ལོག་སྨྲ་ཚར་གཅོད།
ཞབས་འོག་གི་ས་སྒང་འཁོར་གྱིན་འཁོར་གྱིན།།
གནམ་འོག་གི་འཕུར་གྲུ་འཕུར་གྱིན་འཕུར་གྱིན།།
སྤྱན་འོག་གི་སེམས་ཅན་གཟིགས་ཀྱིན་གཟིགས་ཀྱིན།།
ཉི་འོག་གི་སྐྱེ་འགྲོ་སྨིན་གྱིན་སྨིན་གྱིན།།
ས་སྟེང་གི་སེམས་དཔའ་བསྐྱོད་ཀྱིན་བསྐྱོད་ཀྱིན།།
བྱམས་བརྩེ་ཡི་ནུས་སྟོབས་འདོན་གྱིན་འདོན་གྱིན།།
རྟེན་འབྱུང་གི་ཟབ་ཆོས་གསུང་གིན་གསུང་གིན།།
ཞི་བདེ་ཡི་བསླབ་བྱ་བསྐྱོན་གྱིན་བསྐྱོན་གྱིན།།
བདེན་གཏམ་གྱིས་དགྲ་བོ་འདུལ་གྱིན་འདུལ་གྱིན།།
བླ་མ་དྲིན་ཅན་བསྟན་འཛིན་རྒྱམ་ཚོར་གསོལ་ལོ།
ཁྱེད་ཀྱི་བཀའ་དྲིན་དྲན་གྱིན་ཕྱག་གཅིག་ཤོར་ཐལ།
ཁྱེད་ཀྱི་བཀའ་སློབ་དྲན་གྱིས་སྨོན་ལམ་འབུད་ཐལ།
ཁྱེད་ཀྱི་མཐོང་གྲོལ་དྲན་གྱིན་མིག་ཆུ་ཤོར་ཐལ།
ཁྱེད་ཀྱི་བྱིན་རླབས་དྲན་གྱིན་དགའ་བ་སྐྱེས་ཐལ།
ཁྱེད་ཀྱི་ཤེས་རབ་དྲན་གྱིན་རིག་པ་བརྡར་ཐལ།
ཁྱེད་ཀྱི་རྟོགས་པ་དྲན་གྱིན་དཔྱད་པ་ཟབ་ཐལ།
ཁྱེད་ཀྱི་ཐོས་པ་དྲན་གྱིན་ཀློག་པ་དཀྱེལ་ཐལ།
ཁྱེད་ཀྱི་བྱིན་རླབས་དྲན་གྱིན་ངེས་པ་སྐྱེས་ཐལ།
ཁྱེད་ཀྱི་སྙིང་རྗེ་དྲན་གྱིན་རང་སེམས་འདུལ་ཐལ།
ཁྱེད་ཀྱི་བྱམས་པ་དྲན་གྱིན་གཅེས་འཛིན་ཐོར་ཐལ།
ཁྱེད་ཀྱི་ལྷག་བསམ་དྲན་གྱིན་གཞན་དོན་སྒྲུབ་ཐལ།
ཁྱེད་ཀྱི་བྱིན་རླབས་དྲན་གྱིན་བྱང་སེམས་འཇུག་ཐལ།