སྐྱ་རེངས།
བརྩེ་བའི་ཞལ་རས་ཆུ་སྐྱེས་པད་མ་འདྲ།།
འཛུམ་པའི་མཆུ་སྒྲོས་སྐྱུར་སིལ་དམར་པོའི་མདངས།།
ཆགས་པས་སྤྲོས་པའི་སྐྲ་ལོ་མུན་ལྟར་གཏིབས།།
མིག་གཉིས་བཀྲག་མདངས་འཚེར་བའི་ཟླ་བ་བཞིན།།
བརྩེ་བའི་ཞལ་ཁྱིམ་ཐེངས་གཅིག་མཐོང་བས་མོད།།
སྐྱོ་བའི་མུན་པ་ཐ་དག་ཞི་མཛད་པའི།།
ཚེ་གཅིག་སྙིང་གིས་བརྩེ་བའི་ཆུང་མ་འདི།།
སེམས་ཀྱི་ངལ་བ་གསོ་བའི་སྨན་གྱི་མཆོག།
འཇམ་བའི་ལུས་ལ་ཐེངས་གཅིག་རེག་པས་མོད།།
བདེ་བའི་ཚོར་བ་ལུས་ཀྱི་ཕྱོགས་བཞིར་ཁྱབ།།
ཤ་གསེང་རུས་པའི་གཏིང་ནས་སྦྲིད་མཇུག་པའི།།
སྙིང་གི་ཆུང་མ་འདོད་པའི་བདུད་རྩི་འདྲ།།
བསིལ་ཞིང་འཇམ་པའི་ཤ་གཟུགས་པད་རྩ་འདྲ།།
མྱོས་བྱེད་མྱོས་བུམ་སྤྲི་ཕོང་སྤྲིན་དཀར་འདྲ།།
ཁ་ཚིག་སྙན་མོ་ཚངས་སྨྱོན་མགུར་དང་འདྲ།།
སྐྱེས་གཟུགས་ཡག་མོ་ལྷ་ཡི་ལྷ་མོ་འདྲ།།
ཕྱོགས་ཡོངས་འགྲོན་པོ་དགའ་དང་སྤྲོ་བས་བསུ།།
ནང་གི་གཉན་ཉེ་ཚ་དང་བུ་བཞིན་སྐྱོང་།།
སྙིང་གི་དགའ་ལོ་བརྩེ་བའི་འཛུམ་གྱིས་བསུ།།
ཚེ་གཅིག་སྐྱ་ཡ་མི་ཚེའི་གཏན་གྲོགས་ཡིན།།
ཚན་རེར་སྐྱིད་ཀྱང་ལན་རེར་སྡུག་པ་ཡི།།
གཟར་བའི་བྲག་ནས་འབབ་འདྲའི་མི་ཚེའི་ནང་།།
རྦ་ཀླུང་ཐུར་དུ་བྱོ་འདྲའི་འཚོ་གནས་ཁྲོད།།
ཁོ་མོ་ཁོ་ཡི་མི་ཚེའི་འཐབ་རོགས་ཡིན།།
ལྷག་པར་དགའ་བའི་ཚད་ནི་ཤོར་གྱུར་ཅིང་།།
སྡུག་གི་ཁ་བས་མནན་ནས་གཡོགས་གྱུར་ཅིང་།།
ངལ་དང་སྐྱོ་བ་མེད་པའི་མཛངས་མ་འདི།།
མི་ཚེའི་གཅིག་གི་ཁོ་བོའི་གདོང་གྲོགས་ཡིན།།
ལས་དང་ལྷ་ཡིས་གནང་བའི་ཆུང་མ་འདི།།
སྟེས་དང་རྐྱེན་གྱིས་འཕྲད་པའི་ཆུང་མ་འདི།།
འཇིག་རྟེན་མྱ་ངན་མུན་པའི་ཐང་ཆེན་ནས།།
མི་ཚེ་སྐྱིད་ལ་སྒྲོན་པའི་དཔལ་འབར་ཡིན།།
༢།༢༣།༢༠༡༡
