འབའ་སྲས།
ཁྱེད་ལ་དགའ་བའི་དབང་གིས་དེ་རིང་ཆང་གིས་བཟི་ཡོད།།
ཆང་འདི་ཁྱེད་རང་མིན་ཡང་ཆང་གིས་དྲན་སྐུལ་གནང་སོང་།།
ཤེལ་གྱི་ཆང་ཕོར་ཁ་ནས་ཁྱེད་ཀྱི་ལང་ཚོ་མཐོང་ཡོང་།།
མངར་མོ་ཆང་གི་བྲོ་བས་ཁྱེད་ཀྱི་སྙིང་ཁ་རྙེད་སྲིད།།
ཁྱེད་ལ་མཇལ་ཐབས་དཀའ་དུས་ཆང་རེ་ཉོས་ནས་སོང་ཡོད།།
དྲན་པ་སྙིང་ལ་འཚང་དུས་དེམ་བུ་རེ་རེ་ཕྱེས་ཡོད།།
ཁྱེད་རང་མཉམ་དུ་ཡོད་ན་ང་ཡིས་ཆང་འདི་བཅད་ཆོག །
གལ་སྲིད་མིན་མིན་ཟེར་ན་ད་དུང་ཆང་ཞིག་བཏུང་དགོས།།
ཆང་གིས་ལུས་ལ་གནོད་ཀྱང་སེམས་ལ་སྤྲོ་བ་བསྐྱེལ་ཡོང་།།
ཁྱེད་རང་དྲན་པའི་སྐྱོ་བ་ཆང་གི་སྤྲོ་བར་བརྗེས་ཡོད།།
ཆང་གི་སེམས་གསོ་མེད་ན་ད་ནི་ང་རང་སྨྱོས་ཟིན།།
དེ་བས་ཆང་གི་རྒྱང་མཐོང་བཟི་བའི་ལག་ཏུ་བཟུང་ནས།།
ཝུ་དཀར་འཕྱུར་འཕྱུར་གསེབ་ནས་ཁྱེད་ཀྱི་ཞལ་ལ་ཅེར་ཡོད།།
ཝུ་བ་ཕྲན་བུ་རེ་རེར་ཁྱེད་ཀྱི་མཛེས་སྡུག་ཤར་ཡོང་།།
ཁྱེད་ཉིད་མེད་པའི་ཉིན་མོར་ང་ནི་ཆང་གིས་བཟི་ཡོད།།
༡༤/༠༢/༢༠ སྙན་ངག་པ་བཙན་གྲོལ་གྱི་སྙན་དག་གི་ཕ་ཁྱིམ་ནང་སྙན་ངག་ལ་དཔྱད་ཕྲན་སྤེལ་བཞིན་པར་ཉན་རྗེས་ཤར་མར་བྲིས་ཤིང་འདི་ལ་ཡང་དཔྱད་ཕྲན་ཞིག་གནང་རྒྱུར་རེ་བ་དང་བཅས།
མངར་ཆང་བྲོ་བ་མི་ཤེས།།
དེམ་བུ་ཕྱེས་སྟངས་མི་ཤེས།།
བཟི་བའི་ལག་པ་མི་ཤེས།།
མི་ཤེས་ཚིག་ལ་སྦྱར་ན།
སྙན་པོ་ཅི་ཡང་མི་འདུག།
ཧ་ཧ་ཧ།
ཆང་གི་བཟི་ན་འདོད་དུས།།
དེབ་དང་སྨྱུ་གུ་ཉོས་ཤོག།
བཟི་ནས་ལྕོ་འི་ལོག་དུས།།
བཟི་གཏམ་ངོ་མ་ཕྲིས་ཤོག།
ཧ་ཧ་ཧ།
སྒྲུང་རྒྱུ་མེད་ལ་སྒྲུང་དཔེ་ཞིག
སྙག་ངག་ཆག་རོར་དཔྱད་ཕྲན་ཞིག
བཏུང་བར་འདོད་ན་དངུལ་ཁུག་རྒྱ་སྒོ་ཕྱེས། མིན་ན་སྦར་ལག་དམ་པོས་ཁུག་ཁ་སྡོམ།
ཅི་མིན་འདི་མིན་གཏམ་གྱི་འགག་མདོ་ནས། ཅ་ཅོལ་ལོབ་ལ་ཡང་ན་སོས་དལ་སྡོད།
ཧཧ་ཨ་རོ་་་་ཡའ