ཀྱི་ས་ལ་གང་གིས་འགྲན།།
གངས་དཀར་མཐོན་པོ་མཆོད་རྟེན་བཞེངས་འདྲ་ཡིན།།
མེ་ཏོག་ཕྲེང་བ་མཆོད་པ་འབུལ་འདྲ་ཡིན།།
གཙང་བོའི་ཆུ་རྒྱུན་ཁ་དར་འཐེན་འདྲ་ཡིན།།
དགེ་བཅུ་ཚང་བ་གངས་རིའི་ཡུལ་ལྗོངས་ཡིན།།
རི་དང་བྲག་རི་རིན་ཆེན་གཏེར་གྱི་མཛོད།།
སྤང་དང་ནེའུ་གསིང་རྩ་ཆེན་སྨན་གྱི་ས།།
དབྱིག་འཛིན་སྣོད་ཀྱི་མ་མ་གངས་རིའི་ལྗོངས།།
ས་གསུམ་གང་དུ་བསྡུར་ཡང་ཁྱད་པར་ཆེ།།
སྐབས་གསུམ་གནས་ན་གྲོང་ཞིག་ཡོད་པར་གྲགས།།
གཏིང་འོག་ས་ན་ཡུལ་ཞིག་ཡོད་པར་ཐོས།།
དེ་གཉིས་ཕུན་ཚོགས་ཡོན་ཏན་ཆེ་ལྡན་ན།།
བར་གྱི་གངས་རིའི་ལྗོངས་ལ་འགྲན་དུ་ཤོག །
ལྷ་ཡུལ་སྒྲོགས་པ་མཛེས་པའི་རི་མོ་ཙམ།།
ཀླུ་ཡུལ་འབོད་པ་བློ་ཡིས་བཅོས་པ་ཉིད།།
མ་བཅོས་མ་བྲིས་མཛེས་པ་དངོས་མཐོང་བ།།
འཛམ་གླིང་འཛིན་མའི་ཁྱིམ་ན་གངས་རིའི་ལྗོངས།།
གངས་ལ་བལྟས་ན་མགོ་ཡི་ཞྭ་མོ་ལྷུང་།།
བྲག་ལ་གཟིགས་ན་སྙིང་གི་རྩ་ཕྲན་གཡོ།།
ཐང་ལ་ཅེར་ན་མིག་འབྲས་རབ་རིབ་བྱེད།།
གངས་རིའི་ལྗོངས་འདིའི་ཆེ་བ་བློས་མི་དཔོག །
གཙང་བོ་འབབ་པས་ཁྱོད་ལ་སྤྲོ་གླུ་ལེན།།
མེ་ཏོག་ལྡེམ་པས་ཁྱོད་ལ་དགའ་སྤྲོ་སྟེར།།
རི་དང་བྲག་གིས་ཁྱོད་ལ་དཔུང་རོགས་མཛད།།
གངས་རིའི་ལྗོངས་འདི་དགེ་བའི་ཞིང་ས་ཡིན།།
དཀོན་མཆོག་གསུམ་གྱི་བྱིན་བརླབ་ཆར་ལྟར་འབབ།།
མཁས་ཤིང་གྲུབ་པའི་ལེགས་བཤད་འོད་བཞིན་འབར།།
ས་དང་མི་ཡི་དགེ་བ་ལྷུན་རྫོགས་པ།།
གངས་རིའི་ལྗོངས་སུ་འབོད་པའི་ས་ཁོ་ན།།
༡༨/༠༢/༡༤ ཕ་ཁྱིམ་བགྲོ་གླེང་གྲུབ་རྗེས་སུ།
བསྟོད་རྒྱུ་མང་ཐལ་རྒད་པོ་་་་་་བསྟོད་པའི་ཟོལ་ནས་གཞན་ཞིག་ཡོང་གི་གྲབས་འདུག་ད་་་་ཧཧཧ
གྲང་རླུང་རུས་གཟེར་ཅན་པོས་གངས་རི་རྩིག།
ཤ་ཟ་ཁྲག་དྲོན་རྔོན་པས་གནས་སུ་བཅས།།
སྐྱིད་ལ་དབྱེར་ཟླ་གསུམ་ལས་མི་ཤར་བའི།།
ཕ་ཁྱིམ་དེ་ལ་བསྟོད་སྨད་ཅི་རིགས་འབྱོར།།
འབྱུང་བ་ས་ཁམས་འཁྲུག་པས་བྲག་རི་བསྩངས།།
རྒོད་པོ་ཐང་ནག་ཐང་དཀར་སྡུག་ལ་གཏད།
རྒྱ་ཁང་ལྷ་ཁང་གྲུབ་བཞིའི་གནས་མཆོག་ལ།།
ས་ནག་མགོ་གཏིང་བརྗེས་བའི་སྒུལ་ཤུགས་མང་།།
སྤང་རི་ཤིང་ཤུག་མེད་པའི་རི་རྒྱུད་ལ།།
ས་ནག་གཅེར་བུར་བུད་པའི་སྐྱོ་སྣང་ཡོད།
དབྱེར་ཟླའི་ཆུ་ལོག་རི་གྲོང་ཞོང་ལ་རྒྱུག།
རྒྱ་སྡེ་སྟོང་སྡེ་ཆུ་མོའི་གཞོང་ནས་ནུབ།།
གངས་རི་བྲག་རི་སྤང་རི་་་་་་་་་་་་་་་་་་་་་།།
ཧ་ཧ་ཧ།
རབ་བྱུང་ན་ཚིག་རྒྱན་དང་སྙན་ངག་གཉིས་ལྡན་རེ་ཕྲིས།
འབྲིང་ལ། ཚིག་རིས་རྒྱན་གྱིས་ལེགས་པར་བཅིངས་པ་རེ་ཕྲིས།
མཐའ་མའང་སྙན་རྩོམ་སླ་ཆོས་སུ་འགྲོ་བའི་ལོག་ལམ་དུ་མ་ཁྲིད།
མཆན་འདི་ཚོད་ལྟའི་ཆེད་དུ་གཏངས་ཡིན།