༈ དཀའ་ཐུབ་ལས་གྲོལ་བ།
དབེན་པའི་ནགས་ཀྱི་སྐྱེད་ཚལ་ནས།།
ལོ་ངོ་བཅུ་ལ་ཁེར་ཧྲེངས་ཏུ།།
ལུས་པའི”སྐྱ་རེངས”འདུལ་འཛིན་ཅན།།
ད་ལྟ་མ་སྡོད་རི་ལ་ཤོར།།
རི་ལ་ཤོར་བའི་ཉིན་མོ་ནས།།
ཆར་རླུང་གཡུག་སྟངས་གཙོག་ན་ཡང་།།
ཁོ་བོ་རི་སྐྱེས་མེ་ཏོག་བཞིན།།
གཞོན་ནུ་དགའ་བའི་མཚོན་དུ་གྱུར།།
རང་གི་མི་ཚེ་རང་ཉིད་ལ།།
དབང་བའི་བདེན་པའི་གནས་ལུགས་དེས།།
དམ་ཆོས་འདུལ་བའི་ཁྲིམས་དང་འགལ།།
ལྷ་དང་བླ་མའི་བཀའ་དང་འགལ།།
རང་ཉིད་མི་ཡིན་བདེན་པའི་དབང་།།
མི་ཆོས་གཙང་མ་རྒྱབ་ཏུ་གྱོན།།
སྡོམ་པ་ཟེར་བའི་གསང་བ་དེ།།
བྱ་སྤུ་ཅི་བཞིན་རླུང་ལ་བསྐུར།།
མི་རུང་མི་ཆོག་དམག་ཚོགས་ཀྱིས།།
རྒྱབ་ནས་འདེད་ཀྱང་སྔོན་ནས་འགོག།
ཡིན་མིན་ཐམས་ཅད་བཀག་བཀག་ནས།།
འདོད་པ་ཅན་ཚོ་ལྕེབ་ལ་ཁད།།
དཀོར་ཟས་དཀོར་ཆུ་འཐུངས་དྲག་ནས།།
ང་ནི་སྨྱོས་པ་མིན་གྱུར་ན།།
སྡོམ་ཤུགས་ཆེ་བའི་སྡོམ་པ་འདི།།
བསྡམས་ཀྱིན་བསྡམས་ཀྱིན་སྡུག་བསྔལ་ཆེ།།
གང་ལྟར་ཇི་ལྟར་བཤད་ཀྱང་ཆོག།
ཁོ་བོའང་འཇིག་རྟེན་མི་ཡིན་པས།།
འཇིག་རྟེན་སྐྱིད་པའི་དཔལ་ཡོན་ལ།།
རོལ་བ་འདི་ནི་ལུགས་དང་མཐུན།།
མཛེས་པ་ལྷ་དང་མཚུངས་པ་ཡི།།
ན་ཆུང་བུ་མོའི་མཛེས་སྡུག་ལ།།
ཁ་མིན་དོན་གྱིན་དགའ་བ་འདི།།
ཉེས་པ་ཡིན་བ་ངས་མ་ཤེས།།
མི་ནི་ནམ་ཡང་མི་ཡིན་པས།།
མི་ཡི་ལུགས་དང་མཐུན་གྱུར་ན།།
མི་ཆོག་ཆོག་བཅས་སྐྱེས་བོ་ངས།།
མི་ཡི་ཁམས་ན་ཡོད་པར་བརྗེད།།
རང་ཉིད་རང་ལ་དབང་བའི་ཆེད།།
མི་ཁའི་གཏམ་གྱི་ལྕགས་སྒྲོག་ཉིད།།
སིལ་བུར་གཏོར་ནས་རྒྱལ་ཁམས་ཏུ།།
འགྲིམ་པའི་དབུ་སྒོ་འདི་ནས་ཚུགས།།
༢༠༡༠།༢།༣།ལ།
༈ ཐོག་ཁང་དམར་པོ་ནང་གི་རྨི་ལམ།
དབེན་པའི་ནགས་ཀྱི་སྐྱེད་ཚལ་ནས།།
