༅༅།། འབྲེལ་མོལ་ཞེས་པའི་གློག་བརྙན་དེ་ནི་པེ་ཅིང་དུ་བཞུགས་པའི་གློག་བརྙན་བཟོ་སྐྲུན་པན་ཝངཝོ་ཡིས་བཟོས་པ་ཞིག་རེད། གློག་བརྙན་དེའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཐཱང་པེའོ་དང་ཅང་ཐན་ཡུང་། མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེ་མོ་ཡི་ལི་ཧ་མོ། བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར། རྒྱ་རིགས་རྩོམ་པ་པོ་དང་མི་རིགས་གནད་དོན་ཐད་ཀྱི་ཞིབ་འཇུག་པ་ཝང་ལི་ཞུང་བཅས་མངོན་གྱི་ཡོད།
གློག་བརྙན་དེ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འགྲོ་བ་མིའི་ཐོབ་ཐང་གི་རྒྱ་རིགས་ཁྲིམས་རྩོད་པས་དྲ་རྒྱར་བརྟེན་ནས་བཀག་རྒྱ་ལས་བརྒལ་ཏེ། བརྙན་ཕབ་འབྲེལ་མོལ་གནང་བ་ནས་འགོ་བཙུགས་ཤིང་། མི་རིགས་ནང་ཁུལ་དུ་འབྲེལ་མོལ་ཡོང་ཐབས་སུ་འབད་བརྩོན་གནང་མཁན་སྐུ་ཞབས་ཡི་ལི་ཧ་མོ་འཛིན་བཟུང་བྱས་པ་ནས་མཇུག་བསྡུས་ཡོད། གློག་བརྙན་འདིར་དུས་ཡུན་ཁྱོན་སྐར་མ་ ༡༠༠ ཙམ་ཡོད་ཅིང་། དེ་ལ་ད་ལྟ་རྒྱ་ཡིག་དང་ཨིན་ཡིག ཉི་ཧོང་གི་ཡི་གེ་བཅས་ཀྱི་གཤམ་ཡིག་ཡོད།
རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པ་ཚོས་གློག་བརྙན་དེར་གཟིགས་ན། དྲ་ཐག་འདི་ནས་འཕབ་ལེན་དང་གཟིགས་ཐུབ། http://vimeo.com/zhurikun/dialogue
གསང་ཚིག་ནི་: duihua རེད།
རྒྱ་ནག་ནང་ལོགས་ནས་གཟིགས་ཚེ། དྲ་ཐག་འདི་(http://pan.baidu.com)ནས་གཟིགས་ཐུབ། འོན་ཀྱང་རྒྱ་ནག་གི་བཀག་གྱང་(firewall)ལས་བརྒལ་དགོས་པ་དེ་དྲན་པ་མ་བརྗེད།། །།
བྱ་སྒྲོ་དཀར་པོ་ལགས་ཀྱིས་གློག་བརྙན་འདི་ངོ་སྤྲོད་གནང་བ་བཟང་བྱུང་། བོད་མི་ཚང་མས་གཟིགས་ཐུབ་ན་བསམས་བསམས་ཤིག་བྱུང་། གུང་ཁྲན་ཏང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡ་ལན་སྤྲོད་པའི་ནུས་པ་མེད་པ་དང་། དབུ་མའི་ལམ་གྱི་དགོངས་དོན་ “སྤྲོད་ཀྱི་མ་རེད་”ཅེས་བཤད་དུས་སེམས་ཡང་ཕམ་པ་ཞིག་བྱུང་།
བྱ་སྒྲོ་དཀར་པོོ་ལགས། བཀའ་དྲིན་ཆེ། བོད་ཡིག་ཐོག་མཆན་ཡིག་བཟོ་ཐུབ་ན་དགེ་མཚན་ཆེན་པོ་ཡོང་ངེས།
བྱ་སྒྲོ་དཀར་པོ་ལགས་བཀའ་དྲིན་ཆེ།