ལོ་ངོ་བཅུ་ལ་ཁེར་ཧྲེངས་ཏུ།།
ལུས་པའི”སྐྱ་རེངས”འདུལ་འཛིན་ཅན།།
ད་ལྟ་མ་སྡོད་རི་ལ་ཤོར།།
རི་ལ་ཤོར་བའི་ཉིན་མོ་ནས།།
ཆར་རླུང་གཡུག་སྟངས་གཙོག་ན་ཡང་།།
ཁོ་བོ་རི་སྐྱེས་མེ་ཏོག་བཞིན།།
གཞོན་ནུ་དགའ་བའི་མཚོན་དུ་གྱུར།།
རང་གི་མི་ཚེ་རང་ཉིད་ལ།།
དབང་བའི་བདེན་པའི་གནས་ལུགས་དེས།།
དམ་ཆོས་འདུལ་བའི་ཁྲིམས་དང་འགལ།།
ལྷ་དང་བླ་མའི་བཀའ་དང་འགལ།།
རང་ཉིད་མི་ཡིན་བདེན་པའི་དབང་།།
མི་ཆོས་གཙང་མ་རྒྱབ་ཏུ་གྱོན།།
སྡོམ་པ་ཟེར་བའི་གསང་བ་དེ།།
བྱ་སྤུ་ཅི་བཞིན་རླུང་ལ་བསྐུར།།
མི་རུང་མི་ཆོག་དམག་ཚོགས་ཀྱིས།།
རྒྱབ་ནས་འདེད་ཀྱང་སྔོན་ནས་འགོག།
ཡིན་མིན་ཐམས་ཅད་བཀག་བཀག་ནས།།
འདོད་པ་ཅན་ཚོ་ལྕེབ་ལ་ཁད།།
དཀོར་ཟས་དཀོར་ཆུ་འཐུངས་དྲག་ནས།།
ང་ནི་སྨྱོས་པ་མིན་གྱུར་ན།།
སྡོམ་ཤུགས་ཆེ་བའི་སྡོམ་པ་འདི།།
བསྡམས་ཀྱིན་བསྡམས་ཀྱིན་སྡུག་བསྔལ་ཆེ།།
གང་ལྟར་ཇི་ལྟར་བཤད་ཀྱང་ཆོག།
ཁོ་བོའང་འཇིག་རྟེན་མི་ཡིན་པས།།
འཇིག་རྟེན་སྐྱིད་པའི་དཔལ་ཡོན་ལ།།
རོལ་བ་འདི་ནི་ལུགས་དང་མཐུན།།
མཛེས་པ་ལྷ་དང་མཚུངས་པ་ཡི།།
ན་ཆུང་བུ་མོའི་མཛེས་སྡུག་ལ།།
ཁ་མིན་དོན་གྱིན་དགའ་བ་འདི།།
ཉེས་པ་ཡིན་བ་ངས་མ་ཤེས།།
མི་ནི་ནམ་ཡང་མི་ཡིན་པས།།
མི་ཡི་ལུགས་དང་མཐུན་གྱུར་ན།།
མི་ཆོག་ཆོག་བཅས་སྐྱེས་བོ་ངས།།
མི་ཡི་ཁམས་ན་ཡོད་པར་བརྗེད།།
རང་ཉིད་རང་ལ་དབང་བའི་ཆེད།།
མི་ཁའི་གཏམ་གྱི་ལྕགས་སྒྲོག་ཉིད།།
སིལ་བུར་གཏོར་ནས་རྒྱལ་ཁམས་ཏུ།།
འགྲིམ་པའི་དབུ་སྒོ་འདི་ནས་ཚུགས།།
༢༠༡༠།༢།༣།ལ།
མ་ལྟར་བྱམས་པའི་ཆུང་མ། །
སྲིང་ལྟར་བརྩེ་བའི་ཆུང་མ། །
གཡོག་ལྟར་བཀུར་བའི་ཆུང་མ། །
འདི་གསུམ་འཛོམས་པའི་ཆུང་མ། །
ཆུང་མ་ཀུན་གྱི་ཡང་རྩེ། །